DKYD-KABUM-07-JA-070: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
 
(2 intermediate revisions by 2 users not shown)
Line 1: Line 1:
༄༅ཿ གསེར་ཆོས་ནོར་བུའི་བང་མཛོད་ལསཿ བདུད་མགོན་མཆོད་སྒྲུབ་བསྟན་དགྲ་ཚར་གཅོད་བཞུགསཿ
{{Text
|classification=Tibetan Publications
|subclass=Tibetan Texts
|sectionheading=No
|fulltitletib=གསེར་ཆོས་ནོར་བུའི་བང་མཛོད་ལསཿ བདུད་མགོན་མཆོད་སྒྲུབ་བསྟན་དགྲ་ཚར་གཅོདཿ
|fulltitle=gser chos nor bu'i bang mdzod las bdud mgon mchod sgrub bstan dgra tshar gcod
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|terma=Yes
|language=Tibetan
|volumenumber=07
|volnumtib=ཇ
|volyigtib=༧
|totalvolumes=8
|textnuminvol=070
|multivolumework=No
|colophontib=ཅེས་པ་འདི་ཡང་བདག་ཉིད་ཁྲག་འཐུང་དཔའ་བོའི་རང་ལོ་སོ་བདུན་པ་སྤྲེལ་གྱི་ལོ་ལ་བརྡ་རྟགས་ཤར་ཡང་འཁོར་ངན་རྐྱེན་གྱིས་ཅུང་ཞིག་གསང་རྒྱ་བྱས་པར་ཕྱིས་རང་ལོ་ཞེ་དྲུག་པ་ཞེ་སྡང་སྤྲུལ་གྱི་ལོར་དུས་རྟགས་མངོན་གྱུར་གྱིས་སྐབས་སུ་བདེ་སྟེར་ཌཀྐཱི་མས་བསྐུལ་མ་བྱུང་བ་ལྟར་ཐུགས་ཐིག་ཆོས་སྒོ་འབྱེད་པའི་ཐོག་མར་གྲོ་བཞིན་ཟླ་བ་ཉ་གང་བའི་ཚེས་ལ་དག་པར་ཕབ་པའི་ཡི་གེ་གསང་བ་སྔགས་ཀྱི་རྣལ་འབྱོར་པ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིགཿ དགེའོཿ སརྦ་མངྒ་ལཾཿ
|colophonwylie=ces pa 'di yang bdag nyid khrag 'thung dpa' bo'i rang lo so bdun pa sprel gyi lo la brda rtags shar yang 'khor ngan rkyen gyis cung zhig gsang rgya byas par phyis rang lo zhe drug pa zhe sdang sprul gyi lor dus rtags mngon gyur gyis skabs su bde ster Dak+kI mas bskul ma byung ba ltar thugs thig chos sgo 'byed pa'i thog mar gro bzhin zla ba nya gang ba'i tshes la dag par phab pa'i yi ge gsang ba sngags kyi rnal 'byor pa rig pa'i ye shes kyis bgyis pas bar chad bdud kyi g.yul las rgyal ba'i rgyur gyur cig:_dge'o:_sarba mang+ga laM:
|pdflink=File:DKYD-KABUM-07-JA-070.pdf
|volumeLetter=JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅ཿ གསེར་ཆོས་ནོར་བུའི་བང་མཛོད་ལསཿ བདུད་མགོན་མཆོད་སྒྲུབ་བསྟན་དགྲ་ཚར་གཅོད་བཞུགསཿ
༄༅ཿ ྅྅྅྅྅ཿ བདུད་འདུལ་དྲག་མོའི་སྐུ་ལ་འདུདཿ ལན་ཅིག་དུས་ཀྱི་ཐ་མ་ལཿ གསང་སྔགས་བོན་དུ་གྱེར་པའི་དུསཿ འགོང་པོ་སྤུན་དགུའི་ཆོ་འཕྲུལ་གྱིསཿ ཆོས་པའི་སྙིང་ཞུགས་མི་དགེར་སྤྱོདཿ སྔགས་པའི་སྙིང་ཞུགས་དམ་ཚིག་འདྲལཿ སྐྱེ་བོའི་སྙིང་ཞུགས་བསྟན་ལ་སྡངཿ བུད་མེད་སྙིང་ཞུགས་འཁོན་འཁྲུགས་བརྩོནཿ ཆོས་བཞིན་སྒྲུབ་ལ་བར་ཆད་མངཿ དགྲ་འདྲེ་འབྱུང་པོའི་གནོད་པ་སྡངཿ བྱད་ཕུར་རྦོད་གཏོར་དར་པའི་ཚེཿ ཡང་གསང་ཐུགས་ཐིག་ཆོས་ཀྱི་སྲོགཿ གསེར་ཆོས་ནོར་བུའི་བང་མཛོད་ཀྱིཿ ཐུན་མོང་མ་ཡིན་བཀའ་སྲུང་ཆེཿ རྦོད་གཏོང་ཟློག་པའི་རྡོ་རྗེའི་སྒྱོགསཿ དགྲ་གདོན་འཇོམས་པའི་གནས་ལྕགས་ཐོགཿ བཟློག་པས་མི་བཟློག་སྔགས་བཟློག་གཤེདཿ བདུད་མགོན་ཞིང་སྐྱོང་ཡབ་ཡུམ་གྱིསཿ གསོལ་མཆོད་སྒྲུབ་པའི་རིམ་པ་ནིཿ བསྟན་དགྲ་ཚར་གཅོད་ཅེས་བྱ་བཿ མདུང་ནག་སྐུ་ལ་རུ་མཚོན་གསུངཿ ལྕགས་ཟངས་མེ་ལོང་ཐུགས་ཀྱི་རྟེནཿ བླ་རྡོ་སྲོག་གི་འཁོར་ལོ་དངཿ རང་བྱུང་ཤེལ་དང་ཕ་ཝང་ལོངཿ གཡུའི་བྱང་སྒྲུབ་པའི་རྟེན་ཡིན་ཏེཿ ཁྲག་ཆང་སྦྲུས་པའི་བཱ་ལིང་ཏཿ སྨན་རཀ་ཤ་ཁྲག་མཆོད་པའི་རྫསཿ ལྟ་བ་གྱད་ཀྱི་ངར་ལྡན་པསཿ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཁ་ནས་ཡི་གེ་རཾ་འཕྲོས་རྟེན་སྒྲུབ་མཆོད་པའི་རྫས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགསཿ ཡཾ་འཕྲོས་ཆོས་ཉིད་ཀྱི་རླུང་གིས་གཏོརཿ ཁཾ་འཕྲོས་བདུད་རྩི་ཆུས་བཀྲུསཿ མ་དག་པའི་ཉེས་སྐྱོན་སྤྱངས་ཤིང་སྟོང་པར་གྱུརཿ རཾ་ཡཾ་ཁཾཿ ལན་གསུམཿ སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་འཕྲོས་པས་རྟེན་སྒྲུབ་མཆོད་པའི་ཡོ་བྱད་ཐམས་ཅད་ཟག་མེད་ཏིང་ངེ་འཛིན་གྱི་བྱེད་ལས་ལས་གྲུབ་པའི་ཞིང་སྐྱོང་དགྱེས་སྐོང་གི་ཡོ་བྱད་འཁོར་བའི་གཞི་སྲོག་གི་རྟེན་ཏུ་གནས་པ་ཕུན་སུམ་ཚོགས་པར་གྱུརཿ ཨོཾ་ཨཿཧཱུྃ་ཧ་ཧོ་ཧྲཱིཿ ལན་བདུནཿ ནམ་མཁའ་མཛོད་ཀྱི་སྔགས་རྒྱ་གསུམཿ ཨོཾ་ཨཱཿཧཱུྃཿསརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བཱ་ལིཾང་ཏ་ཧཱུྃ་ཧྲཱི་ཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཧཱུྃ་ཧྲཱི་ཋཿ ལན་གསུམ་རེའི་མཐརཿ རང་གི་ཐུགས་སྲོག་ས་བོན་ལས་འོད་ཟེར་འཕྲོས་པས་ཨོ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་བདུད་མགོན་ཆེན་པོ་ཞིང་སྐྱོང་སེང་གདོང་ཡབ་ཡུམ་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་དམ་ཚིག་དབང་གིས་བཛྲ་ས་མ་ཡ་ཛཿ གསུར་ཆེན་དུད་དང་རོལ་མོས་དྲངསཿ ཆོས་ཉིད་ལྟ་བས་ཟིལ་གྱིས་མནནཿ མོས་དང་གདུང་བའི་བཀའ་ཉན་བསམཿ ཧཱུྃཿ རཀྟའི་རྦ་ཀློང་འཁྲུགས་པའི་དབུསཿ མེ་རླུང་དམར་ནག་འཁྲིགས་པའི་ཀློངཿ བདུད་ཀྱིམགོན་པོ་ཆེན་པོ་ནིཿ ཀུན་དགའ་གཞོན་དུ་སེང་གེའི་གདོངཿ མ་རུང་དུག་ཆེན་ཧ་ལའི་མདོགཿ རལ་པ་བསིགས་ཤིང་ངར་སྐད་སྒྲོགསཿ གཡས་པའི་མདུང་ནག་རུ་མ་ཚོན་ཕྱརཿ གཡོན་པས་བདུད་ཀྱི་ཞགས་པ་འདེབསཿ དར་ནག་བེར་ཆེན་དགུ་བརྩེགས་དངཿ ལྕགས་ཁྲབ་སག་ཏིའི་ལྷྭམ་ཆེན་གསོལཿ རྟ་ནག་རྟིང་དཀར་རླུང་གཤོག་བཅིབསཿ སྒ་སྲབ་ཞིང་ཆེན་མགོ་ལག་བརྒྱནཿ མི་མགོ་སྙིང་ཕྲེང་དོ་ཤལ་ཅནཿ གཡོན་དུ་ཡུམ་ཆེན་ཟ་བྱེད་མཿ སིནྡྷ་ར་མ་ཁྲག་གི་མདོགཿ སེང་གེའི་གདོང་ལ་རྔམ་སྒྲ་སྒྲོགཿ དར་དམར་བེར་དང་མི་ལྤགས་གསོལཿ གཡས་པས་གསོད་པའི་རལ་གྲི་ཕྱརཿ གཡོན་པས་གློ་སྙིང་ཟས་སུ་ཟཿ རྟ་དམར་སྦྲུལ་གྱི་གོང་སྨེད་ཅནཿ སྲིན་པོའི་ཡ་མགལ་མ་མགལ་དངཿ སྭོག་པའི་སྒ་ལ་མི་ལྤགས་སྟནཿ རྒྱུ་མ་སྲོག་རྩས་བརྒྱན་པ་བཅིངསཿ མདུན་དུ་ལས་བྱེད་ཕོ་མོ་ནིཿ བམ་རོ་སྤྲེའུའི་གདོང་པ་ཅནཿ རྐང་པའི་གཏོར་ཁྱེར་དགྲ་ལ་འཕེནཿ ལྷ་བདུད་བཙན་གྱི་དམག་ཚོགས་དངཿ དཔལ་མགོན་བདུན་ཅུ་རྩ་ལྔ་སོགསཿ འཁོར་དང་བཅས་པ་མ་ལུས་ཀུནཿ རྡོ་རྗེ་ཕག་མོ་གསང་བའི་བདགཿ བདུད་འདུལ་དྲག་མོའི་སྤྱན་སྔ་རུཿ ཁས་བླང་དམ་ཚིག་དྲན་གྱིས་ལཿ སྤྱན་འདྲེན་གནས་འདིར་ས་མ་ཛཿ ཨཱོཾ་ཤྲི་མ་ཧཱ་ཀ་ལ་དུན་ཡ་སེང་ཧ་གྷཎྜེ་མ་མ་ས་མ་ཡ་ཛ་ཛཿ ཙིཏྟ་ཧྲིང་ཧྲིང་དུ་ཏྲི་ཕུ་ཏྲི་སརྦ་ས་མ་ཡ་ཛཿ དེ་ནས་བཞུགས་གསོལ་ཕྱག་འཚལ་ནིཿ ཧཱུྃཿ གཞན་གྱིས་མི་ཐུབ་མཐུ་ཆེན་པོཿ ཞིང་སྐྱོང་ཡབ་ཡུམ་སྲས་སྤྲུལ་འཁོརཿ མཆོད་པའི་གནས་མཆོག་དམ་པ་འདིརཿ དགྱེས་པར་བཞུགས་ལ་བརྩེ་བར་དགོངསཿ དམ་ཚིག་ཅན་གྱི་ལྷ་ཁྱོད་ལཿ ཕྲིན་ལས་སྒྲུབ་ཕྱིར་ཕྱག་བགྱིའོཿ ཛཿཧཱུྃ་བྃ་ཧོཿ ཏིཥྛ་ལྷནཿ པྲཏི་ཙྪ་ཧོཿ དམ་ཚིག་གཅིག་ཏུ་བསྲེ་བ་ནིཿ སྔོན་དུས་ཨ་སུ་ར་ཡི་བྲག་ཕུག་ཏུཿ སློབ་དཔོན་ཆེན་པོ་སེང་གེ་སྒྲ་སྒྲོགས་དངཿ ཤེས་རབ་ཡུམ་མཆོག་མནྡྷ་ར་བ་ཡིསཿ རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ཞལ་ཕྱེས་ཚེཿ ཇི་ལྟར་དམ་བསྒྲགས་ཁས་བླང་ཐ་ཚིག་བཞིནཿ རྣལ་འབྱོར་བདག་ཉིད་རྡོ་རྗེའི་དམ་བསྲུང་ནཿ ཞིང་སྐྱོང་ཡབ་ཡུམ་དམ་ལས་མ་འདའ་ཞིགཿ གལ་ཏེ་ཉམས་ན་སྲོག་སྙིང་འགས་ཏ་རེཿ ས་མ་ཡཿ ནརཀྟནཿ མཆོད་པ་འབུལ་བའི་རིམ་པ་ནི༔ ཧཱུྃཿ མཐུ་ཆེན་ཡབ་ཡུམ་འཁོར་བཅས་ལཿ དམ་རྫས་བཱ་ལིང་རྒྱན་དང་ལྡནཿ བདུད་རྩི་སྨན་དང་རཀྟ་དམརཿ དབང་པོ་ལྔ་སོགས་མཆོད་པའི་རྫསཿ ཤ་ཁྲག་སྙིང་སྣ་ཟས་ཕུད་དངཿ གཟུགས་འགྲོ་སྤྱན་གཟིགས་སྣ་ཚོགས་པསཿ མཆོད་པ་འབུལ་ལོ་དགྱེས་པར་བཞེསཿ མ་ཧཱ་སརྦ་པཉྩ་རཀྟ་བྷ་ལིང་ཏ་སརྦ་པཱུཙྪ་ཧོཿ གཏོར་མ་འབུལ་བའི་གནས་སུ་གྱུར་པ་ནིཿ སངས་རྒྱས་བསྟན་པའི་སྲོག་ཤིངཿ གསང་སྔགས་བསྟན་པའི་གཉེར་འཛིནཿ སྒྲུབ་པ་པོ་ཡི་ལས་མཁནཿ བདུད་འདུལ་དྲག་མོའི་བཀའ་སྡོདཿ གསང་བའི་བདག་པོའི་ཕོ་ཉཿ ཞིང་སྐྱོང་ཆེན་པོཿ བདུད་མགོན་ནག་པོཿ སྲོག་གཅོད་ཆེན་པོ་ཀུན་དགའ་གཞོན་ནུཿ ལེགས་གྲུབ་རྡོ་རྗེཿ ཀྵེ་ཊ་པ་ལཿ ཡུམ་མཆོག་གཏུམ་ཆེན་འབར་མཿ སིནྡྷ་ར་མཿ འཇོམས་མ་ཆེན་མོཿ ལས་མཁན་བམ་རོ་ཕོ་མོཿ ལྷ་བཙན་བདུད་ཀྱི་དམག་ཚོགསཿ དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་ལ་གསོལ་ལོཿ འབུལ་ལོཿ མཆོད་དོཿ དམ་ཉམས་དགྲ་བགེགས་བསྒྲལ་བའི་གཏི་མུག་ཤ་ཡི་རི་བོཿ འདོད་ཆགས་ཁྲག་གི་རྒྱ་མཚོཿ ཞེ་སྡང་རུས་པའི་གྲམ་ཁྲོདཿ ཚེ་བླ་སྲོག་གསུམཿ ཁ་རྗེ་དབང་ཐངཿ བསོད་ནམས་ལོངས་སྤྱོདཿ ཟ་ཐང་དང་བཅས་པ་ཞལ་དུ་སྟོབས་ཤིགཿ གསོལ་ཞིགཿ རོལ་ཅིགཿ ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་མཛོད་ཅིགཿ ཨཱོཾ་ཤྲྀ་མ་ཧཱ་ཀ་ལ་དུ་ན་ཡ་སེང་ཧ་མུ་ཁ་མ་མ་ཤྲི་ཏྲི་ཡ་དུ་ཏྲི་ཕུ་ཏྲི་སརྦ་ལོ་ཀ་མ་ཧཱ་སརྦ་པཉྩ་རཀྟ་བྷ་ལིང་ཏ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀཾ་ནིརྟ་མཾ་ས་རཀྟ་ཁ་ཁ་ཁཱ་ཧི་ཁ་ཧིཿ ལན་བདུན་གྱིས་འབུལཿ དེ་ནས་ཐུགས་དམ་བསྐང་བའི་རིམ་པ་ནིཿ ཨོཾ་ཨཱཿཧཱུྃཿ འོག་མིན་གནས་ཡུལ་དུར་ཁྲོད་ནསཿ བདེ་གཤེགས་རྩ་གསུམ་ལྷ་ཚོགས་རྣམསཿ བསྐང་བའི་གནས་འདིར་གཤེགས་སུ་གསོལཿ སྤྲིན་ནག་འཁྲུགས་པའི་དུར་ཁྲོད་ནསཿ བདུད་མགོན་ཡབ་ཡུམ་འཁོར་དང་བཅསཿ བསྐང་བའི་གནས་འདིར་གཤེགས་སུ་གསོལཿ གར་བཞུགས་སྤྲུལ་པའི་ཞིང་ཁམས་ནསཿ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགསཿ ཐུགས་དམ་བསྐང་ཕྱིར་སྤྱན་འདྲེན་ནོཿ ཏིང་ངེ་འཛིན་གྱིས་རྣམ་སྤྲུལ་ཞིངཿ སྔགས་དང་ཕྱག་རྒྱས་བྱིན་བརླབས་པསཿ མི་བསད་ལྕགས་མདུང་ནག་པོ་དངཿ དར་ནག་རུ་མཚོན་འཇིགས་རུང་གཡོཿ འཇའ་ཚོན་སྣ་ལྔའི་ཅོད་པཎ་འཕུརཿ གྲི་ལྕགས་ཟངས་ཀྱི་མེ་ལོང་ནིཿ སྲོག་གི་སྙིང་པོས་མཚན་པ་སྟེཿ སྐུ་གསུང་ཐུགས་ཀྱི་རྟེན་དུ་འབུལཿ རྩ་གསུམ་མཁའ་འགྲོའི་ཐུགས་དམ་བསྐངཿ བདུད་མགོན་ཡབ་ཡུམ་སྲས་དང་བཅསཿ འཁོར་ཚོགས་སྤྲུལ་པའི་ཐུགས་དམ་བསྐངཿ བླ་རྟེན་སྲོག་གི་འཁོར་ལོ་ནིཿ དཔའ་བོ་གཡུལ་དུ་བསད་པའི་ཁྲགཿ རིན་ཆེན་དང་པོའི་ཁུ་བར་སྦྱརཿ བདུད་མགོན་ཡབ་ཡུམ་ཆགས་པའི་རྟེནཿ བླ་རྡོ་གྲུ་བཞི་རང་བྱུང་ཤེལཿ གཡུ་བྱང་འབྲུ་སྨན་ལ་སོགས་པཿ ཟ་འོག་དར་གྱི་ཁུག་མར་གཏམཿ ཏིང་ངེ་འཛིན་གྱིས་རྣམ་སྤྲུལ་པའིཿ ངོ་མཚར་རིན་ཆེན་ཕོ་བྲང་མཛེསཿ དཀོར་ཆ་ལོངས་སྤྱོད་སྤྱན་གཟིགས་ཚོགསཿ སྒྲུབ་པ་སྲོག་གི་རྟེན་དུ་འབུལཿ རྩ་གསུམ་མཁའ་འགྲོའི་ཐུགས་དམ་བསྐངཿ བདུད་མགོན་ཡབ་ཡུམ་སྲས་དང་བཅསཿ འཁོར་ཚོགས་སྤྲུལ་པའི་ཐུགས་དམ་བསྐངཿ དམ་རྫས་དམར་ནག་བཱ་ལིང་ཏཿ བཅུད་ལྡན་རི་ལྟར་རྒྱ་དཔང་ཆེཿ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨནཿ དམར་ཆེན་རཀྟ་མཚོ་ལྟར་འཁྱིལཿ དབང་པོ་ལྔ་སོགས་མཆོད་པའི་རྫསཿ ཤ་སྣ་སྙིང་སྣ་ཁྲག་སྣ་དངཿ རྩི་བཅུད་འབྲས་བུ་སྨན་གྱི་ཚོགསཿ རོ་ལྡན་བཟའ་བཅའ་བཏུང་པའི་རིགསཿ ཡིད་སྤྲུལ་ལྷ་མིའི་ལོངས་སྤྱོད་ཚོགསཿ མ་ཚང་མེད་པར་རབ་བཀོད་དེཿ དགྱེས་སྐོང་མཆོད་པའི་རྫས་སུ་འབུལཿ རྩ་གསུམ་མཁའ་འགྲོའི་ཐུགས་དམ་བསྐངཿ བདུད་མགོན་ཡབ་ཡུམ་སྲས་དང་བཅསཿ འཁོར་ཚོགས་སྤྲུལ་པའི་ཐུགས་དམ་བསྐངཿ ལྟ་བ་སྤྲོས་བྲལ་མཁའ་ལྟར་དགཿ སྒོམ་པ་འཛིན་མེད་ཡེང་འཁྲུལ་བྲལཿ སྤྱོད་པ་རོ་སྙོམ་སྤང་བླང་ཞིགཿ བདེ་བ་ཆེན་པོའི་བྷ་ག་ལཿ ཆགས་ཆེན་རྡོ་རྗེའི་བཅུད་ཀྱིས་གཏམསཿ དགའ་བཞི་ལྷན་སྐྱེས་དགྱེས་པ་ཆེཿ མ་བཅོས་སྤྲོལ་བྲལ་དོན་གྱི་དབྱིངསཿ དམ་ཚིག་ཆོས་ཀྱི་མཆོད་པར་འབུལཿ རྩ་གསུམ་མཁའ་འགྲོའི་ཐུགས་དམ་བསྐངཿ བདུད་མགོན་ཡབ་ཡུམ་སྲས་དང་བཅསཿ འཁོར་ཚོགས་སྤྲུལ་པའི་ཐུགས་དམ་བསྐངཿ ཉམས་པ་བདུན་ལྡན་གཟུང་འཛིན་དགྲཿ ཏིང་འཛིན་ལས་ཀྱི་ཕྱག་རྒྱ་བཞིསཿ འགུགས་འཆིང་སྡོམ་མྱོས་རིངས་ཤིང་བསྐྲདཿ དྲག་པོའི་ལས་ཀྱི་མཚོན་ཆ་ཡིསཿ རྣམ་པར་སྒྲོལ་ཞིང་གཟུང་འཛིན་བཅོམཿ ཤ་ཁྲག་ནང་རོལ་ཚོགས་ཀྱི་རྫསཿ རྟོག་ཚོགས་རྣམ་པར་གྲོལ་བ་སོགསཿ གསང་སྔགས་སྒྲོལ་བའི་མཆོད་པ་འབུལཿ རྩ་གསུམ་མཁའ་འགྲོའི་ཐུགས་དམ་བསྐངཿ བདུད་མགོན་ཡབ་ཡུམ་སྲས་དང་བཅསཿ འཁོར་ཚོགས་སྤྲུལ་པའི་ཐུགས་དམ་བསྐངཿ ཐུགས་དམ་གཉན་པོ་དགྱེས་སྐོང་ལཿ ལྟ་སྒོམ་ཀློང་དུ་མ་གྱུར་དངཿ སོ་ཐར་བྱང་སེམས་སྔགས་སྡོམ་ཉམསཿ རྡོ་རྗེ་སློབ་དཔོན་ཡི་དམ་ལྷཿ མཁའ་འགྲོ་མ་དང་ཆོས་སྲུང་སོགསཿ བཀའ་འགལ་ཐུགས་དཀྲུགས་སུན་དབྱུང་ཞིངཿ ཁྱད་གསོད་ཐེ་ཚོམ་རྣམ་རྟོག་བདུདཿ གསང་སྔགས་དམ་ཚིག་ཉམས་ལ་སོགསཿ བདུད་མགོན་ཡབ་ཡུམ་འཁོར་བཅས་ཀྱིཿ ཐུགས་དང་འགལ་བའི་ལསབགྱིས་པཿ མཐོལ་ལོ་བཤགས་སོ་བཟོད་པར་བཞེསཿ ཐུགས་དམ་གཉན་པོ་སྐོང་གྱུར་ནསཿ བཀྲག་མདངས་བསྐྱེད་ལ་གཟི་བྱིན་ཕྱུངཿ ནུས་མཐུ་སྟོན་ལ་དྲག་རྩལ་ངོམཿ སྲིད་པ་གསུམ་གྱི་སྟོབས་ནུས་ཀུནཿ ཁྱོད་ལ་བསྡུ་འོ་མ་ཀུ་རཿ ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ ཏིང་འཛིན་དམིགས་པའི་འཕྲུལ་འཁོར་གྱིསཿ གནད་དང་ལྡན་པས་བསྐང་བར་འབདཿ སླར་ཡང་བཟླས་པར་བྱ་བ་ནིཿ རང་ཡི་དམ་གྱི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་བདུན་མགོན་ཡབ་ཡུམ་གྱི་ཐུགས་སྲོག་ལ་ཕོག་པས་བཀའ་ཉན་གསུང་སྡོད་བཀྲག་མདང་གཟི་བརྗིད་དང་ལྡན་པར་དམིགས་ལཿ ཨོཾ་ཤྲི་མ་ཧཱ་ཀ་ལ་དུ་ན་ཡ་སེང་ཧ་གྷཎྜེ་མ་མ་ནརྨི་ལེ་ཧ་ཧེ་དུ་ཏྲི་ཕུ་ཏྲི་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ཨ་ཧཱུྃཿ བཟླ་ཞིང་གནད་ཀྱི་དམིགས་པས་གཟིརཿ ལས་ཀུན་འགྲུབ་པར་ཐེ་ཚོམ་མེདཿ གཏོར་མ་འབུལ་ཞིང་བསྟོད་པ་ནིཿ ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་གྱིསཿ རྣམ་རོལ་སྤྲུལ་བསྒྱུར་དྲང་སྲོང་དྲི་མ་མེདཿ རྡོ་རྗེ་ཕག་མོ་གསང་བ་ཡེ་ཤེས་དངཿ བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅནཿ རྣམ་རོལ་དགྱེས་ཆགས་ཆེན་པོའི་གར་བསྒྱུར་ཚེཿ བདུད་མགོན་སེང་གེའི་གདོང་ཅན་ཡུམ་དང་བཅསཿ ཨོ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་དུཿ དབང་བསྐུར་དབུགས་དབྱུང་གཟེངས་བསྟོད་དམ་ལ་བཏགསཿ དབང་རྟགས་རྡོ་རྗེའི་ཅོད་པཎ་མགོ་ལ་བཅིངཿ དམ་རྫས་དཀར་དམར་བདུད་རྩི་ལྕེ་ལ་བཞགཿ མཐའ་བྲལ་བདེ་བ་ཆེན་པོ་སེམས་ཀྱིས་རྟོགསཿ ཞིང་སྐྱོང་ལེགས་གྲུབ་རྡོ་རྗེ་མཚན་དུ་གསོལཿ ཡུམ་ཆེན་སིནྡྷ་ར་མར་མིང་ཡང་བསྒྲགསཿ བདུད་མགོན་མཐུ་ཆེན་ཁྱོད་ལ་བདག་བསྟོད་དོཿ གསང་བའི་བདག་པོས་སླར་ཡང་དབང་བསྐུར་ཅིངཿ དུར་ཁྲོད་བརྒྱད་དུ་ལྷག་སྡུད་གཙོ་མོ་སྟེཿ ཞིང་སྐྱོང་ཌཱཀྐི་དམ་ལྡན་དམ་ལ་གནསཿ ཡུལ་ཆེན་ཀུན་སྒྱུར་མ་ལ་བསྟོད་པར་བགྱིཿ སློབ་དཔོན་ཆེན་པོ་སེང་གེ་སྒྲ་སྒྲོགས་དངཿ ཤེས་རབ་ཡུམ་མཆོག་མནྡྷ་ར་བ་ཡིཿ ཡུལ་ཆེན་ཉེར་བཞིའི་ལས་ཀྱི་གཉེར་འཛིན་དུཿ དབང་བསྐུར་དབུགས་དབྱུང་གཟེངས་བསྟོད་མཐུ་བོ་ཆེཿ ཞིང་སྐྱོང་ཡབ་ཡུམ་འཁོར་དང་བཅས་ལ་བསྟོདཿ ཕ་རོལ་བྱད་ཕུར་རྦོད་གཏོར་རང་གཤེད་འབེབཿ བཟློག་པས་མི་བཟློག་སྔགས་བཟློག་མཁན་གྱི་གཤེདཿ གཟའ་རྒོད་ཁྲ་ཚ་མིག་དམར་ཕོ་ཉར་འགྱེདཿ གསང་སྔགས་བསྟན་ལ་སྡང་ཞིང་རྣལ་འབྱོར་དགྲཿ མ་བསྐུལ་བར་ཡང་སྲོག་སྙིང་འགུམ་བྱེད་ཅིངཿ ཉིན་རེ་བཞིན་དུ་སྲིད་གསུམ་ཐོགས་མེད་ཉུལཿ སྦྱོར་སྒྲོལ་གསང་སྔགས་བསྟན་པའི་བྱ་ར་བྱེདཿ སྒྲུབ་པོའི་རེ་སྐོང་ཆོས་མཛད་ཡོངས་ཀྱི་གྲོགསཿ ནག་པོ་ཆེན་པོ་བདུད་མགོན་ཡབ་ཡུམ་དངཿ ལས་མྱུར་གནམ་ལྕགས་ཐོག་རྒོད་བམ་རོ་གཉིསཿ ལྷ་ཀླུ་བཙན་དང་དཔལ་མགོན་སྤྲུལ་འཁོར་སོགསཿ མ་ལུས་འཁོར་དང་བཅས་ལ་བདག་བསྟོད་དོཿ རྗེས་ལ་འཕྲིན་ལས་བཅོལ་པ་ནིཿ བྷྱོཿ བདག་ནི་རིག་འཛིན་ཆེན་པོའི་བརྒྱུད་པ་སྟེཿ སྦྱོར་སྒྲོལ་ཉམས་སུ་ལེན་པའི་སྐལ་བ་ཅནཿ ཡང་གསང་ཐུགས་ཐིག་ཉམས་ལེན་རྣལ་འབྱོར་པཿ ཁྱོད་ནི་དམ་ཚིག་ཅན་གྱི་སྲུང་མ་སྟེཿ ཞིང་སྐྱོང་ཌཱཀྐིའི་ཕོ་ཉ་ཞིང་ཁམས་སྐྱོངཿ ཨོ་རྒྱན་གནས་སུ་གསང་བའི་བདག་པོ་ཡིཿ ཇི་ལྟར་དམ་བསྒྲགས་རྗེས་སུ་དྲན་གྱིས་ལཿ སངས་རྒྱས་བསྟན་དང་དེར་འཛིན་ཚོགས་ཀུན་སྲུངསཿ བླ་མེད་ཡང་གསང་ཆོས་ཀྱི་གཉེར་ཁ་ཟུངསཿ ཉམས་ལེན་རིག་འཛིན་ཕོ་མོ་བུ་བཞིན་སྐྱོངསཿ རྣལ་འབྱོར་འདོད་པའི་དོན་ཀུན་མྱུར་དུ་སྒྲུབསཿ བཀའ་ལ་མི་ཉན་དམ་ལ་འཁུ་བ་ཡིཿ མ་རུང་སྡེ་བརྒྱད་འབྱུང་པོ་རྡུལ་དུ་རློགཿ ཕ་རོལ་བསམ་ངན་སྦྱོར་རྩུབ་གདུག་པ་ཅནཿ བྱད་ཕུར་རྦོད་གཏོང་རང་གཤེད་རང་ལ་ཕོབཿ དངོས་སམ་བརྒྱུད་ནས་གནོད་སྦྱོར་རྩོམ་པ་ཡིཿ སྡང་དགྲ་ལས་ངན་བསམ་ངན་སྦྱོར་རྩུབ་ཅནཿ ཚེ་སྲོག་དབུགས་དང་ཕྲོལ་ལ་དུས་མཐའ་སྟུངསཿ ཤ་ཁྲག་བསོད་ནམས་ལོངས་སྤྱོདཟས་སྐལ་གྱིསཿ སྒྲུབ་པ་ཚུལ་བཞིན་བྱེད་པའི་རྣལ་འབྱོར་ལཿ ནད་དང་སྡུག་བསྔལ་མི་མཐུན་རྐྱེན་ཀུན་སྲུངསཿ མཐུན་རྐྱེན་ལེགས་ཚོགས་དབྱར་གྱི་ཆར་ལྟར་སྤེལཿ ཞི་རྒྱས་དབང་དང་དྲག་པོའི་ལས་རྣམས་ཀུནཿ མྱུར་དུ་འགྲུབ་པའི་ཕྲིན་ལས་གཉན་པོ་མཛོདཿ དད་ལྡན་བསྟན་པའི་སྦྱིན་བདག་མངའ་ཐང་བསྐྱེདཿ འཁོར་དང་བུ་སློབ་དཀོར་ཆ་མེལ་ཚེ་གྱིསཿ བཀྲ་ཤིས་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ཅིངཿ བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོདཿ རྒྱུན་གཏོར་གཤེགས་ཤིང་སྐབས་ཀྱི་ཕྲིན་ལས་བཅོལཿ དགུ་གསུམ་བདུད་མགོན་རྒྱུ་བའི་དུས་ཡིན་ཏེཿ མཆོད་སྒྲུབ་ཕྲིན་ལས་བཅོལ་ན་ལས་ཀུན་འགྲུབཿ པདྨ་བདག་གི་གསང་བའི་ཕོ་ཉ་བཿ བླ་མ་དྲི་མ་མེད་པའི་བཀའ་སྲུང་ཆེཿ ལས་མྱུར་གནམ་ལྕགས་ཐོག་རྒོད་དང་འདྲ་སྟེཿ དམ་ལྡན་སྒྲུབ་པ་པོ་ལ་སྙིང་ཉེ་ཞིངཿ གཞན་ལ་འཁུ་ལྡོག་ཆེ་ཞིང་དྲག་ཤུལ་རྩུབཿ སྲིད་པ་གསུམ་པོ་འདི་ཡིས་དབང་དུ་འདུསཿ བརྒྱ་བྱིན་ཡིན་ཡང་བརླག་པར་བྱེད་ནུས་ནཿ གཞན་གྱི་བསོད་ནམས་མཐུ་ལྡན་ལྟ་ཅི་སྨོསཿ ནད་གདོན་བགེགས་དང་བྱད་ཕུར་རྦོད་གཏོང་སོགསཿ འདི་ཡིས་སྲུང་ཞིང་གྲོལ་བར་གདོན་མི་ཟཿ མ་འོངས་ཁྲག་འཐུང་དཔའ་བོ་དང་འཕྲད་ནསཿ ཡབ་ཡུམ་ཚེ་ཆོས་སྐྱོབ་པའི་ཕྱིར་དུ་བཀོདཿ བདུད་འདུལ་དྲག་མོའི་ཐུགས་ཀྱི་ཀློང་དུ་སྦསཿ དུས་རྟགས་མངོན་གྱུར་སྐབས་སུ་འཕྲད་པར་ཤོགཿ གཅིག་བརྒྱུད་ལས་གཞན་སྤེལ་ན་དམ་ཚིག་རྒྱཿ བཀའ་རྐུན་སྲོག་གི་གཤེད་མ་འདི་ཁོ་ནཿ ས་མ་ཡཿ གུ་ཧྱཿ ཙིཏྟའི་རྒྱཿ ཅེས་པ་འདི་ཡང་བདག་ཉིད་ཁྲག་འཐུང་དཔའ་བོའི་རང་ལོ་སོ་བདུན་པ་སྤྲེལ་གྱི་ལོ་ལ་བརྡ་རྟགས་ཤར་ཡང་འཁོར་ངན་རྐྱེན་གྱིས་ཅུང་ཞིག་གསང་རྒྱ་བྱས་པར་ཕྱིས་རང་ལོ་ཞེ་དྲུག་པ་ཞེ་སྡང་སྤྲུལ་གྱི་ལོར་དུས་རྟགས་མངོན་གྱུར་གྱིས་སྐབས་སུ་བདེ་སྟེར་ཌཀྐཱི་མས་བསྐུལ་མ་བྱུང་བ་ལྟར་ཐུགས་ཐིག་ཆོས་སྒོ་འབྱེད་པའི་ཐོག་མར་གྲོ་བཞིན་ཟླ་བ་ཉ་གང་བའི་ཚེས་ལ་དག་པར་ཕབ་པའི་ཡི་གེ་གསང་བ་སྔགས་ཀྱི་རྣལ་འབྱོར་པ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིགཿ དགེའོཿ སརྦ་མངྒ་ལཾཿ  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 14:58, 28 June 2024

Wylie title gser chos nor bu'i bang mdzod las bdud mgon mchod sgrub bstan dgra tshar gcod
Location mdo mkhyen brtse bka' 'bum
Volume 7, Text 70, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
Colophon

ཅེས་པ་འདི་ཡང་བདག་ཉིད་ཁྲག་འཐུང་དཔའ་བོའི་རང་ལོ་སོ་བདུན་པ་སྤྲེལ་གྱི་ལོ་ལ་བརྡ་རྟགས་ཤར་ཡང་འཁོར་ངན་རྐྱེན་གྱིས་ཅུང་ཞིག་གསང་རྒྱ་བྱས་པར་ཕྱིས་རང་ལོ་ཞེ་དྲུག་པ་ཞེ་སྡང་སྤྲུལ་གྱི་ལོར་དུས་རྟགས་མངོན་གྱུར་གྱིས་སྐབས་སུ་བདེ་སྟེར་ཌཀྐཱི་མས་བསྐུལ་མ་བྱུང་བ་ལྟར་ཐུགས་ཐིག་ཆོས་སྒོ་འབྱེད་པའི་ཐོག་མར་གྲོ་བཞིན་ཟླ་བ་ཉ་གང་བའི་ཚེས་ལ་དག་པར་ཕབ་པའི་ཡི་གེ་གསང་བ་སྔགས་ཀྱི་རྣལ་འབྱོར་པ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིགཿ དགེའོཿ སརྦ་མངྒ་ལཾཿ

ces pa 'di yang bdag nyid khrag 'thung dpa' bo'i rang lo so bdun pa sprel gyi lo la brda rtags shar yang 'khor ngan rkyen gyis cung zhig gsang rgya byas par phyis rang lo zhe drug pa zhe sdang sprul gyi lor dus rtags mngon gyur gyis skabs su bde ster Dak+kI mas bskul ma byung ba ltar thugs thig chos sgo 'byed pa'i thog mar gro bzhin zla ba nya gang ba'i tshes la dag par phab pa'i yi ge gsang ba sngags kyi rnal 'byor pa rig pa'i ye shes kyis bgyis pas bar chad bdud kyi g.yul las rgyal ba'i rgyur gyur cig:_dge'o:_sarba mang+ga laM:

[edit]