JKCL-KABUM-02-KHA-002: Difference between revisions
From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-002
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 30: | Line 30: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཁྱབ་བདག་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་རབ་བྱུང་བཅུ་དྲུག་པའི་ཤིང་ལུག་ཧོར་ཟླ་དྲུག་པའི་ཚེས་ཉེར་གཅིག་ནས་ས་ཕག་དགོངས་པ་མ་རྫོགས་བར་ལོ་ལྔ་ཡི་ཕྱག་སྣོམ་ལི་ཐོ་ཟིན་ཐོ་ལྡན་པ་ལས་ཉིན་ཐོ་ཞལ་བཤུས་པ་བཞུགས། | {{TibP|༄༅། །ཁྱབ་བདག་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་རབ་བྱུང་བཅུ་དྲུག་པའི་ཤིང་ལུག་ཧོར་ཟླ་དྲུག་པའི་ཚེས་ཉེར་གཅིག་ནས་ས་ཕག་དགོངས་པ་མ་རྫོགས་བར་ལོ་ལྔ་ཡི་ཕྱག་སྣོམ་ལི་ཐོ་ཟིན་ཐོ་ལྡན་པ་ལས་ཉིན་ཐོ་ཞལ་བཤུས་པ་བཞུགས། | ||
༡༩༥༥ལོའི་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཕྱག་བསྣམས་ལི་ཐོ། རབ་བྱུང་༡༦པའི་ཤིང་ལུག་ལོར། ཧོར་ཟླ་གསུམ་པའི་ཚེས་༡ལ་རྫོགས་ཆེན་དགེ་མང་སྤྲུལ་སྐུར་འཕགས་མའི་སྙིང་ཐིག་གི་དབང་འབྲིང་དང་རད་ཕུར་སྟ་གོན། ཚེས་༢ལ་རད་ཕུར་དབང་ཆེན་དངོས་གཞི། ཚེས་༣ལ་གཏེར་གསར་ཐུགས་སྒྲུབ་བསམ་ལྷུན་དབང་ཆེན་ཚེ་དབང་བཅས། ཚེས་༤ལ་སྨིན་གླིང་ཁྲི་ཚབ་གཅུང་རིན་པོ་ཆེ་ཕེབས་པར་འཇལ་དར་ཞུས། དགེ་མང་སྤྲུལ་སྐུར་དབང་ཆེན་དང་བྱད་འགྲོལ་བྱབ་ཁྲུས་ཞུས། ཞབས་ཕྱི་རྒྱ་བོད་གཉིས་ཉི་ཤུ་སྐོར་ཡོད་སྐད། ཚེས་༥ལ་རིམ་བཞིན་མདོ་སྡེ་བ་སོགས་དང་འཕྲད། ཚེས་༦ལ་གཅུང་རིན་པོ་ཆེ་སྐུ་ཞབས་དགེ་མང་མཆོག་སྤྲུལ་གསལ་དགའ་སོགས་ལ་རྒྱུད་ཕུར་སྟ་གོན། ཚེས་༧ལ་རྒྱུད་ཕུར་དངོས་གཞི། དགེ་མང་སྤྲུལ་སྐུ་ནས་གཅོད་འདུལ་གྲུབ། ཚེས་༨ལ་གཅུང་རིན་པོ་ཆེ་དང་དགེ་མང་སྤྲུལ་སྐུ་སོགས་ལ་མཚོ་སྐྱེས་སྙིང་ཏིག་ཡང་གཏེར་ཐུགས་ཆེན་རྒྱལ་བ་རྒྱལ་མཚོ་སྟ་གོན། ཚེས་༩ལ་ཐུགས་ཆེན་དངོས་གཞི་དང་རྒྱུད་ཕུར་ལུང་། ཀཿཐོག་སི་ཏུ་ཕེབས། ཚེས་༡༠ལ་སྔ་དྲོ་ལྕེ་བཙུན་སྙིང་ཐིག་གི་ཚོགས་བརྒྱ་དང་འབྲེལ་སྨིན་གླིང་གཅུང་རིན་པོ་ཆེར་དབང་། ཕྱི་དྲོ་དགེ་མང་མཆོག་སྤྲུལ་ནས་ཡོན་སྦྱོར་ཏེ་རིགས་འདུས་ཚོགས་བརྒྱ་རྒྱས་པར། ཚེས་༡༡ལ་གཅུང་རིན་པོ་ཆེར་ལྕེ་བཙུན་སྙིང་ཐིག་ཁྲིད་དང་དགེ་མང་ཡང་སྤྲུལ་ཟུར་ཉང་གཏེར་རྟ་ནག་སྲོག་དབང་། ཚེས་༡༢ལ་གཅུང་རིན་པོ་ཆེར་ཐང་རྒྱལ་ཚེ་དབང་དང་ཁྲིད་ལུང་ཁ་ཤས་ཕུལ། ཞང་བློན་ཕྱི་ནང་གསང་བའི་རྗེས་གནང་གསུམ་དང་། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་ལན་ཁ་ཤས་ཞུས། ཚེས་༡༣ལ་གཅུང་རིན་པོ་ཆེ་འབུལ་བ་མཚོན་བཏབས་ཆིབས་བཏེགས། ཚེས་༡༤ལ་འབོ་ཡོལ་དུ་བསང་། ཚེས་༡༥ཕྱི་མ་ལ་དཔོན་སློབ་བཅུ་སྐོར་ནས་དུས་འཁོར་རྣལ་འབྱོར་མ་རིག་བརྒྱའི་མཆོད་ཆོག་བཏང་། ཚེས་༡༦ལ་ཕྲད་ཚེ་ཕ་བུ་རྣམས་དང་འཕྲད། ཕྱི་འབྲོག་དང་འདན་ཁོག་གི་བླ་སྤྲུལ་མང་ཤས་ལ་གང་བློ་མའི་རིག་གཏད་དང་། གཏེར་གསར་གྲོ་ལོད་དབང་། ཚེས་༡༧ལ་ཤང་ཐོ་སྤྲུལ་སྐུར་མགོན་པོ་ཁྲོ་བཅུ་དང་གསང་ཁྲིད་ལྷ་དགུའི་རྗེས་གནང་། ཚེས་༡༨ལ་བཀྲ་ཤིས་དཔལ་ཐང་ལ་སྤྲོ་སང་རྒྱ་མཁར་མ་བུ་རྣམས་ལ་ཚེ་དབང་དང་ཁྲད་ཚེ་ཕ་བུར་ཚེ་དབང་དྲག་པོ་རྟ་ཁྱུང་དབང་། ཚེས་༡༩ལ་ཕྲིན་ཚེ་ཕ་བུ་རྣམས་ལ་རྡོར་སེམས་དང་འོད་ཆོག་ཚེ་དབང་། ཚེས་༢༠ལ་ཕྲིན་ཚེ་ཕ་བུ་སོང་། སོག་བླ་མ་འདས། ཚེས་༢༡། ཚེས་༢༢། ཚེས་༢༣ལ་དགོན་ནང་ཕེབས། སོག་བླར་བྱང་ཆོག །ཚེས་༢༤ལ་རྡོར་སེམས་བྱང་ཆོག་རྒྱས། ཚེས་༢༥ལ་བསང་རི་ཁྲུས། མཁའ་སྤྱོད་མའི་ཚོགས་བདག་འཇུག་བཅས། ཚེས་༢༦ལ་འབོ་ཡོར་ཆར་སློང་། ཚེས་༢༧ལ་ཆར་བབས། ཚེ་བརྟན་ཧོར་ཁོག་སོང་། གསལ་དགར་སྨིན་གླིང་བདེ་ཀུན་ཚུགས། ཚེས་༢༨ལ་གསལ་དགའ་ལ་ཉིན་གསུམ་གཏེར་ཆོས་གཤིན་རྗེ་དང་། ཕུར་པའི་དབང་གྲུབ། ཚེས་༢༩ཆད། ཚེས་༣༠ལ་གསལ་དགར་སྨིན་གཏེར་གསང་མགོན་ཞལ་བཞི་དང་། ལུགས་སྲོལ་གཉིས་འདུས་ཀྱི་ཞལ་བཞིའི་སྲོག་གཏད་བྱས། ཧོར་ཟླ་བཞི་པའི་ཚེས་༡ལ་དབུ་རྩེའི་བསང་ཁང་དུ་ལྷ་བསང་རྒྱས་པར་བཏང་། ཚེས་༢ལ་དྲེག་འཇོམས་དྲག་དམར་སོགས་ཀྱི་པོད་ལུང་། ཚེས་༣ལ་གསལ་དགར་འཕགས་མའི་སྙིང་ཐིག་གི་ཚེ་དབང་ཚར་གྲངས་ཕུལ། ཚུར་ཡང་ཚར་བརྒྱད་ཞུས། ཚེས་༤ལ་མཁྱེན་རྩེའི་སྐུ་གསུམ་བླ་མའི་རྣལ་འབྱོར་གྱི་དབང་དང་། ཆགས་མེད་བླ་སྒྲུབ་སོགས་ཀྱི་དབང་། མཆོག་གཏེར་ཡིད་བཞིན་འཁོར་ལོའི་ཕྱག་དྲུག་སྨུག་པོའི་དབང་། ཚེས་༥། ཚེས་༦། ཚེས་༧ལ་གསལ་དགའི་སྐུ་ཚ་བཀྲ་དགའ་བདུད་འདུལ་ཞིང་སྐྱོང་སྲོག་དབང་། ཚེས་༨ལ་གསལ་དགའ་རིན་པོ་ཆེ་དཔོན་སློབ་རྣམས་ཆིབས་སྟེགས། མཆོག་ལྡན་ནས་ཚེ་ལྷ་རྣམ་གསུམ་ཆོ་ག་དང་འཕགས་མའི་སྙིང་ཐིག་གི་སྒོ་ནས་ཞབས་བརྟན་ཕུལ། ཚེས་༩། ཚེས་༡༠ལ་ཐུགས་སྒྲུབ་བླ་མཆོད་སྒོ་ནས་ཚོགས་ཕུལ། ཚེས༡༡། ཚེས་༡༢ལ་ཉག་བླ་ཤེར་འོད་དང་འཕྲད། ཚེས་༡༣རྫོགས་ཆེན་རིན་པོ་ཆེ་དཔོན་སློབ་ཕེབས་འཇལ་འཕྲད། ཚེས་༡༤ལ་རྫོགས་སྤྲུལ་རིན་པོ་ཆེ་དང་ལྷན་རྒྱས། རྫོགས་སྤྲུལ་རིན་པོ་ཆེ་ལས་དཀོན་སྤྱི་སོགས་ཚེ་དབང་འདྲ་མིན་བཞི་ཚར་བཅུ་དྲུག་ཞུས། ཞི་ཁྲོ་ངན་སོང་སྦྱོང་བའི་སྟ་གོན། བོད་ནས་རྒྱ་སྐོར་ཀུན་བཟང་སྲས་མོ་བྱུང་བ་དང་འཕྲད། ནང་ཆེན་དུ་སྲས་མོ་གཡུ་སྒྲོན་སྒྲོལ་མ་ལྷ་ཁང་། གོ་འཇོར་ར་སྤྲུལ་ལྷ་ཁང་བཅས་ལ་རབ་གནས། ཚེས་༡༦ལ་ཞི་ཁྲོའི་དངོས་གཞི་དང་། རིག་འདུས་དབང་རྒྱས་ཚེ་དབང་བཅས། དཔལ་འདུས་སྟ་གོན། ཚེས་༡༧ལ་དཔལ་འདུས་དངོས་གཞི་དང་། ཁྲག་འཐུང་རིགས་བཞིའི་དགོས་དབང་། ཚེས་༡༨ལ་ཡུམ་བཀའི་བྱིན་རླབས་ཚེ་དབང་བཅས། རྟ་ཁྱུང་འབར་བ་འོད་ཆོག །ཐུགས་ཆེན་སྡུག་བསྔལ་རང་གྲོལ་སངས་རྒྱས་སྟོང་དབང་བཅས། ཚེས་༡༩ལ་ཡུམ་བཀའི་ནང་སྒྲུབ་སྒྲོལ་དབང་དང་། རྡོར་སེམས་མངོན་དགའི་ཞིང་སྦྱོང་། བླ་སྒྲུབ་ཐིག་བརྒྱ་བཅས། ཚེས་༢༠ལ་ཇོ་ལུགས་སྒྲོལ་དཀར་གྱི་རྗེས་གནང་གིས་ཆོས་མཚམས། རྫོགས་སྤྲུལ་ལས་བྱད་འགྲོལ་གསེར་ལྡེ་ཞུས། ཚེས་༢༡ལ་རྫོགས་ཆེན་རིན་པོ་ཆེ་བཏེགས། ཀུན་བཟང་སྲས་མོ་སོགས་ལ་སྙིང་ཐིག་སྔོན་འགྲོའི་ཁྲིད་ཚུགས། ཚེས་༢༢ལ་སྔོན་འགྲོ། ཉག་བླ་ཤེར་འོད་སོགས། གྲུབ་ཐོབ་བཀའ་བརྒྱད་སྒོ་ནས་སྨན་སྒྲུབ་དབུ་ཚུགས། ཚེས་༢༣ལ་སྔོན་འགྲོ་ཁྲིད་གྲུབ། ཚེས་༢༤ལ་དངོས་གཞི་ཡེ་ཤེས་བླ་མ་ཚུགས། ཁྲོལ་སྒྲུབ་གྲུབ། བཏགས་བཙགས་སྦོལ་གསུམ་སོགས་ཕྱེ་མར་སྒྲུབ་པའི་དབུ་ཚུགས། ཚེས་༢༥ལ་སྙིང་པོ་སྐོར་ལྔའི་ཕག་མོའི་ཚོགས་སྐོང་སྦྱར། ཚེས་༢༦། ཚེས་༢༧ལ། ཚེས་༢༨ལ་འབྲས་ཚལ་སྤྲུལ་སྐུའི་ཡུམ་གྱི་རྫོགས་པར་བྱང་ཆོག་སྦྱར། ཚེས་༢༩ལ་སིདྷི་བླངས་ནང་དབང་མདོར་བསྡུས་བསྐུར། སྒྲུབ་པ་གྲོལ། ཚེས་༣༠། ཧོར་ཟླ་ལྔ་པའི་ཚེས་༡ལ་ཀུན་བཟང་སྲས་མོ་ནས་ཚོགས་འཁོར་དང་འབྲེལ་ཞབས་བརྟན་ཕུལ། ཚེས་༢། ཚེས་༣ཆད། ཚེས་༤ལ་ཧོར་པ་འཇམ་དཔལ་ཚེ་རིང་ངོར་དཔོན་སློབ་སྐོར་ལ་མཚན་བརྗོད་རྒྱུད་བཤད། ཚ་རང་རིན་རྣམས་དང་། ཐང་ལུང་རབ་འབྱམས་པའི་འགྲེལ་སྟེང་ནས་བཤད་པའི་དབུ་ཚུགས། ཚེས་༥ལ་ཁྲང་ངེ་བུ་ཤི་སྐད། ཚེས་༦། ཚེས་༧ལ་ཀུན་བཟང་སྲས་མོ་སོགས་རྒྱུད་བཤད་གྲུབ། དཔོན་སློབ་ལྷན་དུ་འཇམ་དཔལ་མཆོད་ཆོག་བཏང་། ཕྱི་དྲོ་བི་མ་དང་། དགའ་རབ་རྡོ་རྗེའི་རྒྱུད་འགྲེལ་ལུང་བཀླག །ཚེས་༨ལ་ཉག་རོང་རྒྱག་ཚང་སྤྲུལ་སྐུ་འཇམ་དཔལ་རྒྱུད་ལུང་དབང་། ཚེས་༩ལ་ཉ་བྲག་ཚུལ་ཁྲིམས་ལ་ཐུགས་ཆེན་ཚེམ་བུ་ལུགས་ཀྱི་ནང་ཁྲིད་ཚུགས། ཚེས་༡༠ལ་ཐུགས་སྒྲུབ་བསམ་ལྷུན་ཚོགས། ཚེས་༡༡། ཚེས་༡༢ལ་དབུ་རྩེ་ལྷ་ཁང་དང་བསང་ཁང་ལས་དར་ཅོག་འཛུག་གནང་། ཚེས་༡༣ལ་རྫོང་དགོན་ནས་སྤྱི་རིམ་དྲུག་བཅུ་ཚུགས། ཚེས་༡༤ལ་དྲུག་བཅུ་བོར། ཚེས་༡༤ཕྱི་མ་ལ་ཚེ་ལྷ་རྣམ་གསུམ་མཆོད་ཆོག །མདོ་མཁར་སྤྲུལ་སྐུ་དང་། ཕྲང་ཕྱག་མཛོད་མི་ད་ཚེ་དབང་། ཚེས་༡༥ལ་མཆོག་ལྡན་ངོར་བླ་གྲྭ་ལྔ་བཅུ་སྐོར་ལ་ཐུགས་ཆེན་ཡང་འདུས་དབང་ཁྲིད་དང་བྱང་ཆོག །ཚེས་༡༦། ཚེས་༡༧ལ་སྡེ་དགེར་ཡུམ་སྲས་ཕེབས། ཚེས་༡༨ལ་སྡེ་དགེར་གདུགས་དཀར་བྱད་འགྲོལ་དང་། སེང་གདོང་མའི་དབང་། རྡོ་རྗེ་བེ་ཅོན་རས་ཆུང་ཕྱག་རྡོར་གཏུམ་ཁྱུང་དབང་ཆེན། ཚེས་༡༩ལ་ཞི་བྱེད་ལོ་གྱོན་མ། རྟ་མགྲིན་གཉེན་པོ་ལྷ་ལྔ། ཕྱག་རྡོར་ཉི་མ་མདུང་གང་། ཚེས་༢༠ལ་སྙན་རྒྱུད་ཕུར་པའི་དབང་ཁྲིད། ཚེས་༢༡ལ་ཐུགས་སྒྲུབ་གདུད་གཤིན། གུར་དྲག་གྲོ་ལོད་ཐོད་ཕྲེང་བཅས། ཚེས་༢༢ལ་སྐྱེར་རྟ། འབྱུང་འདུལ། ཁྱུང་ཁྲ་ཟབ་བདུན་རྟ་མགྲིན་དང་པདྨ་མཁའ་འགྲོ་བཅས། ཚེས་༢༣ལ་མ་ཏིའི་འཇམ་དཀར། གང་བློ་མའི་རིག་གཏད། སྨན་བླ་ལོངས་སྐུ་བཅས། ཚེས་༢༤ལ་སྡེ་དགེ་ཡུམ་སྲས་དང་ལྷན་དུ་གསང་ཐིག་ཡུམ་བཀའི་ཚོགས། སྡེ་དགེ་དཔོན་གཡོག་ཚང་མར་ཚེ་དབང་ཚར་གཅིག་དང་། ཡུམ་སྲས་ལ་དྲུག་བཅུ་བཅས། ཚེས་༢༥ཆད། ཚེས་༢༦ལ་ཚེ་དབང་འཁའ་འགྲོ་དང་བླ་མའི་རྣལ་འབྱོར་ཁྲིད་ལུང་། ཁྲང་ངེའི་བྱང་ཆོག །ཚེས་༢༧ལ་སྡེ་དགེ་བྱོན། སྦྱོང་བཏང་། ཚེས་༢༨ལ་སྦྱོང་མཐའ་སོས་དལ། ཚེས་༢༩ལ་ཚེ་ལུ་སྐོར་ཧོར་ཁོག་ཁྱོག །ཚེས་༣༠ལ་ཀཿཐོག་ནས་སི་རྨོག་གཉིས་འབྱོར། རྡོ་གྲུབ་ལ་རྩ་གསུམ་བདེར་འདུས། ཁྲི་སྲོང་བླ་སྒྲུབ། ཀོང་སྤྲུལ་གྲོ་ལོད་བཅས། ཧོར་ཟླ་དྲུག་པའི་ཚེས་༡ལ་སི་རྨོག་རྡོ་གྲུབ་སོགས་ལ་རྒྱ་ཅན་སྒྲོལ་དཀར་རྗེས་གནང་ལུང་བཅས། ཚེས་༢ལ་ཁྱུང་པོ་ལྭ་བ་རི་ཁྲོད་ཀྱི་སྤྲུལ་སྐུ་དང་། སི་ཏུ། རྡོ་གྲུབ་སོགས་ལ། དཀོན་སྤྱིའི་དབང་ཚེ་དབང་བཅས། རྩ་གསུམ་དགོངས་འདུས་ཚེ་དབང་། གསང་ཐིག་རྟ་མགྲིན་དང་ཡང་དག་བཅས་ཀྱི་དབང་ལུང་། ཚེས་༣ལ་ཁྱུང་པོ་བ་སོགས་ལ་དཀོན་སྤྱིའི་ཁྲིད་དང་ཡིག་ཆ་རྣམས་ཀྱི་ལུང་། རྟེན་འདུས་བསྒྲིལ། ཚེས་༤ལ་དབུ་རྩེ་སོགས་ལ་གཟིགས་ཞིབ་གནང་། ཀཿསིའི་གུར་དྲག་གནང་། མཁའ་འགྲོར་གནང་། ཚེས་༥ལ་སི་ཏུ་དཔོན་སློབ་བྱོན། རྡོ་གྲུབ་རིན་པོ་ཆེར་སྤྱི་མདོ་དགོངས་འདུས་རྩ་བ་བཤད་ལུང་། ཧོར་གླང་ནག་དགེ་འཕེལ་སྤྲུལ་སྐུར་ཁྲུས་གསོལ་ན་བཟའ་བྱས། ཚེས་༦ལ་དགེ་འཕེལ་སྤྲུལ་སྐུར་ངོར་ལུགས་སྒྲོལ་དཀར། འཇམ་དབྱངས་རིག་བཏད་ཐང་རྒྱལ་ཚེ་དབང་། ལྕམ་དྲལ་ལྷ་གསུམ་རྗེས་གནང་བཅས། ཚེས་༧ལ་རྡོ་གྲུབ་སྤྲུལ་སྐུར་ཀློང་སྙིང་ཕུལ། ཚེས་༨ལ་ཡུམ་བཀའི་རྣམ་རྒྱལ་མའི་ཚེ་དབང་ཚར་བརྒྱད་ཅུ་ཞུས། དགེ་འཕེལ་སྤྲུལ་སྐུ་ཕྱིར་སོང་། ཀློང་སྙིང་ཁྲིད་རྫོགས། བཀྲ་རྣམ་ཁྱིམ་དུ་སོང་། ཚེས་༩ལ་མཁྱེན་བརྩེའི་བླ་རྣམ་ཟིན་བྲིས་ལུང་ཞུས། ཀུན་མཁྱེན་ཞལ་ལུང་སོགས་ཕུལ། ཚེས་༡༠ལ་དཔོན་སློབ་བཅུ་བཞིས་བླ་མ་གསང་འདུས་ཚོགས་བརྒྱ། བརྒྱ་རྩ་བརྒྱད་ལྷག་ཕུལ། ཚེས་༡༡ལ་རྡོ་གྲུབ་རིན་པོ་ཆེ་ཁྱོགས། བསམ་གཏན་ནད་ཁམས་འཁྲུགས། འཆི་བསླུ་ཚར་གཅིག །ཚེས་༡༢ལ་གྲོལ་ཏིག་ཞི་ཁྲོ། ངན་སོང་དོང་སྤྲུགས། རྡོར་སེམས། འོད་ཆོག་རྣམས་ཀྱི་དབང་། རྫོང་སར་བླ་གྲྭ་བཅུ་སྐོར་ནས་མི་འཁྲུགས་དབང་བརྒྱ། ཚེས་༡༣ལ་ནད་ཁམས་ཤིན་ཏུ་ལྕི་བར་ངོ་སྤྲོད་ཐོས་གྲོལ་འཕོ་བའི་རྣལ་འབྱོར་ནན་ཏན། ཚེ་དཔག །ཀུན་རིག་སོགས་ཀྱི་དབང་། ནམ་ཕྱེད་ཙམ་ནས་ཚེ་ཡི་དུས་བྱས། ཚེས་༡༤། ཚེས་༡༥ལ་འཇམ་དཔལ་ཁྱོགས། ཚེས་༡༦ལ་རྡོར་སེམས་བྱང་ཆོག་རྒྱས་པར་བཏང་། འདས་པའི་སྐུ་གདུང་བྱ་དུར། ཚེས་༡༧ལ་རྫོང་དགོན་བླ་གྲྭ་ནས་ཀུན་རིག་ཆོ་ག་བཟླས། ཚེས་༡༨། ཚེས་༡༩ལ་གནས་འབྲེལ་ཕེབས་རྒྱུའི་སྟ་གོན་བྲེལ་ཟིང་། ཚེས་༢༠། ཚེས་༢༡ལ་ལམ་སེལ་ལྷ་བསང་བཏང་། མཛོད་ཚེ་དཔལ་བུ་བསོད་རྒྱལ་གཡོན་རུ་བླ་མ་རྣམས་ལྷ་ལྡན་ལ་བཏེགས། ཚེས་༢༢། ཚེས་༢༣ལ་རྫོང་དགོན་བླ་གྲྭ་ཉི་ཤུ་སྐོར་གྱིས་ལྕི་ཇོ་མདའ་བར་ཆིབས་བསྐྱེལ། སྟོན་འཁོར་དཔོན་གཡོག་བཅུ་སྐོར་གནས་འབྲེལ་ལ་ཆིབས་བཏེགས། གནས་གཤིས་སུ་བཞུགས། ཐུགས་སྒྲུབ་བསམ་ལྷུན་ཚོགས་ཕུལ། ཚེས་༢༤ལ་དཔའ་འོག་དབང་ཆེན་བྲག་མདུན། ཚེས་༢༥ལ་གནས་ཆེན་ཉེར་ལྔ་མདོ་བྱང་བཞེས་སར་བསྐོར་བ། སྙན་རྒྱུད་རྟ་མགྲིན་གྱིས་ཚོགས་བརྒྱ་ཕུལ། ཏོ་རུ་ཚང་རྣམས་འབྱོར་བར་ཆོས་འབྲེལ། ཚེས་༢༦ལ་ལྷ་མདོ་འབུར་མོའི་མདུན་ཐང་། སྒྲུབ་ཁང་ནས་དགོངས་འདུས་ཀྱི་ཚོགས་ཕུལ། ཚེས་༢༧ལ་བྱ་ཟེ་གོང་མ། ཏོ་རུ་བཀྲ་སྟོབས་བྱུང་། ཚེས་༢༨ཆད། ཚེས་༢༩ལ་ཨ་ལོའི་སྨན་ཆུ་བརྒྱུད་ཧོ་ཆོའི་མདའ་ཐང་། སྡེ་དགེའི་འོག་མ་རིན་རྣམ་དང་། ཧོ་ཆོ་ཨ་འཇམ་གཉིས་དར་བཏང་བྱུང་། སྐྱ་སེར་མང་བར་འཕོ་ལུང་དང་ཚེ་འགུགས། ནམ་ཕྱེད་ཙམ་ནས་ཚེ་ཡི་དུས་བྱས། ཚེས་༣༠ལ་ཛམ་ཐོག་ནས་གཟིངས་སྒྲོལ་ཐེངས་གཉིས་ཀྱིས་བདེ་འབྱོར་སྦྱིན་སེང་ཁོ་ཕུ་བརྒྱུད་གནམ་བྲག་དགོན་གྱི་མདུན། བར་ཆད་ཀུན་སེལ་ཚོགས་བརྒྱ་ཕུལ་སྡེ་དགེ་སྲས་ཡུམ་དང་འཇལ། ཧོར་ཟླ་༧པའི་ཚེས་༡ལ་སྡེ་དགེའི་མཆོད་ཡོན་ལྷན་རྒྱས་སིས་ཁོ་ཕུར་རྩ་གསུམ་དྲིལ་སྒྲུབ་ཚོགས་བརྒྱ། ཚེས་༢ལ་རྔད་ལ་སྒར་ནས་འདམ་དགོན་ལ་རབ་གནས་དམིགས་པ་བྱས་སྡེ་དགེ་མ་སྲས་ཕྱིར་ཕེབས། ཁ་བ་ཅུང་ཟད་བབས། ལམ་བར་ནས་དཔལ་ལྡན་ཡེ་ཤེས་སོགས་ལ་མ་ཎིའི་སྒོམ་ལུང་། ཁྲོམ་ཚོགས་མང་ཙམ་ལ་འཕོ་ལུང་ཚེ་འགུགས། རབ་བརྟན་ཕུ་ཀོ་ཟི་ནང་སྒར། ཚེས་༣ལ་ཚ་ལོ་མའི་སྒང་ལ་ཁར་ཝར་དགོན་སོགས་ལ་ཆོས་འབྲེལ་ལམ་བརྒྱུད་མཁན་ཐུབ་བསྟན་སོགས་ཆིབས་བསུ་བྱུང་བར་རི་མདའི་གྲོང་ཉེ་སར་སྐྱ་སེར་ཁྲོམ་ཚོགས་རྣམས་ལ་ཆོས་འབྲེལ་བྱས་གེ་ཡག་ཐང་དེར་ཡང་ཁྲོམ་རྣམས་ལ་ཆོས་འབྲེལ། ཚེས་༤ལ་མདོར་གཞུང་པད་དཀར་ཐང་། དགོན་སར། གཏེར་དགོན། གནས་མདོ། སྟེན་ཕུ། ཨ་བསེ་མཁར་རྒྱ་སྤྲུལ་སྐུ་སོགས་བླ་སེར་དང་ཁྲོམ་ཚོགས་བཅས་ལ་ཆོས་འབྲེལ། ཚེས་༥གཡུ་ཐོག་ལ་རྒྱབ་སྨྱུང་གནས་ཐང་མཁར་མདོ་སྐལ་སྟོབས་བྱུང་། ཚེས་༦ལ་གནས་མདུན། ཝ་རིའི་སྒྲུབ་ཕུག་ནས་ཐུགས་སྒྲུབ་བསམ་ལྷུན་ཚོགས་བརྒྱ། སྐྱབས་ཆེ་བསོད་ཆོས་སྤྲུལ་སྐུ་བྱུང་། ཚེས་༧ལ་གནས་སྙིང་དཔལ་དེར་བསྐོར་བ་དང་། རྩེ་ནས་རི་ཁྲུས་ལྷ་སྲིན་དམ་བསྒྲགས་སྒྲུབ་ཕུག་འཇལ་བ་སོགས་བྱས། གོང་ཏེ་མདར་འབྱོར། དྲུང་རམ་དགོན་གྱི་ཕྱག་མཛོད་སོགས་བྱུང་། ཚེས་༨སིབ་མདའ་དགོན་པར་ཁྲུས་རབ་གནས་སོགས་གནང་ནས་ཁྲ་ཆེན་མ་ཎིའི་ཟུར་དུ་ལ་དཀར་སྒར་བཞིས་དང་སྡོམ་བླ་རྒན་ཆོས་གྲགས་བྱུང་། ཚེས་༩ལ་སིབ་རྒྱལ་མདུན་སེ་ཡུ་གནས་ཕུག་རྩར། རྩ་གསུམ་དྲིལ་སྒྲུབ་ཚོགས་ཕུལ། ཚེས་༡༠ལ་ཆོས་གླིང་ཀུན་དགའ་དབང་རྒྱལ་བྱུང་བ་དང་འཕྲད། སིབ་ལ་བརྒྱུད་ཤ་རི་གསང་ཆེན་མདར། བཀའ་བརྒྱད་བདེ་འདུས་ཚོགས་ཕུལ། ཚེས་༡༡ལ་ལྷ་ཐོག་གཡུ་ཆུ་བརྒྱུད་ཟམ་པ་བརྒལ་ནས་ཏིས་རུག་བཞུགས། ཚེས་༡༡ཕྱི་མ་ལ་སྦྲེ་ལ་རྒལ་སྦྲེ་རོང་ནང་ཁྲ་ཅོག་ཇོ་མོ་རྣམས་ལ་ཆོས་འབྲེལ། ཚེས་༡༢ལ་རྒྱ་ཚན་པོ་བརྒལ་ཡོལ་མདའི་ལྕམ་པ་ཐང་། སྡེ་པ་བརྟན་ཚེ་ཕ་བུ་སོགས་ལ་འཕྲད། ཚེས་༡༣ལ་རྟ་དྲེལ་ཁལ་མ་སོགས་མང་མ་ཡོལ་གཞུང་ནས་བཏང་། སྐུ་འཁོར་ཉུང་ཤས་ཀརྨ་དགོན་དུ་གནས་འཇལ། ཚེས་༡༤ལ་བར་སྐོར་དང་། རྟེན་འཇལ་མཆོད་འབུལ་སོགས། ཀར་རབ་ཁང་དུ་རྩ་གསུམ་ཚོགས་མཆོད། ལྷ་ཁང་གཞན་རྣམས་ལ་ཁྲུས་རབ་གནས་སེར་སྐྱ་ཡོད་རིགས་ལ་འཕོ་ལུང་དང་ཚེ་འགུགས། ཚེས་༡༥ལ་གནས་སྐོར་དང་མཆོད་འཇལ་འཕྲོ་རྣམས་བགྱིས་ནས་གྲམ་ལ་བརྒལ་ཡོང་ལ་མདའི་གཞུང་སྟོད་ཁྲོ་བྲག་མའི་ས་གནས་བག་ཁར་སྒར། ལྷ་སྟེང་འཇའ་མོ་སྤྲུལ་སྐུ་སོགས་བྱུང་། སྐྱ་སེར་ཁྲོམ་རྣམས་ལ་ཆོས་འབྲེལ། ཚེས་༡༦ལ་སབ་ཕུ་ལ་བརྒལ་དམར་ཡོ་ཁར་འདིའི་ཉེ་སར་ནང་ཆེན་ཀར་མདའ་དགོན་ཡོད། ཚེས་༡༧ལ་བཅག་མལ་སྒྲོལ་ཆོག་དང་། ཕུར་པའི་གཏོར་ཟློག །ཚེས་༡༨ལ་སྒར་སོ་སོར་གྱེས་ནས་ལ་དཀར་ཚང་ཟམ་རུ་བརྒྱུད་ནི་ཆོས་ཕྱོགས་དང་། རིན་ཆེན་སྟོན་འཁོར་ནང་ཆེན་དུ་ཕེབས་རྒྱུའི་མདོ་ཁམས་གཞུང་། མཆོད་རྟེན་ལ་ཁྲུས་དང་རབ་གནས། སྐུ་འཇལ་རི་ཁྲུས་དང་དམ་སྒྲགས་སོགས། ཕུར་པའི་ཚོགས་བསྐོང་། ཚེས་༡༩ལ་འགྲིག་ལ་བརྒལ་ཆམ་སྟོད་རོ་རུའི་མར་ནང་། ཚེས་༢༠ལ་སེང་རོང་བརྒྱུད་ལ་དམར་བརྒལ་ནས་ནང་ཆེན་སྒར་དུ་ཕེབས། ཚེས་༢༡ཆད། ཚེས་༢༢ལ་སྐུ་ངོ་རྣམས་ལ་སྐུ་འབབས་གནང་། ཕོ་བྲང་ནང་སྐོར་ཁ་ཤས་རྟེན་འཇལ་གནང་། ཚེས་༢༣ལ་རྟེན་འཇལ་འཕྲོ་རྣམས་མཛད། ཚེས་༢༤ལ་མཆོག་གླིང་འཁྲུང་གཞིས་ཡར་འཁྱིལ་དུ་བསྐོར་ཙམ་ཕེབས། ཕྲིན་ལས་སྙིང་པོའི་ཚོགས་ཕུལ། རབ་གནས་བཅའ་གཞི་བསྒྲིགས། ཚེས་༢༥ལ་བདེ་ཀུན་ལ་བརྟེན་པའི་རབ་གནས་སྟ་གོན། ཚེས་༢༦ལ་དངོས་གཞི། རྒྱས་སྦྱིན་དང་། ལྷ་ཁང་ཐམས་ཅད་ལ་རབ་གནས་འཐོར་བར་ཕེབས་པ་སོགས་རྒྱས་པར་གནང་། ཚེས་༢༧ལ་སྔ་དྲོ་རིགས་འདུས་ཚོགས་འཁོར་དང་། ཕྱི་དྲོ་ཚེས་དགོན་སྤྱི་བྱེར་གདན་ཞུས་རྣམས་ལ་ཕེབས། ཚེས་༢༨ལ་གཡང་སྒྲུབ། ཚེ་དབང་། གཡང་གཏད་སོགས་མཛད། རྒྱལ་ཁབས་སྤྱི་སྒེར་ནས་འབུལ་བ་བསྟབས། ཚེས་༢༩། ཚེས་༣༠ཆིབས་བཏེགས་གནས་དགོན་པའི་བསུ་མ་རིང་ཐུང་བཅས་བྱམས་མེ་དགོན་གྱིས་ཇ་ཞུས། ལྷ་ཁང་ལ་ཕྱག་ནས་འཐོར། ཁ་བ་སྟེང་དུ་བཞུགས། ཧོར་ཟླ་༨ཚེས་༡ལ་སྐྱ་སེར་ཁྲོམ་རྣམས་ལ་དབུ་ལུགས་སེམས་བསྐྱེད་བླ་གྲྭ་མང་ཤས་དང་ལྷན་དུ་ཕྲིན་ལས་འབྲིང་པོའི་ཚོགས་འཁོར་དང་རི་ཁྲུས་དམ་བསྒྲགས་བྱིན་འབེབས་གཡང་འགུགས་སོགས་རྒྱས་པར་གནང་། འཛི་སྒར་ཀོང་སྤྲུལ་བྱུང་བ་དང་མཇལ། ཚེས་༢རི་ཆེ་ཡང་དགོན་འཕགས་མཆོག་དང་མཇལ་འཕྲད། ཚ་ཞལ་བྲག་ཏུ་ཕེབས། གཏེར་གསར་ཚེ་དམར་ཚོགས་ཕུལ། ཁ་བ་སྟེང་དུ་ལྷ་ཁང་གསར་བཞེངས་ས་འདུལ་མཛད། ལྕི་ཆུ་ཀོ་གྲུས་བརྒལ་ནས་བདེ་ཁྱུང་འགགས་བརྒྱུད་སྲག་སྟེང་ཀོབ་ཏུ་བཞུགས། ཚེས་༣ལ་སྔ་ཆར་ཕྲིན་ལས་འབྲིང་པོའི་ཚོགས་དང་རི་ཁྲུས་དམ་སྒྲགས་བྱིན་འབེབས་སོགས་མཛད་ནས་གད་དམར་ལ་རྒྱབ། གཟེ་ཡི་རྫོང་ལྕམ་དགོན་གྱི་ཡར་ཟུར་བྲིས་རི་སྟེང་དུ་ལ་དཀར་སྒར་བཞིས་དང་སྡོམ། ཚེས་༤ལ་བཅགས་མལ། ཚེས་༥ལ་མདུན་ལུང་ནང་དུ། རྩ་གསུམ་ཚོགས་ཕུལ། ཚེས་༦ལ་སྔ་ཆར་རི་ཁྲུས་དང་། མཆོག་གླིང་སྤྲུལ་སྐུ་ཕྱིར་ཕེབས། གཟེ་སྟོད་རྟ་ལུང་སྡོང་སྣར། ཚེས་༧ལ་ཇོ་ལ་བརྒལ་ཇོ་གཞུང་བརྒྱུད། ཚེས་༨ལ་སྤུ་ཐོག་མཚོ་ཆུང་ལ་ཚོགས་འབུལ་གནང་ནས་མ་ག་དྷ་ར་སྣར་བཞུགས། ཚེས་༩ལ་མཚོ་ཆེན་ལ་ཚོགས་འབུལ་དང་གམ་ལ་བརྒལ་ཚ་མདར། ཚེས་༡༠ལ་གསེར་རྩི་མཁར་ནག་ཐང་ལ་རྩ་གསུམ་ཚོགས་ཕུལ། ཚེས་༡༡ལ་སྐྱ་སེར་མཇལ་ཁ་མང་ཙམ་བྱུང་། བསྐྱག་མལ། ཚེས་༡༢ལ་བསྐྱག་མལ། ཚེས་༡༣ལ་བོན་དགོན་དར་རྒྱས་གླིང་གི་ཚུར་ཀ་སྒང་རུ་སྟེང་། ཚེས་༡༤ལ་ཚ་འཕོང་དགོན་གྱི་ཡར་ནང་བསེ་རུའི་ཟམ་པ་དོན་ནས་ཞིང་ཐང་དུ། ཚེས་༡༥ལ་རྨ་ལ་གཉིས་བརྒལ་ནས་མཚེར་ཤུལ་ཞིག་ཏུ། ཚེས་༡༦ལ་རྨ་ལ་གསུམ་པ་དང་། བཞི་པ་བརྒལ་ནས་དཔའ་ཟླ་སུམ་མདོར་བཀྲ་ཤིས་ཐང་དུ། གནས་འདུན་ལ་རྩ་གསུམ་ཚོགས་ཕུལ། ཚེས་༡༧ལ་གེ་ལ་དང་། ཀེ་ལ་བརྒལ་ནས། རེ་ཆུ་མདོར་སྤུ་རྒྱལ་གནས་ཡིག་བྱིན། ཀེ་ལའི་ལ་ཐོག་ནས་སྤུ་རྒྱལ་བྱིན་འབེབས་སོགས་བགྱིས། ཚེས་༡༨ལ་ཆག་ལ་བརྒལ་རམ་ཆུ་ཁ་བྲག་དཀར་སྡེ་བདུན། ཚེས་༡༩ལ་ཡ་ང་མདའི་ཆུ་ཚན་ལ་ལ་ཆབ་གཞུང་བགྱིས་ནས་ཤམ་ངུ་མདར། ཚེས་༢༠ལ་སོ་མཐོ་ལ་རྒལ། ཡེ་སྟོད་བརྡའ་ཆེན་མདའ་གཡའ་མ་སྔོན་པོ་ཀོབ་ལ། ཚེས་༢༡ལ་བོན་དགོན་ས་ཐང་པ་སངས་བརྒྱུད་ཡེ་ཟམ་བརྒལ། ཚེས་༢༢ལ་འབོག་ལྕགས་ཟམ་བརྒལ་བའི་ཐང་ལ་ཙན་དན་དགོན་པར་མཆོད་མཇལ་སོགས། ཚེས་༢༣ལ་གཡག་ལ་སེ་འོ་བརྒལ་ནས་གླེ་ཀར་ཐང་དུ། ཚེས་༢༤ཆད། ཚེས་༢༥ལ་སྤྱང་ཁྱིས་ནང་སོགས་བརྒྱུད་སོག་ལ་དགུ་ལུང་དགུ་བརྒལ་ནས་ཤ་རུ་ནང་དུ། ཚེས་༢༦ལ་སྐོང་ལ་བརྒལ་རྟ་རྒྱུག་ཡར་ཐང་། ཚེས་༢༧ལ་གད་དམར་བརྒྱུད་རག་ཤོད་མཁལ་མ་གཉིས་བར་སྤྱང་རྔོག་རིའི་མདུན་ལ། ཚེས་༢༨ལ་མཚོ་བཟང་ཆུ་བརྒལ་ནས་ན་བ་གཟེ་གཞུང་། ཚེས་༢༩ལ་ཤག་ཆུ་ཟ་ཡུ་ཟམ་པ་དོན་ནས་ཚ་ལུང་མདར། ཤག་ཆུ་འགྲམ་གྱི་ཆབ་ཚན་ལ་ཁྲུས་ཞུགས། ཚེས་༣༠ལ་ཆ་ལོ་གདོང་ལ་སོགས་བརྒལ་ཟམ་ཆོས་འཁོར་སུམ་མདོར། ཧོར་ཟླ་༩པའི་ཚེས་༡ལ་འཕན་མོ་ལ་བརྒལ་སྤྱང་སྐུ་གཞུང་སྟོད་བཀྲ་ཤིས་ན་ལེབ་བར། ཚེས་༢ལ་སྤྱང་ཀུ་ལ་བརྒལ་ཀ་རུ་གཞུང་བརྒྱུད་ཙག་ཆུ་ཁའི་ཐང་ཁུག་ཏུ། ཚེས་༣ལ་མཆོད་པ་དིལ་ལྔ་སོགས་བརྒྱུད་བར་ཤོག་བརྒལ་དགོན་གཞུང་སྟོད་དགོན་པ་ཕུར་ཚུག་མདུན། ཚེས་༤ལ་དགོན་གཞུང་སྨད་བརྒྱུད་ཐོ་སྒོད་ལ་བརྒལ་གསེར་ཉི་གཞུང་སྟོད། ཚེས་༥ལ་ཚ་ཆུ་བརྒལ་ནག་ཆུ་འཁོར་ཆེན་གྱི་ཟམ་པ་དོན་ནས། ཚེས་༦ལ་ཨ་ཆུ་བྷི་ལ་བརྒལ་ཆུ་དཀར་གཞུང་བརྒྱུད་ཀ་ཆེན་ལ་བརྒལ་ནས་ཀ་ཆེན་གྲུ་ཁུག་ཏུ། གསུར་བསྔོ་རྒྱས། ཚེས་༦ཕྱི་མ་ལ་ཀར་ཆུ་ལ་སོགས་བརྒལ་བསམ་ཧོར་གཟིལ་གཞུང་བརྒྱུད་མེ་རྡོ་ཇ་ལ་སྟེང་དུ་སྒར། ཚེས་༧ལ་བསམ་བཞུང་མེ་རྡོ་གད་ནག་ལ་སོགས་བརྒལ་གཡུ་ཆུ་ཟམ་དོན་སྒོ་བ་ན་གཞུང་དུ། ཚེས་༨ལ་གླང་འདིང་ལ་སོགས་བརྒྱུད་བསམ་གཞུང་འཕྲང་སེར་ཁུག །ཚེས་༩ལ་འདུལ་ནག་ཡར་ཐང་། ཐང་སྲས་འཆོལ་བའི་མདུན། ཚེས་༡༠ལ་དཔོན་སློབ་ཉུང་ཤས་གནམ་མཚོ་མཇལ་བར་འདུར་ལུང་པ་གྱེན་དེད་ཀྱི་ལ་ཁ། ཚེས་༡༡ཟངས་རི་གསོལ་ཐབས་མདུན་གྲོ་བཏབ་ལམ་མཁན་ལ་བརྟེན་ནས་མཚོ་ཁར། ཚེས་༡༢ལ་རྩ་གསུམ་དགོངས་འདུས་ཚོགས་རི་ཁྲུས་ལྷ་བསང་མཚོ་འབུལ་རྣམས་བགྱིས། ཕྱིར་ལོག་བཞུགས་ཁྲིའི་ན་བར་གསས་མཁར་ཆུང་ངུ་བརྩིགས་ཤབ་མོ་མདོར། ཚེས་༡༣ལ་ཀོ་ཁྱིམ་ལ་བརྒལ་སུམ་མདོ་བར་མར་གྲོ་བཏབ། ཨ་མདོ་སྟོད་མ་གནས་མཇལ་ཁ་ཤས་མཇལ་ཁ་བྱུང་། ཀོ་ཁྱིམ་དབུ་རྩེ་གཉིས་བར་བརྒྱུད་འདམ་གཞུང་དབུ་མ་ཐང་དུ་སྒར་སྡོམ། ཚེས་༡༤ལ་ཐང་ལྷར་ལྷ་བསང་རྒྱས་པ་རྟ་གཡག་དང་སྦ་མཁར་བུམ་གཏེར་སོགས་ཕུལ། ཚེས་༡༥ལ་གཡང་ར་འཁོར་ཆེན་བརྒྱུད་ལ་བརྒལ་བའི་ཁྲོ་རྫོང་ཐང་དུ། ཚེས་༡༦ལ་ར་སྒྲེང་སྤྲུལ་པའི་སྐུར་མཇལ་དར་སོགས་ཕུལ། ལྕམ་ལ་བརྒལ་ལྕམ་རོང་བརྒྱུད་བྱང་ར་སྒྲེང་དུ་འབྱོར། ཚེས་༡༧ལ་གླིང་སྐོར་དང་སྦྲགས་ཡང་དགོན་སྐོར་ཞིབ་མཇལ། ཚེས་༡༨ཆད། ཚེས་༡༩ལ་གླིང་སྐོར་དང་སྦྲག་བླ་བྲང་ནང་སྐོར་དང་། གཙུག་ལག་ཁང་དགོན་པ་གོང་མ་བཅས་རྟེན་བརྟེན་པར་བཅས་ཞིབ་མཇལ། གསེར་ཆབ་རྒྱས་པར་ཕུལ། མར་མེ་བརྒྱ་མཆོད་བཞི། འཚོགས་པར་མང་ཇ་ཕྱག་འགྱེད་དར་སྒོར་རེ་བཅས་ཕུལ། ཚེས་༢༠ལ་འབྲོམ་གྱི་ཆོས་ར་དང་། ཐུགས་དམ་བརྒྱད་སྟོང་གསེར་བྲིས་སོགས་མཇལ། སྤྲུལ་སྐུའི་མདུན་ཐོན་ཕྱག་ཕུལ། ཚེས་༢༡ལ་བཏེགས་ལམ་ཞོར་གསང་ཡེ་ཕོ་བྲང་ལ་ཞབས་སྐོར་དང་། ལྕམ་ལྷ་ཁང་ཡ་གསུམ་ཐང་མང་སོགས་མཇལ། ཚེས་༢༢ལ་ཕུ་མདོ་ལྕགས་ཟམ་བརྒྱུད་སེ་གླིང་རྒོད་ཚང་མཇལ་དེའི་ཡར་ཁུག་ཏུ། ཚེས་༢༣ལ་སྟག་ལུང་བླ་བྲང་དུ་གཉེར་བཀྲ་ཤིས་དཔལ་ལྡན་གྱིས་སྣེ་ལེན་དང་འབྲེལ་རྟེན་མཇལ་ཞིབ་ཆ། ཚེས་༢༤ལ་ཆག་ལ་བརྒལ། ཁྲོ་ཚང་གད་ཐོག་ཏུ། ཚེས་༢༥ལ་དཔོན་གཡོག་ཉུང་འགྲོས་ཀྱིས་ལམ་བར་སྣ་ཟུར་འབུམ་པ་མཇལ། སྟག་ལུང་མ་སྤྲུལ་ཡང་མཇལ་འཕྲད་བྱུང་། ལ་ཆུང་ངུ་བརྒལ་ཤ་རྭ་འབུམ་པ་མཇལ་ནས་གཞུང་ལམ་བརྒྱུད་དམར་ཤོག་དུ་འབྱོར། ཚེས་༢༦ལ་སྒར་མ་གཞིས་དང་ལྷན་སྡོད་དམར་ཤོག་འགྲམ་ཞིང་ཐང་དུ། ཚེས་༢༧ལ་ཡང་དཔོན་གཡོགས་ཉུང་འགྲོས་ཀྱིས་དུར་ཁྲོད་ཀླུ་མོ་རྒྱལ་སོགས་ནས་ཡུ་ང་ལུང་པ་གྱེན་འདེད་ཀྱིས་གྲམ་པ་ཤེལ་གྱི་མཆོད་རྟེན་དང་། ཁམས་ལུང་ཕུ་ཆུང་རྣམས་མཇལ་ཏེ་ལ་བརྒལ་ནས་པུ་ཏོར་འབྱོར། ཚེས་༢༨ལ་པོ་ཏོ་མཇལ། ར་མ་ཇོ་བོ་དང་རིན་ཆེན་བྲག་སོགས་འཇལ་ནས་ནཱ་ལེནྡྲ་དང་གཟིམ་འོག་བླ་བྲང་དུ། ཚེས་༢༩ལ་ཚོགས་ཆེན་ལ་མང་ཇ་དང་ཕྱག་འགྱེད་ཊམ་ཁ་རེ། མར་མེ་བརྒྱ་མཆོད་གཉིས་རྣམས་ཕུལ། ཚེས་༣༠ལ་མཆོད་མཇལ་སོགས་རྒྱས་པར་མཛད། གཟིམ་འོག་མཆོག་སྤྲུལ་ལས་ཚེ་རྟ་ཟུང་འབྲེལ་དབང་། ཧོར་ཟླ་༡༠པའི་ཚེས་༡ལ་གཟིམ་འོག་རིན་པོ་ཆེར་འཕགས་སྙིང་གི་བྱིན་རླབས་ཕུལ་ནས་བཏེགས། གླང་ཐང་དང་། སྒ་ལྡན་ཆོས་འཁོར་ནས་དམར་ཤོག་ཏུ། ཚེས་༢ལ་སྨོག་ལྕོག་གདན་ས་ལྷ་རྩེ་ཕུག་སོགས་མཇལ། ཚེས་༣ལ་འབུམ་ནག་མཆོད་རྟེན་སོགས་དང་ཐང་རྒྱལ་གཙང་པོའི་ཁ་གནོན་མཆོད་རྟེན་མཇལ་ནས་གྱེ་རེ་ཕུག་ཏུ། ཚེས་༤ལ་འབོ་སྟོད་གཉེན་ལོའི་མགོན་ཁང་སོགས་མཇལ་ནས་སྒར་པ་བྱིང་ཡེར་པའི་མདར་སྡོད། དཔོན་གཡོག་ཉུང་བསྟུས་ཡེར་པ་ཟླ་བ་ཕུག་ཏུ། ཚེས་༥ལ་གླིང་སྐོར་གཅིག་མཛད། འདི་ནས་ལོ་ཕྱི་མའི་ཧོར་ཟླ་གཉིས་པའི་ཚེས་༣༠བར་ཕྱག་མཆན་མེད། ༡༩༥༦འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཕྱག་ལི། རབ་བྱུང་༡༦པའི་མེ་སྤྲེལ་ལོའི་ཧོར་ཟླ་༧པའི་ཚེས་༩ལ་ཆུ་ཚོད་སྤྲེལ་གྱི་སྨད་ཙམ་ནས་བན་རྒན་ཚེ་བརྟན་ཚེ་དུས་བྱས་པར་ངོ་སྤྲོད་དང་འཕོ་བ་གསལ་འདེབས་བསྔོ་སྨོན་སོགས་བྱས། ཚེས་༡༠། ཚེས་༡༡། ཚེས་༡༢། ཚེས་༡༣། ཚེས་༡༤། ཚེས་༡༥། ཚེས་༡༦ལ་གཟིས་སྤྱིའི་སྐུ་ངོ་ཐུབ་རྟན་ཤག་ཏུ་ཐུགས་སྒྲུབ་བསམ་ལྷུན་གྱི་ཚོགས་ཟོར་བཅས་དང་ཁྲུས་རབ་གནས་བཅས། ཚེ་རྟན་འདས་པའི་བདུན་དང་པོའི་བྱང་ཆོག །སྟག་ལུང་ཞོལ་ཐར་པ་སྐྱ་གླིང་དགོན་པར་མཆོད་མཇལ་ཁྲུས་རབ་གནས། དབེན་པར་གཞིས་ཀར་ཚོགས་བརྒྱ་ཚེ་དབང་རབ་གནས་བྱས། ཚེས་༡༧ལ་ནང་རྟེན་མཇལ་ཁ་ཞུས་ནས་བཏེགས་ལམ་བར་གྱི་ཆོས་འབྲེལ་ཞུ་མཁན་སོགས་ཀྱི་འདོད་དོན་བསྐང་སྟེ་གནོད་སྦྱིན་གང་བཟང་གི་མདུན་ཞོལ་གང་ཕུག་ཆུ་མདོར། ཚེས་༡༨ལ་གངས་ཕུག་སྒྲུབ་པ་བ་ཁ་ཤས་ལ་ཆོས་འབྲེལ་དང་། གནོད་སྦྱིན་གང་བཟང་གི་མཆོད་གསོལ་སོགས་བྲིས་ནས་བཏེགས། ཁ་རུ་ལ་སོགས་བརྒྱུད་རྭ་ལུང་དགོན་པའི་གཤམ་རུ་སྒར་བཏབ། ལྷ་ཁང་ཁག་དང་མཆོད་རྟེན་སོགས་མཇལ་རྒྱ་རས་སྐུ་འབག་རིན་ཆེན་གསེར་ཆབ་ཕུལ། ཚེས་༡༩ལ་རྭ་ལུང་དགོན་གྱི་སེར་ཁྱིམ་པ་བཅར་ཞུ་རྣམས་ལ་ཆོས་འབྲེལ་སོགས་བྱས་ནས་བཏེགས་གཞིས་སྟོད་པ་སྒར། ཚེས་༢༠ལ་ལམ་བར་གཙང་ཁ་མོ་བ་ཟེར་བའི་སྔགས་པའི་གཞིས་ཀར་མཆོད་མཇལ་བྱས་ནས་གླིང་བུ་དགོན་འཛིན་གྲོལ་རབ་བརྟན་གླིང་དུ། ཚེས་༢༡ལ་སྨེ་བརྩེགས་སྦྱིན་བསྲེགས་བསྡུས་ཙམ། ཚེས་༢༢ལ་ཁྲོ་དགའ་བའི་སྐུ་ངོ་བསོད་ནམས་ཆོས་བཟང་དང་འཕྲད། དགོན་པར་རབ་གནས་དང་རྟེན་མཇལ་ཞུས། ཚེས་༢༣ལ་སྔ་དྲོ་དཔལ་ཆེན་པོའི་མདུན་དུ་སྙན་བརྒྱུད་ཡང་དག་ཚོགས་མཆོད་དང་། གསེར་ཆབ་ཕུལ། གླིང་བུ་དགོན་གྱི་གྲྭ་ཚང་དང་། ཁྲོ་དགེའི་སྐུ་ངོ་རྣམས། བཀྲས་ནེའི་བཙུན་མ་དང་བུ་ཆུང་སོགས། སེར་སྒྲུབ་སྡེའི་ཐུགས་སྲས་སོགས་འདུས་པ་དྲུག་ཅུ་སྐོར་ལ། ཆ་གསུམ་གྱི་དཀྱིལ་འཁོར་སྔོན་དུ་འགྲོ་བས་འདུས་པ་མདོའི་སྒོ་འབྱེད་དང་། ལྷ་མའི་ཐེག་པའི་དབང་སོགས། ཚེས་༢༤ལ་ཉན་ཐོས་ནས་ཆོ་གའི་བར་དང་ཚོགས་ཆེན་འདུས་པའི་སྟ་གོན། ཕ་ལྷའི་སྐུ་ངོ་དང་འཕྲད། ཚེས་༢༥ལ་ཚོགས་ཆེན་འདུས་པའི་དངོས་གཞི་དབང་རྣམས་རྒྱས་པ་བསྐུར། ཚེས་༢༦ལ་དབང་གོང་མ་རྣམས་དང་། གཏད་རྒྱ་བཅས་གཏེར་གསར་ཐུགས་སྒྲུབ་རྣམ་གཉིས་ཀྱི་དབང་འབྲིང་བསྡུས་ཚེ་དབང་བཅས་དང་། ཁྲོམ་ལ་ཚེ་དབང་སོགས་བྱས། ཚེས་༢༧ལ་བཏེགས། ལམ་བར་སྒྲོན་གསར་གཞིས་ཁྲོ་དགའི་གཞིས་ལག་ལ་ཚོགས་ཁྲུས་རབ་གནས་ཕ་ལྷའི་མཛོད་སྡེ་དྲུང་གི་གཞིས་ཀར་རྩ་གསུམ་ཚོགས་བརྒྱ་ཕུལ་ནས་ཕ་ལྷའི་གཞིས་ཀར་འབྱོར། ཚེས་༢༨ཆད། ཚེས་༢༩ལ་ཉག་བླ་ཤེས་རབ་འོད་ཟེར་དང་འཕྲད། ཐུགས་སྒྲུབ་བར་ཆད་ཀུན་སེལ་སྒོ་ནས་ཚོགས་ལྔ་བརྒྱ་ལྷག་ཕུལ། ཚེས་༣༠ལ་ཚོགས་ལྔ་བརྒྱ་ལྷག་དང་ཞི་སྦྱིན་དང་། ཁྱོན་སྡོམ་ཚོགས་ཆིག་སྟོང་ལྷག་སོང་། ཧོར་ཟླ་༨པའི་ཚེས་༡ལ་ཁྲུས་རབ་གནས་དང་གླིང་ཁར་སེར་སྐྱ་མང་ཙམ་ལ་མ་ཎི་བསྒོམ་ལུང་དང་ཚེ་དབང་། ཚེས་༢ལ་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་ཇོ་ཁང་དུ་རྩ་གསུམ་ཚོགས་སྟོང་ཕྲག་དང་འབྲེལ་རབ་གནས་ཉིན་གང་མ་མཆོད་རྟེན་ཆེན་མོ་སོགས་ལ་བྱས། གུར་པ་གྲྭ་ཚང་དུ་ས་འཇམ་སྦག་སྒྲུབ་ཀྱི་ལུང་ཁྲིད་སོགས་དང་གདན་ཞུས་ཁ་ཤས་ཀྱི་རེ་འདོད་སྐོང་ནས་ཕ་ལྷར་འབྱོར་སྣང་གསལ་ངོགས་སུ་མཆོད་ཡོན་ལྷན་ནས་འཕགས་མའི་སྙིང་ཐིག་གི་ཚོགས་བཏང་བརྟན་བཞུགས་དང་འབུལ་བ་བྱུང་། ཚེས་༣ལ་བཏེགས་ཕ་ལྷའི་གཉེར་པ་ཕྱག་མཛོད་རྒན་པ་སོགས་ཀྱི་རྩར་ཁྲུས་རབ་གནས་ཚོགས་སྐོང་སོགས་བྱས་ནས་ཁྲོ་དགའི་གཞིས་སུ་འབྱོར། ཚེས་༤ལ་གླིང་ཁར་ཁྲོམ་ལ་ཚེ་དབང་དང་གཞིས་ཀ་སུ་ཟབ་ཏིག་སྒྲོལ་མའི་རིག་གཏད་དང་ཚེ་དབང་རྒྱལ་རྩེའི་རྒྱ་གར་གཞུང་གི་སྐུ་ཚབ་ལ་ཆོས་འབྲེལ་སོགས་བྱས། ཚེས་༥ལ་ཁྲོ་དགའི་སྲས་སྤྲུལ་གཡུ་ཐོག་སྙིང་ཐིག་གི་རྩ་དབང་རྒྱས་པ་དང་། ཚེ་དབང་། སྨན་བླ་ལོངས་སྐུའི་དབང་། ཁྲུས་རབ་གནས་རི་ཁྲུས་སོགས་བྱས། ཚེས་༦ལ་བཏེགས་བཀྲ་ཤིས་དོན་འགྲུབ་བདེར་འབྱོར་དང་སྐུ་ངོ་རྣམས་དང་། འོ་ཡུག་བླ་མ་སེར་ཐུགས་སྲས་སོགས་མང་ཤེས་ལ་རྒྱུད་ཕུར་དབང་ཆེན་དངོས་སྟ་བསྒྲགས་མ། ཚེས་༧ལ་སྟོང་ཚོགས་མཆོད་པ་དང་འབྲེལ། ཀློང་སྙིང་ཡབ་བཀའ་ཡུམ་བཀའ་ཐུགས་ཆེན་དབང་ཚེ་དབང་བཅས་ཁྲོམ་ལ་ཚེ་དབང་། རྒྱལ་རྩེའི་མི་ཆེན་ཁ་ཤས་དང་འཕྲད། གནམ་ལྕགས་ཕུར་པ་དང་བྱིན་རྟེན་ཁ་ཤས་འབྱོར། ཚེས་༨ལ་བཏེགས་བརྩེ་ཆེན་ཆོས་སྡེའི་ཐད་ཀྱི་ཟམ་པ་རྒལ་ནས་ཕ་ལྷའི་གཞིས་ལག་གསར་པར་ཁྲུས། གཙང་སྡེའི་གཞིས་ཀར་མ་ཎི་བསྒོམ་ལུང་དང་ཤར་གཞིས་ཀར་ཚོགས་དང་སྦྱིན་སྲེག་ཚེ་དབང་བྱས། ཚེས་༩ལ་བཏེགས་ལམ་བར་བྱ་ཁྱུང་དགོན་གསར་ལ་རྒྱང་ནས་ཁྲུས་རབ་གནས་བྱས། བོན་ཤོད་གཞིས་སུ་འབྱོར། ཚེས་༡༠ལ་བཏེགས་ལམ་བར་ནས་པར་རི་དགོན་གྱི་གཞིས་སུ་ཚོགས་ཁྲུས་རབ་གནས་མཆོད། བ་གནམ་ཟམ་པ་དོག་ནས་ཞིང་ཐང་དུ་སྒར། པད་ལུས་རྐྱེན་སེལ་གླུད་བསྔོ་དང་གཅོད་བཏང་། ཚེས་༡༡ལ་གཞིས་ཀ་རྩེ་བདེ་རབ་གཞིས་སུ་འབྱོར། ཀཿཐོག་སི་ཏུ་རིན་པོ་ཆེ་དང་མཇལ་འཕྲད། ཚེས་༡༢ལ་ཡིག་ལན་མང་ཤས་བྲིས། ཚེས་༡༣ལ་ཨོ་རྒྱན་ལྷ་ཁང་དུ་ཀཿསི་དང་ལྷན་དུ་ཀློང་སྙིང་ཡབ་བཀའ་དང་ཡུམ་ཀའི་ཚོགས་ཕུལ། ཚེས་༡༤ལ་གདོང་ཐོག་ཕྲིན་ལས་རྡོ་རྗེའི་རྩར་ཚེ་དབང་། ཀར་མཛེས་པ་དཔལ་ལྡན་སྤུན་བཅས་ལ་ཚེ་དབང་། གཉིས་ཀར་ཁྲོམ་ཚོགས་མང་། ཚེས་༡༥ལ་བདེ་ཆེན་ཕོ་བྲང་དུ་པཎ་ཆེན་སྦུག་མཇལ་ཞུས། བོད་རྡོ་བཅོ་ལྔ་ཕུལ། མདུན་ཇ་ཞལ་འབྲས། འདྲ་སྤར་སྲུང་བྱིན་སོགས་གནང་སྦྱིན་བྱུང་། བཀྲ་ལྷུན་མཆོད་མཇལ་དང་ནང་བརྟེན་མཇལ་ཁ་ཞུས། རྒྱ་ཁང་ཚན་ནས་ཇ་ཞུས་བྱུང་། དེར་མང་ཇ་དང་ཕྱག་འགྱེད་ཕུལ། པོ་ལུ་རྡོ་རྗེ་དང་འཁྲད། བན་རྒན་འདས་པར་བྱང་ཆོག །ཚེས་༡༥ཕྱི་ལྷ་རྩེ་ཡུལ་ཤང་ཡི་ནད་པར་དྲག་པོ་རྟ་ཁྱུང་དབང་བྱས། ཁམས་བོད་མཇལ་ཁ་མང་དུ་བྱུང་། ཚེས་༡༦ལ་བཀྲས་ལྷུན་མཆོད་མཇལ་ཞིབ་རྒྱས་ཞུས་གླིང་སྐོར་བཅས་རྫོང་དུ་མཇལ་བར་སོང་། ཆབ་ཚང་སྐུ་ངོ་འཆི་མེད་དང་མཇལ་འཕྲད། ཚེས་༡༧ལ་ཐར་རྩེ་མཁན་ཆེན་དང་མཇལ་འཕྲད། གཟིམ་ཤག་སྐུ་ངོ་རྣམས་དང་། བཀྲ་ཤིས་རབ་བརྟན་སོགས་ཉེ་འབྲེལ་སྐུ་ངོ་ཚང་མར་རིགས་འདུས་ཚེ་དབང་། སི་ཏུ་རིན་པོ་ཆེ་དང་། པོ་ལུ་རྡོ་རྗེ་སོགས་ལ་ཚེ་དབང་ཚར་གཅིག་བཅས་བསྐུར། ཚེས་༡༨ལ་བཏེག་སྣར་ཐང་དགོན་འགྲམ་དུ་སྒར་མཆོད་མཇལ་དང་། ནང་བརྟེན་མཇལ་ཁ་སྐོར་བཅས། དེར་སྡོད་གཞིས་རྩེའི་སྔགས་པ་ནས་གནམ་ལྕགས་རྡོ་རྗེ་ཕུལ། གཟའ་ཟླ་ནད་པར་ཚེ་འགུགས་བཀའ་བསྒོ། ཚེས་༡༩ལ་གཤང་གཞིས་ཐད་ན་ཐང་དུ་སྒར། ཁང་གསར་མཁན་སྔགས་ཡོན་ཏན་རྒྱ་མཚོ་བྱོན་པ་དང་མཇལ། ཆོས་འབྲེལ་ལུང་ཕྲན་ཚེག་ཕུལ། ལམ་ཞོར་སྟག་ལའམ་དིལ་ལ་ལ་ཁར། གཞུང་གི་ས་གནད་ལྷ་ཁང་མཇལ་ཁྲུས་རབ་གནས་དམིགས་པ་བྱས། ཚེས་༢༠ཆད། ཚེས་༢༡ལ་ཤངས་གཞིས་ལ་ཁྲུས་རབ་གནས་བྱས། ཚེ་རིང་གཞིས་ཀར་ཕྱག་མཛོད་དངོས་གྲུབ་ནས་སྣེ་ལེན་གང་ལེགས་བྱས། གྲོང་སྟག་གཡུ་ཐོག་པའི་དགོན་པ་བྱང་ཞེས་པའི་དགོན་ཆུང་དུ་ཕྱག་མཛོད་རང་ནས་བཞེངས་པའི་བཅུ་གཅིག་ཞལ་སོགས་ལ་ཁྲུས་རབ་གནས། ཁོ་རང་གཟའ་ཟླ་ནད་པ་བཅས་ཀྱི་སྐྱབས་རྟེན་སྤམ་མནོག་བྱུང་། ཚེས་༢༢ལ་གཟིམ་ཤག་ལྷ་ཁང་སོགས་ལ་ཁྲུས་རབ་གནས་དང་། ཞབས་གཡོགས་བཀྲ་ཤིས་སྦུག་གི་གཞིས་ཀར་ཁྲུས་དང་། བཀའ་བསྒོ། འཕོ་ལུང་སོགས་བྱས། ཞང་ངུ་ལ་བརྒལ་ནས་ན་ཐང་ཞིག་ཏུ་སྒར་ས་སྐྱའི་མི་སྣ་བྱུང་། ཚེས་༢༣ལ་ས་སྐྱའི་ལས་སྣེ་རྣམས་ཀྱིས་ཆིབས་བསུ་དང་། ཨ་སྤྲོ་མི་རྩར་མཁན་ཆེན་ཁྲིར་ཐོག་དཔོན་སློབ་གཙོས་དྲུང་སྐྱ་སེར་ཉེ་ལྔ་སྐོར་ཐང་བསུར་ཕེབས། ཆོས་འཁོར་དབུ་བརྩེ་རུ་འབག་བསུ་བཅས་ཕུན་ཚོགས་ཕོ་བྲང་དུ་འདུག །སྤྱི་བྱེར་ཟུར་གསོལ་སྟོན་རྒྱས། ཚེས་༢༤ལ་ལྷ་ཁང་ཆེན་མོར་མཆོད་མཇལ། ཚེས་༢༥ལ་ཆོས་སྡེ་བྱིང་གི་མཆོད་མཇལ་དང་། ཞབས་བརྟན་ལྷ་ཁང་གི་རྗེ་བཙུན་མའི་མདུན་མཇལ་འཕྲད། ཚེས་༢༦ལ་མཆོད་མཇལ་འཕྲོས་དང་བསུ་ཆབས་ཚན་ནས་བདག་ཁྲི་ཕྱིར་ཕེབས་པ་མཇལ་ཁ་ཞུས། མཎྜལ་རྟེན་སོགས་ཕུལ། ཚེས་༢༧ལ་ལྷ་ཁང་ཆེན་མོར་ལྷོ་བྱང་འདུས་སྡེ་ལྷན་འཚོགས་ཀྱིིས་རྣམ་རྒྱལ་སྟོང་མཆོད་ཉིན་འཁྱོལ། མཆོད་པ་སོགས་གཟབ་རྒྱས་སྐུ་འགྱེད་དངུལ་སྲང་ལྔ་བཅུ་རེ་ཕུལ། བདག་ཁྲི་རིན་པོ་ཆེའང་ཕེབས་ནས་ནང་རྟེན་རྣམས་མཇལ་ཁ་གནང་། ཚེས་༢༨ལ་ཕུན་ཕོར་རབ་གནས་ཉིན་གང་དང་ཤུལ་བཞུགས་ཕྱག་མཛོད་སོགས་ལ་བཀའ་སྒོ་ཚེ་འགུགས་བྱས། བདག་ཁྲིའི་མདུན་ནས་ཞལ་གྱི་རྗེས་གནང་ཞུས། ཚེས་༢༩ལ་བསེ་མགོན་མདུན་བདག་ཁྲི་རིན་པོ་ཆེ་དཔོན་སློབ་ཉུང་ཤས་ལ་གསུང་སྐོང་ཞུ་བ་དང་འབྲེལ་ལྷ་བརྒྱད་རྗེས་གནང་ཞུས། སྤྱན་གཟིགས་སོགས་ཕུལ། ཚེས་༣༠ལ་ཕུན་ཕོའི་དབང་ཁང་དུ་ལྷོ་དགེ་འདུན་རྣམས་ལ་ཀུན་རིག་དབང་ཆེན་གཉིས་ཕུལ། ཧོར་ཟླ་༩པའི་ཚེས་༡ལ་སྦྱིན་བདག་འགའི་འདོད་སྐོང་བྱས། སྒྲོལ་ཕོར་གནས་མལ་སྤོས་བདག་ཁྲི་མདུན་ནས་ཕུར་པའི་སྟ་གོན་གནང་། ཚེས་༢ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཕུར་པའི་དབང་དངོས་གཞི་གསུང་། ཆོས་སྡེ་བྱང་དུ་མཆོད་མཇལ་འཕྲོས་རྣམས་མཇལ། གདན་ཞུས་ཁ་ཤས་ལའང་སོང་། ཚེས་༣ལ་མཁན་ཟུར་ཡོངས་འཛིན་འཇམ་དཔལ་ལས་རྟ་མགྲིན་ཡང་ཁྲོས་དབང་ས་ལུགས་ཡིག་སྟེང་ནས་ཐོབ། ཚེས་༤ལ་བདག་ཁྲི་ལས་ཕུར་པའི་སྨད་ལས་དབང་རྒྱས་སྤྲོས་སུ་ཐོབ། སྡེ་དགེའི་བང་མི་འབྱོར། ཚེས་༥ལ་ལྷ་ཁང་ཆེན་མོའི་ཁྱམས་སུ་སྐྱ་སེར་ཁྲོམ་ཚོགས་མང་བར་ཚེ་དབང་བསྐུར། ཚེས་༦ལ་སྒྲོལ་ཕོར་བདག་ཁྲི་རིན་པོ་ཆེ་དབུས་འདུས་པ་ཉེར་ལྔ་སྐོར་ལ། སྙན་རྒྱུད་ཕུར་པའི་དབང་དང་། བདེ་མཆོག་ནག་པོ་ལུགས་ཀྱི་སྟ་གོན། ཚེས་༧ལ་དངོས་གཞི་དང་། ལུ་ཧི་ལུགས་ཀྱི་སྟ་གོན། ཚེས་༨ལ་ལུ་ཧི་དངོས་གཞི་དང་གསང་འདུས་མི་སྐྱོད་པའི་སྟ་གོན། རྗེ་བཙུན་འཆི་མེད་སོགས་ཀྱི་ཐུགས་བཞེད་དུ་སྨིན་ལུགས་གཅོད་དབང་ཁྲིད་བཅས་ཕུལ། ལྷ་ཁང་ཆེན་མོར་ལྷོ་བྱང་དགེ་འདུན་ཞལ་གྲང་ཉིས་བརྒྱ་སྐོར་ནས་སྒྲོལ་མ་འབུམ་ཐེར་ཚུགས། ཚེས་༩ལ་གསང་འདུས་དངོས་གཞི་དང་། མཁན་ཆེན་བླ་མ་གནུབ་ལུགས་སྔགས་པ་སོགས་ཀྱི་ངོར། བདག་ཁྲི་རིན་པོ་ཆེ་སོགས་དཔོན་གཡོག་ཉུང་ཤས་ལ་ལྕེ་བཙུན་སྙིང་ཐིག་གི་དབང་ཕུལ། ཚེས་༡༠ལ་བདག་ཁྲི་རིན་པོ་ཆེ་སྟོན་འཁོར་དང་། ལྷན་ཅིག་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྟོང་ཚོགས་དང་འབྲེལ་དབང་འབྲིང་གཏོར་དབང་ཚེ་དབང་བཅས་དང་འདོན་ཆའི་ལུང་བཅས། ཚར་ལུགས་རྣལ་འབྱོར་མའི་ཚོགས་མཆོད་དང་འབྲེལ་ཕུལ། ཚེས་༡༡ལ་འཇིགས་བྱེད་ལྷ་བཅུ་གསུམ་སྟ་གོན། ལྷོ་བྱང་འདུས་པ་ནས་སྒྲོལ་མ་འབུམ་ཐེར་གྲུབ། ཚེས་༡༢ལ་དངོས་གཞི། ལྷོ་བྱང་དགེ་འདུན་ནས་ཚེ་ལྷ་རྣམ་གསུམ་ཆོ་ག་དང་བསྐང་གསོ་སོགས་བཏང་སྐུ་ཡོན་དངུལ་སྲང་སོ་ལྔ་རེ་ཕུལ། ཚེས་༡༣ལ་སྔ་དྲོ་བདག་ཁྲི་རིན་པོ་ཆེ་དབུས་མང་ཤས་ལ་རྒྱ་ཆེན་སྤྱོད་རྒྱུད་ལུགས་ཀྱི་སེམས་སྡོམ་དང་། དགོང་ཀ་སྐུ་ངོ་ཉུང་ཤས་ལ་རིགས་བྱེད་དང་། ཚོགས་བདག་ཐུན་མིན་བྱིན་རླབས་ཕུལ། ཚེས་༡༤ལ་རི་སྐེད་བྱ་བྲལ་འབྱོར། ལྷ་ཁང་ཆེན་མོར་རྩ་གསུམ་དྲིལ་སྒྲུབ་སྐོང་ཚོགས་དང་འབྲེལ། དཔོན་སློབ་བཅུ་སྐོར་རབ་གནས་ཉིན་འཁྱོལ་གྱི་ཕྱི་ནང་སྟེང་ཤོད་ལྷ་ཁང་ཁག་དང་། སྟེང་ཐོག་ནས་རི་ཁྲུས་སོགས་རྒྱས་པར་བྱས། ཚེས་༡༥ལ་ཕུར་ཁང་དུ་རྡོར་སེམས་ཞི་སྦྱིན་ཉིན་འཁྱོལ། ཚེས་༡༦ལ་ལྷ་ཁང་ཆེན་མོར་རྡོར་སེམས་སྐོང་ཚོགས་དཔོན་སློབ་བཅུ་དྲུག་སྐོར་ནས་བཏང་། ས་སྐྱ་གཞུང་སྒེར་ཚོགས་དང་མཆོད་པ་རྒྱས། ཚེས་༡༧ལ་ལྷ་ཁང་ཆེན་མོའི་ཁྱམས་སུ་ཁྲོམ་ཚོགས་ལ་ཐུགས་ཆེན་རིགས་གཏད། ཚོགས་དང་བུམ་ཆུ་བྱིན། ཚེས་༡༨ལ་དངུལ་གདུང་རིག་འཛིན་ལྷ་ཁང་དུ་ལྷོ་བྱང་དགེ་འདུན་རྣམས་དང་ཕྱོགས་འདུས་བླ་གྲྭ་སོགས་འདུས་པ་སུམ་བརྒྱ་ལྷག་སྐོར་ལ་ཀྱེ་རྡོར་སྟ་གོན། ཚེས་༡༩ལ་དབང་དངོས་གཞི་ཆ། ཚེས་༢༠ལ་ལམ་དབང་ཆ། ཚེས་༢༡ལ་ངོར་ལུགས་རྣལ་འབྱོར་མའི་བྱིན་རླབས་ཆ། ཚེས་༢༢ལ་ལྷ་ཁང་ཆེན་མོའི་བཞུགས་ཁྲིར་མཁན་ཆེན་གདན་ཟུར་དབུས། ལྷོ་བྱང་དགེ་འདུན་ནས་སྒྲོལ་དཀར་འོད་ཟེར་དྲུག་སྦྲག་གི་བརྟན་བཞུགས་རྒྱས་པར་བྱུང་། ལམ་ཟབ་དང་། བིར་སྲུང་ཕྱི་མ། བླ་མ་རིན་འབྱུང་རྣམས་ཀྱིས་བྱིན་རླབས་བྱས། གཞུང་གི་འབུལ་བ་སློབ་གྲྭར་རྟེན་འཇོག་ཏུ་བྱས། ཚེས་༢༣ལ་གླིང་སྐོར་རྒྱས་པར་སོང་། སྒོ་རུམ་བསེ་འབག་མདུན་བདག་ཁྲི་རིན་པོ་ཆེ་བྱོན་པར་བཀའ་རྟགས་སྤྲིང་ཡིག་ཕྲིན་བཅོལ་དང་བསྒྲགས་བཀའ་དྲིན་ཐོབ། རིན་སྒང་སོགས་མཇལ། དེར་རྒྱ་ཚ་དཔོན་སློབ་ངོར་སྐྱ་སེར་མང་ཙམ་ལ་བཅུ་གཅིག་ཞལ་གྱི་རྗེས་གནང་དང་ཡིག་རྒྱའི་ལུང་བཀླགས། ཚེས་༢༤བཀྲ་ཤིས་སྒང་དུ་རྗེ་བཙུན་མའི་བཞུགས་གཞིས་སུ་ཁྲུས་རབ་གནས་དང་གླིང་ཁར་ཚེ་དབང་། ཆོས་འཁོར་ལྷུན་པོར་ཁྲུས་རབ་གནས་དང་། མང་ཇ་ཕྱག་འགྱེད་དངུལ་སྲང་རེ་ཕུལ། དགོན་ཡུལ་ཁྲོམ་ཚོགས་ལ་རྟ་མགྲིན་རྗེས་གནང་བཅས། ཚེས་༢༥ཆད། ཚེས་༢༦ལ་བྱས་འགྱུར་རྡོ་རྗེ་བྲག་རྫོང་དུ་གྲོ་བཏབས། མཆོད་མཇལ་སོགས་ཞིབ་པར་ཞུས་ནས་ཁ་འུའི་བྲག་རྫོང་གི་ཆོས་རྒྱལ་ཕུག་ཏུ་བདག་ཆེན་རིན་པོ་ཆེ་ཕེབས་པ་དང་ལྷན་རྒྱས། བྲག་སྒོའི་མགོན་ཁང་དུ་བདག་ཁྲིར་ཞལ་གྱི་རྗེས་གནང་ཕུལ་ཚུར་ལའང་གཏོར་མའི་བསྒོ་བ་ཞིག་ཞུས། ཚེས་༢༧ལ་ལམ་འབྲས་ལྷ་ཁང་དུ་ཁམས་བླ་དཔལ་འབྱོར་ངོར་བཅུ་གཅིག་ཞལ་གྱི་རྗེས་གནང་སྐྱ་སེར་མང་ཙམ་ལ་བཏོན། སྟོན་འཁོར་ལྷན་རྒྱས་ཆིབས་བཏེགས་ལ་བརྒལ་ནས་བསམ་གླིང་ལྷ་མོའི་མགོན་ཁང་དུ་ཕེབས་ནས་བསང་གསུང་གནང་། དམག་ཟོར་རྗེས་གནང་ཕུལ། གཏོར་མའི་བཀའ་བསྒོ་ཞུས། ལྷན་རྒྱས་སྐྱེར་གཞུང་མདའ་བསྒར། ཚེས་༢༨ལ་གཤེད་དམར་ལྷ་ལྔའི་སྟ་གོན། རི་ཀེག་བྱ་བྲལ་ཞུས་ངོར་རྒྱ་ཅན་ཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་དང་། གྲུབ་ཐོབ་ཐུགས་ཏིག་གི་དབང་ཚེ་དབང་བཅས། རྡོ་རྗེའི་ཚིག་རྐང་གི་བཤད་ཁྲིད་བཅས་བདག་ཁྲི་རིན་པོ་ཆེ་སོགས་ལ་ཕུལ། ཚེས་༢༩ལ་གཤེད་དམར་དབང་དངོས་གཞི་དང་། སྙན་བརྒྱུད་ཕུར་པའི་ཁྲིད་དང་ལུང་སོགས་ཕུལ། ཚེས་༣༠ལ་དཔོན་སློབ་ཉུང་སྡུས་ལ་ལམ་ཟབ་དང་། བིར་སྲུང་ནང་མའི་བྱིན་རླབས་ཕུལ་ནས་ཕུན་ཚོགས་ཕོ་བྲང་དུ་འབྱོར། རི་རྐེག་བྱ་བྲལ་ལ་ལུང་ཆེན་བཏོན། ཧོར་ཟླ་དགུ་པ་ཕྱི་མའི་ཚེས་༡ལ་ཁམས་ཕྱོགས་ཡིག་ལེན་མང་ཙམ་བྲིས། བྱ་བྲལ་བར་གྲུབ་ཐོབ་རིལ་དཀར་སྒོམ་ལུང་། ཚེས་༢ལ་ཕུན་ཕོའི་དབང་ཁང་དུ་རྟ་མགྲིན་གསང་བསྒྲུབ་ཀྱི་དབང་བསྐུར། སྒྲོལ་ཕོར་ཁྱུག་ཙམ་ཕྱི་ལྷ་ཁང་ཆེན་མོའི་དབུ་རྩེ་བླ་མ་ལྷ་ཁང་དུ་ག་ཡ་དྷ་རི་བུམ་ཆུ་མཇལ། ཆོས་ཁྲི་མཁས་པ་ཟིལ་གནོན་མཇལ། ས་སྣའི་སྣེ་ཤན་རྣམས་ཀྱི་འདོད་མོས་བཞིན་ཁྲི་སྟེང་ནས་ཆོས་འབྲེལ་བྱས་སྨོན་ལམ་བཏབ། ཞབས་པད་ལྷ་ཁང་གི་རྗེ་བཙུན་མའི་མདུན་ནས་ཆོས་འབྲེལ་ཞུས། དབུ་རྩེའི་འཇམ་དབྱངས་མདུན་ནས་ལྷོ་བྱང་དགེ་འདུན་རྣམས་ལ་འཇམ་དབྱངས་དམར་སེར། ས་འཇམ་སྦགས་སྒྲུབ་སྒྲོལ་དཀར་འོད་ཟེར་དྲུག་གི་རྗེས་གནང་དང་། མཚན་བརྗོད་དང་། ལམ་དུས་ལུང་བཏོན། སྙན་ཤལ་དང་རྒྱལ་མཚན་ཆ་གཅིག་ཕུལ། བསེ་མགོན་མདུན་སྙན་ཤལ་དང་འཕན་ཆ་གཅིག་ཕུལ། ཕྲིན་བཅོལ་ཞུས། རིའི་རྣམ་རྒྱལ་མཆོད་རྟེན་མཇལ་སྨོན་ལམ་བཏབ། བོན་ཛུ་གུའི་རོ་ཡོད་སར་དགུགས་མནན་དམིགས་པ་བྱས། སྒྲོལ་ཕོར་འབྱོར། ཚེས་༣ལ་གསོལ་དཔོན་བཀྲ་ཤིས་རྣམ་རྒྱལ་སོགས་ཁམས་ལ་ཐེགས། བདག་ཁྲི་རིན་པོ་ཆེ་དཔོན་སློབ་ལ་རྒྱ་ཅན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་སོགས་ཕུལ། མཎྜལ་རྟེན་གསུམ་སོགས་གནང་སྦྱིན་རྒྱ་ཆེར་རྩལ། བོད་རྡོ་བརྒྱ་ཐམ་པ་དང་གསོན་གཤིན་སྐྱབས་ཞུས། འདུས་ཆས་སོགས་མང་ཤས་སྐྱབས་ཞུས་སུ་ཕུལ། ཚེས་༤ལ་གཡུ་མཁར་མོའི་སྒྲོལ་མའི་མདུན་སྙན་ཤལ་ཕུལ་སྨོན་ལམ་བཏབ། བདག་ཁྲི་རིན་པོ་ཆེ་བཀྲ་ཤིས་འགུལ་དར་འབུལ། རེས་གཞི་རྗེ་བཙུན་འཆི་མེད། མཁན་ཆེན་ལས་ཐོག །ཞབས་པད་སོགས་དྲུང་སྐྱ་སེར་བཞི་བཅུ་ལྷག་གིས་སྐྱེལ་ཐུང་དང་ཐབ་བསྐྱེལ་བཅས། ས་སྐྱ་ནས་བཏེགས་བཀྲས་འཛོམ་དུ། ཚེས་༥ལ་ཕུར་བསྙེན་ཁྲི་རེ་དབུ་ཚུགས། ལམ་པར་ཇིང་དགོན་པ་གོང་འོག་མཇལ་བར་བྲག་མཁར་ཆེན་དུ། ཚེས་༦ལ་རི་ཁྲོད་བླ་གྲྭ་རྣམས་དང་ལྷ་རྩེའི་ཚོང་པ་སོགས་ལ་སྨིན་གླིང་རྡོར་སེམས་དབང་བསྐུར། རྩ་གསུམ་ཚོགས་བཏང་། གུ་རུའི་སྒྲུབ་ཕུག་མཇལ། ཁྲུས་རབ་གནས་སྡུས་ཙམ་བྱས། ཚེས་༧ལ་རེ་མདའ་འཕགས་པ་ཞེས་པའི་མི་ཚང་འགྲམ་སོང་། བརྒྱུད་མདར་གྲང་མོ་ཆེར་འབྱོར་ཚར་ཆེན་སྐུ་གདུང་མདུན། ཚེས་༨ལ་གྲྭ་ཚང་ལ་མང་ཇ་དང་ཕྱག་འགྱེད་དངུལ་སྲང་སུམ་ཅུ་རེ་དང་། མཆོད་སྡོང་རིན་པོ་ཆེར་མར་མེ་བརྒྱ་རྩ་དང་སྙན་ཤལ་ནང་མཛོད་གཡུ་བྱེར་ཕྲེང་བ་བཅས་ཕུལ། གྲྭ་ཚང་ཡུལ་གསར་ཚང་གི་རྗེ་བཙུན་མ་སོགས་ལ་མཁའ་སྤྱོད་བྱིན་རླབས། ཁྲོམ་ཚོགས་མང་བར་ལ་མ་ཎིའི་སྒོམ་ལུང་དང་ཚེ་འགུགས། དགོན་པར་ཁྲུས་རབ་གནས་བསྡུས་ཙམ་བཅས། ཚེས་༩ལ་ཡུལ་གསར་ཚང་རྩར་སྐོར་ཙམ་ཕྱིན་ནས་བཏེགས། ལམ་བར་རྨུ་ཤང་བེག་རྩེའི་མགོན་ཁང་དང་། མུ་གུ་ལུང་སོགས་མཇལ་ནས་ཐུབ་བསྟན་དགེ་འཕེལ་དུ་འབྱོར། ཚེས་༡༠ལ་ཁྲོམ་ལ་ཚེ་དབང་དང་། འདྲ་ཞལ་མདུན་གུ་རུའི་བླ་མ་རྣམས་ཀྱི་ཚོགས་དང་། མར་མེ་བརྒྱ་རྩ། སྙན་ཤར་ནང་མཛོད་དང་། དར་ཁྲུས་དམར་སེར་གྱི་ཡོལ་བ། བྱང་རྩེའི་ཐུགས་དམ་ཚོགས་བདག་ལ་མགུལ་རྒྱན་དང་སྙན་ཤལ། མང་ཇ་དང་ཕྱག་འགྱེད་སྲང་སོ་ལྔ་རེ་ཕུལ། ཀྱེ་རྡོར་སྒྲུབ་མཆོད་ཀྱི་རྟེན་རྩ་ཉམས་པར་གཏན་རྩ་གསར་དུ་བཞག །ཚེས་༡༠ཕྱི་མ་ལ་བཏེགས་ལ་བརྒལ་ནས་ཕུ་ཆུང་རྩར་རིགས་འདུས་ཚོགས་བརྒྱ། ཚེས་༡༡ལ་གཙང་གི་འབྲས་ལྗོངས་སྤུན་བདུན་མདུན་ཞོལ་ནས་རྗེ་བཙུན་སྒྲུབ་གནས་བྲག་པོ་ཆེ་དང་། གུ་རུའི་ཕྱག་མཁར་བཞུགས་ཟེར་བའི་འབུམ་པ་སོགས་བརྒྱུད་རྨ་བྱ་གཞིས་ཀར་འབྱོར། ལྷ་ཁང་ལ་ཁྲུས་རབ་གནས་གུ་རུར་མགུལ་རྒྱན་ཕུལ། ཚེས་༡༢ལ་ལམ་ཞོར་ག་བེ་བླ་བྲང་རིགས་འདུས་ཚོགས་ཕུལ། ཞང་སྐུ་རོང་པད་ཚལ་གཞིས་ཀར། ཚེས་༡༣ལ་ཞང་པ་ལ་བརྒལ་ནས་སྐྱིམ་ལུང་བཀྲ་ཤིས་ཁང་གི་འགྲམ་དུ། ཚེས་༡༤ལ་རྡོ་བཀྲ་ལ་ཆེན་བརྒལ་ནས་རྡོ་བཀྲའི་གཞིས་སུ་འབྱོར། རྩ་གསུམ་དྲིལ་སྒྲུབ་ཚོགས་བརྒྱ་ཕུལ། ཁྲོམ་ལ་མཇལ་ཁ་དང་། ལམ་བར་གངས་ཆེན་ཆོས་སྡེའི་འཛིན་ཁུངས་པད་ཚལ་དགོན་ཆུང་ཞེས་པར་སྐོར་ཙམ་ཕྱིན། འདི་བསྐོར་ལམ་བརྒྱུད་ནས་རྫ་རོང་པོའི་རྒྱབ་རི་གངས་བྱ་མོ་མཐོང་། རྡོ་བཀྲ་འདི་འབྲས་ལྗོངས་ཁོངས་གཏོགས་ཡིན། གཞན་འདི་སྐོར་བླ་བྲང་སྒོང་། ཚེས་༡༥ལ་ཏང་དཀར་གཞིས་སུ། ཚེས་༡༦ལ་གོང་མ་ཚང་རྩར་བཞུགས་སྡེ་ལ་ཚེ་དབང་། ཚེས་༡༧ལ་འབྲས་ལྗོངས་ས་སྣེ་ཟིན། སེར་པོ་ཕུ་ལ་བརྒལ་ནས་ཇོ་བོ་གངས་ཅན་དང་། ཇོ་མོ་གཡང་མོ་ཟེར་བའི་གངས་རི་གཉིས་ཀྱི་བར་སྦྲུལ་འགུ་ཞེས་པར་གུར་ཕུབ་ནས་བཞུགས། ཚེས་༡༨ཆད། ཚེས་༡༩ལ་སྦྲུལ་འགུ་རྫ་འགགས་བརྒྱུད། འདི་ནས་བཟུང་ཤིང་ནག་གི་མགོ་ཟིན། ཐང་ཁུག་ཀཱུ་ཊིར་འབྱོར། ཀཱུ་ཊི་ཞེས་པ་རྒྱ་གར་མི་ཁང་ཡི་མིང་། ཚེས་༢༠ལ་ལ་ཆེན་དུ་གཞུང་གི་ཀཱུ་ཊིར། ཚེས་༢༡ལ་སྡེ་སྤྱིར་ཚེ་དབང་དང་། འཁོར་འདས་མཆོད་པ་སོགས་བྱས། ཚེས་༢༢ལ་འགེལ་ཁལ་འགྲིག་མིན་གྱིས་སྡོད་དགོས་བྱུང་བར་སྒྲོལ་ཆོག་དང་མ་མགོན་བསྐང་གསོལ་རྒྱས་པར་བཏང་། ཚེས་༢༣ལ་བསང་དང་རི་ཁྲུས་བསྡུས་ཙམ་བྱས་ནས་བཏེགས་མདོ་ཤོད་ཐང་དུ་སྒར། ཚེས་༢༤ལ་ཟིས་ལ་བརྒལ་ཙུན་ཐང་ནས་པ་སུ་སླང་ནས་རྡོ་ལྕགས་ཟམ་ཁར། ཚེས་༢༥ལ་སྡོང་ལྕགས་ཟམ་པ་སོགས་བརྒལ། དུང་ལུང་རིས་དཔོན་གླང་ཆེན་ཚང་རྩར། ཚེས་༢༦ལ་ཨ་གར་རྡོ་ལྕགས་ཟམ་པ་སོགས་དང་། སེ་ལམ་ལ་བརྒལ་ནས། འབྲས་ལྗོངས་སྟག་རྩེར་འབྱོར། ཚེས་༢༧ལ་བསྙུན་ཁམ་ཅུང་ཟད་འཁྲུགས། ཡུམ་བཀའི་ཚོགས་མཆོད་སུམ་བཟློག་བསྡུས་པ་དང་འབྲེལ་བ་བཏང་། ཆབ་མདོ་སྨན་པ་ངག་དབང་བཟོད་པ་ནས་གསོལ་སྨན་ཕུལ། ཚེས་༢༨ལ་བཞུགས་དལ། ཚེས་༢༩ལ་བཞུགས་དལ། ཚེས་༣༠ལ་ཁྲུས་དང་ཉེ་རེག་བྱས། རྒྱབ་རིའི་རྩེ་ནས་མཛོད་ལྔའི་གངས་ལ་ཏིང་ངེ་འཛིན་གྱི་ཁྲུས་དམིགས། ཧོར་ཟླ་༡༠ཚེས་༡ལ་རྒྱ་གར་གནས་སྐོར་འགྲོ་རྒྱུའི་སྐར་འཛིན་བྱས། རབ་གནས་འཐོར། ཤིས་བརྗོད་བྱས། ཚེས་༢ལ་ཕོ་བྲང་དང་ཕྱོགས་བཞིའི་དར་ཆེན་གསར་འཛུགས་སོགས་ལ་ཁྲུས་དང་། ཚེས་༣ལ་འདུག་དལ། ཚེས་༤ལ་ལྷ་ཡུམ་དང་། ཕྱག་མཛོད་ཚེ་དཔལ། ཚེ་ཆོས་སོགས་ག་སྦུག་དུ་པ་སི་དང་དངུལ་དོན་སོང་། ཚེས་༥སྒང་ཐོག་འབྱོར། ལྷ་ཁང་དུ་བཞུགས། བོད་གསར་ཀ་ཤའི་ལྷ་ལྕམ་སོགས་གནས་སྐོར་ཕེབས་པ་དང་འཕྲད། རྒྱལ་སྲས་དང་མཇལ་འཕྲད། ཚེས་༦ལ་ཕོ་བྲང་དུ་རྒྱལ་པོ་ཡབ་སྲས་སོགས་ལ་མཇལ་རྟེན་ཕུལ། གསུང་གླེང་བྱས། ཚེས་༧ལ་སྒང་ཐོག་ནས་བཏེགས་རྒྱ་གར་གནས་མཇལ་ཚུགས། ཤི་རི་གི་རིར་ཆུ་ཚོད་༧ཐོག་ཙམ་ལ་འབྱོར་ནས་འབྲས་ལྗོངས་གཞུང་གི་ཁང་གསར་སྡོད། ཚེས་༨ལ་ཆུ་ཚོད་ལྔ་ནས་རི་ལིར་ཞུགས་ནས་མཚན་ཐོག་ཐག །ཚེས་༩ལ་ཉི་ཤར་ཐོག་གང་གཱ་དང་ཆུ་བོ་ཡ་མུ་ན་གཉིས་འདྲེས་སར་གཟིང་ཆེན་གམ་འཇའ་རྩིའི་བརྒལ་ནས་རི་ལི་ཞུགས་སུ་སྟན་གནྡིར་ཁི། ཚེས་༡༠ལ་སྔ་དྲོའི་ཆུ་ཚོད་བརྒྱད་ལ་རྡོ་རྗེ་གདན་དུ་འབྱོར་མཆོད་མཇལ་ཞུས། རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་ཕུལ། ཚེས་༡༡ལ་གན་དྷོ་ལར་མཆོད་མཇལ་ཕྱག་སྐོར་དང་། རྟ་སྒ་སྒྲིལ་ལ་བརྟེན་ནས་མཆོད་རྟེན་རྣམ་དག་དྲུང་སོགས་མཇལ། ཚེས་༡༢ལ་བྱང་ཆུབ་ཤིང་དྲུང་དུ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་ཆོ་ག་ཐུན་བཏང་། དགའ་ལྡན་འཕེལ་རྒྱས་གླིང་དུ་མཆོད་མཇལ་ཞུས། གཡོན་རུ་སྲས་བདེ་གཤེགས་སོགས་ཀྱི་ཆེད་དུ་ཐུགས་ཆེན་བྱང་ཆོག་གཟབ་ནས་བྱས། ཚེས་༡༣ལ་གན་དྷོ་ལའི་སྟེང་ཁང་དུ་གཞུང་གི་ཞབས་བརྟན་གཙོར་དམིགས་ལས་གླིང་ཕུར་པ་ཡང་སྙིང་སྤུ་གྲིའི་སྒོ་ནས་རབ་གནས་ཉིན་གང་མ་དང་འབྲེལ་ཚོགས་སྐོང་ཟློག་སོགས་གཟབ་ནས་ཞུས། ཚེས་༡༤ལ་ཤར་ལྷོའི་དུར་ཁྲོད་བསིལ་ཚལ་དུ་གླང་ཆེན་ལ་ཞོན་ནས་སོང་། ཤཱ་ཝ་རིའི་སྒྲུབ་ཕུག་དང་། ལྷ་ཁང་གསར་བཞེངས་སོགས་ལ་ཁྲུས་རབ་གནས། གནས་ཆོག་སྨོན་ལམ་སོགས་བྱས། ཞོལ་དུ་ནེ་རཉྫ་ན་དང་། ལེགས་སྐྱེས་མའི་ཞོ་ཕུལ་བའི་གནས་ཡིན་རྒྱུ་རྣམས་ཀྱང་མཇལ། ཚེས་༡༥ལ་ཐོ་རེངས་སྔ་བར་གན་དྷོ་ལའི་བྱང་ཆུབ་ཆེན་པོ་དྲུང་དུ་སངས་གླིང་གནས་ཆོག་གཟབ་རྒྱས་སུ་བཏང་། མཆོད་པ་མར་མེ་ལྔ་སྟོང་དང་ཉེར་སྤྱོད་གཞན་སྟོང་ཕྲག་རེ་གཟབ་རྒྱས་སུ་ཕུལ་ནས་བྱང་ཆུབ་ཤིང་དྲུང་དུ་དགེ་ལྡན་འཕེལ་རྒྱས་གླིང་པར་བརྟན་པ་རྒྱས་ཆོག་གསུང་དུ་བཞུགས། ཕྱག་འགྱེད་སྒོར་གསུམ་རེ་ཕུལ། རྟེན་ཐེབས་ཞལ་འདེབས་སྒོར་སུམ་བརྒྱ་བཞག །ཉི་ཤར་ལ་མཆོག་ལྡན་ངོར་བྱང་ཆུབ་ཤིང་དྲུང་དུ་དབུ་ལུགས་སེམས་སྡོམས་ཕོག །ཀརྨ་པ་ཕེབས་པར་མཇལ་དར་ཕུལ། སྦྱིན་བདག་བཀྲས་བདེའི་ཚོགས་བརྒྱ་གན་དྷོ་ལའི་སྟེང་ཁང་དུ་རྩ་གསུམ་དྲིལ་སྒྲུབ་ཚོགས་ཕུལ། ཕྱི་སྐོར་ལ་བརྐྱང་ཕྱག་ཞིག་ཀྱང་འཚལ། ཚེས་༡༦ལ་མོ་ཀྲར་ཞུག་ནས་ན་ལེནྡྲ་རྒྱལ་པོའི་ཁབ་སྨན་ཆུ་དང་། བྱ་རྒོད་ཕུང་རིར་མཇལ་ཁར་ཕྱིན་སྡུད་པ་བཏོན། ཚེས་༡༧ལ་གན་དྷོ་ལར་ཕྱག་མཆོད་བསྐོར་བ་དང་། བྱང་ཆུབ་ཤིང་དྲུང་དུ་བསྟན་རྒྱས་སྨོན་ལམ་བྲིས། ཕྱི་དྲོ་རྒྱལ་དབང་རིན་པོའི་གན་དྷོ་ལར་ཐུགས་སྒྲུབ་བསམ་ལྷུན་ཚོགས་རྒྱས་པར་གསུང་བའི་གྲལ་དུ་ཞུགས། ཚེས་༡༨ལ་གོན་དྷོ་ལར་སྐོར་སྨོན་བྱས། ཀརྨ་པ་ཐོན་ཕྱག་ཕུལ་ནས། མོ་ཀྲར་ཞུགས་ནས་ཀ་ཡ་དང་། དེ་ནས་རི་ལིར་ཞུགས་ཝ་ར་ན་སི་བར་དང་། མོ་ཀྲ་ནས་དྲང་སྲོང་ལྷུང་བའི་དགོན་དུ་འབྱོར། ཚེས་༡༩ལ་ཝ་ར་ཎ་སི་གནས་མཇལ་སྐོར་བ་དང་། དྲང་སྲོང་ལྷུང་བའི་ཆོས་ཁྲིར་རྟེན་འབྲེལ་སྙིང་པོ་བཤད། མར་མེ་བརྒྱ་ཕྲག་གསུམ་ཕུལ། ཅོ་ཀན་དའི་མཆོད་རྟེན་ཞེས་ལྔ་སྡེའི་སྟོན་པ་ཐོག་མར་མཇལ་ས་ཡིན་སྐད་དེའང་མཇལ། གནྡ་རུ་ཊའི་ལྷ་ཁང་དུ་བཞུགས་པའི་སངས་རྒྱས་ཀྱི་སྐུ་རུས་ཚན་གཉིས་མཇལ། སྨོན་ལམ་བཏབ། ཚེས་༢༠བསྐོར་བ་དང་སྦྲགས་རྒྱ་དང་། འབར་མ། བོད་བཅས་ཀྱི་ལྷ་ཁང་རྣམས་མཇལ། ཐམས་ཅད་མཁྱེན་པ་ཡབ་སྲས་ཕྱག་ཕེབས་པར་ཆུ་ཚོད་བཅུ་ནས་རྒྱལ་བ་རིན་པོ་ཆེ་མཇལ་ཁ་ཞུས། ཚེས་༢༡ལ་མོ་ཀྲར་ནས་བི་ན་ར་ཡི་ཏྲིི་སེང་དང་། དེ་ནས་རི་ལིར་ཞུག་ནས། ཚེས་༢༢ནམ་ལངས་དུ་ལ་ཁ་ནོའི་ཏྲིི་སིང་དུ་འབྱོར། དགོང་མོར་རི་ལིར་ཞུགས་ནས། ཚེས་༢༣ཆད། ཚེས་༢༤ལ་ནམ་ལངས་ཇན་དིར་འབྱོར། འཕྲལ་རི་ལིའི་གཞན་སར་ཞུགས་ནས་ཉིན་གུང་སང་ཅིར་འབྱོར་བསྐོར་བ་སོགས་བྱས། ཚེས་༢༥ལ་སང་ཅི་སྡོད། སྐོར་བ་སོགས་བྱས། ཚེས་༢༦ལ་དགོང་མོར་རི་ལིར་ཞུགས་ནས། ཚེས་༢༧ལ་དྷེ་ལི་གསར་པར་འབྱོར་འཕྲལ་མོ་ཀྲར་ཞུགས་ནས་དྷེ་ལི་རྙིང་པ་འབྱོར། དགོང་མོ་རི་ལིར་ཞུགས་ནས་འབའ་ལ་དང་། ཛ་ལནྡྷ་ར། ཨ་འབར་པ་སོགས་བརྒྱུད། ཚེས་༢༨ལ་ས་ཕུན་ཀོར་དུ་འབྱོར། མོ་ཀྲར་ཞུགས་ནས་འཛོམ་གྷན་དྷ་ར་སོགས་བརྒྱུད་མན་དིའི་རྒྱལ་སར་འབྱོར། ཚེས་༢༩ལ་ཐོ་རང་མོ་ཀྲར་ཞུག་མཚོ་པདྨར་སྔ་དྲོ་ཆུ་ཚོད་བརྒྱད་པའི་ཐོག་འབྱོར། མཚོ་འཇལ་དང་སྐོར་བ་བྱས། གུ་རུའི་བླ་རྣམ་བྲིས། ཚེས་༣༠ལ་སྔ་གྲོ་མཆོད་སྐོར་དང་མགོ་ལོག་བླ་མའི་མཆོད་ཁང་དུ་སླེབས། དགོང་མོར་ལྷ་ཁང་དུ་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་ཚོགས་རྒྱས་པར་ཕུལ། དེར་གནས་བླ་གྲྭ་རྣམས་ལ་མང་ཇ་དང་སྐུ་འགྱེད་སྒོར་རེ་རྟེན་རྩ་ཞལ་འདེབས་ཕུལ། ཧོར་ཟླ་༡༡ཚེས་༡ལ་མཚོ་ལ་ཁྲུས་གསོལ་དང་། བུམ་གཏེར་བཅའ་སྒྲུབ་བྱས་པ་ཕུལ། བྱིན་འབེབས་བྱས། དཀོར་གཉེར་ལ་དྭག་པའི་འདོད་མོས་བཞིན། ལྷ་ཁང་དུ་རྩ་གསུམ་སྤྱི་འདུས་ཀྱི་ཚོགས་ཕུལ། ཚེས་༢ལ་མོ་ཀྲར་ཞུགས་ནས་མ་སྡེ་གྲོང་སོགས་བརྒྱུད་འཇལ་གྷནྡྷར་ག་ཀར་འབྱོར། ཚེས་༢ཕྱི་མ་ལ་ནམ་ལང་རི་ལིར་ཞུགས་ནས་ས་ཝན་ཀ་དང་། འདིའི་ལམ་བར་ཀང་ར་མན་དི་ཞེས་ཛ་ལནྡྷ་ར་དང་། ས་ལ་མེ་འབར་སོགས་གནས་འགའ་རེ་ཡོད་ཚུལ། དེ་ནས་རི་ལི་ཆེན་མོར་ཞུགས་ནས་ལམ་འབར་པར་འབྱོར། ཚེས་༣ལ་གུ་རུ་ཎ་ནི་ཕོ་བྲང་དང་ཚོང་འདུས་སོགས་ལ་ལྟད་མོར་ཕྱིན། ཚེས་༤ལ་དགོངས་མོར་རི་ལིར་ཞུགས་ནས་དྷེ་ལི་གསར་པ་དང་། མོ་ཀྲ་ལས་དྷེ་ལི་རྙིང་པར་མཚན་གུང་འབྱོར། ཚེས་༥ལ་དགོངས་མོར་རི་ལིར་ཞུགས་ནས་མཚན་གུང་ཤིང་ཀོང་ཧ་གདན། རི་ལི་གཞན་ལ་ཞུགས་ནས། ཚེས་༦ལ་ནམ་ལང་པ་ཁ་ཤར་འབྱོར། མོ་ཀྲ་ཞུགས་ནས་སང་ཁའི་སྡེ་ལྷ་བབས་གནས་མཇལ། གནས་བསྟོད་བྲིས། ཚེས་༧ལ་ལྷ་བབ་ཏུ་སོང་བསྟན་པའི་ཞབས་རིམ་བྱས། ཚེས་༨ལ་ཉིན་གུང་རི་ལི་ཞུགས་ནས་ཕ་རུ་ཁ་བར་དང་། དགོངས་མོར་གཞན་ལ་ཞུགས་ནས་ཀན་པར་དུ་མཚན་གུང་འབྱོར། ཚེས་༩ལ་ཐོ་རང་རི་ལི་ཞུགས་ལ་ཁ་ནོའི་བརྒྱུད་གོ་ཌ་ནས་རི་ལི་བརྗེས་ཏེ། ཉིན་གུང་བ་ལམ་དུར་འབྱོར། དེ་འཕྲལ་མོ་ཀྲ་ཞུགས་ནས། མཉན་ཡོད་མཇལ་ཕྱག་མཆོད་སྨོན་ལམ་ཞུས། དགོང་མོར་རི་ལིར་ཞུགས་ནས་ནེར་གྲོར་དང་ན་ལེནྜ་གུང་འབྱོར། ཚེས་༡༠མོ་ཀྲམ་ཞུགས་ནས་ལུམྦི་མཇལ་ཕྱག་སྐོར་སྨོན་ལམ་བཏབ་ཕྱེད་ཡོལ་ནས་རི་ལིར་ཞུགས་ནས་མཚན་གུང་མོ་ཀྲར་ཞུགས་རག་ཕུར་འབྱོར། ཚེས་༡༡ལ་མོ་ཀྲར་ཞུགས་ནས་ཀུ་ཤི་ན་ག་ར་སྟེ་རྩ་མཆོག་གྲོང་ལ་ཞིབ་པར་མཇལ་བར་ཕྱག་མཆོད་སྨོན་ལམ་བཏབས། དགོངས་མོ་རི་ལིར་ཞུགས། ཚེས་༡༢ལ་ཡངས་པ་ཅན་མཇལ། ཞོག་ཁར་མུ་ཟ་ཕར་བུར་དུ་འབྱོར་མོ་ཀྲར་ཞུགས་ནས་ཡངས་པ་ཅན་མཇལ་མཚན་གུང་རི་ལིར་ཞུགས། ཚེས་༡༣ལ་ཞོག་ཁར་ས་ཀོ་ལི་ནས་རི་ལིར་བརྗེས་ཏེ་རག་སོར་བརྒྱུད་ནེ་ས་ལེའི་སྡེ་བྷི་རི་ཁིན་ཚར་འབྱོར་ཞག་སྡོད། ནམ་གུང་ཙམ་ནས་ཚེ་རིང་དབང་མོ་ན་མགོ་ཚུགས། ཚེས་༡༤ལ་གནས་ཚང་སྤོས་ཏེ་ཐང་ལུགས་ཚེ་དབང་བརྒྱ་རྩ་བསྐུར། ཚེས་༡༥ལ་བསམ་གཏན་བུམ་ཁྲུས་དང་གདུགས་དཀར་སྒྲུབ་ནས་ཁྲུས་བྱས། རྨ་བྱ་ཆེན་མོའི་འཆི་བསླུ་ལ་བླ་འགུགས་སྔགས་བཏགས། ཚེས་༡༦རྨ་བྱ་ཆེན་མོའི་དུས་འཆི་བསླུ་བྱས་དགོངས་ཀ་ཆུ་ཚོད་དྲུག་པའི་མགོ་ཟིན་ཙམ་ལ་རག་སོལ་གྱིས་ཀྲི་སིང་ཕྱི་གླིང་དབྱིན་ཇིས་སྨན་ཁང་དུ་ཚེ་ལུ་སོང་བས་ཆུ་ཚོད་བཅུ་གཉིས་པར་གྲོལ་སྐད། ཚེས་༡༨ལ་རྨ་བྱ་ཆེན་མོའི་ཚེ་སྒྲུབ། ཚེ་དཔལ་ཕྱིར་འབྱོར། ཧོར་ཟླ་གཉིས་པ་ཚེས་༧ལ་འཇའ་ཚོན་གཏེར་ཆོས་དབང་ལུང་མགོ་ཚུགས། ཞི་ཁྲོའི་སྟ་གོན། ཚེས་༨ལ་དངོས་གཞི་དཀོན་སྤྱི་དང་ཞི་ཁྲོ། ཚེས་༩ལ་ཐུགས་ཆེན་རྟ་ཕག་ཡིད་ནོར། ཚེས་༡༠ཆད། ཚེས་༡༡ལ་གྲོ་ལོད་དཀོན་སྤྱིའི་དྲག་སེང་ཁྲིད་དབུ་ཚུགས། ཚེས་༡༢ལ་ཚེ་སྒྲུབ་གནམ་ལྕགས་བཀའ་བརྒྱད། ཚེས་༡༣གསང་ལམ་བླ་སྒྲུབ་དཀོན་སྤྱི་ཚེ་དབང་། ཚེས་༡༤། ཚེས་༡༥ལ། ཚེས་༡༦། ཚེས་༡༧བཀའ་བརྒྱད་རིག་འཛིན་ཡོངས་འདུས་དབང་། ཚེས་༡༨བཀའ་བརྒྱད་རིག་འཛིན་ཡོངས་འདུས་ལེའུ་དྲུག་གི་དབང་རྫོགས་ལུང་བཏོན་འཇའ་ཚོན་མ་ནིང་ལུང་། ཚེས་༡༩ལ་བསམ་ལྷུན་དབང་། མ་ནིང་ལུང་རྫོགས་ཉུང་ཤས་ལ་མ་ནིང་སྲོག་དབང་། ༡༩༥༧ལོར། རབ་བྱུང་༡༦པའི་མེ་བྱ་ལོའི་ལོ་ཐོ། ཧོར་ཟླ་གསུམ་པའི་ཚེས་༡ནས་ཟླ་བཞི་པའི་ཚེས་༡༦ཕན་ཟིན་ཐོ་མི་བཞུགས། ཚེས་༡༧ལ་ལྷ་ལྕམ་སངས་རྒྱས་བདེ་སྐྱིད་བསྙུན། ཚེས་༡༨། ཚེས་༡༩། ཚེས་༢༠ལ་འབྲས་ལྗོངས་ལྷ་ལྕམ་སངས་བདེ་ཉི་ཤར་དུ་ཚེའི་དུས་བྱས། ཚེས་༢༡ནས་ཚེས་༢༩བར་ཟིན་ཐོ་མི་འདུག །ཚེས་༣༠ལ་དབང་ཕྱུག་ལྷ་ལྡན་ནས་ཕྱིར་འབྱོར། དབང་ཆེན་ཤི་སྐད་ཀྱི་ཁ་སྤར་བྱུང་། བྱང་ཆོག་ཚར་གཉིས། ཧོར་ཟླ་དྲུག་པའི་ཚེས་༡ལ་ཡོ་རོབ་ཏུ་རྒྱལ་སྲས་ཀྱིས་སྨན་བཅོས་རིིམ་གྲོ་ལ་སྨན་ཆོག་དང་བྱང་ཆོག །ཚེས་༢ཆད། ཚེས་༣ལ་བཀྲ་རྣམ་ནས་དེམ་བྱུང་བ་བུ་མོ་ཉན་སར་སོང་། བུ་མོ་རྡོར་གླིང་དུ་སོང་། ལྷ་ལྕམ་འདས་མའི་སྐུ་ཚིག་དྲུག་པ་འོད་ཆོག །ཚེས་༤ལ་གཟུངས་སྒྲུབ། ཚེས་༥ལ་དབང་ཆེན་འདས་པར་བྱང་ཆོག་རྒྱས། ཚེས་༦ལ་གཟུངས་འབུལ་རྒྱུ་བྱིན་རྟེན་བསྡུས། ཚེས་༧ལ་སློབ་དཔོན་དངུལ་སྐུ་མི་ཚད་ལྷག་ཙམ་ལ་གཟུངས་འབུལ། ཚེས་༨། ཚེས་༩ལ་ལྷ་དབུ་ལ་གོར་ཆིག་སྟོང་བཞི་བརྒྱ་གཡར། ཚེས་༡༠ལ་ལྷ་ལྕམ་འདས་མའི་རྫོགས་པར་གྲོལ་ཏིག་ཞི་ཁྲོའི་ལམ་བསྟན་དང་ཕྱི་དྲོ་གསང་འདུས་ཚེས་བཅུ། ཚེས་༡༡ལ་འདུག་དལ། ཚེས་༡༢ལ་མ་མགོན་ཚོགས་བརྒྱ་ལ་དཀར་གསོལ་ཀ་རིགས་བཏོན། ཚེས་༡༣ལ་མ་མགོན་ཚོགས་བརྒྱ་ལ་དཀར་གསོལ་ཀ་ཡོངས་རྫོགས། ཚེས་༡༤ལ་སྒྲོལ་ཆོག་དཔོན་སློབ་བཅུ་ཡིས་ཚར་བཅུ་གཅིག་སོང་། ཚེས་༡༥ལ་དཔོན་སློབ་བཅུས་ཚེ་ལྷ་རྣམ་གསུམ་ཆོ་ག་ཚར་གཉིས་བསྟོད་ཚིག་ཀྱང་བཏོན། ཚེས་༡༦ལ་དགོངས་ཟང་མ་ཚང་བའི་པོད་འདུག་པས་སྡོམ་གཏད་ཕུལ། འཁྲུལ་ཞིག་མཆོད་རྟེན་བསྐོར་བ་ཆིག་བརྒྱ་བཅུ་བྱས། ཚེས་༡༧། ཚེས་༡༨། ཚེས་༡༩། ཚེས་༢༠། ཚེས་༢༡། ཚེས་༢༢ལ་ཐར་མཁན་ཕེབས་མཇལ་འཕྲད། ཚེས་༢༣། ཚེས་༢༤། ཚེས་༢༥ལ་རྫོང་སར་བ་རྣམས་ཕྱིར་ལོག །དྲེལ་པ་ཤར་སིང་མར་ཁྱོགས། རིག་འཛིན་སྲོག་སྒྲུབ་ཕག་མོའི་ཚོགས་ཕུལ། ཚེས་༢༦། ཚེས་༢༧། ཚེས་༢༨། ཚེས་༢༩ལ་མགུ་ལོག་བསྟན་འཛིན་གདོང་ཐུབ་པར་བོད་དངུལ་སྲང་ཉིས་བརྒྱ། དབྱིན་གོར་ཉིས་བརྒྱ་སྐྱབས་རྟེན། ཚེས་༣༠། ཧོར་ཟླ་བདུན་པའི་ཚེས་༡ནས་ཟླ་༡༡ཚེས་༡༨བར་ཟིན་ཐོ་མི་འདུག །འདི་ནས་ལམ་ཡིག་དང་སྦྲེལ་དགོས་མཆན། ཚེས་༡༩ལ་ཤི་རི་རྒུ་རི། ཚེས་༢༠ཆུ་ཚོད་ལྔ་ནས་རི་ལིར་ཞུགས། ཚེས་༢༡ལ་གོན་ཌར། ཚེས་༢༢ལ་པལ་རམ་པུར་ནས་མོ་ཀྲར་ཞུགས་གཉན་ཡོད། ཚེས་༢༣ལ་གྷནྡྷར་ཀུ་ཊི་སྟེ་དྲི་གཙང་ཁང་དུ་དོན་གཉེར་ཅན་ངོར་དབུ་ལུགས་སེམས་བསྐྱེད། མཆོད་མེ་གཉིས་བརྒྱ་ཞལ་ཟས་བརྒྱ་གནས་ཆོག་རྒྱས། ཚེས་༢༤ཆད། ཚེས་༢༥ལ་པལ་རམ་པུར་ནས་རི་ལིར། ཀུན་དགའ་ར་བར་ཚོགས་གཅིག་བརྒྱ་བརྒྱད་དང་། མར་མེ་སུམ་བརྒྱ་བཅས་རྩ་གསུམ་དགོངས་འདུས་ཚོགས་དང་གནས་ཆོག །ཚེས་༢༦ལ་མཚན་གུང་གྷོ་རག་པུར་ལ་འབྱོར་མོ་ཀྲ་ལ་བརྟེན་ནས་རྩ་མཆོག་གྲོང་། དགོངས་མོ་རི་ལིར་ཞུགས། ཚེས་༢༧ལ་ནམ་ལ་བི་ན་ར་སིར། མོ་ཀྲར་ཞུགས་ནས་ཝ་ར་ན་སིར་མཆོད་མཇལ། སྐུ་རུས་ཁག་མཇལ་ཁ་ཞུས། གཟིངས་ལ་བརྟེན་ནས་ཆུ་ནང་འབྲས་ལྗོངས་ལྷ་ཡུམ་རུས་ཐལ་གཤེགས། ཚེས་༢༨ལ་ནམ་ལངས་རི་ལིར་ཞུགས་ཕྱེད་ཡོལ་ག་མར་འབྱོར། མོ་ཀྲར་ཞུགས་ནས་རྡོར་གདན་འབྱོར། ཚེས་༢༩ལ་སྔ་དྲོ་བྱང་ཆུབ་ཤིང་དྲུང་ནས་གནས་ཆོག་དང་། ཕྱི་དྲོ་བར་ཁང་ནས་གནད་ཏིག་ཕུར་པའི་ཚོགས་དང་བསྐོང་བཟློག་བཏང་། ཚེས་༣༠ལ་བྱང་ཆུབ་ཆེན་པོའི་མདུན་གནས་ཆོག་རྒྱས་པར་བཏང་། བྱང་ཆུབ་ཤིང་དྲུང་བྱང་ཆོག་དགོང་མོར་གནྡྷོོ་ལར་བརྐྱང་ཕྱག །མཚན་གུང་ལྷ་ཡུམ་དང་། མཛོད་ཚེ་དཔལ་དཔོན་གཡོགས་རྣམས་འབྱོར། ཧོར་ཟླ་བཅུ་གཉིས་ཚེས་༡ལ་བདུད་འཇོམས་སྲས་དང་འབྲུག་བསོད་ནམས་བཟང་པོའི་ཡུམ་སོགས་ལ་ཚེ་དབང་། བྱང་ཆུབ་ཤིང་དྲུང་དུ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་ཆོ་ག་བཏང་དོན་གཉེར་ཅན་ལ་རྗེས་གནང་དང་། ཇོ་ལུགས་མི་འཁྲུགས་པའི་ཆོ་ག །ཚེས་༢ལ་བྱང་ཆུབ་ཤིང་དྲུང་དུ་གནས་ཆོག་རྒྱས་པར། ཚེས་༣ལ་སྒྲག་བང་ལར་གནས་སྤོས། བར་ཁང་དུ་སེང་གདོང་གི་ཚོགས། ཚེས་༤ལ་བར་ཁང་དུ་ཐུགས་སྒྲུབ་བླ་མཆོད་ཚོགས་རྒྱས་པར་བཏང་། ཉེར་སྤྱོད་ལྔ་སོ་སོར་ནས་སྟོང་ཕྲག་དང་། མར་མེ་ཁྲི་ལྷག་བཅས། ཚེས་༥ལ་བྱང་ཆུབ་ཤིང་དྲུང་དུ་ཚེ་ལྷ་རྣམ་གསུམ་ཆོ་ག་ཚར་གཅིག །ཞབས་བརྟན། ཚེས་༥ཕྱི་མ་ལ་བསིལ་ཚལ། ཚེས་༦ལ་གསེར་ཆབས་ཕུལ། ཚེས་༧ལ་སྙན་ཤལ་ཕུལ། གན་དྷོ་ལ་ཞལ་འདེབས་སྒོར་གཅིག་བརྒྱ་དྲུག་ཅུ་ཕུལ། མོ་ཀྲར་ཞུགས་ནས་རྒྱལ་པོའི་ཁབ་འོད་སྲུང་ཕུག་གཅིག་མཇལ། ཆུ་དྲོན། ཚེས་༨ལ་སྔ་དྲོ་བྱ་རྒོད་ཕུང་རིར་མདོ་སྡུད་དང་མངོན་རྟོགས་རྒྱན། ཕྱི་དྲོ་ནཱ་ལེནྡྲར་མཆོད་མཇལ། དགོང་མོ་ཆུ་དྲོན། ཚེས་༩ལ་སྔ་དྲོ་འོད་སྲུང་ཕུག་མོ་ཀྲར་ཞུགས་ནས་ག་སཱར་འབྱོར་ཞག་སྡོད། ཚེས་༡༠ལ་ནམ་ལང་རི་ལིར་ཞུགས་དགོངས་མོ་གངྒཱའི་གྲུ་གཟིང་བརྒལ་ནས་རི་ལིར་ཞུགས། ཚེས་༡༡ལ་ནམ་ལང་ཤི་ལི་གུ་རིར་འབྱོར། མོ་ཀྲར་ཞུགས་ནས་སྒང་ཐོག་ཏུ་ཆུ་ཚོད་གསུམ་ལ་འབྱོར། ཚེས་༡༢། ཚེས་༡༣ལ་བསྙུན་ཁམས་ཅུང་འཁྲུགས། འབྲས་ལྗོངས་ཡ་བ་སྒྲག་ཀྲར་ལ་བསྟེན་མུས། ཚེས་༡༤ལ་སྐོང་གསོ་ཚུགས། གདོང་སྤྲུལ། མཁར་མདོ་ཞབས་དྲུང་། མཁན་ཐུབ་བརྟན་སོགས་དཔོན་སློབ་ལྔ་ནས་ངོར་ལུགས་བསྐང་གསོ་ཚུགས། ཚེས་༡༥ལ་གཞུང་གི་སྐུ་གསར་པར་སྦྱང་ཁྲུས་རབ་གནས། ཚེས་༡༦། ཚེས་༡༧ལ་ས་སྐྱའི་དྲུང་སྐོར་གྲགས་པར་རིགས་འདུས་རྩ་དབང་ཚེ་དབང་། ཚེས་༡༨ཆད། ཚེས་༡༩ལ་དངོས་རོལ་བཏང་། ཚེས་༢༠ལ་སྒྲོལ་དཀར་སྦྱིན་བསྲེགས། ཚེས་༢༡། ཚེས་༢༢། ཚེས་༢༣ལ་མཁན་སྤྲུལ་རྣམས་ནས་སྒྲོལ་དཀར་དུར་ཝའི་སྦྱིན་སྲེགས་འབུམ་ཐེར་གྲུབ་ནས། བདུད་བཟློག་བརྒྱ་བཞི་གྲུབ་ཉིན་རེ། ཚེས་༢༤། ཚེས་༢༥ལ་གསང་ཐིག་ཡུམ་བཀའི་ཚོགས་ཕུལ། ཚེས་༢༦ལ་བཀའ་འགྱུར་ཚུགས། ཚེས་༢༧། ཚེས་༢༨། ཚེས་༢༩ལ་ཕྱག་དྲུག་བསྐང་གསོ་བཏང་། ཚེས་༣༠། ས་ཁྱི་ལོའི་ཧོར་ཟླ་དང་པོའི་ཚེས་༡ལ་ས་སྐྱའི་ཕུན་ཕོའི་གདུང་སྲས་སྐུ་གཞོན་འབའ་ཉག་ཏུ་ཕེབས་སྐད། ཕྲིན་སྒྲུབ་རིན་ཆེན་སྒྲོན་མེའི་ཚོགས་ཕུལ། ཚེས་༢། ཚེས་༣ལ་བཀའ་འགྱུར་གྲུབ། ཕྱི་དྲོ་གདུགས་དཀར་ཚར་ཅི་འགྲུབ་གསུངས་ནས་གྲོལ། ས་སྐྱའི་གདུང་སྲས་དང་མཇལ་འཕྲད། ཚེས་༤ལ་མཁན་སྤྲུལ་རྣམས་ནས་རྣམ་འཇོམས་སྦྱིན་སྲེག་ཉིན་གཉིས་སུ་བཏང་། ཚེས་༥། ཚེས་༦ལ་འབར་མའི་གཏོར་ཆེན་བཏང་། བྱབ་ཁྲུས། ཚེས་༧ལ་འབྲུག་བུམ་ཐང་བ་སོགས་བླ་སྤྲུལ་གྲྭ་བཅུ་སྐོར་ལ་བི་མིའི་འཇམ་དཔལ་མཚན་བརྗོད་བཤད་ཁྲིད། འདབ་རའི་མཆོད་རྟེན་དུ་འཁྲུལ་ཞིག་ནས་འབྲས་གཞུང་གི་ཕུར་པའི་ཚོགས་འབུམ་ཐེར་བསག་པར་ཞལ་འདེབས་འབྲས་སྟོང་གཅིག་དང་ཚོགས་རྫས། ཆོག་གྲྭ་རྣམས་ལ་སྐུ་ཡོན་སྒོར་རེའི་ཕྱག་འགྱེད་ཕུལ། ལམ་ཞོར་རི་ནག་ཡ་བ་སྟོབས་རྒྱལ་གྱི་ཁང་གསར་ལ་རབ་གནས་དང་། རྡོ་གྲུབ་མདུན་མཇལ་འཕྲད། ཚེས་༨ལ་ས་སྐྱ་པ་ཞེན་པ་བཞི་བྲལ་འཆད་ཐབས་སྦྱར་བའི་ཁྲིད་ཚུགས། ཚེས་༩། ཚེས་༩ཕྱི་མ། ཚེས་༡༠ལ་ནོར་འཛིན་ཚངས་ནས་སྦྱིན་བདག་ཞུས་ཏེ་རིགས་འདུས་ཚོགས་སྟོང་ཕྲག་ཕུལ། ཨ་ནེ་ལོ་ཆེན་སྤྲུལ་སྐུ་ཡིན་རྒྱུའི་བུ་མོ་ཆུང་ངུས་མཎྜལ་རྟེན་གསུམ་ཕུལ། ཚེས་༡༡ཆད། ཚེས་༡༢ལ་ཞེན་པ་བཞི་བྲལ་དང་མཚན་བརྗོད་བཤད་ཁྲིད་གྲུབ། ཚེས་༡༣ལ་བསྙུན་ཁམས་ཅུང་ཕྱིར་འཁྲུགས། ཚེས་༡༤། ཚེས་༡༥ལ་ཚོགས་བརྒྱ་ཙམ་མར་མེ་ཉིས་བརྒྱ། རྒྱུན་སྡོད་ཞབས་གྲས་དཔོན་གཡོགས་སོགས་ནས་རྡོར་སེམས་བདག་བསྐྱེད་དང་། ན་རག་སྐོང་བཤགས་ཚོགས་ཉིན་འཁྱོལ་ཕུལ། ཚེས་༡༦ལ་གཞུང་གི་དཀོར་གཉེར་ནས་སྐེག་བརྩིས་བཅོས་ཀ་མདོས་ཕྲན་ཁ་ཤས་བཏང་། ཚེས་༡༧ལ་ལུང་ཐོག་སྒོམ་ཆེན་དཔོན་གཡོགས་ནས་མགོན་ཁང་དུ་འབྲས་ལྗོངས་གནས་གསོལ་ཉིན་གསུམ་བཏང་། ཚེས་༡༩ལ་བོད་སྨན་བསྟེན་མུས་སྨན་པ་རྨེ་བ་དེ་འབྱོར། ཚེས་༢༠ལ་བླ་སྤྲུལ་རྣམས་དང་རྒྱུན་སྡོད་ཞབས་གྲས་དཔོན་གཡོགས་སོགས། ཆོག་གྲྭ་བཅོ་ལྔ་སྐོར་ནང་སྐུ་མཆོད་མཁའ་འགྲོ་གསང་འདུས་ཚུགས། ཚེས་༢༡མངའ་རིས་སྤྲུལ་སྐུ་དང་། གནས་རི་བུ་སོགས་འབྱོར། ཚེས་༢༢ལ་གསང་འདུས་གྲུབ། ཚེས་༢༣ལ་ལས་གླིང་ཕུར་པ་ཡང་སྙིང་སྤུ་གྲིའི་བསྙེན་པ་དང་ཚོགས་འབུམ་ཚུགས། ཚེས་༢༤ཆད། ཚེས་༢༥། ཚེས་༢༦། ཚེས་༢༦ཕྱི་མ། ཚེས་༢༧ལ་ཡོ་རོབ་ཏུ་རྒྱལ་སྲས་སྐུ་གཞོན་གྱི་སྨན་པ་ཕྱི་གླིང་བ་གཟའ་མི་གཉིས་དང་པོ་འཕྲད། ཚེས་༢༨། ཚེས་༢༩ཆོག་རོག་མང་དུ་བཏགས་པས་ཕུར་བསྙེན་འབུམ་ཐེར་བཅུ་དྲུག་སྐོར་དང་ཚོགས་འབུམ་ཐེར་གྲུབ། ཚེས་༣༠ལ་སྨན་པའི་ངག་བཞིན་སྨན་ཆོག་རྒྱས་པ་དང་། སྒྲོལ་ཆོག་བཏང་། བླ་སྤྲུལ་རྣམས་དང་ཆོག་རོག་གསར་པ་རྣམས་ལ་སྐུ་ཡོན་ཕུལ། ཧོར་ཟླ་གཉིས་པའི་ཚེས་༡ལ་ཁམས་ནས་གཅུང་འཆི་མེད་ཀྱི་དགོངས་རྫོགས་གོང་གསལ་བླ་གྲྭ་རྣམས་དང་ཆོག་གྲྭ་བ་བཅས་ནས་རྡོར་སེམས་ཆོ་ག་ཉིན་གཉིས་བཏང་། ཚེས་༢ལ་རྒྱ་སྟོན་སྤྲུལ་སྐུ་དཔོན་གཡོགས་ནས་པདྨ་བཛྲ་ཆོ་ག་བཏང་། ཚེས་༣། ཚེས་༤། ཚེས་༥། ཚེས་༦། ཚེས་༧། ཚེས་༨ལ་ས་སྐྱའི་གདུང་སྲས་སྐུ་གཞོན་རབ་བྱུང་མདུན་ནས་ཚེ་དབང་ཞུས། སྐུ་ཡོན་བཏབ། ཚེས་༩། ཚེས་༡༠ལ་དགོངས་འདུས་ལས་བྱང་མེ་ཕྲེང་གི་ཚོགས་བརྒྱ་རྩ་ཕུལ། ཚེས་༡༡ལ་རྒྱ་སྟོན་སྤྲུལ་སྐུ་ནས་ཚེ་གསང་དང་འབྲེལ་བླ་བསླུ་ཚུགས། ཚེས་༡༢། ཚེས་༡༣། ཚེས་༡༤ལ་སྒྲོལ་ཕོའི་བདག་ཁྲིར་ཞུ་ལེན་ཕུལ། ཚེས་༡༥ལ་ནང་ཆེན་ཤོ་མདའ་བེ་ཧུའུ་འཕྲད། མར་མེ་ཉིས་བརྒྱ་ཕུལ་གནས་ཆོག །ཚེས་༡༦ལ་ལ་ཆེན་དགོན་གྱི་སྤྲུལ་སྐུར་དཀོན་སྤྱིའི་ཚེ་དབང་དང་དགེ་སྙེན་སྡོམ་པ་བོག་མཆན་ཡིག་བརྟེན་གསུམ་བྱིན། ཚེས་༡༧ཆད། ཚེས་༡༨། ཚེས་༡༩ལ་འཆི་བསླུའི་གླུད་དང་། རྒྱལ་བརྫོངས་བཏང་། ཚེས་༢༠ལ་ཚེ་གསང་དོན་དབང་ཚར་ཞུས། ཚེས་༢༡། ཚེས་༢༢ལ་དགོངས་འདུས་སྐོང་ཆོག་གཏོར་མ། ཚེས་༢༣ལ་དགོངས་འདུས་བསྐོང་ཆོག་གཏོར་མ། ཚེས་༢༤ལ་དགོངས་འདུས་མཆོད་བཤོམས། ཚེས་༢༥ལ་རྒྱ་སྟོན་སྤྲུལ་སྐུ་དཔོན་གཡོགས་སོགས་ཆོག་གྲྭ་བཅོ་ལྔ་སྐོར་ནས་བླ་མ་དགོངས་འདུས་སྐོང་ཆོག་ཚུགས། སྟོད་འབུམ། ཚེས་༢༦། ཚེས་༢༧། ཚེས་༢༨། ཚེས་༢༩བསྐུལ་འབུལ། ཚེས་༣༠ལ་ནུས་ལྡན་འདས་པའི་དགོངས་རྫོགས་ལ་དམིགས་པའི་ཁྲུས་ཆོག་བཏང་། ༡༩༥༨ལོར། རབ་བྱུང་༡༦པའི་ས་ཁྱི་ལོའི་ལོ་ཐོ། ཧོར་ཟླ་གསུམ་པའི་ཚེས་༡ལ་ཉི་འཛིན་འཛིན་རོ་བཞི་ཐིག་ཙམ་མཐོང་སྐད། དགོངས་འདུས་སྐོང་ཆོག་གྲུབ། རྨེ་ལེན་ཆིབ་སྦུགས་ཕྱིར། ཚེས་༢། ཚེས་༣། ཚེས་༤ལ་ནུས་ལྡན་འདས་པར་གདོང་སྣ་མཁར་མདོ་ཞབས་དྲུང་། ཀློང་སྙིང་ཡུམ་བཀའི་བྱང་ཆོག །མཁན་ཐུབ་བསྟན་སོགས་དཔོན་སློབ་ལྔས་ཀུན་རིག་བྱང་ཆོག་བདུན་གཅིག་རྫོགས། ཚེས་༥ལ་བྱང་ཆོག །ཚེས་༦ལ་བྱང་བཞུས། ཚེས་༧། ཚེས་༨ལ་ཨེམ་ཆི་རྨེ་ཀུ་ལོ་འབྱོར། ཚེས་༩ལ་གནམ་གཤིས་དྭངས་ལེགས། གནས་དགོན་ནས་གཏེར་གསར་ཙཀ་དཔེ་རྣམས་གནང་། མཆོག་སྤྲུལ་སོགས་བར་ཆད་ཀུན་སེལ་ལས་བྱང་འབྲིང་པོའི་ཚོགས་བརྒྱ། ཚེས་༡༠ཆད། ཚེས་༡༡ལ་དཔྱི་མིག་གཡས་གཡོན་ལ་མེ་ཚུག་གཉིས་སྔ་དྲོའི་ཆུ་ཚོད་བདུན་པར་འཇོག །ཚེས་༡༢། ཚེས་༡༣། ཚེས་༡༤ལ་དུས་འཁོར་བླ་མཆོད། ལྷ་ཡུམ་དང་ཚེ་དཔལ་རྣམས་རྡོར་གླིང་དང་ཀ་སྦུག་སོང་། ཚེས་༡༥ལ་ཟླ་འཛིན་མཐོང་རྒྱུ་མ་བྱུང་། རིགས་བརྒྱ་མཆོད་ཆོག །ཚེས་༡༦ལ་སྔགས་བདག་དམར་མོ་འདོན། གདོང་སྤྲུལ་མཁར་ཞབས་མངའ་རི་སོགས་ཀྱིས་སེང་གེ་སྒྲའི་གདོན་ཁྲོལ། བཀའ་བློན་ཤན་ཁ་བའི་ཕྱག་བྲིས་བྱུང་། ཚེས་༡༨ལ། ཚེས་༡༩ལ་རྨེ་ཨེམ་ཆིས་སྨན་སྦྱོར་ཁུགས་གཅིག་བཏང་། ཚེས་༢༠ལ་སྐུ་ལྔ་ཕྱིར་སོང་། ཁམས་སྒར་ཆོས་ལེགས་བྱུང་། ཁམས་སྤྲུལ་གེ་སར་སྐོར་ཁ་ཤས་མིག་སྟོན། ཞལ་འདེབས་དབྱིན་གོར་སུམ་བརྒྱ་ཕུལ། སྐུ་ལོ་ཀ་སྦུགས་སོང་། ཚེས་༢༡། ཁམས་པའི་ཨེམ་ཆི་སྒྲུབ་བླ་ནས་གུར་གུམ་བཅུ་གསུམ་བསྡུས་བཏུང་། ཁམས་སྤྲུལ་གེ་སར་སྐོར་ཆེད་བརྗོད་བྲིས། ཚེས་༢༢སྤྲུལ་སྐུ་རྣམས་ལྷན་གཅིག་འཚོགས་གནམ་གཤིས་དྭངས། བོད་ཕྱོགས་དང་བླ་མ་ཚེ་རྡོ་གཡོན་བླ་རྣམས་ལ་ཡི་གེ་བྲིས། ལྷ་ཡུམ་ཚེ་དཔལ་རྣམས་ཀ་སྦུགས་ནས་འབྱོར། ཚེས་༢༤ལ་འཁྲུལ་ཞིག་མདུན་སོང་ཞལ་ད་སྣ་ཚོགས་ཞུས། ཚེས་༢༥ལ་མངའ་གདོང་མཁར་མདོ་རྣམས་ཕྱོགས། མཁའ་སྤྱོད་བདག་འཇུག་གི་ཚོགས་ཕུལ། དགོང་མོ་ཕ་རན་སིའི་ཕྱི་ལིང་ལ་འཕོ་ཁྲིད་ཞིབ་བཅའ་དང་ཐུབ་སྐུ་བྱིན། ཚེས་༢༦ལ་ས་ངན་བང་མི་གཉིས་ལ་ཁྱེར་རྒྱུའི་ཡི་གེ་རྣམས་བྲིས། ཚེས་༢༧ལ་ཁམས་སྒར་སྨན་པ་རྟོགས་ལྡན་ལ་མི་ལས་དྭགས་པོར་གདམས་པའི་ཆོས་འབྲེལ་བྱས། ཚེས་༢༨ལ་འདན་མ་ལྷ་བཟོས་ཚེ་དཔག་སྐུ་ཐང་བྲིས་གྲུབ་ཨ་ཤེ་དང་གོར་ཉེར་ལྔ་སོགས་བྱིན། ལྷ་ཡུམ་ཞབས་བརྟན་པདྨ་མཁའ་འགྲོའི་སྦྱིན་སྲེགས་ཚུགས། རྡོར་གླིང་དུ་སྔོན་མ་སོང་། ཚེས་༢༩ལ་པདྨ་མཁའ་འགྲོའི་སྦྱིན་སྲེགས་དཔོན་སློབ་བདུན་གྱིས་ཁྲི་གཉིས་ཙམ་རྩིས། ཚེས་༣༠། ས་ཟླའི་ཚེས་༡༣ནས་སྒྲོལ་མ་གྲངས་བསོགས་ངོས་ཅག་རྣམས་འཚོགས་ཚེས་༢༥བར་དང་། རྡོར་གླིང་སྐུ་འབུམ་དཔལ་རི་སོགས་གྲ་ཚང་མང་ཤས་ནས་ཉིན་བརྒྱད་བར་བསོགས་པས་སྒྲོལ་མ། ༡༠༡༥༩༧བཅས་ཚེས་༢༥ལ་གྲུབ། རྡོར་གྲྭ་རྣམས་ལ་དར་རེ་ཉིན་རེ་གོར་གསུམ་རེ་ཕུལ། ཧོར་ཟླ་བཞི་པའི་ཚེས་༡ལ་ཀ་སྦུག་ནས་ངག་དབང་ཆོས་སྒྲོན་མ་བུ་ནས་བྱང་ཆུབ་ཤིང་ལོ་དང་ཚེ་དཔག་བརྟན་བཞུགས་དཔེ་ཕུལ། ཆུ་ཚོད་བརྒྱད་པ་ལྷ་ཡུམ་ལ་ཐང་ལུགས་ཚེ་དབང་ཚར་གསུམ་ཕུལ་ནས་གསང་ཡུམ་མཛོད་པ་བཅས་ཀྱིས་མཚོ་མགོར་ཕེབས་སྐྱེལ་བཅས་བྱོན་སོང་། ཚེས་༢། ཚེས་༣ལ་ཆུ་ཚོད་དྲུག་པའི་ཕྱེད་ནས་རྡོ་རྗེ་གླིང་དུ་བཏེགས་སྔར་གྱི་སྡོད་གནས་ཀོ་ཏྲིར་འབྱོར། ཚེས་༤ལ་ཨ་སུག་དུས་ཡོལ་གྱིས་རྫོང་སར་ཐུགས་ཆེན་བྱང་ཆོག །ཁྲོ་ཆུ་རྡོ་རྗེ་དཔལ་བཟང་འབྱོར། ཚེས་༥ལ་དགེ་གླིང་དང་མཆོག་ལྡན་རྣམས་སྒང་ཐོག་སོང་། མཆོད་བཤམས་སོགས་བྱས། རྨེ་ཀུ་ལོ་ཀ་སྦུག་སོང་། ཚེས་༦མཆོག་ལྡན་ཕྱིར་འབྱོར། གོ་འཇོ་ཤ་ཕད་བུ་སོང་། ཚེས་༧ལ་དར་ལྕོགས་རླུང་རྟ་བཏབ་སྤྱད་གོར་བརྒྱ་ཐམ་པས་རས་ཉོས་ཉི་མ་ལ་བཏབ་རྒྱུ་སྤྲོད། ཚེས་༨ལ་གྲུ་མོ་དབང་ཆེན་ཤི་ཚིགས་ལ་རྡོར་སེམས་བྱང་ཆོག་རྒྱས་པར་ཚར་གཅིག །སོག་པོ་ཨེམ་ཆི་བསོད་ནམས་དར་རྒྱས་སོགས་བྱུང་རྩ་བལྟས་སྨན་སྟེར་བྱུང་། ཚེས་༩ལ་རྡོར་སེམས་བྱང་ཆོག་རྒྱས་པ་ཚར་གཅིག་བསྔོ་སྨོན་བྱས། རྨེ་སྐུ་ལོ་འབྱོར། ཚེས་༡༠ལ་རྩ་གསུམ་དགོངས་འདུས་ཚོགས་བརྒྱ། རྒྱལ་རོང་ཁྲོ་ཆུང་རྡོ་རྗེ་དཔལ་བཟང་ཡབ་ཡུམ་སྲས་སོགས་མང་ཤས་ལ་རྩ་གསུམ་དྲིལ་སྒྲུབ་དབང་བཏོན། གསེར་གྱི་ལག་གདུབ་སོགས་དངོས་གཙང་བར་སྟོབས། ཚེ་ལུའི་གཟི་བྱེར་སྟོར་བ་རྨིས། ཚེས་༡༡ལ་ཚེ་རིང་ཆོས་སྒྲོན་གྱི་གཟི་སྟོར་བ་རྨིས། སྐུ་ལོས་དབང་རིལ་ཤེལ་དཀར་རྡོག་གཅིག་བཏང་། གླིང་བུ་སྤྲུལ་སྐུས་སྨན་ཁ་ཤས་བྱིན་བྱུང་། ཚེས་༡༢ལ་དཔོན་གཡོགས་བཅུ་སྐོར་གྱིས་རྒྱུད་སྡེ་བཞི་འགྲེལ་སྒྲོལ་མ་བསགས་མི་རེས་ཉིས་བརྒྱ་ཉེར་བཞི་རེ་སོང་། ཚེས་༡༣ལ་ཉིས་བརྒྱ་དང་ང་གཉིས་རེ་ཚར་འདུག །འགྱུར་མེད་དང་སྲས་གཟའ་མི་བྱུང་། ཚེས་༡༤ཆད། ཚེས་༡༥ལ་སྐུ་ལོ་ཕྱིར་སོང་། སྨན་གསར་བསྡུས་བཏུང་། ལ་དཀར་གྱི་ལྷ་བསང་མཚོན་ཙམ་དང་མཆོད་ཡོན་སྟབ་རླུང་རྟ་རྣམས་སྒྲོན། མོ་ཀྲ་མ་སོང་བས་ཀུ་ལོ་ཕྱིར་ལོག །བཀའ་འདུས་ཆོས་རྒྱམ་ཚོགས་སྐོང་རྒྱས་པ་ཤར་ཁམས་པའི་སྦྱིན་བདག་བགྲེས་མོའི་ཚོགས་ཕུལ། ཚེས་༡༦ལ་དཔོན་སློབ་བཅུ་གཅིག་གིས་སྒྲོལ་མ་ཆུ་ཚོད་དགུ་པའི་སྐོར་རྩམ་ནས་བསོགས། བྲིས་པས་ལྷ་བཙུན་གསུང་བྲི་མགོ་ཚུགས། ཚེས་༡༧ལ་སྒྲོལ་མ་བསོགས། ས་འདུ་ཀོང་སྤྲུལ་ཡབ་ཐུགས་བསྙུངས་བར་རྟ་མགྲིན་བཀའ་བསྒོ་སོགས་བྱས། ཚེས་༡༨ལ་བལ་པོ་བླ་མ་སོགས་མི་ལྔས་སྒྲོལ་མ་བསོགས། དཔལ་སྤྲུལ་རིན་པོ་ཆེར་གསོལ་འདེབས་བྲིས། སྒྲོལ་མ་བསོགས་འདི་ཡན་ལ་སྒྲོལ་མ་༡༢༡༤༢ཚར། ཚེས་༡༩ལ་རྡོར་གླིང་གི་དབྱིན་ཇིའི་ལྷ་རྗེ་མོ་པད་ཀྲན་ལ་བསྟེན། ཞིབ་བཅའ་བལྟས་སོང་། ངོས་ཅག་གིས་ཟབ་ཏིག་སྒྲོལ་ཆོག་ཚར་བཅོ་ལྔ་འདོན། ཚེས་༢༠་རྡོར་གླིང་པའི་བུམ་དཔལ་རིའི་བླ་གྲྭ་དང་བལ་པོ་བླ་མ་སོགས་སྔར་ཡོད་བཅས་ཁྱོན་མི་བཅོ་ལྔ་དང་། ངོས་འཁོར་བཅས་སུམ་ཅུ། ས་སྐྱ་བདག་མོའི་ཕྱག་བྲིས་འབྱོར། དབང་ཕྱུག་གཞིས་རྩེ་ནས་འབྱོར། ཐབས་མཁན་ཕྱག་བྲིས་ཕེབས། ཚེས་༢༡ལ་མི་༡༥་ཁར་བླ་གྲྭ་བཅུ་གཉིས་བསྣན་གྲངས་བསོག །གནོད་སྦྱིན་སྒྲུབ་ཚུལ་བྲིས། ཚེས་༢༢གྲྭ་སྒྲོལ་མ་བསོགས་ངོས་བཅག་སྔར་བཞིན། ཚེས་༢༣ལ་སྒྲོལ་ཆོག་ཚར་གཉིས་དང་། སྒྲོལ་མ་བསགས། ཆུ་ཚོད་བཞི་པ་ནས་ཕྱི་གླིང་ཨེམ་ཆི་སྔོན་འགྲོས་སྨན་རྡོ་ཞོ་འདྲ་བ་ཤེལ་དམ་གང་བཏང་། ཆུ་ཚོད་དགུ་པ་ནས་སྨན་ཁང་དུ་སོང་སྟོད་སྨད་གློག་སྤར་ཐེངས་གསུམ། ཆུ་ཚོད་དང་པོ་རྫོགས་ནས་ཕྱིར་འབྱོར། ཚེས་༢༤ལ་སྒྲོལ་མ་གྲངས་བསགས། གྲུ་ཁུག་དང་འཛུམ་རྩེར་ལྗིད་སྦུག་བཏགས་ནས་སྨན་བླུག །ཚེས་༢༥ལ་ཀློང་སྙིང་ཡུམ་བཀའི་ཚོགས་བརྒྱ་ཕུལ། སྒྲོལ་མ་བསོགས་རྣམས་ལ་ཚོགས་འགྱེད་སྒྲོལ་འབུམ་གྲུབ་ཡོན་སྟོབས་གོར་གསུམ་རེ་དར། ཆུ་ཚོད་དགུ་པ་རྫོགས་པར་སྨན་ཁང་དུ་སོང་། ལྗིད་སྦུག་ནས་ནང་ཁྲུས་བཏང་གློག་སྤར་ཐེངས་གཉིས། ཚེས་༢༦ལ་མཆོག་གླིང་འབྱོར། ནང་སྐོར་ནས་ན་རག་སྐོང་བཤགས་ཚར་ཉི་ཤུ་འདོན། ཁབ་གཅིག །ཚེས་༢༦ཕྱི་མ་ལ་ཕྱི་གླིང་སྨན་འཐུང་དབུ་ཚུགས། སྐོང་བཤགས་འདོན། རྒྱལ་བའི་སྐུ་མཆེད་རྒྱལ་ལོ་དོན་གྲུབ་བྱུང་། ཁབ་གཅིག །ཚེས་༢༧ལ་མཆོག་སྤྲུལ་གྱི་རྩིས་པ་ཤི་བ་ལ་ཐུགས་ཆེན་བྱང་ཆོག །ཕྱི་གླིང་ལྷ་རྗེས་ཁབ་གཉིས། སྐོངས་བཤགས་གསོགས། མཁའ་སྤྱོད་སྤྲུལ་སྐུ་སོགས། ཕྱག་ཆེན་དོན་བསྡུས་བྲིས། ཁབ་གཉིས། ཚེས་༢༨ལ་མཆོག་སྤྲུལ་སྒང་ཐོག་ཕྱིར་བྱོན། སྐོངས་བཤགས། སྐུ་ལོ་འབྱོར། ཁབ་གཉིས། ཚེས་༢༩ལ་ཁབ་གཉིས། བསང་གསོལ་རྒྱས་པ་བཏང་། གྲྭ་པ་རྣམས་ནས་སྐོངས་བཤགས་བཏོན། གྲིབ་འཁར་ཙུད་བྱུང་། རྣམས་འཇོམས་གཟུངས་རིང་གསུང་། ཚེས་༣༠ལ་བཀྲ་རྣམས་ཀྱིས་གསོལ་ཇ་ཞབས་ལྷག་དྲོངས། སྐོང་བཤགས་སྡོམ་ཚར་སོང་ལ། གྲོངས་སྨད་ཚེ་རིང་དབང་ཕྱུག་བྱུང་། སྒང་ཐོག་སོང་གོར་བརྒྱ་ཐམས་པ་གདུག་དཀར་ཇོ་དར། ཀ་སྦུག་ནས་རྩེ་དྲུང་བྱུང་། ཞབས་བརྟན་ཁོངས་ནས་གོར་ལྔ་བརྒྱ་བྱུང་། ཕུར་བསྙེན་ལོ་གྱོན་གདུགས་དཀར་སོགས། ས་ཟླའི་གནམ་སྟོང་ལ་ན་རག་སྐོང་བཤགས་སྟོང་ལྷག་གྲུབ། ཧོར་ཟླ་ལྔ་པའི་ཚེས་༡ལ་སྟག་རྩེ་ནས་མགོན་པོ་ཚེ་བརྟན་འབྱོར། འདུག་དལ་དབྱར་དགོན་བླ་མ་སོགས་ཧོར་པ་ལྷ་ལྡན་ནས་གསར་ཐོན་འགའ་བྱུང་། བཤགས་རྒྱུད་རྒྱས་པ་ཚར་གཅིག་འདོན། སྐུ་ལོ་པོས་ཁབ་གཉིས། ཚེས་༢ཁབ་༢། ཚེས་༣ལ་ཁབ་གཉིས་རྒྱབ། དགེ་གླིང་དང་ཞལ་ད། རྨི་མི་སིའི་ཕིའི་གྲོགས་པོ་ངོས་རྩར་བྱུང་ཤེལ་དཀར་འང་། ཚེས་༤ལ་ཁབ་གཉིས། ཚེས་༥ལ་རྡོར་གླིང་པས་ལྷ་བསོ་ངོས་ནས་བསང་བསྡུས་ཞིག་བཏོན་ཀོང་པའི་ཞབས་བརྟན་གདུགས་དཀར་དར་སྒྲོན། ཁབ་གཅིག །ཚེས་༦ལ་ཕྱི་གླིང་ཆུ་ཚོད་གཉིས་པར་ལྷ་རྗེ་ཤོག་སྒོ་ནས་གློག་ཐུར་གྱིས་བལྟས། འབྲས་ལྗོངས་སྨན་ཤིང་ཞིག་ཁུ་བ་བཏུང་། ཚེས་༧ཆད། ཚེས་༨ལ་ཆོས་གློང་དང་མཛོད་པ་རྣམས་བསྒང་ཐོག་སོང་། པདྨ་རྡོ་རྗེ་ལྷ་སར་ཁྱོགས། ཐར་མཁན་དང་། ཕ་ལྷ་སོས་སྒང་ཕྱག་མཛོད་འཛིང་པ་འཆི་མེད་བསམ་འགྲུབ་རྣམས་ལ་ཡི་གེ་བསྐུར། རྣམ་འཇོམས་བཞག །གདོང་ཐོག་སྤྲུལ་སྐུ་བྱུང་། ཚེས་༩ལ་རྨི་རྨིག་སིའི་གྲུ་ཁུག་ནས་ཁྲག་བླང་མདོག་ལེགས་པོ་རེད་ཟེར། རྣམ་འཇོམས་བསོགས་ཉིན་གཉིས་ལ་མི་བཅུ་གཅིག་གིས་རྩིས་ཚར། ཚེས་༡༠ལ་འདི་ནུབ་རྨི་ལམ་ཅུང་འཚུབ། ཐུགས་སྒྲུབ་བསམ་ལྷུན་ལས་བྱང་རྒྱས་པའི་ཚོགས་བརྒྱ་ཕུལ། ནད་ཁམས་ཕྲན་བུ་དྭངས། ཨ་འཇམ་ནས་ཐང་ཆེན་ཉེར་ལྔ་བསྡུས། ཚེས་༡༡ལ་ཐང་ཆེན་བཏུང་། ནད་ཁམས་ཅུང་དྭངས། ཚེས་༡༢ལ་ཉི་གྲིབ་སྐབས་ལུས་ཁྲུས་བྱས། མགོན་པོ་ཚེ་བརྟན་ཀ་སྦུགས་གོས་ཆེན་ཉོ་སར་བཏང་། ཚེས་༡༣ལ་མུན་རུབ་ལ་ཕྱི་གླིང་རྨི་རྨི་སི་བྱུང་། ཚེས་༡༤ལ་འབྲས་ལྗོངས་རྒྱལ་སྲས་བླ་མ་ཡབ་སྲས་གསུམ་དང་། ཕྱག་མཛོད་མོང་མ་བྱུང་། རི་ཁྲོད་སྤྲུལ་སྐུ་བཟང་འབྱོར། ཚེས་༡༥ལ་རི་སྤྲུལ་བརྟག་ལན་བྲིས། ལྷ་བསང་ཐུགས་སྒྲུབ་རྒྱག་བརྔན་འབྲིང་པོ་ཞིག་བཏང་། དེ་ལ་ཚེ་རིང་མ་གེ་སར་སོགས་བཏག །ཚེས་༡༦ལ་རི་ཁུད་སྤྲུལ་སྐུའི་སྐྱེ་སྲིད་བརྟགས་ཡིག་བྲིས། ཚེས་༡༧ལ་ཕྱག་མཛོད་སྒང་ཐོག་ནས་ཆུ་ཚོད་བཅུ་པར་འབྱོར། གདོང་ཐོག་སྤྲུལ་སྐུ་བྱུང་། ཚེས་༡༨ལ་ཕྱག་མཛོད་ནས་གསར་འཐགས་བཅུག་པའི་གྲུམ་གདན་གཏིང་། འབྲས་སྤྱི་བློན་ཆེན་གྲོགས་པོ་བི་ཏྲི་མན་སྐད་བསྒྱུར་རི་ནག་སྟོབས་རྒྱལ་ཁྲིད་ནས་བྱུང་། ཚེས་༡༩ལ་ཟས་བཅོས་བི་ཏྲི་མན་གྱི་སློབ་བྱུག་པ་བྱས། ཚེས་༢༠ལ་གྲུབ་ཆེན་རིན་པོ་ཆེས་རྟ་ཁྱུང་གདོན་གྲོལ་སྒྲུབ། ཀ་སྦུག་ཏུ་གཡུ་ཐོག་མདུན་གཞུང་གི་ཞབས་རིམ་ཐོ་ཕུལ། བདུད་འཇོམས་རིན་པོ་ཆེ་བྱོན་བྱུང་བཀའ་སྒོ་ཚེ་འགུགས་ཞུས་གཟི་བྱེར་སྐྱབས་རྟེན་ཕུལ། གཟང་གོས་དཀར་དངུལ་ཕོར་ཁྲ་སྐྱག་སྡེར་རྣམས་གནང་། རིང་འཚོ་དགོས་ཚུལ་གསུངས་ཆུ་ཚོད་གསུམ་ལ་ཕྱིར་བྱོན། ཚེས་༢༡ལ་ཐོ་རངས་ནམ་ལང་མང་སྦྱོར་བཏུང་། ནམ་ལང་སྔ་ཆ་རིན་ཆེན་མང་སྦྱོར་རྡོག་གཅིག་བཏུང་། གྲུབ་སྤྲུལ་རིན་པོ་ཆེས་གདོན་གྲོལ་གནང་། ཚེས་༢༢ལ་རྡོ་གྲུབ་རིན་པོ་ཆེ་སེང་གདོང་མའི་བྱད་ཁྲོལ་སྒྲུབ། མཆོག་ལྡན་ཀ་སྦུག་མནན་དོན་གཡུ་སྤྲོད་ཏུ་སོང་། ཚེས་༢༣ལ་གྲུབ་ཆེན་རིན་པོ་ཆེས་བྱད་ཁྲོལ་གནང་། བསྒྲགས་ཉམས་གསོས་བྱས་ནས་སྒང་ཐོག་སོང་། མཆོག་ལྡན་ཀ་སྦུག་ནས་ཕྱིར་འབྱོར། ཚེས་༢༤ལ་སྒང་ཐོག་ནས་རྡོ་གྲུབ་གྲྭ་པ་བཞི་འབྱོར། འབྲས་སྤྱི་བློན་ཆེན་གྱིས་རྣམ་རྒྱལ་མཆོད་རྟེན་ནང་བྱིན་རྟེན་བསྐུར་བའི་འབྱོར་ལན་སྒོར་ཉིས་བརྒྱ་ལྔ་བཅུ་རྣམས་གནང་། ཚེས་༢༥ལ་རྣལ་འབྱོར་མའི་བསྟོད་པ་བྲིས། རྡོ་གྲུབ་དཔོན་སློབ་ཀྱིས་ཡུམ་བཀའི་ཚོགས་སྐོང་མེ་མཆོད། ངོས་རང་གི་མཁའ་སྤྱོད་བདག་འཇུག་བླངས། སྤོམ་མདས་སྐུ་གཉིས་འབྱོར། ཚེས་༢༦ལ་རྡོ་གྲུབ་རིན་པོ་ཆེ་སེང་གདོང་བཟློག་པ་ཚུགས། གི་ཝཾ་འཐུང་། ཚེས་༢༧ལ་རིན་ཆེན་རིལ་བུ་གཅིག་བཏང་། ཚེས་༢༨ལ་སྟག་རྩེ་ནས་དགེ་སློང་འབྱོར་ལྷ་ཡུམ་ཟླ་བ་བདུན་པའི་ཚེས་མགོ་བར་ལ་བྱོན་སྐད། ནད་ཁམས་ཅུང་ཟད་ཡར་དྭངས། ཚེས་༢༩ལ་གྲུབ་ཆེན་རིན་པོ་ཆེ་ཕྱི་དྲོ་ཆུ་ཚོད་བཞི་པར་གཏོར་མ་རྫོངས། དངོས་གྲུབ་ལེན་ཆོག་ཚེ་འགུགས་ཁ་བར་སོང་། ཚེ་རིང་ཆོས་སྒྲོན་ཅུང་ཟད་བསྙུང་། ཚེས་༣༠ལ་གྲུབ་ཆེན་གྱི་མ་མགོན་ཚོགས་བརྒྱ་ངོས་རང་སྒྲོལ་ཆོག་ཚར་ལྔ་འདོན། ཧོར་ཟླ་༦པའི་ཚེས་༡ལ་རྡོ་གྲུབ་རིན་པོ་ཆེ་ཚེ་རིང་ཚོགས་བརྒྱ། ཀ་ཤི་མི་རི་པྲ་པ་ནོ་ནོ་རིན་པོ་ཆེར་པྲ་ཡིག་མེ་ཉག་བླ་མ་བརྒྱུད་བཏང་། ཕྱི་དྲོ་སྨན་པ་རྨི་རྨི་སི་བྱུང་། ཚེས་༢ལ་གྲུབ་རིན་ཀློང་སྙིང་ཕུར་པའི་ཞི་སྦྱིན། རྨི་རྨི་ནས་ཤུགས་བསྐྱེད་ཁབ་རྒྱབ། ཚེས་༣ལ་རྡོ་གྲུབ་ཞབས་ཕྱི་མང་བ་སྒང་ཐོག་ཕྱིར་སོང་། གྲུབ་རྗེ་ཀློང་སྙིང་རིགས་འདུས་རྩ་དབང་། ཚེ་དབང་། དྲག་པོ་རྟ་ཁྱུང་དབང་སྩལ། གཞུང་གི་ཞབས་རིམ་དོན་གཡུ་ཐོག་ཕྱག་མཛོད་བྱུང་། ཚེས་༤ལ་གདོང་ཐོག་སྤྲུལ་སྐུའི་མགོན་དཀར་བུམ་གཏེར་བཅས། འཇམ་དབྱངས་སྐུ་གཅིག་བསླུས། གྲུབ་སྤྲུལ་ལུང་རྟོགས་ཙར་ཕེབས། ཚེས་༥ལ་སྔགས་སྲུང་རི་ཁྲུས་སྐོང་སོགས་འདོན། རི་ནག་སྟོབས་རྒྱལ་གཟའ་མི་འབྱོར། གྲུབ་སྤྲུལ་ཡར་ཆོས། ཚེས་༦ལ་མགོན་དཀར་བུམ་གཏེར་ཐུན་གཅིག་སྒྲུབ། ནོར་འཛིན་རྗེ་བཙུན་ཆུང་ངུར་གང་བློ་མའི་རིགས་གཏད། ཀ་ཁ་དབུ་འདོན། ཌ་ཀི་ནས་མང་སྦྱོར་བཞེས། གྲུབ་སྤྲུལ་རི་ཁྲོད་དུ་བྱོན་སོང་། ཚེས་༧ལ་རྡོ་གྲུབ་རིན་པོ་ཆེར་མནྜལ་སོགས་འབུལ་མཚོན་ཕུལ། རི་ཁྲོད་དུ་བྱོན་སོང་། མགོན་དཀར་གཏེར་བུམ་ཐུན་གཅིག་སྒྲུབ། དྷ་ཀིས་རིན་ཆེན་བཞེས་ཅུང་དྭངས། གླུད་བསྔོ་བྱས། ཚེས་༨ལ་སྨན་ལྷ་ལོངས་སྐུ་ཆེ་བ་བཏོན། གཏེར་བུམ་ཐུན་གཅིག་སྒྲུབ། རྨི་རྨི་སི་བྱུང་ཁབ་གཅིག་རྒྱབ། ཚེས་༩ལ་བླ་མ་གསང་འདུས་ཚོགས་བརྒྱ་གཏོང་། ཚེ་དཔག་བྲིས་ཐང་གསར་པ་རབ་གནས་བྱས། ཚེས་༡༠ཆད། ཚེས་༡༡གདོང་མཁར་ཆོས་ལུང་དགོན་པ་གཡག་ཕྱར་གཏེར་བརྒྱུད་སྤྲུལ་སྐུ་དང་འཕྲད། མགོན་དཀར་སྒྲུབ་ནས་གདོང་སྤྲུལ་ལ་ཕུལ། ཁབ་གཅིག་རྒྱབ། ཚེས་༡༢ལ་དཔེ་ཆ་པོད་བཅུ་ཙམ་སྒང་ཐོག་བསྐུར། ས་སྙིང་སྒོ་ནས་གཡང་ཁུག་སྒྲུབ། ཚེས་༡༣ལ་གྲོས་མོལ་བྱས། ཚེ་མདོ་ཚར་ཁ་ཤས་བཏོན། བུ་མོས་རྒྱ་སྨན་བཏུང་། ཚེས་༡༤ལ་བརྟགས་བསྒྲིལ་ཞུས་འདོན་རྒྱས་པར་བྱས། འགྱུར་གྲགས་ལ་ཚིག་གསུམ་ཁྲིད་གྲུབ། ཚེས་༡༥ལ་གཙང་སར་སྤྲུལ་སྐུར་སྡོམ་གསུམ་རབ་དབྱེ་དབུ་ཚུགས། དཀོན་སྤྱི་གཡག་ཕྱར་གཏེར་རྒྱུད། གེ་སར་གསོལ་མཆོད་གཟབ་རྒྱས་ཁུལ་བྱས། ཕྱག་མཛོད་ནས་དབུ་གུར་བཟོ་མགོ་བཅུ། ཚེས་༡༦ལ་རྨི་རྨི་སིའི་ཁབ་གཅིག་རྒྱབ་ཅུང་བློ་སོགས་འཁྲུགས། ཚེས་༡༧ལ་ཤར་པ་བླ་མ་ཟླ་བས་གུར་གྱི་ཀ་རའི་ལྕགས་ཕུར། ཨ་མི་རི་ཀའི་ལྟེབས་གྲི་སོགས་བྱིན་བྱུང་། ཚེས་༡༨ལ་གདོང་སྤྲུལ་ལ་ཞལ་གདམས་ཁྲིད་དབུ་ཚུགས། ཚེས་༡༩ལ་ཤར་པ་བླ་མ་ཤེས་རབ་བསྟན་འཛིན་ལ་ལྕེ་བཙུན་སྙིིང་ཐིག་དབང་བསྐུར། ཀ་ལི་ཀ་ཏིའི་ལྷ་མོའི་གསོལ་ཀ་བྲིས། ཚེས་༢༠ལ་ལྕེ་བཙུན་ཁྲིད་དབུ་ཚུགས་ཚེ་དཔལ་སྒང་ཐོག་སོང་། ཚེས་༢༡། ཚེས་༢༢རྫོང་སར་ནས་མཁས་མཆོག་ཚ་བོ་བྱ་ལོའི་ཟླ་བ་༡༡པའི་ཚེས་༡༠ལ་བཏེགས་པ་ཡིན་ཟེར་འབྱོར། ཚེས་༢༣ལ་སྔོན་མ་ལ་སྡོམ་གསུམ་རབ་དབྱེ་གྲུབ། ཚེས་༢༣ཕྱི་མ་ལ་བྲག་གཡབ་གཙང་སར་གྲྭ་སར་ཚིག་བདུན་འདོན་ཚུལ་ཁྲིད། ཚེས་༢༤ལ་ཀ་ལི་ཀ་ཏའི་སྦྱིན་བདག་ལ་མདོ་རྒྱ་མཚར་ཚེ་གཡང་འགུགས་པའི་བུམ་པ་བཅས། ཀུན་མཁྱེན་གཟབ་སྐུ་ལོན། ཚེས་༢༥ལ་ཀློང་སྙིང་ཡུམ་བཀའི་ཚོགས་དང་བསྐང་གསོ་རྒྱས། ལྷ་ལྡན་ནས་པདྨ་རྡོ་རྗེ་སོགས་འབྱོར། ཚེས་༢༦ལ་རིན་ཆེན་ཡང་ཟབ་བཏུང་། ཀག་རྩེ་ཨེམ་ཅི་ཤི། གདོང་ཐོག་སྐུ་ཞབས་ལ་རབ་དབྱེའི་ལུང་ཆད་དང་། གཞན་མང་ཤས་ལ་མཁྱེན་བརྩེའི་གུ་རུའི་གསོལ་འདེབས་སྐོར་ལུང་། སྐྱོབས་པ་རིན་པོ་ཆེར་བསྟོད་པ་བྲིས། ཚེས་༢༧ལ་དིལ་མགོ་བཤད་སྒྲུབ་འདས་པའི་དགུང་ཞགས་རྡོར་སེམས་བྱང་ཆོག །ཚེས་༢༨ལ་འདུག་དལ། སྦ་ཉག་ལྕམ་བྱོན་བྱུང་། ཚེས་༢༩ལ་ལྷ་ཆེན་དང་རྣམ་སྲས་གསོལ་མཆོད་རྒྱས། ཚེས་༣༠ལ་སྟག་རྩེ་ནས་དགེ་སློང་འབྱོར། ཨེམ་ཆིས་མཆོད་བསྔོ་ཕུལ་མི་དྲུང་ཡིག་སོང་། ལྕེ་བཙུན་སྨིན་གྲོལ་ཞོག །དྲུང་ཡིག་གིས་ལྷ་བཙུན་བཀའ་འབུམ་བྲིས་ཞུས་ཚར། ཧོར་ཟླ་བདུན་པའི་ཚེས་༡ལ་ཞབས་བརྟན་སྒྲོལ་མདོས་གྲྭ་བསྒྲིགས། ཚེས་༢ཆད། ཚེས་༣། ཚེས་༤ལ་སྟག་རྩེ་དགེ་སློང་ཕྱིར་སོང་། སྨན་པའི་བདུན་ཚིག་དང་པོ་ཐུགས་ཆེན་བྱང་ཆོག །བོད་ལ་ཡི་གེ་ཁག་གཉིས་བྲིས། ཚེས་༥ལ་སྒྲོལ་མདོས་འདོན་དབུ་ཚུགས་དཔོན་སློབ་བཅུ་ཐམ་པས། ཚེས་༦ལ་བོད་སྤྲུལ་ཨ་འཇམ་བསོད་བཀྲ། གཙང་སར་གྲྭ་པ་རྣམས་བསྣན། ཚེས་༧ལ་གཡུ་ཐོག་སྐུ་ངོར་ཡོན་ཏན་བྱུང་། རྨེ་ཤོད་ཤིང་མཁན་སྒང་ཐོག་སོང་། མཆོག་གླིང་དང་དྲུང་ཡིག་ལ་ཡི་གེ་བཏང་། ཚེས་༨། ཚེས་༩ལ་ཆོག་རོགས་བོད་སྤྲུལ་སོགས་ལ་སྒྲོལ་དབང་བསྐུར། ཉི་ཐལ་ཡས་ལམ་བྱང་ཤར་དུ་མདོས་ཕུལ། ཚེས་༡༠ལ་སྒྲོལ་ཆོག་ཚང་མས་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཚོགས་བརྒྱ་ཕུལ། དཔོན་སློབ་བཅོ་བརྒྱད་ཀྱིས། ཚེས་༡༡ལ་ཕྱག་མཛོད་ཀ་སྦུག་སོང་། ཐུགས་ཆེན་བྱང་ཆོག་ཚར་གཉིས། ཚེས་༡༢། ཚེས་༡༣ལ་རབ་འབྱམས་རིན་པོ་ཆེ་རྨི་ལམ་འཚུབས། ཕྱག་མཛོད་འབྱོར། གོར་ཁའི་རྒྱལ་པོ་རྡོར་གླིང་དུ་ཕྱི་དྲོའི་ཆུ་ཚོད་ལྔ་པར་འབྱོར། ཁྲོམ་ཚོགས་མང་ཁོ་རང་བཅས་གོས་དཀྱུས་མ་རེད། ཚེས་༡༤ལ་ཨ་བུ་རིན་ཆེན་འཇལ་བ་རྨིས། འབྲུག་དབང་གླིང་ཆོས་དབང་སྲས་མོ་འགྱུར་མེད་བདེ་ཆེན་ལ་འཕོ་བ་བྱས། ཚེས་༡༥ལ་རབ་འབྱམས་རིན་པོ་ཆེ་ཞབས་བརྟན་དཔོན་སློབ་བཅུས་ཚེ་ལྷ་རྣམ་གསུམ་ཆོ་ག་ཚར་གཉིས་བཏོན། གུར་གསར་པ་ཕུབས་ཚད་ལེགས་པོ་བྱུང་འདུག །ནོར་འཛིན་མ་བུ་རྣམས་འབྱོར། ཚེས་༡༦ལ་གོར་རྒྱལ་ནས་ལེགས་སྦྱར་བཤད་སྐད། མཆོག་ལྡན་སོགས་གསུམ་ལ་མཎ་ཊ་གུ་ཧྱེ་དབུ་ཚུགས། ཚེས་༡༧ལ་ཨ་ནནྡ། བདུད་འཇོམས་གསང་ཡུམ་རྙིང་པར་སེམས་ཁྲིད་མགོ་ཚུགས་པ། ཚེས་༡༨ལ་ནོར་འཛིན་མ་བུ་སོགས་ལ་དགོངས་གཏེར་མི་ལའི་བླ་སྒྲུབ་དབང་ཆོག་ཁྲིད་ལུང་། ཚེས་༡༩ལ་སྤྱི་དོན་ཞོག །ཁམས་སྒར་ཆོས་ལེགས་ཚང་གི་བླ་མཆན་བྱུང་། ཚེས་༢༠ལ་རྒྱུད་གཞུང་གསང་བདག་དགོངས་རྒྱན་ཚུགས་གཡང་ཆོས་དགོན་བོད་སྤྲུལ་ཐུབ་བསྟན་དང་། བསོད་རྒྱལ་ཀྱང་བསྣན། སོ་ཅུང་ན། ཚེས་༢༡ལ་སོ་ཅུང་ན་བས་འཁྲུགས། ཚེས་༢༢་ལ་ནད་ཁམས་ཅུང་ཟད་དྭངས། ཚེས་༢༣ལ་ཞལ་བྲམ་གཟུགས་སྐུ་ཙཀ་ལི་བྲིས་པར་རབ་གནས་བྱས། ཚེ་རིང་ཆོས་སྒྲོན་སོགས་བྷེ་སི་ཀོ་ལྟ་བར་སོང་། ཚེས་༢༤ལ་ཕྱག་མཛོད་སྒང་ཐོག་སོང་། བལ་པོ་བླ་མ་སོགས་ལ་མཁའ་འགྲོ་གསང་འདུས་སྟ་གོན་བསྐུར། ཚེས་༢༥ལ་དབང་ཞུ་སོགས་མང་ཤས་དང་དབང་སྒྲུབ་ཚེས་བཅུ་འདོན། དངོས་བཞི་བསྐུར། ཚེས་༢༦ལ་ནུས་ལྡན་གྱི་ཟ་ཁྲ་གསང་འདུས། ཚེས་༢༧ལ་ཞི་རྒྱས་དབང་གཉིས། རྩ་ཁྲིད་ལུང་ཕལ་ཆེར་འདོན། གསོལ་འདེབས་འབུམ་གཅིག་ཞོགས། ཚེས་༢༨ལ་རྒྱུད་གྲུབ་གཏང་རག་ཚོགས་མཆོད་གསང་འདུས་པདྨ་མཁའ་འགྲོའི་དབང་དང་ལུང་འཕྲོས་འདོན། ཚེས་༢༩ལ་ཕག་མོའི་ཟོར་དབང་། བྱང་ཤར་བོར། གཏོར་དབང་། ཚར་གསོལ་ཚུགས། ཚེས་༣༠ལ་བལ་པོ་བླ་མ་གཏང་རག་ཚོགས་དགོས་ཟེར་བ་རྩ་གསུམ་བཏོན། ཧོར་ཟླ་བརྒྱད་པའི་ཚེས་༡ལ་ནོར་འཛིན་མ་བུ་སོགས་ལ་འཆི་མེད་འཕགས་མའི་ཚེ་ཡི་བྱིན་བརླབས་བསྐུར་ཕྱག་མཛོད་སྒང་ཐོག་ནས་འབྱོར། ཚེས་༢ལ་ཧོར་རྟ་གསོ་གླང་ནག་གྲྭ་པ་འབྱོར་སྣམ་སྦྱར་དྲུབ་སྤྱད་ཕུལ། ཀུ་ལོ་འབྱོར། སྟག་རྩེ་ཨེམ་ཆིར་བྱང་བཞུས་རྡོར་རྟ་གསོ་གྲ་པས་སྣམ་སྦྱར་ཕུལ། ཚེས་༣ལ་ནེ་རོ་སྒང་ཐོག་ཕེབས་ཞག་བཞུགས་སྐད། རྟ་གསོ་བུ་གླང་ནག་གྲྭ་པར་མཁའ་སྤྱོད་སོགས་ལུང་ཚན་དང་རག་སྒང་བསོད་བཀྲར་སྙིང་ཐིག་བླ་རྣམས་ཁྲིད། ཚེས་༤ལ་བསོད་རྒྱལ་སོགས་སྐྱོ་སངས་བྱེད་སར་སྐོར་ཙམ་སོང་། ཚེས་༥ཆད། ཚེས་༦། ཚེས་༧ལ་ཤར་པ་གྲྭ་ངག་དབང་མགོན་པོས་ལྕགས་ཀྱི་རྡོ་རྗེ་བྱིན། ཀ་སྦུག་ནས་ར་ཧོར་བླ་མ་པདྨ་རྒྱལ་པོ་ཡུམ་སྲས་བྱུང་བ་ཀློང་སྙིང་འཕོ་བ་འདོན། པྲ་བརྟགས་པ་བྱ་འཇུག །ཚེས་༨ལ་སྐུ་ལོ་ཀ་སྦུག་སོང་། ཙནྡན་ཉོ་སྤྱད་གོར་བཅུ་གཉིས་དངུལ་གོར་གཅིག་བསྐུར། ཚེས་༩ལ་གངས་ཅན་རི་སྟེང་སོང་། བསང་བསྡུས་རི་ཁྲུས། སྐྱོ་སངས་བྱས། གསོལ་འདེབས་འབུམ་གཅིག་ཞོག །ཚེས་༡༠ལ་ཚེ་འདས་བློ་གསལ་བུ་མོ་སྟག་རྩེ་ལྷ་རྗེ་གཙོས་ལ་ཐུགས་ཆེན་བྱང་ཆོག །ཕུན་ཚོགས་དབང་མོས་སྦྱིན་བདག་ཞུས་ཏེ། སྒྲོལ་ཆོག་བསམ་ལྷུན་ཚོགས་ནས་བི་མ། ཚེས་༡༡ལ་སེང་སྒང་བསྒྲགས་བང་ལར་སྤྲོ་སངས་བྱས། ཚེས་༡༢། ཚེས་༡༢ལ་རྫོང་གྲྭ་བྷ་བུས་བདུན་ཚིག་རྡོར་སེམས་བྱང་ཆོག་རྒྱས། གསང་ཆོས་སྤྲུལ་སྐུར་སྙིང་ཐིག་ཁྲིད་ཚུགས། ཚེས་༡༤། ཚེས་༡༥ལ་རྡི་ལི་ནས་ནོ་ནོས་སེམས་པྲའི་རྟགས་ཡིག་འབྱོར། བལ་པོ་རང་སློབ་རྨང་ཀན་གྱིས་དངུལ་བཟོས་སྨན་རག་ཕུལ། ཚེ་ལྷ་རྣམ་གསུམ་ཆོ་ག །སྒྲོལ་ཆོག་བཏོན། ཚེས་༡༦ལ་འབྲས་ལྗོངས་ལྷ་ཡུམ་ཞག་ལྔ་ནས་ཕེབས་འོང་སྐད། དངུལ་གྱི་འབྲུ་ཕོར་བརྡུང་སྤྱད་སྤྲད་པ། ཚེས་༡༧ལ་སྟག་རྩེ་ཨེམ་ཆིས་རྫོགས་པ་བྱང་བཞུས། ནེ་གྲོ་སྒང་ཐོག་ཕྱིར་འབྱོར་སྐད། ཀློང་སྙིང་ཐུན་མོང་སྔོན་འགྲོ་གྲུབ། མ་མགོན་ཐུན་གཏོར་སྲོད་ཀྱིི་ཆུ་ཚོད་བདུན་པར་ནས། ཚེས་༡༩ལ་བརྒྱད་བཀྲ་བྷ་བྷོའི་བུ་མོས་ཚེ་སྒྲུབ་ཚོགས་ཕུལ། ཚེས་༡༩ཕྱི་མ་ལ་བྷི་ཛ་ར་ཎའི། ལག་ཡིག་ལྟ་མཁན་བྷི་སི་ན་པཎྜི་ཎས་བལྟས། བསོད་རྒྱལ་ལ་ངག་སྒྲོན་ཁྲིད། ཚེས་༢༠ལ་མཁས་གྲུབ་རྗེའི་དུས་འཁོར་འགྲེལ་ཆེན་ཀུ་ས་རི་ནས་གཡར་བྱུང་བ་ལམ་བལྟས། དབང་ལེའི་སྨད་མན་ཆད་ཞང་ཞུང་ལྷ་དབང་གྲགས་པས་བྲིས། ཚེས་༢༡ལ་བི་མའི་གསོལ་འདེབས་འབུམ་ཐེར་གཅིག་གྲུབ། བྷ་ཉག་རི་ཁྲོད་ནས་ནང་ཆེན་སྤྲུལ་སྐུ་ཨོ་རྒྱན་སྐུ་མཆེད་བསྟན་རྡོར་གཤེགས་བསྔོ་འབྱོར། ཚེས་༢༢ལ་ཧོར་རིན་དར་གྱི་རྫོགས་པ་ཐུགས་ཆེན་བྱང་བཞུས། གོ་འཇོ་བ་དགེ་རྣམ་བྱུང་སྐྱབས་འགྲོ་ལེ་བདུན་རྣམས་ལུང་འདོན་ལ། ཁམས་ཤར་ཕྱོགས་ལ་ལམ་ཟབ་ལེ་བདུན་ལུང་འདོན་ལ་ལི་དམར་པོ་ཕུལ། ཚེས་༢༣ལ་མཆོད་དཔོན་སྟག་རྩེར་ཆུ་ཚོད་༡༢པར་སོང་། ཚེས་༢༤ལ་མཆོད་དཔོན་ཕྱིར་འབྱོར། ཚེས་༢༥ལ་གནས་དགོན་མཆོག་སྤྲུལ་གྱིས་ཐུགས་སྒྲུབ་ཚེ་དམར་སྒྲུབ་པའི་བླ་གཡུ་ཚེ་རིལ་ཞབས་བརྟན་རྣམ་འབྱོར། རག་རྐང་བསོད་བཀྲས་ཞབས་བརྟན་ལེགས་པོ་ཕུལ། ཚེས་༢༦ལ་གཅེན་པོ་སྐུ་གཤེགས་ཀྱིས་དུས་ཚིགས་ལ་རྡོར་སེམས་བྱང་ཆོག་བསྔོ་སྨོན་རྒྱས། ཚེས་༢༦ལ་གཤིན་རྗེའི་བཟློག་པ་ཚུགས། སྙིང་ཐིག་འཕོ་ཁྲིད་བྱས། ཚེས་༢༨ལ་བཟློག་པ་སྤྲེལ་མཇུག་བྱང་སྟོད་ཕུལ། ཚེས་༢༩ཆད། ཚེས་༣༠ལ་དཔོན་སློབ་བཅུ་གཉིས་ཀྱིས་ཚེ་ལྷ་རྣམ་གསུམ་ཆོ་ག་ཚར་གསུམ། ཧོར་ཟླ་༩པའི་ཚེས་༡ལ་ཁྲིད་ཞུ་རྣམས་ལ་ཀུན་བཟང་བླ་མའི་ཞལ་ལུང་འདོན། སྒང་ཐོག་ནས་མཛོད་པ་དང་། དྲུང་ཡིག་གསེར་ཐར་ཚེ་རྡོ་སོགས་འབྱོར། ཚེས་༢ལ་ཞིང་སྐྱོང་སེང་གདོང་བསྐང་བཤགས་བྲིས། གསེར་ཐར་ཚེ་རྣམ་འབྱོར། ཚེས་༣ལ་ཞིང་སྐྱོང་ཀུན་བསྙེན་བྲིས། ཚེས་༤ལ་མཛོད་ཚེ་དཔལ་སྒང་ཐོག་སོང་། གསེར་ཐར་ཚེ་རྣམ་ཡང་སོང་། བདུད་འཇོམས་མཁའ་འགྲོ་གུ་རུའི་གསང་ཕུག་གི་སྒྲུབ་ཆུ་ཁྱེར་བྱུང་། ཚེས་༥ལ་གསེར་ཐར་གཅོད་བླ་ལ་རྒྱལ་ཐང་གཅོད་དབང་དང་ཁྲིད་སོགས་བྱས། བརྒྱད་བཀྲ་བྷ་བྷོའི་དགེ་རྩར་རྡོ་གྲུབ་རིན་པོ་ཆེ་སོགས་དང་རྩ་གསུམ་ཚོགས་ཕུལ། ཚེས་༢༦ལ་རག་སྒང་བསོད་བཀྲ་སྔོན་འགྲོ་ཁྲིད་ཀྱི་ངག་རྒྱུན་བྲིས་པ་ཞུས་དག་ལམ་བཅོས་བྱས། ཚེས་༧ལ་ཞུས་དག་མཐའ་བསྐྱངས། འབྲས་ལྗོངས་ལྷ་འབུམ་སྒང་ཐོག་འབྱོར་སྐད། ཚེས་༨ལ་གོ་འཇོ་བྱང་ཆུབ་ཀྱི་སློབ་དཔོན་ལ་གཟུངས་འབུལ། སྤར་སྨེ་མཁྱེན་རྩེས་མན་ད་ར་བར་མེ་མཆོད་ཀློང་སྙིང་ཡུམ་བཀར་ཁ་བསྒྱུར་མཆན་བུ་མེ་ཉག་རིན་ཆེན་ཟེར་བས་བཏབ། ཚེས་༩ལ་ཨ་མདོ་སྦྱིན་བདག་རྒྱ་མཚོས་སློབ་དཔོན་གཟུངས་འབུལ། སྐུ་དང་བུམ་གཏེར་ལ་རབ་གནས་བལ་པོ་བླ་མ་ཕྱི་སྒར་གྱིས་སྡོད་སར་ཕྱིན་ཚེ་དཔག་མེད་ལ་རབ་གནས། ཨ་མདོ་རྒྱ་མཚོ་རྩར་ཡང་སོང་། ཨ་མདོ་བ་ཡེ་ཤེས་གཟའ་མི་རྩར་ཁྲུས་རབ་གནས་གོར་བརྒྱ་བྱིན། ཚེས་༡༠ལ་རིག་འདུས་ཚེས་བཅུ་དང་འབྲེལ་ཁྲོ་ཆུང་རྒྱལ་མོ་སོགས་མང་ཤས་ལ་རྩ་དབང་བསྡུས་པ་ཚེ་དབང་། མི་ཕམ་ཚིག་བདུན་བླ་རྣམ་ཁྲིད་བཅས་འདོན། ཚེས་༡༡ལ་བཟང་སྤྱོད་ཚར་སུམ་བཅུ་འདོན་ཚེ་གཡང་འགུགས་པའི་བུམ་གཏེར་ཚར་གཉིས་བསྒྲུབ། ཚེས་༡༢ལ་གནོད་སྦྱིན་འཁོར་ལོའི་གཏེར་བུམ་ཚར་གཉིས་འདོན་བསྒྲུབ། ཚེས་༡༣ལ་ཁྲོ་ཆུང་རྡོ་རྗེ་དཔལ་བཟང་སྐོར་དང་། ཕུན་ཚོགས་དབང་མོ་རྣམས་ལ་དྲག་པོ་རྟ་ཁྱུང་དང་། ཐང་རྒྱལ་ཚེ་དབང་བསྐུར། ཚེས་༡༤ལ་ཕུན་ཚོགས་དབང་མོ་རིམ་གྲོ་ཨ་མཆོད་བཅུ་བདུན་གྱིས་འབུམ་ཀློག །མཁའ་འགྲོ་གསོལ་མཆོད་རྣམས་ཀྱིས་སྐལ་བཟང་ཀློག །ཚེས་༡༥ལ་འདིའི་ནམ་གུང་གཡུ་ཐོག་སྲས་ཆུང་གཤེགས། དགོན་པའི་མིང་བསམ་འགྲུབ་དར་རྒྱས་གླིང་བཏགས། བསམ་འགྲུབ་ཟླ་བའི་དགོན་ཆུང་དུ་སོང་། རྩ་གསུམ་དྲིལ་སྒྲུབ་ལ་བསྟེན་པའི་ཁྲུས་རབ་གནས། ཁྲོམ་ལ་ཚེ་དབང་བྱས། སྦྱིན་བདག་རྒད་པོ་འདུག །ཚེས་༡༦ལ་ཆུ་ཚོད་དྲུག་པ་ཡོལ་ཙམ་ལ་གཡུ་སྲས་གཤེགས་པར་རྒྱང་འཕོ་བསྔོ་སྨོན་ནན་ཏན་བྱས། ཚེས་༡༧ལ་རྒྱལ་སྲས་སངས་རྒྱས་རྡོ་རྗེ་ཀ་སྦུགས་ནས་ཞབས་ཐང་གི་དཔོན་གཡོག་གསུམ་འབྱོར། བདུད་འཇོམས་ཕྱག་བྲིས་ཀྱང་ཕེབས། ཚེས་༡༨། ཚེས་༡༩ལ་བུ་ཆུང་གཉིས་དང་ཨ་ནེ་གསུམ་སོགས་སྒང་ཐོག་སོང་། ཚེས་༢༠ལ་བཅའ་ལགས་སྔ་མ་རྣམས་བཏང་། དྲུང་ཡིག་སོགས་སོང་། ཕྱི་དྲོ་ཕྱག་མཛོད་ཚེ་ལུ་སོགས་རྟ་རྒྱུག་བལྟ་བར་སོང་། ཚེས་༢༡ལ་ཕྱག་དྲུག་པའི་གསོལ་ཀ་དང་གཏོར་འབུལ་བྱས། ཚེས་༢༢ལ་བྱ་བྲལ་བ་སངས་རྡོ་སོགས་དང་གནས་ཆོག་བཏང་། ཚེ་ལྷ་མཆོད་ཆོག །ཚེས་༢༣ལ་ཐར་མཁན་རིན་པོ་ཆེ་འཇལ། ལྷ་ཡུམ་དང་མཇལ། རྨུགས་སངས་མཆོག་སྤྲུལ་སྐུ་གཤེགས་སྐད། ཆུ་ཚོད་དགུ་པའི་མགོར་རྡོར་གླིང་ནས་བཏེགས། ཕེབས་བསུ་ཇ་ཞུས་བྱས་སྒང་ཐོགས་འབྱོར། ཚེས་༢༤ལ་འདུག་དལ། ཐར་མཁན་རིན་པོ་ཆེ་མཇལ། ཚེས་༢༥ལ་ནཱ་རོ་མཁའ་སྤྱོད་མའི་བདག་འཇུག །འབྲས་ལྗོངས་ལྷ་ཡུམ་དང་མཇལ། ཚེས་༢༦ལ་འབྲས་སྤྱི་བློན་ཆེན་དེ་ཡི་གྲོགས་པོ་རྒྱ་གར་བ་དབྱིན་ཇིའི་དགེ་གླིང་སཱ་ག་ར་སིདྡྷི་སོགས་དང་ཆོས་མོལ། ཚེས་༢༧ལ་ར་དཀར་གཤགས་ལྷ་ལྕམ་སོང་། གཅུང་འཆི་མེད་བདེ་གཤེགས་ཀྱི་དགོངས་རྫོགས་མཆོག་གླིང་། རྒྱ་སྟོན། གསང་ཆོས་སྤྲུལ་སྐུ། བསོད་རྒྱལ་སོགས་ཀྱི་དབུས་རྡོར་སེམས་རྒྱས་པ། ཚེས་༢༨ལ་རག་སྒང་བསོད་བཀྲ་གསང་ཆོས་སྤྲུལ་སྐུ་སོགས་ལ་རྒྱུད་བླ་དབུ་ཚུགས། འཕྲུལ་ཞིང་དང་། མཆོད་རྟེན་ཆོས་ཁང་། སྐྱེལ་ཚལ་གསར་པ་རྣམས་མཇལ། ཡེ་ཤེས་ཕུན་ཚོགས་ཀྱིས་ཟས་ཁང་གསར་པར་དྲོངས། ཚེས་༢༩ལ་ཀརྨ་ཨོ་རྒྱན་ཤ་ཉེ་སྤྲུལ་སྐུ་བསྟན་རྡོར་གཤེགས་པའི་རྫོགས་པར་རྡོར་སེམས་བྱང་ཆོག །ས་སྐྱ་སྒྲོལ་ཕོའི་ཕྱག་བྲིས་འབྱོར། ཚེས་༣༠ལ་ཇོ་མོ་དཀོན་གཉེར་གྱིས་མ་ལ་རྡོར་སེམས་བྱང་ཆོག་བཏང་། ཧོར་ཟླ་བཅུ་པའི་ཚེས་༡ལ་ལྷ་ཡུམ་དང་ཞལ་ད་བྱས། ཚེས་༢ཆད། ཚེས་༣ལ་ས་སྐྱའི་ཞབས་ཤར་གྱི་མ་ཆོས་བཙུན་འདས་མར་བྱང་ཆོག་བྱས། ཚེས་༤ལ་སྤྲུལ་སྐུ་ཀརྨ་ཨོ་རྒྱན་གྱི་ཡུམ་སྲས་རྣམས་དང་། གདོང་ཐོག་རིན་ཆེན་རྡོ་རྗེ་བྱུང་། ཆོས་གོས་བྱིན་བྱུང་། རྨུགས་སྤྲུལ་གཤེགས་ཚུལ་འབྱོར་འཕོ་བ་རྒྱས་པ། ཚེས་༥། ཚེས་༦ལ་སྤྲུལ་སྐུ་ཨོ་རྒྱན་གྱི་ཡུམ་སྲས་སོགས་ལ་རྩ་གསུམ་དྲིལ་སྒྲུབ་དབང་ལུང་དང་། ལྕེ་བཙུན་སྙིང་ཐིག་གི་རྩ་གཞུང་ལུང་འདོན། ཚེས་༧ལ་རྨུགས་སངས་བདེ་གཤེགས་དགོངས་རྫོགས་ཞི་ཁྲོ་ངན་སོང་སྦྱོང་བ་བཏང་། ཚེས་༨ལ་བཀྲ་ཤིས་རྣམ་རྒྱལ་གྱིས་སྦྱིན་བདག་ཞུས་ནས་བླ་སྤྲུལ་༢༡གིས་རྒྱུད་སྡེ་བཞི་འགྲེལ་སྒྲོལ་མ་བསོགས། ཐར་མཁན་རིན་པོ་ཆེ་ཁྱུགས་བསྐོར་བྱོན་བྱུང་། ཚེས་༩ལ་ངོར་ལུགས་གཏོར་བསྐང་འདོན། ཚེས་༡༠ལ་དཀོན་མཆོག་སྤྱི་འདུས་ཚེས་བཅུ་བཏང་། ཚེས་༡༡ལ་ལྷ་ཡུམ་མཆོག་གླིང་རྒྱ་སྟོན་སོགས། ངོས་ཅག་རྟ་ཐོད་ལ་རྩེར་སོང་བསང་བསྡུས་བཏང་། བྱ་རོག་ལྡིང་བསྐོར་བྱས། མཚོ་ཁར་གསོལ་ཚིགས། མ་ཆེན་འཇོག་མཚམས། ཚེས་༡༢ལ། ས་སྐྱ་སྙན་གྲགས་དང་ལྷན་དུ་མ་ཆེན་ཨ་ཆུང་སོང་། གསང་སྤྱི་ཞལ་ལུང་གི་ལུང་མཆོག་ལྡན་གཙོར་བྱས་ལ་འདོན། ཚེས་༡༣ལ་སྒྲོལ་མ་འབུམ་ཐེར་ཡོན་སྤྲོད་དན་ཚུགས། ཚེས་༡༣ཕྱི་མ་ལ་གསང་སྤྱི་ལུང་གྲུབ། ཚེས་༡༤ལ་མཆོག་སྤྲུལ་སོགས་དང་ལྷན་ཅིག་བསང་རྒྱལ་བརྔག་འདོན། ཚེས་༡༥ལ་ཐར་མཁན་རིན་པོ་ཆེ་སོགས་དང་རག་སྒང་བསོད་བཀྲས་སྦྱིན་བདག་ཞུས་ཏེ་སེམས་བསྐྱེད་སྲོལ་གཉིས། ཚེས་༡༦ལ་མཆོག་གླིང་སྤྲུལ་སྐུ་ཡུམ་སྲས་གཙོས་ཐར་མཁན་རིན་པོ་ཆེ། འབྲས་ལྗོངས་ལྷ་ཡུམ་སོགས་ཐུགས་སྒྲུབ་བར་ཆད་ཀུན་སེལ་སྟ་གོན། ཚེས་༡༧ལ་དངོས་གཞི་དབང་ཆེན། དབང་འབྲིང་། གཏོར་དབང་། ཚེ་དབང་། འདོན་ཆའི་ལུང་ཕལ་ཆེར་འདོན། ཚེས་༡༨ལ་ཞལ་གདམས་སྙིང་བྱང་སོགས་ཀྱི་ལུང་དང་། སྒྲོལ་མའི་དབང་ལུང་། སྒྲོལ་ཆོག་བཅས་ལུང་འདོན། ཚེས་༡༩ལ་སྦྱིན་བདག་ཞིག་ལ་དྲག་པོ་རྟ་ཁྱུང་དབང་། རྡོར་གླིང་བལ་པོ་བླ་མ། རྒ་ཇིས་བླ་མ་དང་། ངག་དབང་མགོན་པོ། ཧོ་ཅོ་ཨ་འཇམ། ཁྲོ་དགའ་སྤྲུལ་སྐུ་སོགས་ལ་དབུ་ལུགས་སེམས་བསྐྱེད། ཚེས་༢༠། ཚེས་༢༡ལ་སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་དབུ་ཚུགས། ཚེས་༢༢ལ་ཐར་མཁན་བྱོན་པས་སླར་སྡོམ་གསུམ་དབུ་ནས་བསྐྱར། རྡོ་གྲུབ་རིན་པོ་ཆེའི་སྐུ་ཚ་བསྙུན་རིམ་ལ་དཔོན་སློབ་བཅུ་གཅིག་གིས་སྨན་ཆོག་ཚར་གསུམ་འདོན། ཚེས་༢༣ལ་མཆོག་གླིང་སྤྲུལ་སྐུ་དང་གྲུབ་མཐའི་འབེལ་གཏམས་ཁ་ཤས་སྣ་ཚོགས་ཀྱི་རྩེད་མོ་བྱས། ཚེས་༢༤ལ་མངའ་རི་ལ་དྭགས་པ་ཡིན་ཟེར་བ་ཁ་ཤས་བྱུང་། ཚེས་༢༥ལ་བཀའ་གདམས་བླ་མཆོད། མཁའ་སྤྱོད་ཚེས་བཅུ་བཏོན། རྨེ་ཤོད་དུ་ཆུ་དམར་ཆེན་པོ་འཕྱུར་བ་རྨིས། ལྷ་ཡུམ་སྟག་རྩེ་ཕེབས་སྐད། ཚེས་༢༦ཆད། ཚེས་༢༧། ཚེས་༢༨ལ་སྡོམ་གསུམ་ཆོས་ཐུན་གྲོལ་ནས་མཁན་རིན་པོ་ཆེ་ངོས་ཅག་སྐུ་འཚམས་གཟིགས་མོར་སོང་བའི་ས་འགུལ་བྱུང་། ཚེས་འདི་ཉིན་ཡིན། ཚེས་༢༩། ཚེས་༣༠ལ་འཇིགས་མེད་སྦྱིན་བདག་གནས་དགེ་ཚང་རྒྱ་གནས་བསྐོར་བའི་བརྟགས་བབས་ཟབ་ཏིག་སྒྲོལ་ཆོག་ཚར་ལྔ་དཔོན་སློབ་བཅུ་གཅིག་གིས་འདོན། ཧོར་ཟླ་༡༡པའི་ཚེས༡ཨ་ཐུག་ཕུན་དབང་ལང་དུ་ཏྲལ་སྐྱེལ། གསོལ་དཔོན་རྡོར་གླིང་དུ་སོང་། སོམས་འགྲེལ་བཤད་ཁྲིད་རྫོགས། གོ་འཇོ་ཐང་སྐྱ་བློ་གསལ་གྱི་མ་ཆོས་སྒྲོན་འཆི་བའི་བདུན་ཚིག་གསུམ་པར་བླ་སྤྲུལ་ཉེར་གཉིས་ཀྱིས་རྡོར་སེམས་བྱང་ཆོག །ཚེས་༢ལ་ཐར་མཁན་རིན་པོ་ཆེའི་རྟེན་འཇལ་གནང་། འབྲུག་སྤྲུལ་སྐུ་ཁྲིད་ཞུ་ཆེད་དུ་ཀ་སྦུགས་ནས་ཕེབས་བྱུང་། ཚེས་༣ལ་ལྕགས་སྦུགས་སྤྲུལ་སྐུ། འབྲུག་གི་སྲས་སྤྲུལ། གླིང་བུ་ཁྲོ་སྤྲུལ་སྐུ་གསུམ་ལ་ཨ་ཏི་ཟབ་དོན་ཁྲིད་དབུ་ཚུགས། ཚེས་༤ལ་ཐར་མཁན་བཞུགས་པའི་ཀོ་ཏྲིར་ཁྱུག་ཙམ་ཕྱིན། ཚེས་༥ལ་ཐར་མཁན་རིན་པོ་ཆེ་སོགས་ངོས་ཅག་ཉི་ཤུ་ཐམ་པས་ཟབ་ཏིག་སྒྲོལ་ཆོག་ཚར་བཅུ་གསུམ་སོང་། ཚེས་༦ལ་ཐུགས་ཆེན་བྱང་ཆོག་ཚར་གཅིག་བཏང་གཙང་ཁ་དཀར་བའི་ཉེ་དུ་ཞིག་གི་དོན་དུ་གཡུ་སྒྲོན་མཆོད་གསོལ་ཚར་གཅིག །ཚེས་༧ལ་གསང་ཆོས་སྤྲུལ་སྐུར་བླ་རྣམ་སྐོར་ལུང་དང་། ཤར་པ་བླ་གྲྭ་ཁ་ཤས་ལ་བདེ་སྨོན་ལུང་གཡུ་སྒྲོན་གསོལ་མཆོད། ཚེས་༨ལ་དཔོན་སློབ་བཅུ་ཐམ་པས་སྨན་ཆོག་ཚར་གཅིག །ཚེས་༩ལ། ཁྲི་ཚོ་མཁན་བློ་གྲོས་བཟང་པོས་འཐུད་ཁྱེར་བྱུང་། གཞན་ཐུབ་བསྟན་ལ་ཆོས་བཤད་ཟེར། ཚེས་༡༠། ཚེས་༡༡ལ་སྐུ་གསུམ་རིགས་འདུས་ཚོགས་ཕུལ་སྐུ་ཞབས་ཁམས་སྤྲུལ་འབྲས་ལྗོངས་ཕྱག་ཕེབས། ཁྲིད་ཞུ་མཁན་གསུམ་དང་། བདེ་རྒྱལ་སྤྲུལ་སྐུ་སོགས་ལ་སྨིན་གླིང་རྡོར་སེམས་དབང་། ཁྲིད་ཞུ་ལ་ཨ་ཏི་ཟབ་དོན་རྩལ་དབང་བསྐུར། ཚེས་༡༢ལ་ཁམས་སྤྲུལ་རིན་པོ་ཆེ་དང་མཇལ་འཕྲད། ཚེས་༡༣ལ་མཆོག་གླིང་སྤྲུལ་སྐུ་རྒྱ་སྟོན་སོགས་གནས་བསྐོར་ཕེབས་སོང་། ཁམས་སྤྲུལ་རིན་པོ་ཆེ་དཔོན་གཡོག་ཚང་མར་ཚེ་དབང་བྱས། ཐར་མཁན་རིན་པོ་ཆེས་ཐང་ལུགས་ཚེ་དབང་དང་། སྒྲོལ་དཀར་སྒོ་ནས་རིང་འཚོ་རྒྱས་པར་གནང་། ཚེས་༡༤ལ་བཀའ་བརྒྱད་གསང་རྫོགས་སྐེག་བཟློག་འདོན། ཁྲལ་ཆོས་བློ་གྲོས་བཟང་པོའི་ཞལ་ངོར་ཐར་མཁན་རིན་པོ་ཆེ་དབུས་མང་ཤས་ལ་ས་འཇམ་སྦགས་སྒྲུབ་འདོན། ཚེས་༡༥ཕུན་ཚོགས་དབང་མོས་ཕྲུ་གུ་གསར་སྐྱེས་ཁྱེར་བྱུང་ཚེ་འགུགས་བཏོན། དཔོན་སློབ་ཉེར་གཅིག་གིས་སྒྲོལ་ཆོག་ཚར་༡༥འདོན། ཨ་ཏིའི་ཁྲིད་ལུང་ཡང་འདོན། ཚེས་༡༦། ཚེས་༡༧ལ་མཁའ་ལས་སྤྲིན་འཇའ་རྒྱ་ཆེ། རྡོ་གྲུབ་སྐུ་ཚ་གཤེགས་པར་བྱང་ཆོག །ཚེས་༡༨ལ་ཀརྨ་རྒྱལ་མཚན་ཁྲོ་གདོང་རིལ་སྤྲུལ་མདུན་འབྱོར་ཞུས་ཕུལ། བདེ་རྒྱལ་སྤྲུལ་སྨྲ་སེང་རྗེས་གནང་དང་ཀུན་མཁྱེན་གྱི་སྒྲུབ་ཐབས་ལུང་། ཚེས་༡༩མངའ་རི་སྤྲུལ་སྐུ་རྒྱ་གནས་བསྐོར་བའི་སྐར་འཛིན། ཚེས་༢༠ལ་བདེ་རྒྱལ་སྤྲུལ་སྐུ་སོགས་ལ་ཀུན་མཁྱེན་གསུང་ཐོར་བུ་ཁ་ཤས་ལུང་བཏོན། མངའ་སྤྲུལ་སོང་། ཨ་ཏིའི་ཟབ་དོན་ཁྲིད་གྲུབ་མངའ་སྤྲུལ་གདོང་རྡོ་གྲུབ་ལ་ཚེ་སྒྲུབ་དཔེ་སོགས་བསྐུར། ཚེས་༢༡ལ། རང་གྲོལ་སྐོར་གསུམ་གྱི་ཁྲིད་ལུང་འཕྲོས་བཏོན། པུ་ཧྲེང་ནས་འཆི་མེད་བླ་མ་ཟེར་བའི་སློབ་མ་ཚེ་དབང་སྒྲོན་མ་ཟེར་བ་ཉི་མ་གཞོན་ནུ་བཤད་པ་ཡིན་ཟེར་བ་བྱུང་། ཚེས་༢༢ལ་བདེ་རྒྱལ་སྤྲུལ་སྐུས་ཞུས་ངོར་ཐར་མཁན་རིན་པོ་ཆེ་སོགས་མང་ཤས་ལ་ལམ་རིམ་ཡེ་ཤེས་ཀྱི་སྙིང་པོའི་བཤད་ལུང་ཚུགས། ཚེས་༢༣། ཚེས་༢༤ལ་ཀ་སྦུག་ནས་སྐུ་ལོ་ནང་འབྱོར། ཚེས་༢༥ལ་ལམ་རིམ་ཡེ་ཤེས་སྙིང་པོའི་བཤད་ཁྲིད་གྲུབ། ཀློང་སྙིང་ཡུམ་བཀའ་ཚོགས་ཀྱིས་གཏང་རག་བྱས། བདུད་འཇོམས་སྲས་ཕེབས་པ་ཚེ་དབང་དང་བླ་རྣམ་དབང་བྱས། ཚེས་༢༦ལ་མཆོད་རྟེན་ཕྱོགས་ཆོས་ཁང་དུ་སོང་། འཁྲུལ་ཞིག་མཇལ་སྐྱབས་རྟེན་ཁྱེར། ཚེས་༢༧ལ་ཆོས་རུག་ཚང་ཤི་སྐད། འབྲི་གུང་གསེར་སྤྲུལ་བྱུང་། ཨ་སྡུག་གཡོགས་པོ་ལྷ་ལྡན་སོང་། ཚེས་༢༨ལ་མཁར་མདོ་སྤྲུལ་སྐུ་སོགས་ཀྱིས་བརྒྱ་བཞི་འདོན། སྐུ་ལོ་རྡོར་གླིང་དུ་སོང་། ར་ཤག་ལྷ་ལྕམ་བྱོན་བྱུང་། ཚེས་༢༩ལ་མཁར་མདོ་སྤྲུལ་སྐུ་སོགས་ཀྱིས། ཟབ་མདོ་བདུད་ཟློག་ངོས་ནས་ཚར་ལུགས་བསྐང་གསོལ་བཏང་། གཡང་ཆོས་སྤྲུལ་སྐུ་ཕ་འབྱོར། ཚེས་༣༠ལ་མཁར་སྤྲུལ་སོགས་ཀྱིས་སྒྲོལ་ཆོག་རྒྱས་པ་གསུངས། ཧོར་ཟླ་བཅུ་གཉིས་པའི་ཚེས་༡ལ་ནད་བཤལ་སྨན་འཐུང་། མགུ་ལོག་ཀུན་དགར་མི་ཕམ་གསང་སྤྱི་ཚུགས། ཚེས་༢ཆད། ཚེས་༣ལ་གསང་སྤྱིའི་ཆོས་ཐུན་མེད། ནད་འཁྲུགས་ཅིང་སྐྱུགས་བཤལ་ཐེངས་ཁ་ཤས་ཀྱི་ཕྱེད་ཡོལ་ནས་ཆད། སྨན་སྦངས། གཡང་ཆོས་སྔགས་པར་ཚེ་དབང་། སྒྲོལ་མའི་རིག་གཏད། ཚེས་༤ལ་བཀའ་འགྱུར་ཀློགས་དབུ་ཚུགས། སྨན་ཆོག་སོགས་བཏོན། ཆུ་ཚོད་ལ་རིན་ཆེན་བཏུང་། ཏིང་འཛིན་རྒྱལ་པོ་བཏོན། ཚེས་༤ཕྱི་མ་ལ་དྲུང་ཡིག་གནས་བསྐོར་ནས་འབྱོར། ངོས་ནས་འཇམ་དཔལ་རྩ་རྒྱུད་བཀླགས། ཨ་ནེ་པད་ལུར་གནམ་ཆོས་ཀུན་རིག་བྱང་དབང་སྦྲེལ། ཚེས་༥། ཚེས་༦ལ་རྒྱལ་བཀའ་རིན་པོ་ཆེ་པོད་ཁ་ཤས་ལས་བཀླགས་གྲུབ། སྐུ་ཡོན་དར་རེ་དང་གོར་ཕྱེད་གཉིས་རེ་ཕུལ། འབྲུག་བླར་ཁྲིད་འདོན། ཚེས་༧ལ་རྒྱལ་བཀའ་ལྷག་མ་པོད་ཁ་ཤས་ཀློགས་པ་བཅུ་གཅིག་སྐོར་གྱིས་བཀླགས། ཚེས་༨། ཚེས་༩ལ་འབྲུག་པ་བླ་མར་སྔོན་འགྲོའི་ཁྲིད་ལེའུ་ཚན་ཞོག །ཚེས་༡༠ལ་མཚོ་སྐྱེས་སྙིང་ཐིག་གིས་ཚེས་བཅུ། ཚེས་༡༡འབྲུག་བླ་མ་བསོད་ནམས་བཟང་པོ་དཔོན་གཡོགས་རྣམས་འབྱོར་བ་རིགས་འདུས་ཚེ་དབང་། འཇམ་དབྱངས་སྐུ་བྱིན་བྱུང་། ཚེས་༡༢ལ་གསང་སྤྱི་ཞོག །བསོད་ནམས་བཟང་པོ་ལྕེ་བཙུན་སྙིང་ཐིག་གི་དབང་རྩ་གཞུང་ལུང་། གསང་ཐིག་ཕུར་དབང་འདོན། བླ་མ་བྱོན་སོང་། ཚེས་༡༣ལ་འབྲུག་རང་སློབ་པདྨ་ཚེ་དབང་སོགས་ལ་གསང་སྙིང་སྤུ་གྲིའི་དོན་དབང་ལུང་འདོན། ཚེས་༡༤ལ་དགོན་སྡེ་དྲུང་ཡིག་གི་བུ་ཆུང་ཤི། ལུང་འཕྲོས་རྣམས་འདོན། རྡོ་རྗེ་གླིང་ནས་མེ་ཉག་བླ་མ་འདས། ཚེས་༡༥ལ་རབ་གནས་གཞི་བསྒྲིགས། མེ་ཉག་བླ་མར་འཕོ་བ་རྒྱས། དུར་བདག་གསོལ་ཀ་གཞུང་ནས་འདོན་དགོས་ཕེབས་བཞིན་བཏོན། ཚེས་༡༦ལ་ཐར་མཁན་རིན་པོ་ཆེ་སོགས་དཔོན་སློབ་བཅུ་དྲུག་གིས་རབ་གནས་འཚོགས་སྟ་གོན། ཚེས་༡༧ལ་དངོས་གཞི་འཐོར་ནས་ཕོ་བྲང་ནང་དུའང་སོང་། རྒྱས་སྦྱིན་བླུགས། པྲ་ཛྙ་འབྱོར། ཚེས་༡༨ལ། ཚེས་༡༩ལ་ཨ་འཇམ་ཞུས་ངོར་ཐར་མཁན་རིན་པོ་ཆེའི་དབུས་འབྲུག་པདྨ་ཚེ་དབང་སོགས་ཁ་ཤས་ལ་མགོན་པོ་ཕྱི་ཁྲིད་ཚུགས། ཚེས་༢༠ལ་རྡོ་གྲུབ་རིན་པོ་ཆེའི་སྐུ་ཚའི་རྫོགས་པ་ཁེལ་ཐུགས་ཆེན་བྱང་ཆོག་བྱས། ཚེས་༢༡ལ་ཚེ་འདས་རྣམས་ལ་བྱང་ཆོག་བྱས། ཚེས་༢༢ལ་ཚེ་འདས་རྣམས་ལ་བྱང་ཆོག་ཚར་གཅིག །ཚེས་༢༣ལ་ཚེ་དཔལ་ཀ་སྦུགས་སོང་། ཚེས་༢༤ལ་བླ་མ་ཀར་ལུ་ཕྱག་ཕེབས། ཚེས་༢༥ཆད། ཚེས་༢༦ལ་ཀར་ལུ་དང་མལ་མགོན་ཁྲིད་ཞོག །ཚེས་༢༧ལ་བླ་མ་ཀར་ལུ་ལས་ནི་གུའི་སྨོན་ལམ་དང་། ནི་དྷི་གཉིས་ཀྱི་ཚེ་སྒྲུབ། ཧོ་ཆོའི་ཞབས་དྲུང་དགོངས་རྫོགས་ཐར་མཁན་ངོས་དཔོན་སློབ་ཀྱིས་རྣལ་འབྱོར་མའི་ཆོ་ག །ཚེས་༢༨ལ་རྒྱ་བྱང་ཆུབ་རྡོ་རྗེ་བྱུང་། མཁན་སྤྲུལ་རྣམས་དབུས་མང་ཤས་ལ་བཀའ་ཐང་ཤེལ་བྲག་ལུང་བཏོན། ཚེས་༢༩ལ་བྱང་ཐེར་སོང་། རད་ཕུར་གསང་སྒྲུབ་སྐོངས་བཟློག་དང་དངོས་རོལ་རྒྱས་པ་འདོན། ཚེས་༣༠ལ་འབྲུག་པ་མང་ཤས་ལ་རིག་འདུས་རྩ་དབང་བསྐུར། ཐུགས་ཆེན་བྱང་ཆོག །ཧོར་ཟླ་དང་པོའི་ཚེས་༡ལ་ཐར་མཁན་རིན་པོ་ཆེ་སོགས་སྤྲུལ་སྐུ་རྣམས་ལ་གསོལ་ཚིགས་སོགས་ཕུལ། ཁྲི་ཚོ་མཁན་པོ་དང་མདོ་སྲིབ་ཨ་བཀྲ་བཅས་ཀྱིས་རིག་ལམ་བཏང་། ཚེས་༢ལ་རྡོ་གྲུབ་རིན་པོ་ཆེ་ལ་ཞལ་ལྷག་ཕུལ། ཡ་བུ་ཤེས་རབ་ལ་ཚེ་དབང་། ཚེས་༣ལ་འབྲུག་བུམ་ཐང་བ་ཁ་ཤས་ལ་ཆོས་དབྱིངས་མཛོད་སོགས་ལུང་འདོན། འཇམ་མགོན་མི་ཕམ་རིན་པོ་ཆེའི་ལྷ་མོའི་གསོལ་བསྐངས་རྒྱས་པར་བཏང་། ཨ་སྡུག་ནས་གསོལ་ཚིག་འདྲེན། ཚེས་༤ལ་ལ་ཆུང་རྫོང་མགོའི་གུ་རུ་གསེར་ཟངས་ལ་རབ་གནས་བྱས། ཚེས་༥ལ་འདུག་དལ་གཡོན་རུ་སྟོབས་རྒྱལ་འདས་པའི་རྫོགས་པར་བྱང་བཞུས་སྨོན་ལམ་བྱས། ཚེས་༦། ཚེས་༧། ཚེས་༨ལ་འཆི་མེད་འཕགས་མའི་སྦྱིན་སྲེག་ཁྲི་གཅིག །ཚེས་༨ཕྱི་མ་ལ་བྱང་ཆོག་བྱས། སྒྲོལ་དཀར་རྒྱས་སྦྱིན་ཁྲི་གཅིག་ལྷག་ཁྱོན་དཔོན་སློབ་བཞིས། ཁྲི་ལྔ་སོང་ཚོད། ཚེས་༩ལ་ཨ་ནེ་པད་ལུས་རིམ་གྲོ་བཀའ་ཐང་སྒྲོགས། ཚེས་༡༠ལ་ར་གཤག་ས་དབང་སྐུ་མཆོད་ཐུགས་སྒྲུབ་བླ་མཆོད་དཔོན་སློབ་བཅུ་གསུམ་གྱིས་འཚོག །དབྱིན་ཇི་དགྲོ་ཡི་བར་དང་། ཞུ་ནུ་བ་སོགས་ལ་རིགས་འདུས་ཡབ་བཀའ་ཡུམ་བཀའ་བསྐུར། ཚེས་༡༡ལྷ་ཡུམ་བཀྲ་ཤིས་ལྡིང་དུ་ཕེབས་སོང་། ཚེས་༡༢ལ་དབྱིན་ཇི་དང་། ཞུ་ནུ་སོགས་ལ་སྒྱུ་འཕྲུལ་ཞི་ཁྲོ་ཟངས་བྱང་མ་བསྐུར་གསང་སྙིང་ལུང་བཀླག །འབྲུག་ཨ་ནེ་ཆོས་བསྒྲོན་བརྒྱུད་སྐྱབས་བརྟེན། ཚེས་༡༣ལ་དབྱིན་ཇི་དང་ནོར་འཛིན་སོགས་ནས་ཚོགས་མཆོད་དགོས་ཟེར་བ་རིགས་འདུས་ཚོགས་ཕུལ། ཚེས་༡༤ལ་འབྲས་སྤྱི་བློན་ཆེན་བྱུང་། སེམས་དོན་དོགས་གཅོད། སྒྲོལ་ཆོག་ཚར་བརྒྱད་ཅུ། ཚེས་༡༥ལ་ལྕགས་སྦུག་སྤྲུལ་སྐུ་སོགས་དང་། མེ་ཉག་སྐུ་ངོ་རྣམས་ལ་བླ་མ་སྨྲ་སེང་དབང་ལུང་འདོན། འབྲས་ལྗོངས་ལྷན་རྒྱས་འཚོགས་སྐད། ཚེས་༡༦ལ་དབྱིན་ཇི་དང་། ཞུ་ནུ་བ་སོགས་ལ་དཔལ་འདུས་དབང་དང་། ཀློང་སྙིང་སྐོར་གྱི་ལུང་། ཚེས་༡༧ལ་ཀློང་སྙིང་ཁྲིད་སྐོར་ལྗགས་ལུང་། ཚེས་༡༨ལ་ཁྲིད་སྐོར་ལུང་འཕྲོས། ཚེས་༡༩ལ་ཟབ་ཏིག་སྒྲོལ་ཆོག་ཚར་བདུན་བཅུ། ཚེས་༢༠ལ་ལུང་གྲུབ། གོང་མའི་སྐུ་མཆོད་མཁའ་འགྲོ་གསང་འདུས་བཅའ་གཞི། ཉིན་དང་པོར་ཚོགས་བརྒྱ་དང་། མཆོད་མེ་བཞི་བརྒྱ། ཉིན་རྗེས་མ་རྣམས་ལ་ཚོགས་ལྔ་བཅུ་དང་། མར་མེ་སུམ་བརྒྱ་འགྲོ་ངེས་ཕུལ། ཚེས་༢༡ལ་རྒྱ་སྟོན་སྤྲུལ་སྐུ་སོགས་ཆོག་རོག་བཅོ་ལྔ་སྐོར་ནས་མཁའ་འགྲོ་གསང་འདུས་ཚུགས། མཆོད་སྐོང་བྱེ་བྲག་པ་རྣམས་དང་། སྙིང་ཐིག་འཁྲུགས་སྐོང་དང་། བསྐང་མདོས་སོགས་བཏང་བ་ཉིན་བཞིན་རྒྱས་པར་བཏང་། ཚེས་༢༢ལ། འདིས་བར། འདི་མན་ཆད་རྣམ་ཐར་ནང་ལ་འགྲོ་དགོས་ལགས། ཞེས་པའི་མཆན་བུ་འདུག །ཚེས་༢༣ལ་སྡོམ་པས་ཚོགས་བཞི་བརྒྱ་ལྔ་བཅུ་མར་མེ་ཆིག་སྟོང་བདུན་བརྒྱ་ལྷག་སོང་། གནམ་མཚོ་དོ་སྐྱ་སྤྲུལ་སྐུ་དཔོན་གཡོགས་བྱུང་། ཚེས་༢༤། ཚེས་༢༥ལ་བསྙུན་ཁམས་ལྕི། ཚོགས་ཉིས་བརྒྱ་མར་མེ་བཞི་བརྒྱ་ལྷག །ཚོགས་བརྒྱ་མཁའ་འགྲོ་བསྟོད་སྐུལ་སོགས་རྒྱས་པར་བཏང་མཁའ་འགྲོ་གསང་འདུས་གྲུབ། ཚེས་༢༦ལ་བསྙུན་ཁམས་ལྕི། སློབ་ཚོགས་རྣམས་ནས་འཁོས་བསྟུན་ཞལ་འདེབས་ཀྱིས་ཞབས་བརྟན་བཅའ་གཞི་སྒྲིགས། རྒྱ་སྟོན་དཔོན་སློབ་ནས་གཅོད་ཚོགས། ཚེས་༢༧ལ་ཐར་རྩེ་མཁན་པོ་དབུར་བཞུགས་ཀྱི་སྒྲོལ་མ་གཡུལ་མདོས། ཀླུ་ལྡིང་མཁན་པོ་དབུར་བཞུགས་ཀྱིས་ཚེ་ལྷ་རྣམ་གསུམ་མཆོད་ཆོག་ཚུགས། ཚེས་༢༨ལ་གཡུལ་མདོས། ཚེ་ཆོག །ཚེས་༢༩ལ་བླ་གྲྭ་ཁ་ཤས་ནས་བརྒྱ་བཞི་དང་བདུད་ཟློག །གཡུལ་མདོས་བོར། ཚེ་ཆོག་གྲུབ། གཡོན་རུ་བླ་མ་བྱུང་། ཚེས་༣༠ལ་ཞབས་བརྟན་ཁག་གཉིས་གཅིག་ཏུ་དྲིལ་ནས་སྒྲོལ་ཆོག །རྒྱ་སྟོན་སྤྲུལ་སྐུའི་གཅོད་ཚོགས་གྲུབ། ཧོར་ཟླ་གཉིས་པའི་ཚེས་༡ལ་མཁན་ཁག་གཉིས་སོགས་བླ་སྤྲུལ་བཅུ་གསུམ་སྐོར་ནས་མཎྜལ་རྟེན་གསུམ་ཕུལ། སྒྲོལ་ཆོག་དང་། རྩ་གསུམ་དྲིལ་སྒྲུབ་ཚོགས་སྐང་། ངོར་སྐོང་གསུངས་ནས་གྲུབ། བསོད་རྒྱལ་སོགས་དཔོན་སློབ་བརྒྱད་ཀྱིས་སེང་གདོང་ཚུགས། བསྙེན་པ་གཙོར་འདོན། ཚེས་༢ལ་བསྙེན་པ་གཙོར་འདོན། སློབ་ཚོགས་བྱིང་ནས་གནས་ཆོག་བསུར། གཏོར་མ་བརྒྱ་རྩ་སོགས་གསུངས། ཚེས་༣ལ་བསྙེན་པ་གཙོར་བཏོན། ཚེས་༤ལ་སྒྲུབ་སྔགས་གཙོར་བཏོན། ཚེས་༥ལ་སྒྲུབ་སྔགས་གཙོར་བཏོན། ཚེས་༦ལ་སྒྲུབ་སྔགས་གཙོར་བཏོན། ཚེ་སྒྲུབ་ཐུན་༡བཏང་། ཞི་སྦྱིན་སྟོང་ཕྲག །ཚེས་༧ལ་སྒྲུབ་སྔགས། ཚེ་སྒྲུབ། ཁྲུས་བུམ་སྒྲུབ། ཚེས་༨ལ་སྔ་དྲོ་སུན་ཟློག་དང་འབྲེལ་བརྟན་བཞུགས་ཕུལ། ཕྱི་དྲོ་ཚོགས་བརྒྱ་གཏོར་བཟློག་དྲགས་སྦྱིན་བཅས་ཀྱི་གྲུབ། ཚེས་༩ལ་འབར་ཉག་ཨ་ཐིང་བྱུང་། བཀྲ་རྣམ་ཀ་སྦུགས་སོང་། ཚེས་༡༠ལ་རྩ་གསུམ་དྲིལ་སྒྲུབ་ཚོགས། ཀ་སྦུག་བདུད་འཇོམས་རིན་པོ་ཆེས་རྟེན་གསུམ་ཞབས་བརྟེན་གནང་བར་སྐྱེས་ལེན་ཕུལ། ཚེས་༡༡ལ་རྒྱ་སྟོན་དཔོན་སློབ་ནས་ཚེ་སྒྲུབས་ཐབས་ཤེས་ཁ་སྦྱོར་ཚུགས། ལྷ་ལྡན་ནས་རྒྱ་མིའི་འཁྲུགས་ཟིང་བྱས་སྐད། ཚེས་༡༢ལ་བཀྲ་རྣམ་འབྱོར། ཚེས་༡༣ལ་ཐམས་ཅད་མཁྱེན་པ་དབུ་ཐོན་ཡོད་སྐད། ཚེས་༡༤། ཚེས་༡༥ལ་རྒྱ་སྟོན་དཔོན་སློབ་ནས་ཚེ་སྒྲུབ་གྲུབ། ཚེས་༡༦། ཚེས་༡༧། ཚེས་༡༨། ཚེས་༡༩། ཚེས་༢༠། ཚེས་༢༡། ཚེས་༢༢། ཚེས་༢༣། ཚེས་༢༤ཆད། ཚེས་༢༥ལ་གསང་ཐིག་ཡུམ་བཀའི་ཚོགས་ཕུལ། ཚེས་༢༦ལ་རྣམ་རྒྱལ་སྟོང་མཆོད་བཅའ་གཞི། ཐམས་ཅད་མཁྱེན་པ་རྒྱ་གར་ས་ཐོག་ཕེབས་ཡོད་སྐད། ཚེས་༢༧ལ་མཁན་སྤྲུལ་རྣམ་ནས་རྣམ་རྒྱལ་སྟོང་མཆོད། སྐུ་བསྙུན་འཁྲུགས། ཚེས་༢༨། ཚེས་༢༩ལ་མཆོག་གླིང་སྤྲུལ་སྐུའི་དབུས་བླ་སྤྲུལ་དཔོན་སློབ་ཉེ་བརྒྱད་སྐོར་ནས་འཕགས་མའི་སྙིང་ཐིག་གི་སྒྲུབ་ཆེན་འཚོགས་རྒྱུའི་བཅའ་གཞི་བསྒྲིགས། ཚེས་༣༠། ༡༩༥༩ལོར། རབ་བྱུང་༡༦པའི་ས་ཕག་ལོའི་ལོ་ཐོ། ཧོར་ཟླ་གསུམ་པའི་ཚེས་༡ལྷག་ཕྱི་མ་ལ་འཕགས་མའི་སྙིང་ཐིག་གི་སྒྲུབ་ཆེན་འཚོགས་རྒྱུའི་སྣ་སེལ་རིགས་བསྒྲུབས། ཚེས་༢ལ་སྒྲུབ་ཆེན་ས་སྟ། ལྷ་ཡུམ་ནས་སྦྱིན་བདག་ཞུས་ཏེ་འཁྲུལ་ཞིག་རིན་པོ་ཆེ་དང་རྒྱ་སྟོན་སྤྲུལ་སྐུའི་དཀོན་སྤྱིའི་སུན་བཟློག་དང་འབྲེལ་བརྟན་བཞུགས་ཕུལ། ཚེས་༣ལ་སྔ་དྲོ་རྒྱན་བཀོད་དང་། ཕྱི་དྲོ་དངོས་གཞི་ཉིན་དང་པོ། ཚེས་༤། ཚེས་༥། ཚེས་༦། ཚེས་༧། ཚེས་༨། ཚེས་༩ལ་ཞི་སྦྱིན། ཚེས་༡༠ལ་རྒྱས་སྦྱིན་བཅས་སྒྲུབ་པ་གྲོལ། དངོས་གྲུབ་ལེན་ཆོག་དང་བསྒྲག་མཆོག་གླིང་རྒྱ་སྟོན་གཉིས་ནས་རྟེན་བཞུགས་ཕུལ། གྲུབ་ཐོབ་ཐུགས་ཏིག་གི་བླ་སྒྲུབ་ཚོགས་གཅིག་བརྒྱ་བརྒྱད། ཚེས་༡༡ཐམས་ཅད་མཁྱེན་པ་ཤི་ལི་རྒུ་རིར་ཕེབས། འབྲས་ལྗོངས་རྒྱལ་སྲས་ལྷ་ཡུམ། འབྲས་སྤྱི་བློན་ཆེན་ངོར་པའི་མཁན་ཁག་སོགས་བླ་སྤྲུལ་རིགས་མཇལ་དར་ལ་བཅར། མཛོད་ཚེ་དཔལ་ངོ་ཚབ་ལ་བཏང་། ཚེས་༡༢། ཚེས་༡༣། ཚེས་༡༤ལ་ཨེམ་ཆི་ཀུ་ལོ་སོགས་ནས་མནོལ་བསང་། ཚེས་༡༥ལ་དུས་འཁོར་མཆོད་ཆོག་གསུངས། སྐུ་ལོ་སོགས་ནས་རད་ཕུར་སྐོང་ཟློག་ཚུགས། ཚེས་༡༦། ཚེས་༡༧ཆད། ཚེས་༡༨ལ་སྐོང་ཟློག་བོར། ཚེས་༡༩ལ་ཀུ་ལོ་སོང་། ཚེས་༢༠། ཚེས་༢༡ལ་ཀ་སྦུག་ནས་ཁམས་སྤྲུལ་རིན་པོ་ཆེ་དཔོན་གཡོགས་འཁྱུག་སྐོར་ཕེབས་པ་མཇལ་ཁ་འཕྲད་གསུངས། བརྟགས་བབ་གཤིན་རྗེའི་བཟློག་པ་གསུང་དགོས་རྒྱུའི་སྙན་གསན་ཞུས། ཚེས་༢༢ལ་རྒྱ་སྟོན་སྤྲུལ་སྐུ་དང་། ཕུ་གདོང་དགོན་གྱི་བླ་མ་ནས་འབྲས་གཞུང་ཞབས་བརྟན་གྲོ་ལོད་ཡས་ཟོར་ཚུགས་སྐད། ཚེས་༢༣ལ་ཁམས་པའི་མཆོད་དཔོན་གཉིས་འབྱོར། ས་སྐྱ་བདག་ཆེན་རྗེ་བཙུན་འཆི་མེད། རྡོ་གྲུབ་རིན་པོ་ཆེ། བདུད་འཇོམས། སངས་རྒྱས་རྡོ་རྗེ་རྣམས་ལ་སོ་སོར་ཞབས་བརྟན་སྐྱབས་ཞུས་ཁག་ཕུལ། ཚེས་༢༤ལ་སྐུ་ཞབས་ཁམས་སྤྲུལ་རིན་པོ་ཆེ་རྡོ་རྫོང་སྤྲུལ་སྐུ་སོགས་དཔོན་སློབ་བརྒྱད་ནས་གཤིན་རྗེ་ཁྲོ་བཅུའི་གཏོར་ཟློག་ཚུགས། ཁམས་སྤྲུལ་ལས་འབྲུགས་ལུགས་དྲག་པོ་ཀཱི་ལ་ཡའི་དབང་རྐྱེན་སེལ་ཞུས། ཚེས་༢༥ལ་མཁའ་འགྲོ་གསང་འདུས་ཚོགས་ཕུལ། ཚེས་༢༦། ཚེས་༢༧། ཚེས་༢༨ལ་ཁམས་སྤྲུལ་ནས་གཏོར་ཟློག་བོར། ཚེས་༢༩ལ་རྒྱ་སྟོན་ནས་འབྲས་གཞུང་གྲོ་ལོད་ཟོར་གཏོར་བོར་སྐད། ཁྲོ་བཅུའི་ཚོགས་བསྐང་དང་། ལྷ་མོ་དུད་སོལ་མའི་གཏོར་བརྒྱ། ཚེས་༣༠དཀོན་སྤྱིའི་ཚོགས་སྐོང་དང་སུན་བཟློག །ཧོར་ཟླ་བཞི་པའི་ཚེས་༡ལ་ཁམས་སྤྲུལ་ནས་དཀོན་སྤྱིའི་སྒོ་ནས་སུན་ཟློག་དང་འབྲེལ་ཞབས་བརྟེན་དང་། ཚེ་དབང་ཚར་བཅུ་ཕུལ། སྐུ་ཡོན་བརྟབས་ཁམས་སྤྲུལ་ཕྱིར་ཕེབས་སོང་། རྡོ་གྲུབ་རིན་པོ་ཆེ་ཕེབས། ཚེས་༢། ཚེས་༣ལ་རྡོ་གྲུབ་ནས་ཡུམ་བཀའི་མེ་མཆོད་དང་། སྒྲོལ་མའི་དུག་དབྱུང་མཛད། ཚེས་༤ལ་ངོར་པའི་མཁན་ཁག་དང་། ཞབས་དྲུང་གཉིས། དཔོན་སློབ་གཅིག །མཆོག་གླིང་རྒྱ་སྟོན་སོགས་བླ་སྤྲུལ་མཁན་སློབ་ཉེར་གཉིས་ཀྱིས་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་སྒོ་ནས་སུན་བཟློག་བརྟན་བཞུགས་དང་འབྲེལ་ཞབས་པད་བརྟན་པའི་ཞུ་བ་ནན་ཏན་ཕུལ། ཚེས་༥སྔོན་མ་ལ་ཡུམ་བཀའི་མེ་མཆོད་སོགས་གྲུབ། ཚེས་༥ཕྱི་མ་ལ་མཁར་མདོ་དང་། མངའ་རི་སྤྲུལ་སྐུ་སོགས་ནས་ཕྱོགས་བཞིའི་འབར་མའི་གཏོར་ཆེན་བཏང་། ཚེས་༦ལ་སྒྲོལ་མའི་ས་སྐྱ་ཁྲི་ཆེན་ཕེབས་པར་འཇལ་དར་དང་། གསོལ་ཇ། ཞལ་འབྲས་སོགས་བཏབས། མངའ་རིས་སྤྲུལ་སྐུ་བླ་མ་ཤེས་རྒྱ་སོགས་ནས་གཏོར་བསྔོ་འབུམ་ཐེར་ཚུགས། ཚེས་༧ལ་རྗེ་བཙུན་སྐུ་ཆུང་དང་། བདུད་འཇོམས་གསང་ཡུམ་སྐུ་བསྒྲེས། ནོར་འཛིན་བཅས་ནས་སྦྱིན་བདག་ཞུས་ཏེ་རྡོ་གྲུབ་རིན་པོ་ཆེ་དབུར་བཞུགས་དཔོན་སློབ་ཉེར་ལྔ་སྐོར་ནས་སྙིང་ཐིག་རྩ་གསུམ་ཚོགས་འབུམ་ཐེར་ཞབས་བརྟན་ཚུགས། ཚེས་༨ལ་ས་སྐྱ་ཁྲི་ཆེན་དང་འཇལ་འཕྲད་ཞབས་པད་བརྟན་དགོས་ཀྱི་གསུངས་ནན་གང་ཟབ་ཕུལ། ཚེས་༩ལ་མཆོག་གླིང་ནས་ཕ་རོལ་རྒོལ་འཇོམས་ཀྱི་ཟོར་དང་འཆི་བསླུ་སོགས་བཏོན། ཚེས་༡༠ཆད། ཚེས་༡༡། ཚེས་༡༢ལ་ཞབས་བརྟན་ཚོགས་འབུམ་ཐེར་གྲུབ་སྦྱིན་བདག་ནས་བརྟན་བཞུགས་རྟེན་གསུམ་བཞུགས་གདན་སོགས་ཕུལ། ཚེས་༡༣། ཚེས་༡༤། ཚེས་༡༥ལ་ས་སྐྱ་ཁྲི་ཆེན་ནས་ཚེ་དབང་དགུང་གྲངས་དང་བརྟན་བཞུགས་འབུལ་བ་དང་འབྲེལ། ཞབས་པད་ཡུན་བརྟན་དགོས་ཀྱི་གསུང་ནན་ཕུལ། དཔོན་གཡོགས་མང་མར་ཚེ་དབང་ཚར་གཅིག་གནང་། རྒྱུན་སྡོད་ཞབས་གྲྭ་དང་སྐུ་ངོ་རྣམས་ནས་ཚེ་ལྷ་རྣམ་གསུམ་མཆོད་ཆོག་ཚར་གསུམ་བཏང། མར་མེ་བརྒྱ་རྩ་བཞི་ལྷག་སོགས་མཆོད་པ་གང་རྒྱས། ཚེས་༡༦ལ་རྡོ་གྲུབ་རིན་པོ་ཆེ་ནས་མ་མགོན་འཁྲུགས་སྐོང་མཛད། ཚེས་༡༨། ཚེས་༡༩། ཚེས་༢༠། ཚེས་༢༡ལ་ས་སྐྱ་བདག་ཁྲི་རིན་པོ་ཆེའི་མདུན་ནས་འཇམ་དཔལ་ཨ་ར་པ་ཙ་ན་དང་། གསེར་ཆོས་ཁྱུང་ཁྲའི་རྗེས་གནང་བྱབ་ཁྲུས་གཏོར་དབང་བཅས་རྫོགས་ལུགས་ནས་བརྒྱུད་པ་རྐྱེན་སེལ་དུ་གསན། འདི་ནས་དྲུང་ཡིག་ཕྱག་བྲིས་རེད་འདུག་མཆན། ཚེས་༢༢། ཚེས་༢༣ལ་ཀླུ་ལྡིང་མཁན་རིན་པོ་ཆེ་སྒྲོལ་དཀར་བྱབ་ཁྲུས་དང་། འབྱུང་འདུལ་རྗེས་གནང་ཕུལ། ཚེས་༢༤ལ་ཁོང་གསར་མཁན་པོ་ལས་སེང་སྒྲའི་རྗེས་གནང་དང་། གདོན་གྲོལ་གསན། ཚེས་༢༥ལ་དགོངས་མོ་ཆུ་ཚོད་བརྒྱད་ཡོལ་རྩམ་ནས་ཀརྨ་པ། སྐུ་ཞབས་སི་ཏུ་རིན་པོ་ཆེ་སོགས་དཔོན་གཡོགས་བརྒྱད་ཅུ་ནང་ཕེབས་སྐད་ཡུམ་བཀའི་ཚོགས། དགོང་མོ་ཆུ་ཚོད་དགུ་ཙམ་ལ་ས་གཡོ་ཆེ་ཙམ་བྱུང་། ཚེས་༢༦ལ་ཀརྨ་པ་སྐུ་ཞབས་སི་ཏུ་འབྲུག་དབང་མོ་སོགས་ལ་མཇལ་འཕྲད། ཚེས་༢༧ལ་བསྙུན་ཁམས་རིམ་ལྕི། ཚེས་༢༨། ཚེས་༢༩ལ་ཐར་རྩེ་མཁན་པོ་ནས་རྣམ་འཇོམས་རྗེས་གནང་དང་བྱབ་ཁྲུས་བྱས། རྒྱ་སྟོན་སྤྲུལ་སྐུས་དམ་སྲི་གླུད་མདོས། ཚེས་༣༠། ཧོར་ཟླ་ལྔ་པའི་ཚེས་༡། ཚེས་༢ལ་ས་སྐྱ་བདག་ཆེན་ནས་སེང་གདོང་བྱད་འགྲོལ་དང་ཞལ་དཀར་པོ་ཚེ་འཕེལ་རྗེས་གནང་མཛད། ཚེས་༣ལ་བསྙུན་ཁམས་ཤིན་ཏུ་ལྕི་བར་ས་སྐྱ་བདག་ཆེན་དང་། ཀརྨ་པའི་མདུན་ནས་ཞབས་པད་བརྟན་དགོས་ནན་ཏན་ཕུལ། སློབ་འབངས་བྱིང་ནས་དམ་ཚིག་རྡོ་རྗེའི་བསྒོམ་བཟླས་དང། ཚེ་མདོ་གཟུངས། ཀླུ་ལྡིང་མཁན་པོ་ནས་ཞལ་གྱི་སྐང་གསོ། མཆོག་གླིང་ནས་ཚེ་རིང་མའི་སུན་ཟློག །དམ་སྲི་གླུད་མདོས། མཁའ་འགྲོའི་གྲིབ་སེལ་དང་སུན་བཟློག །སྨེ་བརྩེགས་བྱབ་ཁྲུས་སོགས་རིམ་པར་ཕུལ། ཐར་མཁན་དཔོན་སློབ་ནས་རྣམ་འཇོམས་སྦྱིན་བསྲེགས་བླུགས། རྒྱལ་སྲས་བླ་མ་དང་ལྷ་ཡུམ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་རྒྱ་བོད་སྨན་པ་རྣམས་ཀྱིས་བསྙུན་ཁམས་ཞིབ་འཇལ་ཞུས་པར་ཕྱག་རྩ་སོགས་ལ་སྐྱོན་མེད་ཚུལ་བཤད། ཚེས་༤ལ་བདག་ཆེན་མདུན་ནས་དམ་སྒྲིབ་ཉེས་སེལ་སྦྱིན་སྲེག །འཁྲུལ་ཞིག་སྐུ་མདུན་ཕེབས། ཚེས་༥ལ་སྦྱིན་སྲེག་གྲུབ། ཀརྨ་པའི་མདུན་ནས་དཀོན་སྤྱིའི་ཚེ་དབང་དང་། ས་སྐྱ་བདག་ཆེན་མདུན་ནས་ཐང་རྒྱལ་ཚེ་དབང་བརྒྱ་རྩ་ཕུལ། མཁན་ཁག་གསུམ་དང་རྒྱ་སྟོན་ནས་རྡོ་རྗེ་རྣམ་འཇོམས་བྱབ་ཁྲུས་ཕུལ། ཚེས་༦ལ་མཚན་སྟོད་ཆུ་ཚོད་གསུམ་ཙམ་ནས་དགོངས་པ་ཞི་དབྱིངས་སུ་གཞོལ་བར་བཏགས་གྲོལ་གླེག་བམ་འཁོར་ལོ་སོགས་ཕུལ། ས་སྐྱ་བདག་ཁྲི་དང་རྡོ་གྲུབ་སྤྲུལ་སྐུ་ཐུགས་སྨོན་གསོལ་འདེབས་སོགས་ཞུས་པར་ཕེབས་གཞན་ལ་གསང་རྒྱ་བྱས། ཞབས་བརྟན་རྡོར་སེམས་ཚོགས་འབུམ་དང་ས་སྐྱ་བདག་ཁྲིའི་ཕུར་པའི་སྲི་གནན་ཁག་དང་ཞག་གྲངས་སུམ་ཅུ་སྐོར་མཆོད་ཆོག་འཛུག །ཚེས་༧ལ་ཚེ་མདོ་བསགས་མཁན་རྣམས་ལ་ཡི་གེ་བརྒྱ་པ་སྟོན་བཅུག །རྡོར་སེམས་ཚོགས་འབུམ་དང་། དམ་ཚིག་རྡོ་རྗེའི་བཟླས་པ་སོགས་སྔར་བཞིན་ཚུགས། གསང་རྒྱ། ཚེས་༨ལ་གསང་རྒྱ། ཚེས་༩ལ་ས་སྐྱ་བདག་ཆེན། ཐར་མཁན། མཆོག་གླིང་། རྡོ་གྲུབ་སོགས་ཀྱིས་བླ་མཆོད་དང་འབྲེལ་ཐུགས་དམ་བཞེངས་སུ་གསོལ་ཞུས། ཀྱེ་རྡོར། རྡོར་སེམས། རྣམ་སྨེ་སོགས་ཀྱི་བུམ་པ་བསྒྲུབས་ནས་སྦྱང་ཁྲུས་ཞུས། གསང་བརྡོལ། གསང་རྒྱ་བཀྲོལ། ཚེས་༡༠ལ་གཟིམ་ཆུང་དུ་སྙིང་ཐིག་ཡབ་བཀའ་ཡུམ་བཀའི་གཏོར་ཚོགས་དང་ན་རཀ་བསྐོང་བཤགས། ཚེས་༡༡ལ་བཀྲ་རྡོ་ཀརྨ་པ་གདན་འདྲེན་ལ་སོང་། ན་རག་སྐོང་བཤགས་བསགས། ཀ་སྦུགས་སུ་བདུད་འཇོམས་རིན་པོ་ཆེ། ཁམས་པ་སྐུ་ཞབས་སོགས་ལ་མཆོད་བསྔོ་ཕུལ། ཁྲུས་ཆུ་ཁག་བསྲེས་པའི་དྲི་བཟང་ཆུའི་ཞིབ་ཏུ་བསྐྲུས། དྲི་བཟང་། ག་བུར། སྨན་སྣ་སོགས་བྱུག །གསར་རྙིང་སོ་སོའི་གནས་ཡིག་རྣམས་མ་འཁྲུལ་བར་ཕུལ་ནས་དྲི་བཟང་གིས་བསྒོས་པའི་རས་བཟང་གོས་སེར་པོའི་སྐུ་ལུས་རིལ་པོར་ཞིབ་ཏུ་གཡོགས་དབུ་རྒྱན་ཐོར་ཚུགས། ཏོད་གཡོགས་དང་། སྨད་གཡོགས་སོགས། ལོངས་སྐུ་རྡོར་སེམས་ཀྱི་རྣམ་པ་བཀའ་འགྱུར་ལྷ་ཁང་དུ་གདན་འདྲེན་ཞུས་ནས་གདན་ཁྲི་མཐོ་སར་བཞུགས་སུ་གསོལ་བར། ས་སྐྱ་བདག་ཆེན་ནས་སྦྱོང་ཁྲུས་སྔོན་དུ་འགྲོ་བས་རྣལ་འབྱོར་མའི་སྒོ་ནས་གདུང་མཆོད་ཕུལ། ཐམས་ཅད་ལ་གདུང་འཇལ་བཏང་། འདི་ནུབ་དགོང་ཀའི་ཆུ་ཚོད་༦ནས་༧བར་ལུང་པ་ཐམས་ཅད་འོད་ཀྱིས་གང་བར་ཁྱབ་པར་ཀུན་གྱིས་ངོ་མཚར་དུ་བརྩིས། དེ་ནས་ས་སྐྱ་བདག་ཁྲི། ཐར་རྩེ་དང་། ཀླུ་ལྡིང་མཁན་པོ་ཁང་གསར་ཞབས་དྲུང་སོགས་ནས་ས་སྟ་སྔོན་དུ་འགྲོ་བའི་ཕུར་པའི་སྒྲུབ་མཆོད། རྡོ་གྲུབ་རིན་པོ་ཆེ་དཔོན་སློབ་སུམ་ཅུ་ནས་རྡོར་སེམས་འདི་ལ་ཚོགས་དང་། མར་མེ་ལྔ་བརྒྱ་ཉིན་ལྟར་འབུལ་རྒྱུ་སོགས་འགྲོ་སོངས་གཞུང་ནས་བཏང་། ཚོགས་འབུམ་སྔར་བཞིན། དཔལ་སྤུང་སི་ཏུ་རྒྱ་སྟོན་སྤྲུལ་སྐུ་སོགས་ནས་དཀར་གླིང་ཞི་ཁྲོ་ཟིན། མཆོག་གླིང་ནས་སྔགས་ཀྱི་གསོ་སྦྱོང་ཉིན་གསུམ། སློབ་ཚོགས་བྱིང་ནས་དམ་ཚིག་རྡོ་རྗེའི་བཟླས་པ་འབུམ་བཅོ་བརྒྱད་གྲུབ་འདུག །དེ་ནས་རིན་པོ་ཆེ་རང་གི་དགོངས་བཞེད་ལྟར་བཟང་སྤྱོད་སྨོན་ལམ་འབུམ་ཐེར་བསགས་རྒྱུའི་དཔོན་སློབ་སུམ་ཅུ་ནས་ལྔ་བཅུའི་བར་གྱིས་ཚུགས། ཉིན་བཞིན་མར་མེ་སྟོང་ཕྲག་སོགས་མཆོད་པ་གཟབ། ཚེས་༡༢ལ་ན་རག་བསྐོང་བཤགརྡོར་གླིང་ནས་ཕུན་ཕོའི་གདུང་སྲས་སྐུ་བསྒྲེས་ཕེབས། སི་ཏུ་དཔོན་སློབ་གསུང་ཆོག་གྲུབ། ཚེས་༡༣ལ་ཞི་ཁྲོ་ངན་སོང་སྦྱོང་བའི་སྐོང་ཆོག །ཀརྨ་པའི་མདུན་མཆོད་བསྔོ་ཕུལ། ཚེས་༡༤ཆད། ཚེས་༡༥ལ་སྐོང་ཆོག །ཚེས་༡༦ལ་སྐོང་ཆོག་དང་རྡོར་སེམས་ཚོགས་འབུམ་གྲུབ། ས་སྐྱ་སྒྲོལ་མའི་བདག་ཆེན་རིན་པོ་ཆེའི་ཕུར་པའི་སྒྲུབ་མཆོད་གྲུབ། ཀླུ་ལྡིང་མཁན་པོ་བཅས་ལ་སྐུ་ཡོན་ཕུལ། ཚེས་༡༧ལ་ན་རག་སྐོང་བཤགས། ས་སྐྱ་ཕུན་ཕོའི་གདུང་སྲས་སྐུ་བསྒྲེས་དང་། ཐར་མཁན། སྒ་སྤྲུལ་སོགས་ཀྱིས་ཀྱེ་རྡོར་སྒྲུབ་མཆོད་ས་སྟ། རྡོ་གྲུབ་དཔོན་སློབ་ནས་ཐུགས་ཆེན་སྡུག་བསྔལ་རང་གྲོལ་ཚུགས། ཚེས་༡༨ལ་ཞི་ཁྲོའི་སྐོང་ཆོག །ཚེས་༡༩ལ་ན་རག་སྐོང་བཤགས། ཚེས་༢༠ལ་ན་རཀ་སྐོང་བཤགས། ཚེས་༢༡ན་རཀ་སྐོང་བཤགས། ཚེས་༢༢ལ་ན་རཀ་སྐོང་བཤགས། ཚེས་༢༣ལ་ན་རག་སྐོང་བཤགས་ཕུན་ཕོའི་གདུང་སྲས་སྐུ་སྒྲེས་དཔོན་སློབ་ནས་ཀྱེ་རྡོར་གྲུབ་སྐུ་ཡོན་ཕུལ། ཚེས་༢༤ལ་ན་རག་སྐོང་གཤགས། སྒྲོལ་ཕོའི་རྗེ་བཙུན་འཆི་མེད་དཔོན་གཡོགས་མཁའ་སྤྱོད་ཚུགས། ཚེས་༢༥རྡོ་གྲུབ་དཔོན་གཡོགས་ནས་ཐུགས་ཆེན་སྡུག་བསྔལ་རང་གྲོལ་གྲུབ། རྒྱ་སྟོན་དཔོན་གཡོགས་ནས་འཇམ་ལུགས་དུས་འཁོར་མཆོད་ཆོག་ཚུག །འདི་ཉིན་ཉེར་ལྔ་ལ་ཁེལ་བ་སྐུ་གདུང་རིན་པོ་ཆེའི་མདུན། ས་སྐྱའི་བདག་ཁྲི་རིན་པོ་ཆེ། ངོར་པའི་ཐར་ཁང་གཉིས་ཀྱི་མཁན་ཞབས་གཙོས་བླ་སྤྲུལ་རྣམས་དང་གྲྭ་ཚང་བཅས་དཔོན་སློབ་སུམ་ཅུ་བསྐོར་ནས་མཁའ་སྤྱོད་ཚོགས་དང་། རྡོ་གྲུབ། མཆོག་གླིང་གཉིས་སོགས་རྙིང་ཕྱོགས་བླ་སྤྲུལ་རྣམས་ཀྱིས་རིག་འདུས་དང་། ཡུམ་བཀའི་སྒོ་ནས་ཚོགས་དང་མཆོད་ཕུལ། ཆོག་ཁག་གསུམ་དང་། བཟང་སྤྱོད་འབུམ་ཐེར་བསགས་མཁན་སོགས་ཞལ་གྲངས་ལ་གསོལ་ཇ་བཞེས་ཐུགས། སོ་སོར་འོས་བསྟུན་གྱི་ཕྱགས་འགྱེད་དང་། སྤྲང་འགྱེད་མི་རེར་སྒོར་རེ་གནང་། ཚོགས་ལྔ་བརྒྱ་སྐོར། ཚོགས་རྫས་རྒྱས། མར་མེ་སྟོང་རྩ་སོག་འགྲོ་སོང་རྣམས་གསང་ཡུམ་མདུན་ནས་བཏང་། ཚེས་༢༦ལ་ན་རཀ་སྐོང་བཤགས། འདི་ནུབ་སྐུ་གདུང་མདུན་རིགས་འདུས་ཚོགས་ཕུལ། ལྕགས་སྤྲུལ་ནས་འགྲོ་སོང་བཏང་། ཚེས་༢༧ལ་ན་རཀ་སྐོང་བཤགས། ཚེས་༢༨ལ་གཟིམ་ཆུང་དུ་བླ་སྒྲུབས་བྱིན་རླབས་སྙིང་པོའི་སྐོང་ཆོག །ཚེས་༢༩ལ་བླ་སྒྲུབ་སྐོང་ཆོག །ཚེས་༣༠ལ་བླ་སྒྲུབ་སྐོང་ཆོག །རྗེ་བཙུན་འཆི་མེད་ནས་མཁའ་སྤྱོད་གྲུབ་སྐུ་ཡོན་ཕུལ། ཚེས་༣༠དགོང་མོ་སྐུ་གདུང་མདུན་འབྲུག་སྤྲུལ་ནས་གཞི་ལེན་གྱིས་དཔལ་འདུས་ཚོགས་ཕུལ། ཧོར་ཟླ་དྲུག་སྔོན་མ་ཚེས་༡ལ་གསོ་སྦྱོང་ཚུགས། ཁང་གསར་མཁན་པོ་དབུར་བཞུགས་ཀྱིས་ཀུན་རིག་ཚུགས། རྒྱ་སྟོན་དཔོན་སློབ་ནས་དུས་འཁོར་གྲུབ་སྐུ་ཡོན་ཕུལ། པདྨ་ཡང་རྩེའི་བླ་གྲྭ་ནས་བདེ་ཀུན་ཚུགས། བཟང་སྤྱོད་བསགས་མཁན་མང་དུ་སོང་བས་སློབ་མ་བརྒྱད་བཅུ་སྐོར་དུ་སོང་བས། མང་མར་སྐུ་ཡོན་ཕུལ། དེ་ནས་དགེ་ཚུལ་སློང་ལྔ་བཅུ་སྐོར་ནས་རྗེ་རང་གི་དགོངས་བཞེད་གསུང་འཕྲོ་རུ་གནང་བ་ལྟར། བཀྲ་ཤིས་པའི་གསོ་སྦྱོང་གི་ཐོག་དྲང་ཉིན་བཞིན་གསོ་སྦྱོང་རེ་བཅས་སྐུ་གདུང་མདུན་བཟང་སྤྱོད་ཚུགས། མཆོད་པ་རྣམ་ལྔ་སོ་སོ་ནས་སྟོང་ཕྲག་རེ་ཉིན་ལྟར་ཕུལ། ཚེས་བཞི་དུས་ཆེན་ལ་ཐར་མཁན། རྡོ་གྲུབ་སོགས་བླ་སེར་འདིར་ཡོད་རྣམས། གདན་ཞུས་ཀྱིས་བཟང་སྤྱོད་སྨོན་ལམ་འབུམ་ཐེར་ཁ་སྐོང་བཅས་ལེགས་པར་གྲུབ། བུ་བསོད་རྒྱལ་ཐར་མཁན་ལས་དགེ་ཚུལ་སྒྲུབ། གཞན་ཡང་འདི་ཉིན་དགེ་ཚུལ་སློང་སྒྲུབ་མཁན་ཁ་ཤས་བྱུང་། ཚེས་༢ལ་ན་རཀ་སྐོང་བཤགས། ཚེས་༣ལ་ན་རཀ་སྐོང་བཤགས་གསོ་སྦྱོང་། ཚེས་༤ལ་གཟིམ་ཆུང་དུ་བླ་སྒྲུབ་བྱིན་རླབས་སྙིང་པོའི་སྐོང་ཆོག །གསོ་སྦྱོང་། བཟང་སྤྱོད་གྲུབ། ཚེས་༥ལ་སྐོང་ཆོག །ཚེས་༦ཆད། ཚེས་༧ལ་ན་རཀ་སྐོང་བཤགས་ཁང་གསར་མཁན་པོར་སྐུ་ཡོན་ཕུལ། ཚེས་༨ལ་ན་རཀ་སྐོང་བཤགས་མངའ་རིས་སྤྲུལ་སྐུ་དབུར་བཞུགས་ཀྱིས་ཀུན་རིགས་པདྨ་ཡང་རྩེའི་ཐུགས་ཆེན་བདེ་ཀུན་གྲུབ་སྐུ་ཡོན་ཕུལ། ཚེས་༩ལ་ན་རཀ་སྐོང་བཤགས། དབེན་དགོན་པ་རྣམས་ནས་སྨིན་གླིང་རྡོར་སེམས་ཚུགས། ཚེས་༡༠ལ་གཟིམ་ཆུང་དུ་བླ་མ་གསང་འདུས་སྒོ་ནས་ཚོགས་བརྒྱ་ཕུལ། འདི་ཉིན་གདུང་མདུན་ལྕགས་སྤྲུལ་རིན་པོ་ཆེའི་གཞི་ལེན་གྱིས་རྡོ་གྲུབ་རིན་པོ་ཆེ་སོགས་ཀྱིས་རིག་འདུས་ཚོགས་བརྒྱ་དང་། དགོང་མོ་བཀྲ་རྣམ་ནས་བཞི་ལེན་གྱིས་མཆོག་གླིང་རིན་པོ་ཆེ་སོགས་ནས། ཐུགས་སྒྲུབ་བར་ཆད་ཀུན་སེལ་ཚོགས་བརྒྱ་ཕུལ། ཚེས་༡༡ལ་ན་རཀ་སྐོང་བཤགས། ཚེས་༡༢ལ་གཟིམ་ཆུང་དུ་ཐུགས་སྒྲུབ་བླ་མཆོད་དང་ན་རཀ་སྐོང་བཤགས། ཚེས་༡༣ལ་ན་རཀ་སྐོང་བཤགས། ཚེས་༡༤ལ་དབེན་དགོན་པ་ནས་རྡོར་སེམས་གྲུབ་སྐུ་ཡོན་ཕུལ། ན་རཀ་སྐོང་བཤགས། ཚེས་༡༥ལ་ན་རཀ་སྐོང་བཤགས་ཚར་གསུམ། གསོ་སྦྱོང་། མཁར་མདོ་ཞབས་དྲུང་དབུར་བཞུགས་ཀྱིས་ཀུན་རིགས། གཡོན་རུ་གཏེར་སྲས་བླ་མ་སོགས་ནས་ཀློང་སྙིང་ཞི་ཁྲོའི་སྐོང་ཆོག་ཚུགས། ཚེས་༡༥ནུབ་མོ་སྐུ་གདུང་མདུན་ཞི་ཁྲོ་ངན་སོང་སྦྱོང་བའི་སྐོང་ཆོག་རྒྱས་པར་བཏང་། ཚེས་༡༦ལ་ན་རཀ་སྐོང་བཤགས། ཚེས་༡༧ལ་ན་རཀ་སྐོང་བཤགས། ཚེས་༡༨ཆད། ཚེས་༡༩ལ་ན་རཀ་སྐོང་བཤགས། ཚེས་༢༠ལ་གཟིམ་ཆུང་དུ་ཀློང་སྙིང་བླ་མཆོད། ཚེས་༢༡སྔོན་མ་ལ་ན་རཀ་སྐོང་བཤགས། ཚེས་༢༡ཕྱི་མ་ལ་ན་རཀ་སྐོང་བཤགས། མཁར་མདོ་ཞབས་དྲུང་མངའ་རིས་སྤྲུལ་སྐུ་བྱ་རྒོད་བླ་མ་སོགས་ལ་སྐུ་ཡོན་ཕུལ། ཚེས་༢༢ལ་ན་རཀ་སྐོང་བཤགས། གཡོན་རུ་བླ་མ་སོགས་ཞི་ཁྲོ་གྲུབ། ཐར་རྩེ་མཁན་རིན་པོ་ཆེ། ཞབས་དྲུང་། ངོར་པའི་དཔོན་སློབ་སོགས་དབུར་བཞུགས་ཀྱིས་ཀུན་རིགས་ཚུགས། ཚེས་༢༣ལ་ན་རཀ་སྐོང་བཤགས། མཆོག་གླིང་སྤྲུལ་སྐུ་དང་། གནམ་མཚོ་དོ་སྐྱ་སྤྲུལ་སྐུ་སོགས་ནས་གཏེར་གསར་ཞི་ཁྲོ་ན་རཀ་དོང་སྤྲུག་ཚུགས། ཚེས་༢༤ལ་ན་རཀ་སྐོང་བཤགས། ཚེས་༢༥ལ་གཟིམ་ཆུང་དུ་ཡུམ་བཀའི་ཚོགས་ཕུལ། འདི་ཉིན་ཆོག་ཁག་གཉིས་ལ་ཁ་སབ་རྒྱུ་གསར་རྙིང་བླ་གྲྭ་ཡོད་རིགས་གདན་འདྲེན་དང་། མཆོད་པ་སྟོང་མཆོད་བཤམས། དགོང་མོ་ཆུ་ཚོད་དྲུག་ནས་སྐུ་གདུང་མདུན་མཁའ་འགྲོ་གསང་འདུས་ཀྱི་ཚོགས་མཆོད་བདུན་མཆོད། སྐོང་སྦྱིན་སྲེག་བཅས་རྒྱས་པར་ཆུ་ཚོད་གཅིག་ནས་གྲུབ། ཚེས་༢༦ལ་ན་རཀ་སྐོང་བཤགས། ཀློང་སྙིང་བླ་མཆོད། ཀུན་རིག་དང་། ཞི་ཁྲོ་ལེགས་པར་གྲུབ་བསྔོ་ཡིག་རིག་བསྲེགས། ཚེས་༡༧ལ་ཆོ་ཁག་གཉིས་ནས་བསྟན་པ་རྒྱས་ཆོག་སྒྲོལ་ཆོག་བསྐང་གསོ། ཚེས་༢༨ལ་ན་རཀ་སྐོང་བཤགས། ཆོག་ཁག་གཉིས་ཕྱོགས་སྡོམ་གྱི་སངས་གླིང་གནས་ཆོག་དང་བཟང་སྤྱོད་སྨོན་ལམ་བསགས། སྐུ་ཡོན་ཕུལ། ཐར་རྩེ་མཁན་རིན་པོ་ཆེའི་ཡོན་བསྔོ་གནང་བ་བཅས་ཀྱིས་གྲུབ། ཚེས་༢༩ལ་བཀྲ་ཤིས་གསོ་སྦྱོང་། འདི་མན་ཆད་ཉིན་བཞིན་གཟིམ་ཆུང་དུ་ན་རཀ་སྐོང་བཤགས་ཚར་རེ། ཚེས་༣༠ལ་གསོ་སྦྱོང་། ཧོར་ཟླ་༦པ་ཕྱི་མ་ཚེས་༡། ཚེས་༢། ཚེས་༣། ཚེས་༤། ཚེས་༥ལ་སྲས་མོ་ཕྲིན་ལས་དབང་མོའི་མཆོད་འབུལ་གྱི་གདུང་མདུན་བསམ་ལྷུན་ཚོགས་ཕུལ། སྐུ་ཞབས་ཁམས་སྤྲུལ་དང་མཆོག་སྤྲུལ་གསལ་དགའ་རིན་པོ་ཆེ་ཕེབས། གདུང་མདུན་སྨིན་གླིང་རྡོར་སེམས་ཚུགས། ཚེས་༦ལ་ལྷན་རྒྱས་ཀྱིས་སྐུ་གདུང་གཟིམ་ཆུང་དུ་བླ་སྒྲུབ་ཐིག་རྒྱའི་ཚོགས་དང་སྐོང་ཆོག །ཚེས་༧། ཚེས་༨། ཚེས་༩ལ་གདུང་མདུན་ཁམས་སྤྲུལ་གསལ་དགའ་རྣམ་གཉིས་ལྷན་རྒྱས་དཔོན་གཡོགས་ཀྱིས་རྩ་གསུམ་དྲིལ་སྒྲུབ་ཚོགས་བརྒྱ། གཟིམ་ཆུང་དུ་འཇའ་ཚོན་དཀོན་སྤྱིའི་ཚོགས་ཕུལ། ཚེས་༡༠ཆད། ཚེས་༡༡། ཚེས་༡༢། ཚེས་༡༣ལ་གསལ་དགའ་རིན་པོ་ཆེ་དཔོན་སློབ་ནས་རྡོར་སེམས་ཆོ་ག་གྲུབ། ཚེས་༡༤ལ་གསལ་དགའ་མཁར་མདོ་སྤྲུལ་སྐུ་བླ་གྲྭ་སྐོར་ལ་གཙུག་དྲི་དབང་དང་འོད་ཟེར་དྲི་མེད་སྟ་གོན། ཚེས་༡༥ལ་འོད་དྲིའི་དངོས་གཞི། གཟིམ་ཆུང་དུ་ན་རཀ་སྐོང་བཤགས་ཚར་གསུམ། ཚེས་༡༦ལ་གསོ་སྦྱོང་། ཚེས་༡༧། ཚེས་༡༨གསལ་དགའ་དཔོན་གཡོགས་༦ཕེབས། ཚེས་༡༩། ཚེས་༢༠། ཚེས་༢༡། ཚེས་༢༢ལ་བཛྲ་ས་ཏྭ། ཚེས་༢༣། ཚེས་༢༤། ཚེས་༢༥ལ་གཟིམ་ཆུང་དུ་ཡུམ་བཀའི་ཚོགས། དགོང་མོ་སྐུ་གདུང་མདུན་ཡུམ་བཀའི་ཚོགས་ཕུལ། ཚེས་༢༦། ཚེས་༢༧། ཚེས་༢༨། ཚེས་༢༩། ཚེས་༣༠ལ་གསོ་སྦྱོང་། ཧོར་ཟླ་༧པའི་ཚེས་༡ཆད། ཚེས་༢། ཚེས་༣། ཚེས་༤། ཚེས་༥། ཚེས་༦། ཚེས་༧། ཚེས་༨། ཚེས་༩། ཚེས་༡༠ལ་གཟིམ་ཆུང་དུ་རིགས་འདུས་དང་གདུང་མདུན་མཚོ་སྐྱེས་སྙིང་ཐིག་ཚོགས། ཚེས་༡༡ལ་མགར་བ་གསུམ་འབྱོར། ཚེས་༡༢། ཚེས་༡༣ཆད། ཚེས་༡༤། ཚེས་༡༥ལ་སངས་རྒྱས་གཉན་པ་ཕེབས་མཆོད་རྟེན་རྒྱན་ཆ་རྣམས་རི་མོ་བཀོད། ཚེས་༡༦། ཚེས་༡༧། ཚེས་༡༨ལ་གཟུངས་བསྒྲིལ་མགོ་ཚུགས། ཚེས་༡༩། ཚེས་༢༠། ཚེས་༢༡། ཚེས་༢༢ལ་ཁམས་པ་བླ་མ་དང་བསྟན་པ་སངས་རྒྱས། ཚེས་༢༣། ཚེས་༢༤། ཚེས་༢༥ལ་གཟིམ་ཆུང་དུ་ཀློང་སྙིང་ཡུམ་བཀའ་དང་གདུང་མདུན་གསང་ཐིག་ཡུམ་བཀའི་ཚོགས། ཚེས་༢༦འདི་ནས་ཟིན་ཐོ་མི་འདུག ། | ༡༩༥༥ལོའི་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཕྱག་བསྣམས་ལི་ཐོ། རབ་བྱུང་༡༦པའི་ཤིང་ལུག་ལོར། ཧོར་ཟླ་གསུམ་པའི་ཚེས་༡ལ་རྫོགས་ཆེན་དགེ་མང་སྤྲུལ་སྐུར་འཕགས་མའི་སྙིང་ཐིག་གི་དབང་འབྲིང་དང་རད་ཕུར་སྟ་གོན། ཚེས་༢ལ་རད་ཕུར་དབང་ཆེན་དངོས་གཞི། ཚེས་༣ལ་གཏེར་གསར་ཐུགས་སྒྲུབ་བསམ་ལྷུན་དབང་ཆེན་ཚེ་དབང་བཅས། ཚེས་༤ལ་སྨིན་གླིང་ཁྲི་ཚབ་གཅུང་རིན་པོ་ཆེ་ཕེབས་པར་འཇལ་དར་ཞུས། དགེ་མང་སྤྲུལ་སྐུར་དབང་ཆེན་དང་བྱད་འགྲོལ་བྱབ་ཁྲུས་ཞུས། ཞབས་ཕྱི་རྒྱ་བོད་གཉིས་ཉི་ཤུ་སྐོར་ཡོད་སྐད། ཚེས་༥ལ་རིམ་བཞིན་མདོ་སྡེ་བ་སོགས་དང་འཕྲད། ཚེས་༦ལ་གཅུང་རིན་པོ་ཆེ་སྐུ་ཞབས་དགེ་མང་མཆོག་སྤྲུལ་གསལ་དགའ་སོགས་ལ་རྒྱུད་ཕུར་སྟ་གོན། ཚེས་༧ལ་རྒྱུད་ཕུར་དངོས་གཞི། དགེ་མང་སྤྲུལ་སྐུ་ནས་གཅོད་འདུལ་གྲུབ། ཚེས་༨ལ་གཅུང་རིན་པོ་ཆེ་དང་དགེ་མང་སྤྲུལ་སྐུ་སོགས་ལ་མཚོ་སྐྱེས་སྙིང་ཏིག་ཡང་གཏེར་ཐུགས་ཆེན་རྒྱལ་བ་རྒྱལ་མཚོ་སྟ་གོན། ཚེས་༩ལ་ཐུགས་ཆེན་དངོས་གཞི་དང་རྒྱུད་ཕུར་ལུང་། ཀཿཐོག་སི་ཏུ་ཕེབས། ཚེས་༡༠ལ་སྔ་དྲོ་ལྕེ་བཙུན་སྙིང་ཐིག་གི་ཚོགས་བརྒྱ་དང་འབྲེལ་སྨིན་གླིང་གཅུང་རིན་པོ་ཆེར་དབང་། ཕྱི་དྲོ་དགེ་མང་མཆོག་སྤྲུལ་ནས་ཡོན་སྦྱོར་ཏེ་རིགས་འདུས་ཚོགས་བརྒྱ་རྒྱས་པར། ཚེས་༡༡ལ་གཅུང་རིན་པོ་ཆེར་ལྕེ་བཙུན་སྙིང་ཐིག་ཁྲིད་དང་དགེ་མང་ཡང་སྤྲུལ་ཟུར་ཉང་གཏེར་རྟ་ནག་སྲོག་དབང་། ཚེས་༡༢ལ་གཅུང་རིན་པོ་ཆེར་ཐང་རྒྱལ་ཚེ་དབང་དང་ཁྲིད་ལུང་ཁ་ཤས་ཕུལ། ཞང་བློན་ཕྱི་ནང་གསང་བའི་རྗེས་གནང་གསུམ་དང་། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་ལན་ཁ་ཤས་ཞུས། ཚེས་༡༣ལ་གཅུང་རིན་པོ་ཆེ་འབུལ་བ་མཚོན་བཏབས་ཆིབས་བཏེགས། ཚེས་༡༤ལ་འབོ་ཡོལ་དུ་བསང་། ཚེས་༡༥ཕྱི་མ་ལ་དཔོན་སློབ་བཅུ་སྐོར་ནས་དུས་འཁོར་རྣལ་འབྱོར་མ་རིག་བརྒྱའི་མཆོད་ཆོག་བཏང་། ཚེས་༡༦ལ་ཕྲད་ཚེ་ཕ་བུ་རྣམས་དང་འཕྲད། ཕྱི་འབྲོག་དང་འདན་ཁོག་གི་བླ་སྤྲུལ་མང་ཤས་ལ་གང་བློ་མའི་རིག་གཏད་དང་། གཏེར་གསར་གྲོ་ལོད་དབང་། ཚེས་༡༧ལ་ཤང་ཐོ་སྤྲུལ་སྐུར་མགོན་པོ་ཁྲོ་བཅུ་དང་གསང་ཁྲིད་ལྷ་དགུའི་རྗེས་གནང་། ཚེས་༡༨ལ་བཀྲ་ཤིས་དཔལ་ཐང་ལ་སྤྲོ་སང་རྒྱ་མཁར་མ་བུ་རྣམས་ལ་ཚེ་དབང་དང་ཁྲད་ཚེ་ཕ་བུར་ཚེ་དབང་དྲག་པོ་རྟ་ཁྱུང་དབང་། ཚེས་༡༩ལ་ཕྲིན་ཚེ་ཕ་བུ་རྣམས་ལ་རྡོར་སེམས་དང་འོད་ཆོག་ཚེ་དབང་། ཚེས་༢༠ལ་ཕྲིན་ཚེ་ཕ་བུ་སོང་། སོག་བླ་མ་འདས། ཚེས་༢༡། ཚེས་༢༢། ཚེས་༢༣ལ་དགོན་ནང་ཕེབས། སོག་བླར་བྱང་ཆོག །ཚེས་༢༤ལ་རྡོར་སེམས་བྱང་ཆོག་རྒྱས། ཚེས་༢༥ལ་བསང་རི་ཁྲུས། མཁའ་སྤྱོད་མའི་ཚོགས་བདག་འཇུག་བཅས། ཚེས་༢༦ལ་འབོ་ཡོར་ཆར་སློང་། ཚེས་༢༧ལ་ཆར་བབས། ཚེ་བརྟན་ཧོར་ཁོག་སོང་། གསལ་དགར་སྨིན་གླིང་བདེ་ཀུན་ཚུགས། ཚེས་༢༨ལ་གསལ་དགའ་ལ་ཉིན་གསུམ་གཏེར་ཆོས་གཤིན་རྗེ་དང་། ཕུར་པའི་དབང་གྲུབ། ཚེས་༢༩ཆད། ཚེས་༣༠ལ་གསལ་དགར་སྨིན་གཏེར་གསང་མགོན་ཞལ་བཞི་དང་། ལུགས་སྲོལ་གཉིས་འདུས་ཀྱི་ཞལ་བཞིའི་སྲོག་གཏད་བྱས། ཧོར་ཟླ་བཞི་པའི་ཚེས་༡ལ་དབུ་རྩེའི་བསང་ཁང་དུ་ལྷ་བསང་རྒྱས་པར་བཏང་། ཚེས་༢ལ་དྲེག་འཇོམས་དྲག་དམར་སོགས་ཀྱི་པོད་ལུང་། ཚེས་༣ལ་གསལ་དགར་འཕགས་མའི་སྙིང་ཐིག་གི་ཚེ་དབང་ཚར་གྲངས་ཕུལ། ཚུར་ཡང་ཚར་བརྒྱད་ཞུས། ཚེས་༤ལ་མཁྱེན་རྩེའི་སྐུ་གསུམ་བླ་མའི་རྣལ་འབྱོར་གྱི་དབང་དང་། ཆགས་མེད་བླ་སྒྲུབ་སོགས་ཀྱི་དབང་། མཆོག་གཏེར་ཡིད་བཞིན་འཁོར་ལོའི་ཕྱག་དྲུག་སྨུག་པོའི་དབང་། ཚེས་༥། ཚེས་༦། ཚེས་༧ལ་གསལ་དགའི་སྐུ་ཚ་བཀྲ་དགའ་བདུད་འདུལ་ཞིང་སྐྱོང་སྲོག་དབང་། ཚེས་༨ལ་གསལ་དགའ་རིན་པོ་ཆེ་དཔོན་སློབ་རྣམས་ཆིབས་སྟེགས། མཆོག་ལྡན་ནས་ཚེ་ལྷ་རྣམ་གསུམ་ཆོ་ག་དང་འཕགས་མའི་སྙིང་ཐིག་གི་སྒོ་ནས་ཞབས་བརྟན་ཕུལ། ཚེས་༩། ཚེས་༡༠ལ་ཐུགས་སྒྲུབ་བླ་མཆོད་སྒོ་ནས་ཚོགས་ཕུལ། ཚེས༡༡། ཚེས་༡༢ལ་ཉག་བླ་ཤེར་འོད་དང་འཕྲད། ཚེས་༡༣རྫོགས་ཆེན་རིན་པོ་ཆེ་དཔོན་སློབ་ཕེབས་འཇལ་འཕྲད། ཚེས་༡༤ལ་རྫོགས་སྤྲུལ་རིན་པོ་ཆེ་དང་ལྷན་རྒྱས། རྫོགས་སྤྲུལ་རིན་པོ་ཆེ་ལས་དཀོན་སྤྱི་སོགས་ཚེ་དབང་འདྲ་མིན་བཞི་ཚར་བཅུ་དྲུག་ཞུས། ཞི་ཁྲོ་ངན་སོང་སྦྱོང་བའི་སྟ་གོན། བོད་ནས་རྒྱ་སྐོར་ཀུན་བཟང་སྲས་མོ་བྱུང་བ་དང་འཕྲད། ནང་ཆེན་དུ་སྲས་མོ་གཡུ་སྒྲོན་སྒྲོལ་མ་ལྷ་ཁང་། གོ་འཇོར་ར་སྤྲུལ་ལྷ་ཁང་བཅས་ལ་རབ་གནས། ཚེས་༡༦ལ་ཞི་ཁྲོའི་དངོས་གཞི་དང་། རིག་འདུས་དབང་རྒྱས་ཚེ་དབང་བཅས། དཔལ་འདུས་སྟ་གོན། ཚེས་༡༧ལ་དཔལ་འདུས་དངོས་གཞི་དང་། ཁྲག་འཐུང་རིགས་བཞིའི་དགོས་དབང་། ཚེས་༡༨ལ་ཡུམ་བཀའི་བྱིན་རླབས་ཚེ་དབང་བཅས། རྟ་ཁྱུང་འབར་བ་འོད་ཆོག །ཐུགས་ཆེན་སྡུག་བསྔལ་རང་གྲོལ་སངས་རྒྱས་སྟོང་དབང་བཅས། ཚེས་༡༩ལ་ཡུམ་བཀའི་ནང་སྒྲུབ་སྒྲོལ་དབང་དང་། རྡོར་སེམས་མངོན་དགའི་ཞིང་སྦྱོང་། བླ་སྒྲུབ་ཐིག་བརྒྱ་བཅས། ཚེས་༢༠ལ་ཇོ་ལུགས་སྒྲོལ་དཀར་གྱི་རྗེས་གནང་གིས་ཆོས་མཚམས། རྫོགས་སྤྲུལ་ལས་བྱད་འགྲོལ་གསེར་ལྡེ་ཞུས། ཚེས་༢༡ལ་རྫོགས་ཆེན་རིན་པོ་ཆེ་བཏེགས། ཀུན་བཟང་སྲས་མོ་སོགས་ལ་སྙིང་ཐིག་སྔོན་འགྲོའི་ཁྲིད་ཚུགས། ཚེས་༢༢ལ་སྔོན་འགྲོ། ཉག་བླ་ཤེར་འོད་སོགས། གྲུབ་ཐོབ་བཀའ་བརྒྱད་སྒོ་ནས་སྨན་སྒྲུབ་དབུ་ཚུགས། ཚེས་༢༣ལ་སྔོན་འགྲོ་ཁྲིད་གྲུབ། ཚེས་༢༤ལ་དངོས་གཞི་ཡེ་ཤེས་བླ་མ་ཚུགས། ཁྲོལ་སྒྲུབ་གྲུབ། བཏགས་བཙགས་སྦོལ་གསུམ་སོགས་ཕྱེ་མར་སྒྲུབ་པའི་དབུ་ཚུགས། ཚེས་༢༥ལ་སྙིང་པོ་སྐོར་ལྔའི་ཕག་མོའི་ཚོགས་སྐོང་སྦྱར། ཚེས་༢༦། ཚེས་༢༧ལ། ཚེས་༢༨ལ་འབྲས་ཚལ་སྤྲུལ་སྐུའི་ཡུམ་གྱི་རྫོགས་པར་བྱང་ཆོག་སྦྱར། ཚེས་༢༩ལ་སིདྷི་བླངས་ནང་དབང་མདོར་བསྡུས་བསྐུར། སྒྲུབ་པ་གྲོལ། ཚེས་༣༠། ཧོར་ཟླ་ལྔ་པའི་ཚེས་༡ལ་ཀུན་བཟང་སྲས་མོ་ནས་ཚོགས་འཁོར་དང་འབྲེལ་ཞབས་བརྟན་ཕུལ། ཚེས་༢། ཚེས་༣ཆད། ཚེས་༤ལ་ཧོར་པ་འཇམ་དཔལ་ཚེ་རིང་ངོར་དཔོན་སློབ་སྐོར་ལ་མཚན་བརྗོད་རྒྱུད་བཤད། ཚ་རང་རིན་རྣམས་དང་། ཐང་ལུང་རབ་འབྱམས་པའི་འགྲེལ་སྟེང་ནས་བཤད་པའི་དབུ་ཚུགས། ཚེས་༥ལ་ཁྲང་ངེ་བུ་ཤི་སྐད། ཚེས་༦། ཚེས་༧ལ་ཀུན་བཟང་སྲས་མོ་སོགས་རྒྱུད་བཤད་གྲུབ། དཔོན་སློབ་ལྷན་དུ་འཇམ་དཔལ་མཆོད་ཆོག་བཏང་། ཕྱི་དྲོ་བི་མ་དང་། དགའ་རབ་རྡོ་རྗེའི་རྒྱུད་འགྲེལ་ལུང་བཀླག །ཚེས་༨ལ་ཉག་རོང་རྒྱག་ཚང་སྤྲུལ་སྐུ་འཇམ་དཔལ་རྒྱུད་ལུང་དབང་། ཚེས་༩ལ་ཉ་བྲག་ཚུལ་ཁྲིམས་ལ་ཐུགས་ཆེན་ཚེམ་བུ་ལུགས་ཀྱི་ནང་ཁྲིད་ཚུགས། ཚེས་༡༠ལ་ཐུགས་སྒྲུབ་བསམ་ལྷུན་ཚོགས། ཚེས་༡༡། ཚེས་༡༢ལ་དབུ་རྩེ་ལྷ་ཁང་དང་བསང་ཁང་ལས་དར་ཅོག་འཛུག་གནང་། ཚེས་༡༣ལ་རྫོང་དགོན་ནས་སྤྱི་རིམ་དྲུག་བཅུ་ཚུགས། ཚེས་༡༤ལ་དྲུག་བཅུ་བོར། ཚེས་༡༤ཕྱི་མ་ལ་ཚེ་ལྷ་རྣམ་གསུམ་མཆོད་ཆོག །མདོ་མཁར་སྤྲུལ་སྐུ་དང་། ཕྲང་ཕྱག་མཛོད་མི་ད་ཚེ་དབང་། ཚེས་༡༥ལ་མཆོག་ལྡན་ངོར་བླ་གྲྭ་ལྔ་བཅུ་སྐོར་ལ་ཐུགས་ཆེན་ཡང་འདུས་དབང་ཁྲིད་དང་བྱང་ཆོག །ཚེས་༡༦། ཚེས་༡༧ལ་སྡེ་དགེར་ཡུམ་སྲས་ཕེབས། ཚེས་༡༨ལ་སྡེ་དགེར་གདུགས་དཀར་བྱད་འགྲོལ་དང་། སེང་གདོང་མའི་དབང་། རྡོ་རྗེ་བེ་ཅོན་རས་ཆུང་ཕྱག་རྡོར་གཏུམ་ཁྱུང་དབང་ཆེན། ཚེས་༡༩ལ་ཞི་བྱེད་ལོ་གྱོན་མ། རྟ་མགྲིན་གཉེན་པོ་ལྷ་ལྔ། ཕྱག་རྡོར་ཉི་མ་མདུང་གང་། ཚེས་༢༠ལ་སྙན་རྒྱུད་ཕུར་པའི་དབང་ཁྲིད། ཚེས་༢༡ལ་ཐུགས་སྒྲུབ་གདུད་གཤིན། གུར་དྲག་གྲོ་ལོད་ཐོད་ཕྲེང་བཅས། ཚེས་༢༢ལ་སྐྱེར་རྟ། འབྱུང་འདུལ། ཁྱུང་ཁྲ་ཟབ་བདུན་རྟ་མགྲིན་དང་པདྨ་མཁའ་འགྲོ་བཅས། ཚེས་༢༣ལ་མ་ཏིའི་འཇམ་དཀར། གང་བློ་མའི་རིག་གཏད། སྨན་བླ་ལོངས་སྐུ་བཅས། ཚེས་༢༤ལ་སྡེ་དགེ་ཡུམ་སྲས་དང་ལྷན་དུ་གསང་ཐིག་ཡུམ་བཀའི་ཚོགས། སྡེ་དགེ་དཔོན་གཡོག་ཚང་མར་ཚེ་དབང་ཚར་གཅིག་དང་། ཡུམ་སྲས་ལ་དྲུག་བཅུ་བཅས། ཚེས་༢༥ཆད། ཚེས་༢༦ལ་ཚེ་དབང་འཁའ་འགྲོ་དང་བླ་མའི་རྣལ་འབྱོར་ཁྲིད་ལུང་། ཁྲང་ངེའི་བྱང་ཆོག །ཚེས་༢༧ལ་སྡེ་དགེ་བྱོན། སྦྱོང་བཏང་། ཚེས་༢༨ལ་སྦྱོང་མཐའ་སོས་དལ། ཚེས་༢༩ལ་ཚེ་ལུ་སྐོར་ཧོར་ཁོག་ཁྱོག །ཚེས་༣༠ལ་ཀཿཐོག་ནས་སི་རྨོག་གཉིས་འབྱོར། རྡོ་གྲུབ་ལ་རྩ་གསུམ་བདེར་འདུས། ཁྲི་སྲོང་བླ་སྒྲུབ། ཀོང་སྤྲུལ་གྲོ་ལོད་བཅས། ཧོར་ཟླ་དྲུག་པའི་ཚེས་༡ལ་སི་རྨོག་རྡོ་གྲུབ་སོགས་ལ་རྒྱ་ཅན་སྒྲོལ་དཀར་རྗེས་གནང་ལུང་བཅས། ཚེས་༢ལ་ཁྱུང་པོ་ལྭ་བ་རི་ཁྲོད་ཀྱི་སྤྲུལ་སྐུ་དང་། སི་ཏུ། རྡོ་གྲུབ་སོགས་ལ། དཀོན་སྤྱིའི་དབང་ཚེ་དབང་བཅས། རྩ་གསུམ་དགོངས་འདུས་ཚེ་དབང་། གསང་ཐིག་རྟ་མགྲིན་དང་ཡང་དག་བཅས་ཀྱི་དབང་ལུང་། ཚེས་༣ལ་ཁྱུང་པོ་བ་སོགས་ལ་དཀོན་སྤྱིའི་ཁྲིད་དང་ཡིག་ཆ་རྣམས་ཀྱི་ལུང་། རྟེན་འདུས་བསྒྲིལ། ཚེས་༤ལ་དབུ་རྩེ་སོགས་ལ་གཟིགས་ཞིབ་གནང་། ཀཿསིའི་གུར་དྲག་གནང་། མཁའ་འགྲོར་གནང་། ཚེས་༥ལ་སི་ཏུ་དཔོན་སློབ་བྱོན། རྡོ་གྲུབ་རིན་པོ་ཆེར་སྤྱི་མདོ་དགོངས་འདུས་རྩ་བ་བཤད་ལུང་། ཧོར་གླང་ནག་དགེ་འཕེལ་སྤྲུལ་སྐུར་ཁྲུས་གསོལ་ན་བཟའ་བྱས། ཚེས་༦ལ་དགེ་འཕེལ་སྤྲུལ་སྐུར་ངོར་ལུགས་སྒྲོལ་དཀར། འཇམ་དབྱངས་རིག་བཏད་ཐང་རྒྱལ་ཚེ་དབང་། ལྕམ་དྲལ་ལྷ་གསུམ་རྗེས་གནང་བཅས། ཚེས་༧ལ་རྡོ་གྲུབ་སྤྲུལ་སྐུར་ཀློང་སྙིང་ཕུལ། ཚེས་༨ལ་ཡུམ་བཀའི་རྣམ་རྒྱལ་མའི་ཚེ་དབང་ཚར་བརྒྱད་ཅུ་ཞུས། དགེ་འཕེལ་སྤྲུལ་སྐུ་ཕྱིར་སོང་། ཀློང་སྙིང་ཁྲིད་རྫོགས། བཀྲ་རྣམ་ཁྱིམ་དུ་སོང་། ཚེས་༩ལ་མཁྱེན་བརྩེའི་བླ་རྣམ་ཟིན་བྲིས་ལུང་ཞུས། ཀུན་མཁྱེན་ཞལ་ལུང་སོགས་ཕུལ། ཚེས་༡༠ལ་དཔོན་སློབ་བཅུ་བཞིས་བླ་མ་གསང་འདུས་ཚོགས་བརྒྱ། བརྒྱ་རྩ་བརྒྱད་ལྷག་ཕུལ། ཚེས་༡༡ལ་རྡོ་གྲུབ་རིན་པོ་ཆེ་ཁྱོགས། བསམ་གཏན་ནད་ཁམས་འཁྲུགས། འཆི་བསླུ་ཚར་གཅིག །ཚེས་༡༢ལ་གྲོལ་ཏིག་ཞི་ཁྲོ། ངན་སོང་དོང་སྤྲུགས། རྡོར་སེམས། འོད་ཆོག་རྣམས་ཀྱི་དབང་། རྫོང་སར་བླ་གྲྭ་བཅུ་སྐོར་ནས་མི་འཁྲུགས་དབང་བརྒྱ། ཚེས་༡༣ལ་ནད་ཁམས་ཤིན་ཏུ་ལྕི་བར་ངོ་སྤྲོད་ཐོས་གྲོལ་འཕོ་བའི་རྣལ་འབྱོར་ནན་ཏན། ཚེ་དཔག །ཀུན་རིག་སོགས་ཀྱི་དབང་། ནམ་ཕྱེད་ཙམ་ནས་ཚེ་ཡི་དུས་བྱས། ཚེས་༡༤། ཚེས་༡༥ལ་འཇམ་དཔལ་ཁྱོགས། ཚེས་༡༦ལ་རྡོར་སེམས་བྱང་ཆོག་རྒྱས་པར་བཏང་། འདས་པའི་སྐུ་གདུང་བྱ་དུར། ཚེས་༡༧ལ་རྫོང་དགོན་བླ་གྲྭ་ནས་ཀུན་རིག་ཆོ་ག་བཟླས། ཚེས་༡༨། ཚེས་༡༩ལ་གནས་འབྲེལ་ཕེབས་རྒྱུའི་སྟ་གོན་བྲེལ་ཟིང་། ཚེས་༢༠། ཚེས་༢༡ལ་ལམ་སེལ་ལྷ་བསང་བཏང་། མཛོད་ཚེ་དཔལ་བུ་བསོད་རྒྱལ་གཡོན་རུ་བླ་མ་རྣམས་ལྷ་ལྡན་ལ་བཏེགས། | ||
ཚེས་༢༢། ཚེས་༢༣ལ་རྫོང་དགོན་བླ་གྲྭ་ཉི་ཤུ་སྐོར་གྱིས་ལྕི་ཇོ་མདའ་བར་ཆིབས་བསྐྱེལ། སྟོན་འཁོར་དཔོན་གཡོག་བཅུ་སྐོར་གནས་འབྲེལ་ལ་ཆིབས་བཏེགས། གནས་གཤིས་སུ་བཞུགས། ཐུགས་སྒྲུབ་བསམ་ལྷུན་ཚོགས་ཕུལ། ཚེས་༢༤ལ་དཔའ་འོག་དབང་ཆེན་བྲག་མདུན། ཚེས་༢༥ལ་གནས་ཆེན་ཉེར་ལྔ་མདོ་བྱང་བཞེས་སར་བསྐོར་བ། སྙན་རྒྱུད་རྟ་མགྲིན་གྱིས་ཚོགས་བརྒྱ་ཕུལ། ཏོ་རུ་ཚང་རྣམས་འབྱོར་བར་ཆོས་འབྲེལ། ཚེས་༢༦ལ་ལྷ་མདོ་འབུར་མོའི་མདུན་ཐང་། སྒྲུབ་ཁང་ནས་དགོངས་འདུས་ཀྱི་ཚོགས་ཕུལ། ཚེས་༢༧ལ་བྱ་ཟེ་གོང་མ། ཏོ་རུ་བཀྲ་སྟོབས་བྱུང་། ཚེས་༢༨ཆད། ཚེས་༢༩ལ་ཨ་ལོའི་སྨན་ཆུ་བརྒྱུད་ཧོ་ཆོའི་མདའ་ཐང་། སྡེ་དགེའི་འོག་མ་རིན་རྣམ་དང་། ཧོ་ཆོ་ཨ་འཇམ་གཉིས་དར་བཏང་བྱུང་། སྐྱ་སེར་མང་བར་འཕོ་ལུང་དང་ཚེ་འགུགས། ནམ་ཕྱེད་ཙམ་ནས་ཚེ་ཡི་དུས་བྱས། ཚེས་༣༠ལ་ཛམ་ཐོག་ནས་གཟིངས་སྒྲོལ་ཐེངས་གཉིས་ཀྱིས་བདེ་འབྱོར་སྦྱིན་སེང་ཁོ་ཕུ་བརྒྱུད་གནམ་བྲག་དགོན་གྱི་མདུན། བར་ཆད་ཀུན་སེལ་ཚོགས་བརྒྱ་ཕུལ་སྡེ་དགེ་སྲས་ཡུམ་དང་འཇལ། ཧོར་ཟླ་༧པའི་ཚེས་༡ལ་སྡེ་དགེའི་མཆོད་ཡོན་ལྷན་རྒྱས་སིས་ཁོ་ཕུར་རྩ་གསུམ་དྲིལ་སྒྲུབ་ཚོགས་བརྒྱ། ཚེས་༢ལ་རྔད་ལ་སྒར་ནས་འདམ་དགོན་ལ་རབ་གནས་དམིགས་པ་བྱས་སྡེ་དགེ་མ་སྲས་ཕྱིར་ཕེབས། ཁ་བ་ཅུང་ཟད་བབས། ལམ་བར་ནས་དཔལ་ལྡན་ཡེ་ཤེས་སོགས་ལ་མ་ཎིའི་སྒོམ་ལུང་། ཁྲོམ་ཚོགས་མང་ཙམ་ལ་འཕོ་ལུང་ཚེ་འགུགས། རབ་བརྟན་ཕུ་ཀོ་ཟི་ནང་སྒར། ཚེས་༣ལ་ཚ་ལོ་མའི་སྒང་ལ་ཁར་ཝར་དགོན་སོགས་ལ་ཆོས་འབྲེལ་ལམ་བརྒྱུད་མཁན་ཐུབ་བསྟན་སོགས་ཆིབས་བསུ་བྱུང་བར་རི་མདའི་གྲོང་ཉེ་སར་སྐྱ་སེར་ཁྲོམ་ཚོགས་རྣམས་ལ་ཆོས་འབྲེལ་བྱས་གེ་ཡག་ཐང་དེར་ཡང་ཁྲོམ་རྣམས་ལ་ཆོས་འབྲེལ། ཚེས་༤ལ་མདོར་གཞུང་པད་དཀར་ཐང་། དགོན་སར། གཏེར་དགོན། གནས་མདོ། སྟེན་ཕུ། ཨ་བསེ་མཁར་རྒྱ་སྤྲུལ་སྐུ་སོགས་བླ་སེར་དང་ཁྲོམ་ཚོགས་བཅས་ལ་ཆོས་འབྲེལ། ཚེས་༥གཡུ་ཐོག་ལ་རྒྱབ་སྨྱུང་གནས་ཐང་མཁར་མདོ་སྐལ་སྟོབས་བྱུང་། ཚེས་༦ལ་གནས་མདུན། ཝ་རིའི་སྒྲུབ་ཕུག་ནས་ཐུགས་སྒྲུབ་བསམ་ལྷུན་ཚོགས་བརྒྱ། སྐྱབས་ཆེ་བསོད་ཆོས་སྤྲུལ་སྐུ་བྱུང་། ཚེས་༧ལ་གནས་སྙིང་དཔལ་དེར་བསྐོར་བ་དང་། རྩེ་ནས་རི་ཁྲུས་ལྷ་སྲིན་དམ་བསྒྲགས་སྒྲུབ་ཕུག་འཇལ་བ་སོགས་བྱས། གོང་ཏེ་མདར་འབྱོར། དྲུང་རམ་དགོན་གྱི་ཕྱག་མཛོད་སོགས་བྱུང་། ཚེས་༨སིབ་མདའ་དགོན་པར་ཁྲུས་རབ་གནས་སོགས་གནང་ནས་ཁྲ་ཆེན་མ་ཎིའི་ཟུར་དུ་ལ་དཀར་སྒར་བཞིས་དང་སྡོམ་བླ་རྒན་ཆོས་གྲགས་བྱུང་། ཚེས་༩ལ་སིབ་རྒྱལ་མདུན་སེ་ཡུ་གནས་ཕུག་རྩར། རྩ་གསུམ་དྲིལ་སྒྲུབ་ཚོགས་ཕུལ། ཚེས་༡༠ལ་ཆོས་གླིང་ཀུན་དགའ་དབང་རྒྱལ་བྱུང་བ་དང་འཕྲད། སིབ་ལ་བརྒྱུད་ཤ་རི་གསང་ཆེན་མདར། བཀའ་བརྒྱད་བདེ་འདུས་ཚོགས་ཕུལ། ཚེས་༡༡ལ་ལྷ་ཐོག་གཡུ་ཆུ་བརྒྱུད་ཟམ་པ་བརྒལ་ནས་ཏིས་རུག་བཞུགས། ཚེས་༡༡ཕྱི་མ་ལ་སྦྲེ་ལ་རྒལ་སྦྲེ་རོང་ནང་ཁྲ་ཅོག་ཇོ་མོ་རྣམས་ལ་ཆོས་འབྲེལ། ཚེས་༡༢ལ་རྒྱ་ཚན་པོ་བརྒལ་ཡོལ་མདའི་ལྕམ་པ་ཐང་། སྡེ་པ་བརྟན་ཚེ་ཕ་བུ་སོགས་ལ་འཕྲད། ཚེས་༡༣ལ་རྟ་དྲེལ་ཁལ་མ་སོགས་མང་མ་ཡོལ་གཞུང་ནས་བཏང་། སྐུ་འཁོར་ཉུང་ཤས་ཀརྨ་དགོན་དུ་གནས་འཇལ། ཚེས་༡༤ལ་བར་སྐོར་དང་། རྟེན་འཇལ་མཆོད་འབུལ་སོགས། ཀར་རབ་ཁང་དུ་རྩ་གསུམ་ཚོགས་མཆོད། ལྷ་ཁང་གཞན་རྣམས་ལ་ཁྲུས་རབ་གནས་སེར་སྐྱ་ཡོད་རིགས་ལ་འཕོ་ལུང་དང་ཚེ་འགུགས། ཚེས་༡༥ལ་གནས་སྐོར་དང་མཆོད་འཇལ་འཕྲོ་རྣམས་བགྱིས་ནས་གྲམ་ལ་བརྒལ་ཡོང་ལ་མདའི་གཞུང་སྟོད་ཁྲོ་བྲག་མའི་ས་གནས་བག་ཁར་སྒར། ལྷ་སྟེང་འཇའ་མོ་སྤྲུལ་སྐུ་སོགས་བྱུང་། སྐྱ་སེར་ཁྲོམ་རྣམས་ལ་ཆོས་འབྲེལ། ཚེས་༡༦ལ་སབ་ཕུ་ལ་བརྒལ་དམར་ཡོ་ཁར་འདིའི་ཉེ་སར་ནང་ཆེན་ཀར་མདའ་དགོན་ཡོད། ཚེས་༡༧ལ་བཅག་མལ་སྒྲོལ་ཆོག་དང་། ཕུར་པའི་གཏོར་ཟློག །ཚེས་༡༨ལ་སྒར་སོ་སོར་གྱེས་ནས་ལ་དཀར་ཚང་ཟམ་རུ་བརྒྱུད་ནི་ཆོས་ཕྱོགས་དང་། རིན་ཆེན་སྟོན་འཁོར་ནང་ཆེན་དུ་ཕེབས་རྒྱུའི་མདོ་ཁམས་གཞུང་། མཆོད་རྟེན་ལ་ཁྲུས་དང་རབ་གནས། སྐུ་འཇལ་རི་ཁྲུས་དང་དམ་སྒྲགས་སོགས། ཕུར་པའི་ཚོགས་བསྐོང་། ཚེས་༡༩ལ་འགྲིག་ལ་བརྒལ་ཆམ་སྟོད་རོ་རུའི་མར་ནང་། ཚེས་༢༠ལ་སེང་རོང་བརྒྱུད་ལ་དམར་བརྒལ་ནས་ནང་ཆེན་སྒར་དུ་ཕེབས། ཚེས་༢༡ཆད། ཚེས་༢༢ལ་སྐུ་ངོ་རྣམས་ལ་སྐུ་འབབས་གནང་། ཕོ་བྲང་ནང་སྐོར་ཁ་ཤས་རྟེན་འཇལ་གནང་། ཚེས་༢༣ལ་རྟེན་འཇལ་འཕྲོ་རྣམས་མཛད། ཚེས་༢༤ལ་མཆོག་གླིང་འཁྲུང་གཞིས་ཡར་འཁྱིལ་དུ་བསྐོར་ཙམ་ཕེབས། ཕྲིན་ལས་སྙིང་པོའི་ཚོགས་ཕུལ། རབ་གནས་བཅའ་གཞི་བསྒྲིགས། ཚེས་༢༥ལ་བདེ་ཀུན་ལ་བརྟེན་པའི་རབ་གནས་སྟ་གོན། ཚེས་༢༦ལ་དངོས་གཞི། རྒྱས་སྦྱིན་དང་། ལྷ་ཁང་ཐམས་ཅད་ལ་རབ་གནས་འཐོར་བར་ཕེབས་པ་སོགས་རྒྱས་པར་གནང་། ཚེས་༢༧ལ་སྔ་དྲོ་རིགས་འདུས་ཚོགས་འཁོར་དང་། ཕྱི་དྲོ་ཚེས་དགོན་སྤྱི་བྱེར་གདན་ཞུས་རྣམས་ལ་ཕེབས། ཚེས་༢༨ལ་གཡང་སྒྲུབ། ཚེ་དབང་། གཡང་གཏད་སོགས་མཛད། རྒྱལ་ཁབས་སྤྱི་སྒེར་ནས་འབུལ་བ་བསྟབས། ཚེས་༢༩། ཚེས་༣༠ཆིབས་བཏེགས་གནས་དགོན་པའི་བསུ་མ་རིང་ཐུང་བཅས་བྱམས་མེ་དགོན་གྱིས་ཇ་ཞུས། ལྷ་ཁང་ལ་ཕྱག་ནས་འཐོར། ཁ་བ་སྟེང་དུ་བཞུགས། ཧོར་ཟླ་༨ཚེས་༡ལ་སྐྱ་སེར་ཁྲོམ་རྣམས་ལ་དབུ་ལུགས་སེམས་བསྐྱེད་བླ་གྲྭ་མང་ཤས་དང་ལྷན་དུ་ཕྲིན་ལས་འབྲིང་པོའི་ཚོགས་འཁོར་དང་རི་ཁྲུས་དམ་བསྒྲགས་བྱིན་འབེབས་གཡང་འགུགས་སོགས་རྒྱས་པར་གནང་། འཛི་སྒར་ཀོང་སྤྲུལ་བྱུང་བ་དང་མཇལ། ཚེས་༢རི་ཆེ་ཡང་དགོན་འཕགས་མཆོག་དང་མཇལ་འཕྲད། ཚ་ཞལ་བྲག་ཏུ་ཕེབས། གཏེར་གསར་ཚེ་དམར་ཚོགས་ཕུལ། ཁ་བ་སྟེང་དུ་ལྷ་ཁང་གསར་བཞེངས་ས་འདུལ་མཛད། ལྕི་ཆུ་ཀོ་གྲུས་བརྒལ་ནས་བདེ་ཁྱུང་འགགས་བརྒྱུད་སྲག་སྟེང་ཀོབ་ཏུ་བཞུགས། ཚེས་༣ལ་སྔ་ཆར་ཕྲིན་ལས་འབྲིང་པོའི་ཚོགས་དང་རི་ཁྲུས་དམ་སྒྲགས་བྱིན་འབེབས་སོགས་མཛད་ནས་གད་དམར་ལ་རྒྱབ། གཟེ་ཡི་རྫོང་ལྕམ་དགོན་གྱི་ཡར་ཟུར་བྲིས་རི་སྟེང་དུ་ལ་དཀར་སྒར་བཞིས་དང་སྡོམ། ཚེས་༤ལ་བཅགས་མལ། ཚེས་༥ལ་མདུན་ལུང་ནང་དུ། རྩ་གསུམ་ཚོགས་ཕུལ། ཚེས་༦ལ་སྔ་ཆར་རི་ཁྲུས་དང་། མཆོག་གླིང་སྤྲུལ་སྐུ་ཕྱིར་ཕེབས། གཟེ་སྟོད་རྟ་ལུང་སྡོང་སྣར། ཚེས་༧ལ་ཇོ་ལ་བརྒལ་ཇོ་གཞུང་བརྒྱུད། ཚེས་༨ལ་སྤུ་ཐོག་མཚོ་ཆུང་ལ་ཚོགས་འབུལ་གནང་ནས་མ་ག་དྷ་ར་སྣར་བཞུགས། ཚེས་༩ལ་མཚོ་ཆེན་ལ་ཚོགས་འབུལ་དང་གམ་ལ་བརྒལ་ཚ་མདར། ཚེས་༡༠ལ་གསེར་རྩི་མཁར་ནག་ཐང་ལ་རྩ་གསུམ་ཚོགས་ཕུལ། ཚེས་༡༡ལ་སྐྱ་སེར་མཇལ་ཁ་མང་ཙམ་བྱུང་། བསྐྱག་མལ། ཚེས་༡༢ལ་བསྐྱག་མལ། ཚེས་༡༣ལ་བོན་དགོན་དར་རྒྱས་གླིང་གི་ཚུར་ཀ་སྒང་རུ་སྟེང་། ཚེས་༡༤ལ་ཚ་འཕོང་དགོན་གྱི་ཡར་ནང་བསེ་རུའི་ཟམ་པ་དོན་ནས་ཞིང་ཐང་དུ། ཚེས་༡༥ལ་རྨ་ལ་གཉིས་བརྒལ་ནས་མཚེར་ཤུལ་ཞིག་ཏུ། ཚེས་༡༦ལ་རྨ་ལ་གསུམ་པ་དང་། བཞི་པ་བརྒལ་ནས་དཔའ་ཟླ་སུམ་མདོར་བཀྲ་ཤིས་ཐང་དུ། གནས་འདུན་ལ་རྩ་གསུམ་ཚོགས་ཕུལ། ཚེས་༡༧ལ་གེ་ལ་དང་། ཀེ་ལ་བརྒལ་ནས། རེ་ཆུ་མདོར་སྤུ་རྒྱལ་གནས་ཡིག་བྱིན། ཀེ་ལའི་ལ་ཐོག་ནས་སྤུ་རྒྱལ་བྱིན་འབེབས་སོགས་བགྱིས། ཚེས་༡༨ལ་ཆག་ལ་བརྒལ་རམ་ཆུ་ཁ་བྲག་དཀར་སྡེ་བདུན། ཚེས་༡༩ལ་ཡ་ང་མདའི་ཆུ་ཚན་ལ་ལ་ཆབ་གཞུང་བགྱིས་ནས་ཤམ་ངུ་མདར། ཚེས་༢༠ལ་སོ་མཐོ་ལ་རྒལ། ཡེ་སྟོད་བརྡའ་ཆེན་མདའ་གཡའ་མ་སྔོན་པོ་ཀོབ་ལ། ཚེས་༢༡ལ་བོན་དགོན་ས་ཐང་པ་སངས་བརྒྱུད་ཡེ་ཟམ་བརྒལ། ཚེས་༢༢ལ་འབོག་ལྕགས་ཟམ་བརྒལ་བའི་ཐང་ལ་ཙན་དན་དགོན་པར་མཆོད་མཇལ་སོགས། ཚེས་༢༣ལ་གཡག་ལ་སེ་འོ་བརྒལ་ནས་གླེ་ཀར་ཐང་དུ། ཚེས་༢༤ཆད། ཚེས་༢༥ལ་སྤྱང་ཁྱིས་ནང་སོགས་བརྒྱུད་སོག་ལ་དགུ་ལུང་དགུ་བརྒལ་ནས་ཤ་རུ་ནང་དུ། ཚེས་༢༦ལ་སྐོང་ལ་བརྒལ་རྟ་རྒྱུག་ཡར་ཐང་། ཚེས་༢༧ལ་གད་དམར་བརྒྱུད་རག་ཤོད་མཁལ་མ་གཉིས་བར་སྤྱང་རྔོག་རིའི་མདུན་ལ། ཚེས་༢༨ལ་མཚོ་བཟང་ཆུ་བརྒལ་ནས་ན་བ་གཟེ་གཞུང་། ཚེས་༢༩ལ་ཤག་ཆུ་ཟ་ཡུ་ཟམ་པ་དོན་ནས་ཚ་ལུང་མདར། ཤག་ཆུ་འགྲམ་གྱི་ཆབ་ཚན་ལ་ཁྲུས་ཞུགས། ཚེས་༣༠ལ་ཆ་ལོ་གདོང་ལ་སོགས་བརྒལ་ཟམ་ཆོས་འཁོར་སུམ་མདོར། ཧོར་ཟླ་༩པའི་ཚེས་༡ལ་འཕན་མོ་ལ་བརྒལ་སྤྱང་སྐུ་གཞུང་སྟོད་བཀྲ་ཤིས་ན་ལེབ་བར། ཚེས་༢ལ་སྤྱང་ཀུ་ལ་བརྒལ་ཀ་རུ་གཞུང་བརྒྱུད་ཙག་ཆུ་ཁའི་ཐང་ཁུག་ཏུ། ཚེས་༣ལ་མཆོད་པ་དིལ་ལྔ་སོགས་བརྒྱུད་བར་ཤོག་བརྒལ་དགོན་གཞུང་སྟོད་དགོན་པ་ཕུར་ཚུག་མདུན། ཚེས་༤ལ་དགོན་གཞུང་སྨད་བརྒྱུད་ཐོ་སྒོད་ལ་བརྒལ་གསེར་ཉི་གཞུང་སྟོད། ཚེས་༥ལ་ཚ་ཆུ་བརྒལ་ནག་ཆུ་འཁོར་ཆེན་གྱི་ཟམ་པ་དོན་ནས། ཚེས་༦ལ་ཨ་ཆུ་བྷི་ལ་བརྒལ་ཆུ་དཀར་གཞུང་བརྒྱུད་ཀ་ཆེན་ལ་བརྒལ་ནས་ཀ་ཆེན་གྲུ་ཁུག་ཏུ། གསུར་བསྔོ་རྒྱས། ཚེས་༦ཕྱི་མ་ལ་ཀར་ཆུ་ལ་སོགས་བརྒལ་བསམ་ཧོར་གཟིལ་གཞུང་བརྒྱུད་མེ་རྡོ་ཇ་ལ་སྟེང་དུ་སྒར། ཚེས་༧ལ་བསམ་བཞུང་མེ་རྡོ་གད་ནག་ལ་སོགས་བརྒལ་གཡུ་ཆུ་ཟམ་དོན་སྒོ་བ་ན་གཞུང་དུ། ཚེས་༨ལ་གླང་འདིང་ལ་སོགས་བརྒྱུད་བསམ་གཞུང་འཕྲང་སེར་ཁུག །ཚེས་༩ལ་འདུལ་ནག་ཡར་ཐང་། ཐང་སྲས་འཆོལ་བའི་མདུན། ཚེས་༡༠ལ་དཔོན་སློབ་ཉུང་ཤས་གནམ་མཚོ་མཇལ་བར་འདུར་ལུང་པ་གྱེན་དེད་ཀྱི་ལ་ཁ། ཚེས་༡༡ཟངས་རི་གསོལ་ཐབས་མདུན་གྲོ་བཏབ་ལམ་མཁན་ལ་བརྟེན་ནས་མཚོ་ཁར། ཚེས་༡༢ལ་རྩ་གསུམ་དགོངས་འདུས་ཚོགས་རི་ཁྲུས་ལྷ་བསང་མཚོ་འབུལ་རྣམས་བགྱིས། ཕྱིར་ལོག་བཞུགས་ཁྲིའི་ན་བར་གསས་མཁར་ཆུང་ངུ་བརྩིགས་ཤབ་མོ་མདོར། ཚེས་༡༣ལ་ཀོ་ཁྱིམ་ལ་བརྒལ་སུམ་མདོ་བར་མར་གྲོ་བཏབ། ཨ་མདོ་སྟོད་མ་གནས་མཇལ་ཁ་ཤས་མཇལ་ཁ་བྱུང་། ཀོ་ཁྱིམ་དབུ་རྩེ་གཉིས་བར་བརྒྱུད་འདམ་གཞུང་དབུ་མ་ཐང་དུ་སྒར་སྡོམ། ཚེས་༡༤ལ་ཐང་ལྷར་ལྷ་བསང་རྒྱས་པ་རྟ་གཡག་དང་སྦ་མཁར་བུམ་གཏེར་སོགས་ཕུལ། ཚེས་༡༥ལ་གཡང་ར་འཁོར་ཆེན་བརྒྱུད་ལ་བརྒལ་བའི་ཁྲོ་རྫོང་ཐང་དུ། ཚེས་༡༦ལ་ར་སྒྲེང་སྤྲུལ་པའི་སྐུར་མཇལ་དར་སོགས་ཕུལ། ལྕམ་ལ་བརྒལ་ལྕམ་རོང་བརྒྱུད་བྱང་ར་སྒྲེང་དུ་འབྱོར། ཚེས་༡༧ལ་གླིང་སྐོར་དང་སྦྲགས་ཡང་དགོན་སྐོར་ཞིབ་མཇལ། ཚེས་༡༨ཆད། ཚེས་༡༩ལ་གླིང་སྐོར་དང་སྦྲག་བླ་བྲང་ནང་སྐོར་དང་། གཙུག་ལག་ཁང་དགོན་པ་གོང་མ་བཅས་རྟེན་བརྟེན་པར་བཅས་ཞིབ་མཇལ། གསེར་ཆབ་རྒྱས་པར་ཕུལ། མར་མེ་བརྒྱ་མཆོད་བཞི། འཚོགས་པར་མང་ཇ་ཕྱག་འགྱེད་དར་སྒོར་རེ་བཅས་ཕུལ། ཚེས་༢༠ལ་འབྲོམ་གྱི་ཆོས་ར་དང་། ཐུགས་དམ་བརྒྱད་སྟོང་གསེར་བྲིས་སོགས་མཇལ། སྤྲུལ་སྐུའི་མདུན་ཐོན་ཕྱག་ཕུལ། ཚེས་༢༡ལ་བཏེགས་ལམ་ཞོར་གསང་ཡེ་ཕོ་བྲང་ལ་ཞབས་སྐོར་དང་། ལྕམ་ལྷ་ཁང་ཡ་གསུམ་ཐང་མང་སོགས་མཇལ། ཚེས་༢༢ལ་ཕུ་མདོ་ལྕགས་ཟམ་བརྒྱུད་སེ་གླིང་རྒོད་ཚང་མཇལ་དེའི་ཡར་ཁུག་ཏུ། ཚེས་༢༣ལ་སྟག་ལུང་བླ་བྲང་དུ་གཉེར་བཀྲ་ཤིས་དཔལ་ལྡན་གྱིས་སྣེ་ལེན་དང་འབྲེལ་རྟེན་མཇལ་ཞིབ་ཆ། ཚེས་༢༤ལ་ཆག་ལ་བརྒལ། ཁྲོ་ཚང་གད་ཐོག་ཏུ། ཚེས་༢༥ལ་དཔོན་གཡོག་ཉུང་འགྲོས་ཀྱིས་ལམ་བར་སྣ་ཟུར་འབུམ་པ་མཇལ། སྟག་ལུང་མ་སྤྲུལ་ཡང་མཇལ་འཕྲད་བྱུང་། ལ་ཆུང་ངུ་བརྒལ་ཤ་རྭ་འབུམ་པ་མཇལ་ནས་གཞུང་ལམ་བརྒྱུད་དམར་ཤོག་དུ་འབྱོར། ཚེས་༢༦ལ་སྒར་མ་གཞིས་དང་ལྷན་སྡོད་དམར་ཤོག་འགྲམ་ཞིང་ཐང་དུ། ཚེས་༢༧ལ་ཡང་དཔོན་གཡོགས་ཉུང་འགྲོས་ཀྱིས་དུར་ཁྲོད་ཀླུ་མོ་རྒྱལ་སོགས་ནས་ཡུ་ང་ལུང་པ་གྱེན་འདེད་ཀྱིས་གྲམ་པ་ཤེལ་གྱི་མཆོད་རྟེན་དང་། ཁམས་ལུང་ཕུ་ཆུང་རྣམས་མཇལ་ཏེ་ལ་བརྒལ་ནས་པུ་ཏོར་འབྱོར། ཚེས་༢༨ལ་པོ་ཏོ་མཇལ། ར་མ་ཇོ་བོ་དང་རིན་ཆེན་བྲག་སོགས་འཇལ་ནས་ནཱ་ལེནྡྲ་དང་གཟིམ་འོག་བླ་བྲང་དུ། ཚེས་༢༩ལ་ཚོགས་ཆེན་ལ་མང་ཇ་དང་ཕྱག་འགྱེད་ཊམ་ཁ་རེ། མར་མེ་བརྒྱ་མཆོད་གཉིས་རྣམས་ཕུལ། ཚེས་༣༠ལ་མཆོད་མཇལ་སོགས་རྒྱས་པར་མཛད། གཟིམ་འོག་མཆོག་སྤྲུལ་ལས་ཚེ་རྟ་ཟུང་འབྲེལ་དབང་། ཧོར་ཟླ་༡༠པའི་ཚེས་༡ལ་གཟིམ་འོག་རིན་པོ་ཆེར་འཕགས་སྙིང་གི་བྱིན་རླབས་ཕུལ་ནས་བཏེགས། གླང་ཐང་དང་། སྒ་ལྡན་ཆོས་འཁོར་ནས་དམར་ཤོག་ཏུ། ཚེས་༢ལ་སྨོག་ལྕོག་གདན་ས་ལྷ་རྩེ་ཕུག་སོགས་མཇལ། ཚེས་༣ལ་འབུམ་ནག་མཆོད་རྟེན་སོགས་དང་ཐང་རྒྱལ་གཙང་པོའི་ཁ་གནོན་མཆོད་རྟེན་མཇལ་ནས་གྱེ་རེ་ཕུག་ཏུ། ཚེས་༤ལ་འབོ་སྟོད་གཉེན་ལོའི་མགོན་ཁང་སོགས་མཇལ་ནས་སྒར་པ་བྱིང་ཡེར་པའི་མདར་སྡོད། དཔོན་གཡོག་ཉུང་བསྟུས་ཡེར་པ་ཟླ་བ་ཕུག་ཏུ། ཚེས་༥ལ་གླིང་སྐོར་གཅིག་མཛད། འདི་ནས་ལོ་ཕྱི་མའི་ཧོར་ཟླ་གཉིས་པའི་ཚེས་༣༠བར་ཕྱག་མཆན་མེད། ༡༩༥༦འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཕྱག་ལི། རབ་བྱུང་༡༦པའི་མེ་སྤྲེལ་ལོའི་ཧོར་ཟླ་༧པའི་ཚེས་༩ལ་ཆུ་ཚོད་སྤྲེལ་གྱི་སྨད་ཙམ་ནས་བན་རྒན་ཚེ་བརྟན་ཚེ་དུས་བྱས་པར་ངོ་སྤྲོད་དང་འཕོ་བ་གསལ་འདེབས་བསྔོ་སྨོན་སོགས་བྱས། ཚེས་༡༠། ཚེས་༡༡། ཚེས་༡༢། ཚེས་༡༣། ཚེས་༡༤། ཚེས་༡༥། ཚེས་༡༦ལ་གཟིས་སྤྱིའི་སྐུ་ངོ་ཐུབ་རྟན་ཤག་ཏུ་ཐུགས་སྒྲུབ་བསམ་ལྷུན་གྱི་ཚོགས་ཟོར་བཅས་དང་ཁྲུས་རབ་གནས་བཅས། ཚེ་རྟན་འདས་པའི་བདུན་དང་པོའི་བྱང་ཆོག །སྟག་ལུང་ཞོལ་ཐར་པ་སྐྱ་གླིང་དགོན་པར་མཆོད་མཇལ་ཁྲུས་རབ་གནས། དབེན་པར་གཞིས་ཀར་ཚོགས་བརྒྱ་ཚེ་དབང་རབ་གནས་བྱས། ཚེས་༡༧ལ་ནང་རྟེན་མཇལ་ཁ་ཞུས་ནས་བཏེགས་ལམ་བར་གྱི་ཆོས་འབྲེལ་ཞུ་མཁན་སོགས་ཀྱི་འདོད་དོན་བསྐང་སྟེ་གནོད་སྦྱིན་གང་བཟང་གི་མདུན་ཞོལ་གང་ཕུག་ཆུ་མདོར། ཚེས་༡༨ལ་གངས་ཕུག་སྒྲུབ་པ་བ་ཁ་ཤས་ལ་ཆོས་འབྲེལ་དང་། གནོད་སྦྱིན་གང་བཟང་གི་མཆོད་གསོལ་སོགས་བྲིས་ནས་བཏེགས། ཁ་རུ་ལ་སོགས་བརྒྱུད་རྭ་ལུང་དགོན་པའི་གཤམ་རུ་སྒར་བཏབ། ལྷ་ཁང་ཁག་དང་མཆོད་རྟེན་སོགས་མཇལ་རྒྱ་རས་སྐུ་འབག་རིན་ཆེན་གསེར་ཆབ་ཕུལ། ཚེས་༡༩ལ་རྭ་ལུང་དགོན་གྱི་སེར་ཁྱིམ་པ་བཅར་ཞུ་རྣམས་ལ་ཆོས་འབྲེལ་སོགས་བྱས་ནས་བཏེགས་གཞིས་སྟོད་པ་སྒར། ཚེས་༢༠ལ་ལམ་བར་གཙང་ཁ་མོ་བ་ཟེར་བའི་སྔགས་པའི་གཞིས་ཀར་མཆོད་མཇལ་བྱས་ནས་གླིང་བུ་དགོན་འཛིན་གྲོལ་རབ་བརྟན་གླིང་དུ། ཚེས་༢༡ལ་སྨེ་བརྩེགས་སྦྱིན་བསྲེགས་བསྡུས་ཙམ། ཚེས་༢༢ལ་ཁྲོ་དགའ་བའི་སྐུ་ངོ་བསོད་ནམས་ཆོས་བཟང་དང་འཕྲད། དགོན་པར་རབ་གནས་དང་རྟེན་མཇལ་ཞུས། ཚེས་༢༣ལ་སྔ་དྲོ་དཔལ་ཆེན་པོའི་མདུན་དུ་སྙན་བརྒྱུད་ཡང་དག་ཚོགས་མཆོད་དང་། གསེར་ཆབ་ཕུལ། གླིང་བུ་དགོན་གྱི་གྲྭ་ཚང་དང་། ཁྲོ་དགེའི་སྐུ་ངོ་རྣམས། བཀྲས་ནེའི་བཙུན་མ་དང་བུ་ཆུང་སོགས། སེར་སྒྲུབ་སྡེའི་ཐུགས་སྲས་སོགས་འདུས་པ་དྲུག་ཅུ་སྐོར་ལ། ཆ་གསུམ་གྱི་དཀྱིལ་འཁོར་སྔོན་དུ་འགྲོ་བས་འདུས་པ་མདོའི་སྒོ་འབྱེད་དང་། ལྷ་མའི་ཐེག་པའི་དབང་སོགས། | |||
ཚེས་༢༤ལ་ཉན་ཐོས་ནས་ཆོ་གའི་བར་དང་ཚོགས་ཆེན་འདུས་པའི་སྟ་གོན། ཕ་ལྷའི་སྐུ་ངོ་དང་འཕྲད། ཚེས་༢༥ལ་ཚོགས་ཆེན་འདུས་པའི་དངོས་གཞི་དབང་རྣམས་རྒྱས་པ་བསྐུར། ཚེས་༢༦ལ་དབང་གོང་མ་རྣམས་དང་། གཏད་རྒྱ་བཅས་གཏེར་གསར་ཐུགས་སྒྲུབ་རྣམ་གཉིས་ཀྱི་དབང་འབྲིང་བསྡུས་ཚེ་དབང་བཅས་དང་། ཁྲོམ་ལ་ཚེ་དབང་སོགས་བྱས། ཚེས་༢༧ལ་བཏེགས། ལམ་བར་སྒྲོན་གསར་གཞིས་ཁྲོ་དགའི་གཞིས་ལག་ལ་ཚོགས་ཁྲུས་རབ་གནས་ཕ་ལྷའི་མཛོད་སྡེ་དྲུང་གི་གཞིས་ཀར་རྩ་གསུམ་ཚོགས་བརྒྱ་ཕུལ་ནས་ཕ་ལྷའི་གཞིས་ཀར་འབྱོར། ཚེས་༢༨ཆད། ཚེས་༢༩ལ་ཉག་བླ་ཤེས་རབ་འོད་ཟེར་དང་འཕྲད། ཐུགས་སྒྲུབ་བར་ཆད་ཀུན་སེལ་སྒོ་ནས་ཚོགས་ལྔ་བརྒྱ་ལྷག་ཕུལ། ཚེས་༣༠ལ་ཚོགས་ལྔ་བརྒྱ་ལྷག་དང་ཞི་སྦྱིན་དང་། ཁྱོན་སྡོམ་ཚོགས་ཆིག་སྟོང་ལྷག་སོང་། ཧོར་ཟླ་༨པའི་ཚེས་༡ལ་ཁྲུས་རབ་གནས་དང་གླིང་ཁར་སེར་སྐྱ་མང་ཙམ་ལ་མ་ཎི་བསྒོམ་ལུང་དང་ཚེ་དབང་། ཚེས་༢ལ་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་ཇོ་ཁང་དུ་རྩ་གསུམ་ཚོགས་སྟོང་ཕྲག་དང་འབྲེལ་རབ་གནས་ཉིན་གང་མ་མཆོད་རྟེན་ཆེན་མོ་སོགས་ལ་བྱས། གུར་པ་གྲྭ་ཚང་དུ་ས་འཇམ་སྦག་སྒྲུབ་ཀྱི་ལུང་ཁྲིད་སོགས་དང་གདན་ཞུས་ཁ་ཤས་ཀྱི་རེ་འདོད་སྐོང་ནས་ཕ་ལྷར་འབྱོར་སྣང་གསལ་ངོགས་སུ་མཆོད་ཡོན་ལྷན་ནས་འཕགས་མའི་སྙིང་ཐིག་གི་ཚོགས་བཏང་བརྟན་བཞུགས་དང་འབུལ་བ་བྱུང་། ཚེས་༣ལ་བཏེགས་ཕ་ལྷའི་གཉེར་པ་ཕྱག་མཛོད་རྒན་པ་སོགས་ཀྱི་རྩར་ཁྲུས་རབ་གནས་ཚོགས་སྐོང་སོགས་བྱས་ནས་ཁྲོ་དགའི་གཞིས་སུ་འབྱོར། ཚེས་༤ལ་གླིང་ཁར་ཁྲོམ་ལ་ཚེ་དབང་དང་གཞིས་ཀ་སུ་ཟབ་ཏིག་སྒྲོལ་མའི་རིག་གཏད་དང་ཚེ་དབང་རྒྱལ་རྩེའི་རྒྱ་གར་གཞུང་གི་སྐུ་ཚབ་ལ་ཆོས་འབྲེལ་སོགས་བྱས། ཚེས་༥ལ་ཁྲོ་དགའི་སྲས་སྤྲུལ་གཡུ་ཐོག་སྙིང་ཐིག་གི་རྩ་དབང་རྒྱས་པ་དང་། ཚེ་དབང་། སྨན་བླ་ལོངས་སྐུའི་དབང་། ཁྲུས་རབ་གནས་རི་ཁྲུས་སོགས་བྱས། ཚེས་༦ལ་བཏེགས་བཀྲ་ཤིས་དོན་འགྲུབ་བདེར་འབྱོར་དང་སྐུ་ངོ་རྣམས་དང་། འོ་ཡུག་བླ་མ་སེར་ཐུགས་སྲས་སོགས་མང་ཤེས་ལ་རྒྱུད་ཕུར་དབང་ཆེན་དངོས་སྟ་བསྒྲགས་མ། ཚེས་༧ལ་སྟོང་ཚོགས་མཆོད་པ་དང་འབྲེལ། ཀློང་སྙིང་ཡབ་བཀའ་ཡུམ་བཀའ་ཐུགས་ཆེན་དབང་ཚེ་དབང་བཅས་ཁྲོམ་ལ་ཚེ་དབང་། རྒྱལ་རྩེའི་མི་ཆེན་ཁ་ཤས་དང་འཕྲད། གནམ་ལྕགས་ཕུར་པ་དང་བྱིན་རྟེན་ཁ་ཤས་འབྱོར། ཚེས་༨ལ་བཏེགས་བརྩེ་ཆེན་ཆོས་སྡེའི་ཐད་ཀྱི་ཟམ་པ་རྒལ་ནས་ཕ་ལྷའི་གཞིས་ལག་གསར་པར་ཁྲུས། གཙང་སྡེའི་གཞིས་ཀར་མ་ཎི་བསྒོམ་ལུང་དང་ཤར་གཞིས་ཀར་ཚོགས་དང་སྦྱིན་སྲེག་ཚེ་དབང་བྱས། ཚེས་༩ལ་བཏེགས་ལམ་བར་བྱ་ཁྱུང་དགོན་གསར་ལ་རྒྱང་ནས་ཁྲུས་རབ་གནས་བྱས། བོན་ཤོད་གཞིས་སུ་འབྱོར། ཚེས་༡༠ལ་བཏེགས་ལམ་བར་ནས་པར་རི་དགོན་གྱི་གཞིས་སུ་ཚོགས་ཁྲུས་རབ་གནས་མཆོད། བ་གནམ་ཟམ་པ་དོག་ནས་ཞིང་ཐང་དུ་སྒར། པད་ལུས་རྐྱེན་སེལ་གླུད་བསྔོ་དང་གཅོད་བཏང་། ཚེས་༡༡ལ་གཞིས་ཀ་རྩེ་བདེ་རབ་གཞིས་སུ་འབྱོར། ཀཿཐོག་སི་ཏུ་རིན་པོ་ཆེ་དང་མཇལ་འཕྲད། ཚེས་༡༢ལ་ཡིག་ལན་མང་ཤས་བྲིས། ཚེས་༡༣ལ་ཨོ་རྒྱན་ལྷ་ཁང་དུ་ཀཿསི་དང་ལྷན་དུ་ཀློང་སྙིང་ཡབ་བཀའ་དང་ཡུམ་ཀའི་ཚོགས་ཕུལ། ཚེས་༡༤ལ་གདོང་ཐོག་ཕྲིན་ལས་རྡོ་རྗེའི་རྩར་ཚེ་དབང་། ཀར་མཛེས་པ་དཔལ་ལྡན་སྤུན་བཅས་ལ་ཚེ་དབང་། གཉིས་ཀར་ཁྲོམ་ཚོགས་མང་། ཚེས་༡༥ལ་བདེ་ཆེན་ཕོ་བྲང་དུ་པཎ་ཆེན་སྦུག་མཇལ་ཞུས། བོད་རྡོ་བཅོ་ལྔ་ཕུལ། མདུན་ཇ་ཞལ་འབྲས། འདྲ་སྤར་སྲུང་བྱིན་སོགས་གནང་སྦྱིན་བྱུང་། བཀྲ་ལྷུན་མཆོད་མཇལ་དང་ནང་བརྟེན་མཇལ་ཁ་ཞུས། རྒྱ་ཁང་ཚན་ནས་ཇ་ཞུས་བྱུང་། དེར་མང་ཇ་དང་ཕྱག་འགྱེད་ཕུལ། པོ་ལུ་རྡོ་རྗེ་དང་འཁྲད། བན་རྒན་འདས་པར་བྱང་ཆོག །ཚེས་༡༥ཕྱི་ལྷ་རྩེ་ཡུལ་ཤང་ཡི་ནད་པར་དྲག་པོ་རྟ་ཁྱུང་དབང་བྱས། ཁམས་བོད་མཇལ་ཁ་མང་དུ་བྱུང་། ཚེས་༡༦ལ་བཀྲས་ལྷུན་མཆོད་མཇལ་ཞིབ་རྒྱས་ཞུས་གླིང་སྐོར་བཅས་རྫོང་དུ་མཇལ་བར་སོང་། ཆབ་ཚང་སྐུ་ངོ་འཆི་མེད་དང་མཇལ་འཕྲད། ཚེས་༡༧ལ་ཐར་རྩེ་མཁན་ཆེན་དང་མཇལ་འཕྲད། གཟིམ་ཤག་སྐུ་ངོ་རྣམས་དང་། བཀྲ་ཤིས་རབ་བརྟན་སོགས་ཉེ་འབྲེལ་སྐུ་ངོ་ཚང་མར་རིགས་འདུས་ཚེ་དབང་། སི་ཏུ་རིན་པོ་ཆེ་དང་། པོ་ལུ་རྡོ་རྗེ་སོགས་ལ་ཚེ་དབང་ཚར་གཅིག་བཅས་བསྐུར། ཚེས་༡༨ལ་བཏེག་སྣར་ཐང་དགོན་འགྲམ་དུ་སྒར་མཆོད་མཇལ་དང་། ནང་བརྟེན་མཇལ་ཁ་སྐོར་བཅས། དེར་སྡོད་གཞིས་རྩེའི་སྔགས་པ་ནས་གནམ་ལྕགས་རྡོ་རྗེ་ཕུལ། གཟའ་ཟླ་ནད་པར་ཚེ་འགུགས་བཀའ་བསྒོ། ཚེས་༡༩ལ་གཤང་གཞིས་ཐད་ན་ཐང་དུ་སྒར། ཁང་གསར་མཁན་སྔགས་ཡོན་ཏན་རྒྱ་མཚོ་བྱོན་པ་དང་མཇལ། ཆོས་འབྲེལ་ལུང་ཕྲན་ཚེག་ཕུལ། ལམ་ཞོར་སྟག་ལའམ་དིལ་ལ་ལ་ཁར། གཞུང་གི་ས་གནད་ལྷ་ཁང་མཇལ་ཁྲུས་རབ་གནས་དམིགས་པ་བྱས། ཚེས་༢༠ཆད། ཚེས་༢༡ལ་ཤངས་གཞིས་ལ་ཁྲུས་རབ་གནས་བྱས། ཚེ་རིང་གཞིས་ཀར་ཕྱག་མཛོད་དངོས་གྲུབ་ནས་སྣེ་ལེན་གང་ལེགས་བྱས། གྲོང་སྟག་གཡུ་ཐོག་པའི་དགོན་པ་བྱང་ཞེས་པའི་དགོན་ཆུང་དུ་ཕྱག་མཛོད་རང་ནས་བཞེངས་པའི་བཅུ་གཅིག་ཞལ་སོགས་ལ་ཁྲུས་རབ་གནས། ཁོ་རང་གཟའ་ཟླ་ནད་པ་བཅས་ཀྱི་སྐྱབས་རྟེན་སྤམ་མནོག་བྱུང་། ཚེས་༢༢ལ་གཟིམ་ཤག་ལྷ་ཁང་སོགས་ལ་ཁྲུས་རབ་གནས་དང་། ཞབས་གཡོགས་བཀྲ་ཤིས་སྦུག་གི་གཞིས་ཀར་ཁྲུས་དང་། བཀའ་བསྒོ། འཕོ་ལུང་སོགས་བྱས། ཞང་ངུ་ལ་བརྒལ་ནས་ན་ཐང་ཞིག་ཏུ་སྒར་ས་སྐྱའི་མི་སྣ་བྱུང་། ཚེས་༢༣ལ་ས་སྐྱའི་ལས་སྣེ་རྣམས་ཀྱིས་ཆིབས་བསུ་དང་། ཨ་སྤྲོ་མི་རྩར་མཁན་ཆེན་ཁྲིར་ཐོག་དཔོན་སློབ་གཙོས་དྲུང་སྐྱ་སེར་ཉེ་ལྔ་སྐོར་ཐང་བསུར་ཕེབས། ཆོས་འཁོར་དབུ་བརྩེ་རུ་འབག་བསུ་བཅས་ཕུན་ཚོགས་ཕོ་བྲང་དུ་འདུག །སྤྱི་བྱེར་ཟུར་གསོལ་སྟོན་རྒྱས། ཚེས་༢༤ལ་ལྷ་ཁང་ཆེན་མོར་མཆོད་མཇལ། ཚེས་༢༥ལ་ཆོས་སྡེ་བྱིང་གི་མཆོད་མཇལ་དང་། ཞབས་བརྟན་ལྷ་ཁང་གི་རྗེ་བཙུན་མའི་མདུན་མཇལ་འཕྲད། ཚེས་༢༦ལ་མཆོད་མཇལ་འཕྲོས་དང་བསུ་ཆབས་ཚན་ནས་བདག་ཁྲི་ཕྱིར་ཕེབས་པ་མཇལ་ཁ་ཞུས། མཎྜལ་རྟེན་སོགས་ཕུལ། ཚེས་༢༧ལ་ལྷ་ཁང་ཆེན་མོར་ལྷོ་བྱང་འདུས་སྡེ་ལྷན་འཚོགས་ཀྱིིས་རྣམ་རྒྱལ་སྟོང་མཆོད་ཉིན་འཁྱོལ། མཆོད་པ་སོགས་གཟབ་རྒྱས་སྐུ་འགྱེད་དངུལ་སྲང་ལྔ་བཅུ་རེ་ཕུལ། བདག་ཁྲི་རིན་པོ་ཆེའང་ཕེབས་ནས་ནང་རྟེན་རྣམས་མཇལ་ཁ་གནང་། ཚེས་༢༨ལ་ཕུན་ཕོར་རབ་གནས་ཉིན་གང་དང་ཤུལ་བཞུགས་ཕྱག་མཛོད་སོགས་ལ་བཀའ་སྒོ་ཚེ་འགུགས་བྱས། བདག་ཁྲིའི་མདུན་ནས་ཞལ་གྱི་རྗེས་གནང་ཞུས། ཚེས་༢༩ལ་བསེ་མགོན་མདུན་བདག་ཁྲི་རིན་པོ་ཆེ་དཔོན་སློབ་ཉུང་ཤས་ལ་གསུང་སྐོང་ཞུ་བ་དང་འབྲེལ་ལྷ་བརྒྱད་རྗེས་གནང་ཞུས། སྤྱན་གཟིགས་སོགས་ཕུལ། ཚེས་༣༠ལ་ཕུན་ཕོའི་དབང་ཁང་དུ་ལྷོ་དགེ་འདུན་རྣམས་ལ་ཀུན་རིག་དབང་ཆེན་གཉིས་ཕུལ། ཧོར་ཟླ་༩པའི་ཚེས་༡ལ་སྦྱིན་བདག་འགའི་འདོད་སྐོང་བྱས། སྒྲོལ་ཕོར་གནས་མལ་སྤོས་བདག་ཁྲི་མདུན་ནས་ཕུར་པའི་སྟ་གོན་གནང་། ཚེས་༢ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཕུར་པའི་དབང་དངོས་གཞི་གསུང་། ཆོས་སྡེ་བྱང་དུ་མཆོད་མཇལ་འཕྲོས་རྣམས་མཇལ། གདན་ཞུས་ཁ་ཤས་ལའང་སོང་། ཚེས་༣ལ་མཁན་ཟུར་ཡོངས་འཛིན་འཇམ་དཔལ་ལས་རྟ་མགྲིན་ཡང་ཁྲོས་དབང་ས་ལུགས་ཡིག་སྟེང་ནས་ཐོབ། ཚེས་༤ལ་བདག་ཁྲི་ལས་ཕུར་པའི་སྨད་ལས་དབང་རྒྱས་སྤྲོས་སུ་ཐོབ། སྡེ་དགེའི་བང་མི་འབྱོར། ཚེས་༥ལ་ལྷ་ཁང་ཆེན་མོའི་ཁྱམས་སུ་སྐྱ་སེར་ཁྲོམ་ཚོགས་མང་བར་ཚེ་དབང་བསྐུར། ཚེས་༦ལ་སྒྲོལ་ཕོར་བདག་ཁྲི་རིན་པོ་ཆེ་དབུས་འདུས་པ་ཉེར་ལྔ་སྐོར་ལ། སྙན་རྒྱུད་ཕུར་པའི་དབང་དང་། བདེ་མཆོག་ནག་པོ་ལུགས་ཀྱི་སྟ་གོན། ཚེས་༧ལ་དངོས་གཞི་དང་། ལུ་ཧི་ལུགས་ཀྱི་སྟ་གོན། ཚེས་༨ལ་ལུ་ཧི་དངོས་གཞི་དང་གསང་འདུས་མི་སྐྱོད་པའི་སྟ་གོན། རྗེ་བཙུན་འཆི་མེད་སོགས་ཀྱི་ཐུགས་བཞེད་དུ་སྨིན་ལུགས་གཅོད་དབང་ཁྲིད་བཅས་ཕུལ། ལྷ་ཁང་ཆེན་མོར་ལྷོ་བྱང་དགེ་འདུན་ཞལ་གྲང་ཉིས་བརྒྱ་སྐོར་ནས་སྒྲོལ་མ་འབུམ་ཐེར་ཚུགས། ཚེས་༩ལ་གསང་འདུས་དངོས་གཞི་དང་། མཁན་ཆེན་བླ་མ་གནུབ་ལུགས་སྔགས་པ་སོགས་ཀྱི་ངོར། བདག་ཁྲི་རིན་པོ་ཆེ་སོགས་དཔོན་གཡོག་ཉུང་ཤས་ལ་ལྕེ་བཙུན་སྙིང་ཐིག་གི་དབང་ཕུལ། ཚེས་༡༠ལ་བདག་ཁྲི་རིན་པོ་ཆེ་སྟོན་འཁོར་དང་། ལྷན་ཅིག་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྟོང་ཚོགས་དང་འབྲེལ་དབང་འབྲིང་གཏོར་དབང་ཚེ་དབང་བཅས་དང་འདོན་ཆའི་ལུང་བཅས། ཚར་ལུགས་རྣལ་འབྱོར་མའི་ཚོགས་མཆོད་དང་འབྲེལ་ཕུལ། ཚེས་༡༡ལ་འཇིགས་བྱེད་ལྷ་བཅུ་གསུམ་སྟ་གོན། ལྷོ་བྱང་འདུས་པ་ནས་སྒྲོལ་མ་འབུམ་ཐེར་གྲུབ། ཚེས་༡༢ལ་དངོས་གཞི། ལྷོ་བྱང་དགེ་འདུན་ནས་ཚེ་ལྷ་རྣམ་གསུམ་ཆོ་ག་དང་བསྐང་གསོ་སོགས་བཏང་སྐུ་ཡོན་དངུལ་སྲང་སོ་ལྔ་རེ་ཕུལ། ཚེས་༡༣ལ་སྔ་དྲོ་བདག་ཁྲི་རིན་པོ་ཆེ་དབུས་མང་ཤས་ལ་རྒྱ་ཆེན་སྤྱོད་རྒྱུད་ལུགས་ཀྱི་སེམས་སྡོམ་དང་། དགོང་ཀ་སྐུ་ངོ་ཉུང་ཤས་ལ་རིགས་བྱེད་དང་། ཚོགས་བདག་ཐུན་མིན་བྱིན་རླབས་ཕུལ། ཚེས་༡༤ལ་རི་སྐེད་བྱ་བྲལ་འབྱོར། ལྷ་ཁང་ཆེན་མོར་རྩ་གསུམ་དྲིལ་སྒྲུབ་སྐོང་ཚོགས་དང་འབྲེལ། དཔོན་སློབ་བཅུ་སྐོར་རབ་གནས་ཉིན་འཁྱོལ་གྱི་ཕྱི་ནང་སྟེང་ཤོད་ལྷ་ཁང་ཁག་དང་། སྟེང་ཐོག་ནས་རི་ཁྲུས་སོགས་རྒྱས་པར་བྱས། ཚེས་༡༥ལ་ཕུར་ཁང་དུ་རྡོར་སེམས་ཞི་སྦྱིན་ཉིན་འཁྱོལ། ཚེས་༡༦ལ་ལྷ་ཁང་ཆེན་མོར་རྡོར་སེམས་སྐོང་ཚོགས་དཔོན་སློབ་བཅུ་དྲུག་སྐོར་ནས་བཏང་། ས་སྐྱ་གཞུང་སྒེར་ཚོགས་དང་མཆོད་པ་རྒྱས། ཚེས་༡༧ལ་ལྷ་ཁང་ཆེན་མོའི་ཁྱམས་སུ་ཁྲོམ་ཚོགས་ལ་ཐུགས་ཆེན་རིགས་གཏད། ཚོགས་དང་བུམ་ཆུ་བྱིན། ཚེས་༡༨ལ་དངུལ་གདུང་རིག་འཛིན་ལྷ་ཁང་དུ་ལྷོ་བྱང་དགེ་འདུན་རྣམས་དང་ཕྱོགས་འདུས་བླ་གྲྭ་སོགས་འདུས་པ་སུམ་བརྒྱ་ལྷག་སྐོར་ལ་ཀྱེ་རྡོར་སྟ་གོན། ཚེས་༡༩ལ་དབང་དངོས་གཞི་ཆ། ཚེས་༢༠ལ་ལམ་དབང་ཆ། ཚེས་༢༡ལ་ངོར་ལུགས་རྣལ་འབྱོར་མའི་བྱིན་རླབས་ཆ། ཚེས་༢༢ལ་ལྷ་ཁང་ཆེན་མོའི་བཞུགས་ཁྲིར་མཁན་ཆེན་གདན་ཟུར་དབུས། ལྷོ་བྱང་དགེ་འདུན་ནས་སྒྲོལ་དཀར་འོད་ཟེར་དྲུག་སྦྲག་གི་བརྟན་བཞུགས་རྒྱས་པར་བྱུང་། ལམ་ཟབ་དང་། བིར་སྲུང་ཕྱི་མ། བླ་མ་རིན་འབྱུང་རྣམས་ཀྱིས་བྱིན་རླབས་བྱས། གཞུང་གི་འབུལ་བ་སློབ་གྲྭར་རྟེན་འཇོག་ཏུ་བྱས། ཚེས་༢༣ལ་གླིང་སྐོར་རྒྱས་པར་སོང་། སྒོ་རུམ་བསེ་འབག་མདུན་བདག་ཁྲི་རིན་པོ་ཆེ་བྱོན་པར་བཀའ་རྟགས་སྤྲིང་ཡིག་ཕྲིན་བཅོལ་དང་བསྒྲགས་བཀའ་དྲིན་ཐོབ། རིན་སྒང་སོགས་མཇལ། དེར་རྒྱ་ཚ་དཔོན་སློབ་ངོར་སྐྱ་སེར་མང་ཙམ་ལ་བཅུ་གཅིག་ཞལ་གྱི་རྗེས་གནང་དང་ཡིག་རྒྱའི་ལུང་བཀླགས། ཚེས་༢༤བཀྲ་ཤིས་སྒང་དུ་རྗེ་བཙུན་མའི་བཞུགས་གཞིས་སུ་ཁྲུས་རབ་གནས་དང་གླིང་ཁར་ཚེ་དབང་། ཆོས་འཁོར་ལྷུན་པོར་ཁྲུས་རབ་གནས་དང་། མང་ཇ་ཕྱག་འགྱེད་དངུལ་སྲང་རེ་ཕུལ། དགོན་ཡུལ་ཁྲོམ་ཚོགས་ལ་རྟ་མགྲིན་རྗེས་གནང་བཅས། ཚེས་༢༥ཆད། ཚེས་༢༦ལ་བྱས་འགྱུར་རྡོ་རྗེ་བྲག་རྫོང་དུ་གྲོ་བཏབས། མཆོད་མཇལ་སོགས་ཞིབ་པར་ཞུས་ནས་ཁ་འུའི་བྲག་རྫོང་གི་ཆོས་རྒྱལ་ཕུག་ཏུ་བདག་ཆེན་རིན་པོ་ཆེ་ཕེབས་པ་དང་ལྷན་རྒྱས། བྲག་སྒོའི་མགོན་ཁང་དུ་བདག་ཁྲིར་ཞལ་གྱི་རྗེས་གནང་ཕུལ་ཚུར་ལའང་གཏོར་མའི་བསྒོ་བ་ཞིག་ཞུས། ཚེས་༢༧ལ་ལམ་འབྲས་ལྷ་ཁང་དུ་ཁམས་བླ་དཔལ་འབྱོར་ངོར་བཅུ་གཅིག་ཞལ་གྱི་རྗེས་གནང་སྐྱ་སེར་མང་ཙམ་ལ་བཏོན། སྟོན་འཁོར་ལྷན་རྒྱས་ཆིབས་བཏེགས་ལ་བརྒལ་ནས་བསམ་གླིང་ལྷ་མོའི་མགོན་ཁང་དུ་ཕེབས་ནས་བསང་གསུང་གནང་། དམག་ཟོར་རྗེས་གནང་ཕུལ། གཏོར་མའི་བཀའ་བསྒོ་ཞུས། ལྷན་རྒྱས་སྐྱེར་གཞུང་མདའ་བསྒར། ཚེས་༢༨ལ་གཤེད་དམར་ལྷ་ལྔའི་སྟ་གོན། རི་ཀེག་བྱ་བྲལ་ཞུས་ངོར་རྒྱ་ཅན་ཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་དང་། གྲུབ་ཐོབ་ཐུགས་ཏིག་གི་དབང་ཚེ་དབང་བཅས། རྡོ་རྗེའི་ཚིག་རྐང་གི་བཤད་ཁྲིད་བཅས་བདག་ཁྲི་རིན་པོ་ཆེ་སོགས་ལ་ཕུལ། ཚེས་༢༩ལ་གཤེད་དམར་དབང་དངོས་གཞི་དང་། སྙན་བརྒྱུད་ཕུར་པའི་ཁྲིད་དང་ལུང་སོགས་ཕུལ། ཚེས་༣༠ལ་དཔོན་སློབ་ཉུང་སྡུས་ལ་ལམ་ཟབ་དང་། བིར་སྲུང་ནང་མའི་བྱིན་རླབས་ཕུལ་ནས་ཕུན་ཚོགས་ཕོ་བྲང་དུ་འབྱོར། རི་རྐེག་བྱ་བྲལ་ལ་ལུང་ཆེན་བཏོན། ཧོར་ཟླ་དགུ་པ་ཕྱི་མའི་ཚེས་༡ལ་ཁམས་ཕྱོགས་ཡིག་ལེན་མང་ཙམ་བྲིས། བྱ་བྲལ་བར་གྲུབ་ཐོབ་རིལ་དཀར་སྒོམ་ལུང་། ཚེས་༢ལ་ཕུན་ཕོའི་དབང་ཁང་དུ་རྟ་མགྲིན་གསང་བསྒྲུབ་ཀྱི་དབང་བསྐུར། སྒྲོལ་ཕོར་ཁྱུག་ཙམ་ཕྱི་ལྷ་ཁང་ཆེན་མོའི་དབུ་རྩེ་བླ་མ་ལྷ་ཁང་དུ་ག་ཡ་དྷ་རི་བུམ་ཆུ་མཇལ། ཆོས་ཁྲི་མཁས་པ་ཟིལ་གནོན་མཇལ། ས་སྣའི་སྣེ་ཤན་རྣམས་ཀྱི་འདོད་མོས་བཞིན་ཁྲི་སྟེང་ནས་ཆོས་འབྲེལ་བྱས་སྨོན་ལམ་བཏབ། ཞབས་པད་ལྷ་ཁང་གི་རྗེ་བཙུན་མའི་མདུན་ནས་ཆོས་འབྲེལ་ཞུས། དབུ་རྩེའི་འཇམ་དབྱངས་མདུན་ནས་ལྷོ་བྱང་དགེ་འདུན་རྣམས་ལ་འཇམ་དབྱངས་དམར་སེར། ས་འཇམ་སྦགས་སྒྲུབ་སྒྲོལ་དཀར་འོད་ཟེར་དྲུག་གི་རྗེས་གནང་དང་། མཚན་བརྗོད་དང་། ལམ་དུས་ལུང་བཏོན། སྙན་ཤལ་དང་རྒྱལ་མཚན་ཆ་གཅིག་ཕུལ། བསེ་མགོན་མདུན་སྙན་ཤལ་དང་འཕན་ཆ་གཅིག་ཕུལ། ཕྲིན་བཅོལ་ཞུས། རིའི་རྣམ་རྒྱལ་མཆོད་རྟེན་མཇལ་སྨོན་ལམ་བཏབ། བོན་ཛུ་གུའི་རོ་ཡོད་སར་དགུགས་མནན་དམིགས་པ་བྱས། སྒྲོལ་ཕོར་འབྱོར། ཚེས་༣ལ་གསོལ་དཔོན་བཀྲ་ཤིས་རྣམ་རྒྱལ་སོགས་ཁམས་ལ་ཐེགས། བདག་ཁྲི་རིན་པོ་ཆེ་དཔོན་སློབ་ལ་རྒྱ་ཅན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་སོགས་ཕུལ། མཎྜལ་རྟེན་གསུམ་སོགས་གནང་སྦྱིན་རྒྱ་ཆེར་རྩལ། བོད་རྡོ་བརྒྱ་ཐམ་པ་དང་གསོན་གཤིན་སྐྱབས་ཞུས། འདུས་ཆས་སོགས་མང་ཤས་སྐྱབས་ཞུས་སུ་ཕུལ། ཚེས་༤ལ་གཡུ་མཁར་མོའི་སྒྲོལ་མའི་མདུན་སྙན་ཤལ་ཕུལ་སྨོན་ལམ་བཏབ། བདག་ཁྲི་རིན་པོ་ཆེ་བཀྲ་ཤིས་འགུལ་དར་འབུལ། རེས་གཞི་རྗེ་བཙུན་འཆི་མེད། མཁན་ཆེན་ལས་ཐོག །ཞབས་པད་སོགས་དྲུང་སྐྱ་སེར་བཞི་བཅུ་ལྷག་གིས་སྐྱེལ་ཐུང་དང་ཐབ་བསྐྱེལ་བཅས། ས་སྐྱ་ནས་བཏེགས་བཀྲས་འཛོམ་དུ། ཚེས་༥ལ་ཕུར་བསྙེན་ཁྲི་རེ་དབུ་ཚུགས། ལམ་པར་ཇིང་དགོན་པ་གོང་འོག་མཇལ་བར་བྲག་མཁར་ཆེན་དུ། ཚེས་༦ལ་རི་ཁྲོད་བླ་གྲྭ་རྣམས་དང་ལྷ་རྩེའི་ཚོང་པ་སོགས་ལ་སྨིན་གླིང་རྡོར་སེམས་དབང་བསྐུར། རྩ་གསུམ་ཚོགས་བཏང་། གུ་རུའི་སྒྲུབ་ཕུག་མཇལ། ཁྲུས་རབ་གནས་སྡུས་ཙམ་བྱས། ཚེས་༧ལ་རེ་མདའ་འཕགས་པ་ཞེས་པའི་མི་ཚང་འགྲམ་སོང་། བརྒྱུད་མདར་གྲང་མོ་ཆེར་འབྱོར་ཚར་ཆེན་སྐུ་གདུང་མདུན། ཚེས་༨ལ་གྲྭ་ཚང་ལ་མང་ཇ་དང་ཕྱག་འགྱེད་དངུལ་སྲང་སུམ་ཅུ་རེ་དང་། མཆོད་སྡོང་རིན་པོ་ཆེར་མར་མེ་བརྒྱ་རྩ་དང་སྙན་ཤལ་ནང་མཛོད་གཡུ་བྱེར་ཕྲེང་བ་བཅས་ཕུལ། གྲྭ་ཚང་ཡུལ་གསར་ཚང་གི་རྗེ་བཙུན་མ་སོགས་ལ་མཁའ་སྤྱོད་བྱིན་རླབས། ཁྲོམ་ཚོགས་མང་བར་ལ་མ་ཎིའི་སྒོམ་ལུང་དང་ཚེ་འགུགས། དགོན་པར་ཁྲུས་རབ་གནས་བསྡུས་ཙམ་བཅས། ཚེས་༩ལ་ཡུལ་གསར་ཚང་རྩར་སྐོར་ཙམ་ཕྱིན་ནས་བཏེགས། ལམ་བར་རྨུ་ཤང་བེག་རྩེའི་མགོན་ཁང་དང་། མུ་གུ་ལུང་སོགས་མཇལ་ནས་ཐུབ་བསྟན་དགེ་འཕེལ་དུ་འབྱོར། ཚེས་༡༠ལ་ཁྲོམ་ལ་ཚེ་དབང་དང་། འདྲ་ཞལ་མདུན་གུ་རུའི་བླ་མ་རྣམས་ཀྱི་ཚོགས་དང་། མར་མེ་བརྒྱ་རྩ། སྙན་ཤར་ནང་མཛོད་དང་། དར་ཁྲུས་དམར་སེར་གྱི་ཡོལ་བ། བྱང་རྩེའི་ཐུགས་དམ་ཚོགས་བདག་ལ་མགུལ་རྒྱན་དང་སྙན་ཤལ། མང་ཇ་དང་ཕྱག་འགྱེད་སྲང་སོ་ལྔ་རེ་ཕུལ། ཀྱེ་རྡོར་སྒྲུབ་མཆོད་ཀྱི་རྟེན་རྩ་ཉམས་པར་གཏན་རྩ་གསར་དུ་བཞག །ཚེས་༡༠ཕྱི་མ་ལ་བཏེགས་ལ་བརྒལ་ནས་ཕུ་ཆུང་རྩར་རིགས་འདུས་ཚོགས་བརྒྱ། ཚེས་༡༡ལ་གཙང་གི་འབྲས་ལྗོངས་སྤུན་བདུན་མདུན་ཞོལ་ནས་རྗེ་བཙུན་སྒྲུབ་གནས་བྲག་པོ་ཆེ་དང་། གུ་རུའི་ཕྱག་མཁར་བཞུགས་ཟེར་བའི་འབུམ་པ་སོགས་བརྒྱུད་རྨ་བྱ་གཞིས་ཀར་འབྱོར། ལྷ་ཁང་ལ་ཁྲུས་རབ་གནས་གུ་རུར་མགུལ་རྒྱན་ཕུལ། ཚེས་༡༢ལ་ལམ་ཞོར་ག་བེ་བླ་བྲང་རིགས་འདུས་ཚོགས་ཕུལ། ཞང་སྐུ་རོང་པད་ཚལ་གཞིས་ཀར། ཚེས་༡༣ལ་ཞང་པ་ལ་བརྒལ་ནས་སྐྱིམ་ལུང་བཀྲ་ཤིས་ཁང་གི་འགྲམ་དུ། ཚེས་༡༤ལ་རྡོ་བཀྲ་ལ་ཆེན་བརྒལ་ནས་རྡོ་བཀྲའི་གཞིས་སུ་འབྱོར། རྩ་གསུམ་དྲིལ་སྒྲུབ་ཚོགས་བརྒྱ་ཕུལ། ཁྲོམ་ལ་མཇལ་ཁ་དང་། ལམ་བར་གངས་ཆེན་ཆོས་སྡེའི་འཛིན་ཁུངས་པད་ཚལ་དགོན་ཆུང་ཞེས་པར་སྐོར་ཙམ་ཕྱིན། འདི་བསྐོར་ལམ་བརྒྱུད་ནས་རྫ་རོང་པོའི་རྒྱབ་རི་གངས་བྱ་མོ་མཐོང་། རྡོ་བཀྲ་འདི་འབྲས་ལྗོངས་ཁོངས་གཏོགས་ཡིན། གཞན་འདི་སྐོར་བླ་བྲང་སྒོང་། ཚེས་༡༥ལ་ཏང་དཀར་གཞིས་སུ། ཚེས་༡༦ལ་གོང་མ་ཚང་རྩར་བཞུགས་སྡེ་ལ་ཚེ་དབང་། ཚེས་༡༧ལ་འབྲས་ལྗོངས་ས་སྣེ་ཟིན། སེར་པོ་ཕུ་ལ་བརྒལ་ནས་ཇོ་བོ་གངས་ཅན་དང་། ཇོ་མོ་གཡང་མོ་ཟེར་བའི་གངས་རི་གཉིས་ཀྱི་བར་སྦྲུལ་འགུ་ཞེས་པར་གུར་ཕུབ་ནས་བཞུགས། | |||
ཚེས་༡༨ཆད། ཚེས་༡༩ལ་སྦྲུལ་འགུ་རྫ་འགགས་བརྒྱུད། འདི་ནས་བཟུང་ཤིང་ནག་གི་མགོ་ཟིན། ཐང་ཁུག་ཀཱུ་ཊིར་འབྱོར། ཀཱུ་ཊི་ཞེས་པ་རྒྱ་གར་མི་ཁང་ཡི་མིང་། ཚེས་༢༠ལ་ལ་ཆེན་དུ་གཞུང་གི་ཀཱུ་ཊིར། ཚེས་༢༡ལ་སྡེ་སྤྱིར་ཚེ་དབང་དང་། འཁོར་འདས་མཆོད་པ་སོགས་བྱས། ཚེས་༢༢ལ་འགེལ་ཁལ་འགྲིག་མིན་གྱིས་སྡོད་དགོས་བྱུང་བར་སྒྲོལ་ཆོག་དང་མ་མགོན་བསྐང་གསོལ་རྒྱས་པར་བཏང་། ཚེས་༢༣ལ་བསང་དང་རི་ཁྲུས་བསྡུས་ཙམ་བྱས་ནས་བཏེགས་མདོ་ཤོད་ཐང་དུ་སྒར། ཚེས་༢༤ལ་ཟིས་ལ་བརྒལ་ཙུན་ཐང་ནས་པ་སུ་སླང་ནས་རྡོ་ལྕགས་ཟམ་ཁར། ཚེས་༢༥ལ་སྡོང་ལྕགས་ཟམ་པ་སོགས་བརྒལ། དུང་ལུང་རིས་དཔོན་གླང་ཆེན་ཚང་རྩར། ཚེས་༢༦ལ་ཨ་གར་རྡོ་ལྕགས་ཟམ་པ་སོགས་དང་། སེ་ལམ་ལ་བརྒལ་ནས། འབྲས་ལྗོངས་སྟག་རྩེར་འབྱོར། ཚེས་༢༧ལ་བསྙུན་ཁམ་ཅུང་ཟད་འཁྲུགས། ཡུམ་བཀའི་ཚོགས་མཆོད་སུམ་བཟློག་བསྡུས་པ་དང་འབྲེལ་བ་བཏང་། ཆབ་མདོ་སྨན་པ་ངག་དབང་བཟོད་པ་ནས་གསོལ་སྨན་ཕུལ། ཚེས་༢༨ལ་བཞུགས་དལ། ཚེས་༢༩ལ་བཞུགས་དལ། ཚེས་༣༠ལ་ཁྲུས་དང་ཉེ་རེག་བྱས། རྒྱབ་རིའི་རྩེ་ནས་མཛོད་ལྔའི་གངས་ལ་ཏིང་ངེ་འཛིན་གྱི་ཁྲུས་དམིགས། ཧོར་ཟླ་༡༠ཚེས་༡ལ་རྒྱ་གར་གནས་སྐོར་འགྲོ་རྒྱུའི་སྐར་འཛིན་བྱས། རབ་གནས་འཐོར། ཤིས་བརྗོད་བྱས། ཚེས་༢ལ་ཕོ་བྲང་དང་ཕྱོགས་བཞིའི་དར་ཆེན་གསར་འཛུགས་སོགས་ལ་ཁྲུས་དང་། ཚེས་༣ལ་འདུག་དལ། ཚེས་༤ལ་ལྷ་ཡུམ་དང་། ཕྱག་མཛོད་ཚེ་དཔལ། ཚེ་ཆོས་སོགས་ག་སྦུག་དུ་པ་སི་དང་དངུལ་དོན་སོང་། ཚེས་༥སྒང་ཐོག་འབྱོར། ལྷ་ཁང་དུ་བཞུགས། བོད་གསར་ཀ་ཤའི་ལྷ་ལྕམ་སོགས་གནས་སྐོར་ཕེབས་པ་དང་འཕྲད། རྒྱལ་སྲས་དང་མཇལ་འཕྲད། ཚེས་༦ལ་ཕོ་བྲང་དུ་རྒྱལ་པོ་ཡབ་སྲས་སོགས་ལ་མཇལ་རྟེན་ཕུལ། གསུང་གླེང་བྱས། ཚེས་༧ལ་སྒང་ཐོག་ནས་བཏེགས་རྒྱ་གར་གནས་མཇལ་ཚུགས། ཤི་རི་གི་རིར་ཆུ་ཚོད་༧ཐོག་ཙམ་ལ་འབྱོར་ནས་འབྲས་ལྗོངས་གཞུང་གི་ཁང་གསར་སྡོད། ཚེས་༨ལ་ཆུ་ཚོད་ལྔ་ནས་རི་ལིར་ཞུགས་ནས་མཚན་ཐོག་ཐག །ཚེས་༩ལ་ཉི་ཤར་ཐོག་གང་གཱ་དང་ཆུ་བོ་ཡ་མུ་ན་གཉིས་འདྲེས་སར་གཟིང་ཆེན་གམ་འཇའ་རྩིའི་བརྒལ་ནས་རི་ལི་ཞུགས་སུ་སྟན་གནྡིར་ཁི། ཚེས་༡༠ལ་སྔ་དྲོའི་ཆུ་ཚོད་བརྒྱད་ལ་རྡོ་རྗེ་གདན་དུ་འབྱོར་མཆོད་མཇལ་ཞུས། རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་ཕུལ། ཚེས་༡༡ལ་གན་དྷོ་ལར་མཆོད་མཇལ་ཕྱག་སྐོར་དང་། རྟ་སྒ་སྒྲིལ་ལ་བརྟེན་ནས་མཆོད་རྟེན་རྣམ་དག་དྲུང་སོགས་མཇལ། ཚེས་༡༢ལ་བྱང་ཆུབ་ཤིང་དྲུང་དུ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་ཆོ་ག་ཐུན་བཏང་། དགའ་ལྡན་འཕེལ་རྒྱས་གླིང་དུ་མཆོད་མཇལ་ཞུས། གཡོན་རུ་སྲས་བདེ་གཤེགས་སོགས་ཀྱི་ཆེད་དུ་ཐུགས་ཆེན་བྱང་ཆོག་གཟབ་ནས་བྱས། ཚེས་༡༣ལ་གན་དྷོ་ལའི་སྟེང་ཁང་དུ་གཞུང་གི་ཞབས་བརྟན་གཙོར་དམིགས་ལས་གླིང་ཕུར་པ་ཡང་སྙིང་སྤུ་གྲིའི་སྒོ་ནས་རབ་གནས་ཉིན་གང་མ་དང་འབྲེལ་ཚོགས་སྐོང་ཟློག་སོགས་གཟབ་ནས་ཞུས། ཚེས་༡༤ལ་ཤར་ལྷོའི་དུར་ཁྲོད་བསིལ་ཚལ་དུ་གླང་ཆེན་ལ་ཞོན་ནས་སོང་། ཤཱ་ཝ་རིའི་སྒྲུབ་ཕུག་དང་། ལྷ་ཁང་གསར་བཞེངས་སོགས་ལ་ཁྲུས་རབ་གནས། གནས་ཆོག་སྨོན་ལམ་སོགས་བྱས། ཞོལ་དུ་ནེ་རཉྫ་ན་དང་། ལེགས་སྐྱེས་མའི་ཞོ་ཕུལ་བའི་གནས་ཡིན་རྒྱུ་རྣམས་ཀྱང་མཇལ། ཚེས་༡༥ལ་ཐོ་རེངས་སྔ་བར་གན་དྷོ་ལའི་བྱང་ཆུབ་ཆེན་པོ་དྲུང་དུ་སངས་གླིང་གནས་ཆོག་གཟབ་རྒྱས་སུ་བཏང་། མཆོད་པ་མར་མེ་ལྔ་སྟོང་དང་ཉེར་སྤྱོད་གཞན་སྟོང་ཕྲག་རེ་གཟབ་རྒྱས་སུ་ཕུལ་ནས་བྱང་ཆུབ་ཤིང་དྲུང་དུ་དགེ་ལྡན་འཕེལ་རྒྱས་གླིང་པར་བརྟན་པ་རྒྱས་ཆོག་གསུང་དུ་བཞུགས། ཕྱག་འགྱེད་སྒོར་གསུམ་རེ་ཕུལ། རྟེན་ཐེབས་ཞལ་འདེབས་སྒོར་སུམ་བརྒྱ་བཞག །ཉི་ཤར་ལ་མཆོག་ལྡན་ངོར་བྱང་ཆུབ་ཤིང་དྲུང་དུ་དབུ་ལུགས་སེམས་སྡོམས་ཕོག །ཀརྨ་པ་ཕེབས་པར་མཇལ་དར་ཕུལ། སྦྱིན་བདག་བཀྲས་བདེའི་ཚོགས་བརྒྱ་གན་དྷོ་ལའི་སྟེང་ཁང་དུ་རྩ་གསུམ་དྲིལ་སྒྲུབ་ཚོགས་ཕུལ། ཕྱི་སྐོར་ལ་བརྐྱང་ཕྱག་ཞིག་ཀྱང་འཚལ། ཚེས་༡༦ལ་མོ་ཀྲར་ཞུག་ནས་ན་ལེནྡྲ་རྒྱལ་པོའི་ཁབ་སྨན་ཆུ་དང་། བྱ་རྒོད་ཕུང་རིར་མཇལ་ཁར་ཕྱིན་སྡུད་པ་བཏོན། ཚེས་༡༧ལ་གན་དྷོ་ལར་ཕྱག་མཆོད་བསྐོར་བ་དང་། བྱང་ཆུབ་ཤིང་དྲུང་དུ་བསྟན་རྒྱས་སྨོན་ལམ་བྲིས། ཕྱི་དྲོ་རྒྱལ་དབང་རིན་པོའི་གན་དྷོ་ལར་ཐུགས་སྒྲུབ་བསམ་ལྷུན་ཚོགས་རྒྱས་པར་གསུང་བའི་གྲལ་དུ་ཞུགས། ཚེས་༡༨ལ་གོན་དྷོ་ལར་སྐོར་སྨོན་བྱས། ཀརྨ་པ་ཐོན་ཕྱག་ཕུལ་ནས། མོ་ཀྲར་ཞུགས་ནས་ཀ་ཡ་དང་། དེ་ནས་རི་ལིར་ཞུགས་ཝ་ར་ན་སི་བར་དང་། མོ་ཀྲ་ནས་དྲང་སྲོང་ལྷུང་བའི་དགོན་དུ་འབྱོར། ཚེས་༡༩ལ་ཝ་ར་ཎ་སི་གནས་མཇལ་སྐོར་བ་དང་། དྲང་སྲོང་ལྷུང་བའི་ཆོས་ཁྲིར་རྟེན་འབྲེལ་སྙིང་པོ་བཤད། མར་མེ་བརྒྱ་ཕྲག་གསུམ་ཕུལ། ཅོ་ཀན་དའི་མཆོད་རྟེན་ཞེས་ལྔ་སྡེའི་སྟོན་པ་ཐོག་མར་མཇལ་ས་ཡིན་སྐད་དེའང་མཇལ། གནྡ་རུ་ཊའི་ལྷ་ཁང་དུ་བཞུགས་པའི་སངས་རྒྱས་ཀྱི་སྐུ་རུས་ཚན་གཉིས་མཇལ། སྨོན་ལམ་བཏབ། ཚེས་༢༠བསྐོར་བ་དང་སྦྲགས་རྒྱ་དང་། འབར་མ། བོད་བཅས་ཀྱི་ལྷ་ཁང་རྣམས་མཇལ། ཐམས་ཅད་མཁྱེན་པ་ཡབ་སྲས་ཕྱག་ཕེབས་པར་ཆུ་ཚོད་བཅུ་ནས་རྒྱལ་བ་རིན་པོ་ཆེ་མཇལ་ཁ་ཞུས། ཚེས་༢༡ལ་མོ་ཀྲར་ནས་བི་ན་ར་ཡི་ཏྲིི་སེང་དང་། དེ་ནས་རི་ལིར་ཞུག་ནས། ཚེས་༢༢ནམ་ལངས་དུ་ལ་ཁ་ནོའི་ཏྲིི་སིང་དུ་འབྱོར། དགོང་མོར་རི་ལིར་ཞུགས་ནས། ཚེས་༢༣ཆད། ཚེས་༢༤ལ་ནམ་ལངས་ཇན་དིར་འབྱོར། འཕྲལ་རི་ལིའི་གཞན་སར་ཞུགས་ནས་ཉིན་གུང་སང་ཅིར་འབྱོར་བསྐོར་བ་སོགས་བྱས། ཚེས་༢༥ལ་སང་ཅི་སྡོད། སྐོར་བ་སོགས་བྱས། ཚེས་༢༦ལ་དགོང་མོར་རི་ལིར་ཞུགས་ནས། ཚེས་༢༧ལ་དྷེ་ལི་གསར་པར་འབྱོར་འཕྲལ་མོ་ཀྲར་ཞུགས་ནས་དྷེ་ལི་རྙིང་པ་འབྱོར། དགོང་མོ་རི་ལིར་ཞུགས་ནས་འབའ་ལ་དང་། ཛ་ལནྡྷ་ར། ཨ་འབར་པ་སོགས་བརྒྱུད། ཚེས་༢༨ལ་ས་ཕུན་ཀོར་དུ་འབྱོར། མོ་ཀྲར་ཞུགས་ནས་འཛོམ་གྷན་དྷ་ར་སོགས་བརྒྱུད་མན་དིའི་རྒྱལ་སར་འབྱོར། ཚེས་༢༩ལ་ཐོ་རང་མོ་ཀྲར་ཞུག་མཚོ་པདྨར་སྔ་དྲོ་ཆུ་ཚོད་བརྒྱད་པའི་ཐོག་འབྱོར། མཚོ་འཇལ་དང་སྐོར་བ་བྱས། གུ་རུའི་བླ་རྣམ་བྲིས། ཚེས་༣༠ལ་སྔ་གྲོ་མཆོད་སྐོར་དང་མགོ་ལོག་བླ་མའི་མཆོད་ཁང་དུ་སླེབས། དགོང་མོར་ལྷ་ཁང་དུ་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་ཚོགས་རྒྱས་པར་ཕུལ། དེར་གནས་བླ་གྲྭ་རྣམས་ལ་མང་ཇ་དང་སྐུ་འགྱེད་སྒོར་རེ་རྟེན་རྩ་ཞལ་འདེབས་ཕུལ། ཧོར་ཟླ་༡༡ཚེས་༡ལ་མཚོ་ལ་ཁྲུས་གསོལ་དང་། བུམ་གཏེར་བཅའ་སྒྲུབ་བྱས་པ་ཕུལ། བྱིན་འབེབས་བྱས། དཀོར་གཉེར་ལ་དྭག་པའི་འདོད་མོས་བཞིན། ལྷ་ཁང་དུ་རྩ་གསུམ་སྤྱི་འདུས་ཀྱི་ཚོགས་ཕུལ། ཚེས་༢ལ་མོ་ཀྲར་ཞུགས་ནས་མ་སྡེ་གྲོང་སོགས་བརྒྱུད་འཇལ་གྷནྡྷར་ག་ཀར་འབྱོར། ཚེས་༢ཕྱི་མ་ལ་ནམ་ལང་རི་ལིར་ཞུགས་ནས་ས་ཝན་ཀ་དང་། འདིའི་ལམ་བར་ཀང་ར་མན་དི་ཞེས་ཛ་ལནྡྷ་ར་དང་། ས་ལ་མེ་འབར་སོགས་གནས་འགའ་རེ་ཡོད་ཚུལ། དེ་ནས་རི་ལི་ཆེན་མོར་ཞུགས་ནས་ལམ་འབར་པར་འབྱོར། ཚེས་༣ལ་གུ་རུ་ཎ་ནི་ཕོ་བྲང་དང་ཚོང་འདུས་སོགས་ལ་ལྟད་མོར་ཕྱིན། ཚེས་༤ལ་དགོངས་མོར་རི་ལིར་ཞུགས་ནས་དྷེ་ལི་གསར་པ་དང་། མོ་ཀྲ་ལས་དྷེ་ལི་རྙིང་པར་མཚན་གུང་འབྱོར། ཚེས་༥ལ་དགོངས་མོར་རི་ལིར་ཞུགས་ནས་མཚན་གུང་ཤིང་ཀོང་ཧ་གདན། རི་ལི་གཞན་ལ་ཞུགས་ནས། ཚེས་༦ལ་ནམ་ལང་པ་ཁ་ཤར་འབྱོར། མོ་ཀྲ་ཞུགས་ནས་སང་ཁའི་སྡེ་ལྷ་བབས་གནས་མཇལ། གནས་བསྟོད་བྲིས། ཚེས་༧ལ་ལྷ་བབ་ཏུ་སོང་བསྟན་པའི་ཞབས་རིམ་བྱས། ཚེས་༨ལ་ཉིན་གུང་རི་ལི་ཞུགས་ནས་ཕ་རུ་ཁ་བར་དང་། དགོངས་མོར་གཞན་ལ་ཞུགས་ནས་ཀན་པར་དུ་མཚན་གུང་འབྱོར། ཚེས་༩ལ་ཐོ་རང་རི་ལི་ཞུགས་ལ་ཁ་ནོའི་བརྒྱུད་གོ་ཌ་ནས་རི་ལི་བརྗེས་ཏེ། ཉིན་གུང་བ་ལམ་དུར་འབྱོར། དེ་འཕྲལ་མོ་ཀྲ་ཞུགས་ནས། མཉན་ཡོད་མཇལ་ཕྱག་མཆོད་སྨོན་ལམ་ཞུས། དགོང་མོར་རི་ལིར་ཞུགས་ནས་ནེར་གྲོར་དང་ན་ལེནྜ་གུང་འབྱོར། ཚེས་༡༠མོ་ཀྲམ་ཞུགས་ནས་ལུམྦི་མཇལ་ཕྱག་སྐོར་སྨོན་ལམ་བཏབ་ཕྱེད་ཡོལ་ནས་རི་ལིར་ཞུགས་ནས་མཚན་གུང་མོ་ཀྲར་ཞུགས་རག་ཕུར་འབྱོར། ཚེས་༡༡ལ་མོ་ཀྲར་ཞུགས་ནས་ཀུ་ཤི་ན་ག་ར་སྟེ་རྩ་མཆོག་གྲོང་ལ་ཞིབ་པར་མཇལ་བར་ཕྱག་མཆོད་སྨོན་ལམ་བཏབས། དགོངས་མོ་རི་ལིར་ཞུགས། ཚེས་༡༢ལ་ཡངས་པ་ཅན་མཇལ། ཞོག་ཁར་མུ་ཟ་ཕར་བུར་དུ་འབྱོར་མོ་ཀྲར་ཞུགས་ནས་ཡངས་པ་ཅན་མཇལ་མཚན་གུང་རི་ལིར་ཞུགས། ཚེས་༡༣ལ་ཞོག་ཁར་ས་ཀོ་ལི་ནས་རི་ལིར་བརྗེས་ཏེ་རག་སོར་བརྒྱུད་ནེ་ས་ལེའི་སྡེ་བྷི་རི་ཁིན་ཚར་འབྱོར་ཞག་སྡོད། ནམ་གུང་ཙམ་ནས་ཚེ་རིང་དབང་མོ་ན་མགོ་ཚུགས། ཚེས་༡༤ལ་གནས་ཚང་སྤོས་ཏེ་ཐང་ལུགས་ཚེ་དབང་བརྒྱ་རྩ་བསྐུར། ཚེས་༡༥ལ་བསམ་གཏན་བུམ་ཁྲུས་དང་གདུགས་དཀར་སྒྲུབ་ནས་ཁྲུས་བྱས། རྨ་བྱ་ཆེན་མོའི་འཆི་བསླུ་ལ་བླ་འགུགས་སྔགས་བཏགས། ཚེས་༡༦རྨ་བྱ་ཆེན་མོའི་དུས་འཆི་བསླུ་བྱས་དགོངས་ཀ་ཆུ་ཚོད་དྲུག་པའི་མགོ་ཟིན་ཙམ་ལ་རག་སོལ་གྱིས་ཀྲི་སིང་ཕྱི་གླིང་དབྱིན་ཇིས་སྨན་ཁང་དུ་ཚེ་ལུ་སོང་བས་ཆུ་ཚོད་བཅུ་གཉིས་པར་གྲོལ་སྐད། ཚེས་༡༨ལ་རྨ་བྱ་ཆེན་མོའི་ཚེ་སྒྲུབ། ཚེ་དཔལ་ཕྱིར་འབྱོར། ཧོར་ཟླ་གཉིས་པ་ཚེས་༧ལ་འཇའ་ཚོན་གཏེར་ཆོས་དབང་ལུང་མགོ་ཚུགས། ཞི་ཁྲོའི་སྟ་གོན། ཚེས་༨ལ་དངོས་གཞི་དཀོན་སྤྱི་དང་ཞི་ཁྲོ། ཚེས་༩ལ་ཐུགས་ཆེན་རྟ་ཕག་ཡིད་ནོར། ཚེས་༡༠ཆད། ཚེས་༡༡ལ་གྲོ་ལོད་དཀོན་སྤྱིའི་དྲག་སེང་ཁྲིད་དབུ་ཚུགས། ཚེས་༡༢ལ་ཚེ་སྒྲུབ་གནམ་ལྕགས་བཀའ་བརྒྱད། ཚེས་༡༣གསང་ལམ་བླ་སྒྲུབ་དཀོན་སྤྱི་ཚེ་དབང་། ཚེས་༡༤། ཚེས་༡༥ལ། ཚེས་༡༦། ཚེས་༡༧བཀའ་བརྒྱད་རིག་འཛིན་ཡོངས་འདུས་དབང་། ཚེས་༡༨བཀའ་བརྒྱད་རིག་འཛིན་ཡོངས་འདུས་ལེའུ་དྲུག་གི་དབང་རྫོགས་ལུང་བཏོན་འཇའ་ཚོན་མ་ནིང་ལུང་། ཚེས་༡༩ལ་བསམ་ལྷུན་དབང་། མ་ནིང་ལུང་རྫོགས་ཉུང་ཤས་ལ་མ་ནིང་སྲོག་དབང་། ༡༩༥༧ལོར། རབ་བྱུང་༡༦པའི་མེ་བྱ་ལོའི་ལོ་ཐོ། ཧོར་ཟླ་གསུམ་པའི་ཚེས་༡ནས་ཟླ་བཞི་པའི་ཚེས་༡༦ཕན་ཟིན་ཐོ་མི་བཞུགས། ཚེས་༡༧ལ་ལྷ་ལྕམ་སངས་རྒྱས་བདེ་སྐྱིད་བསྙུན། ཚེས་༡༨། ཚེས་༡༩། ཚེས་༢༠ལ་འབྲས་ལྗོངས་ལྷ་ལྕམ་སངས་བདེ་ཉི་ཤར་དུ་ཚེའི་དུས་བྱས། ཚེས་༢༡ནས་ཚེས་༢༩བར་ཟིན་ཐོ་མི་འདུག །ཚེས་༣༠ལ་དབང་ཕྱུག་ལྷ་ལྡན་ནས་ཕྱིར་འབྱོར། དབང་ཆེན་ཤི་སྐད་ཀྱི་ཁ་སྤར་བྱུང་། བྱང་ཆོག་ཚར་གཉིས། ཧོར་ཟླ་དྲུག་པའི་ཚེས་༡ལ་ཡོ་རོབ་ཏུ་རྒྱལ་སྲས་ཀྱིས་སྨན་བཅོས་རིིམ་གྲོ་ལ་སྨན་ཆོག་དང་བྱང་ཆོག །ཚེས་༢ཆད། ཚེས་༣ལ་བཀྲ་རྣམ་ནས་དེམ་བྱུང་བ་བུ་མོ་ཉན་སར་སོང་། བུ་མོ་རྡོར་གླིང་དུ་སོང་། ལྷ་ལྕམ་འདས་མའི་སྐུ་ཚིག་དྲུག་པ་འོད་ཆོག །ཚེས་༤ལ་གཟུངས་སྒྲུབ། ཚེས་༥ལ་དབང་ཆེན་འདས་པར་བྱང་ཆོག་རྒྱས། ཚེས་༦ལ་གཟུངས་འབུལ་རྒྱུ་བྱིན་རྟེན་བསྡུས། ཚེས་༧ལ་སློབ་དཔོན་དངུལ་སྐུ་མི་ཚད་ལྷག་ཙམ་ལ་གཟུངས་འབུལ། ཚེས་༨། ཚེས་༩ལ་ལྷ་དབུ་ལ་གོར་ཆིག་སྟོང་བཞི་བརྒྱ་གཡར། ཚེས་༡༠ལ་ལྷ་ལྕམ་འདས་མའི་རྫོགས་པར་གྲོལ་ཏིག་ཞི་ཁྲོའི་ལམ་བསྟན་དང་ཕྱི་དྲོ་གསང་འདུས་ཚེས་བཅུ། ཚེས་༡༡ལ་འདུག་དལ། ཚེས་༡༢ལ་མ་མགོན་ཚོགས་བརྒྱ་ལ་དཀར་གསོལ་ཀ་རིགས་བཏོན། ཚེས་༡༣ལ་མ་མགོན་ཚོགས་བརྒྱ་ལ་དཀར་གསོལ་ཀ་ཡོངས་རྫོགས། ཚེས་༡༤ལ་སྒྲོལ་ཆོག་དཔོན་སློབ་བཅུ་ཡིས་ཚར་བཅུ་གཅིག་སོང་། ཚེས་༡༥ལ་དཔོན་སློབ་བཅུས་ཚེ་ལྷ་རྣམ་གསུམ་ཆོ་ག་ཚར་གཉིས་བསྟོད་ཚིག་ཀྱང་བཏོན། ཚེས་༡༦ལ་དགོངས་ཟང་མ་ཚང་བའི་པོད་འདུག་པས་སྡོམ་གཏད་ཕུལ། འཁྲུལ་ཞིག་མཆོད་རྟེན་བསྐོར་བ་ཆིག་བརྒྱ་བཅུ་བྱས། ཚེས་༡༧། ཚེས་༡༨། ཚེས་༡༩། ཚེས་༢༠། ཚེས་༢༡། ཚེས་༢༢ལ་ཐར་མཁན་ཕེབས་མཇལ་འཕྲད། ཚེས་༢༣། ཚེས་༢༤། ཚེས་༢༥ལ་རྫོང་སར་བ་རྣམས་ཕྱིར་ལོག །དྲེལ་པ་ཤར་སིང་མར་ཁྱོགས། རིག་འཛིན་སྲོག་སྒྲུབ་ཕག་མོའི་ཚོགས་ཕུལ། ཚེས་༢༦། ཚེས་༢༧། ཚེས་༢༨། ཚེས་༢༩ལ་མགུ་ལོག་བསྟན་འཛིན་གདོང་ཐུབ་པར་བོད་དངུལ་སྲང་ཉིས་བརྒྱ། དབྱིན་གོར་ཉིས་བརྒྱ་སྐྱབས་རྟེན། ཚེས་༣༠། ཧོར་ཟླ་བདུན་པའི་ཚེས་༡ནས་ཟླ་༡༡ཚེས་༡༨བར་ཟིན་ཐོ་མི་འདུག །འདི་ནས་ལམ་ཡིག་དང་སྦྲེལ་དགོས་མཆན། ཚེས་༡༩ལ་ཤི་རི་རྒུ་རི། ཚེས་༢༠ཆུ་ཚོད་ལྔ་ནས་རི་ལིར་ཞུགས། ཚེས་༢༡ལ་གོན་ཌར། ཚེས་༢༢ལ་པལ་རམ་པུར་ནས་མོ་ཀྲར་ཞུགས་གཉན་ཡོད། ཚེས་༢༣ལ་གྷནྡྷར་ཀུ་ཊི་སྟེ་དྲི་གཙང་ཁང་དུ་དོན་གཉེར་ཅན་ངོར་དབུ་ལུགས་སེམས་བསྐྱེད། མཆོད་མེ་གཉིས་བརྒྱ་ཞལ་ཟས་བརྒྱ་གནས་ཆོག་རྒྱས། ཚེས་༢༤ཆད། ཚེས་༢༥ལ་པལ་རམ་པུར་ནས་རི་ལིར། ཀུན་དགའ་ར་བར་ཚོགས་གཅིག་བརྒྱ་བརྒྱད་དང་། མར་མེ་སུམ་བརྒྱ་བཅས་རྩ་གསུམ་དགོངས་འདུས་ཚོགས་དང་གནས་ཆོག །ཚེས་༢༦ལ་མཚན་གུང་གྷོ་རག་པུར་ལ་འབྱོར་མོ་ཀྲ་ལ་བརྟེན་ནས་རྩ་མཆོག་གྲོང་། དགོངས་མོ་རི་ལིར་ཞུགས། ཚེས་༢༧ལ་ནམ་ལ་བི་ན་ར་སིར། མོ་ཀྲར་ཞུགས་ནས་ཝ་ར་ན་སིར་མཆོད་མཇལ། སྐུ་རུས་ཁག་མཇལ་ཁ་ཞུས། གཟིངས་ལ་བརྟེན་ནས་ཆུ་ནང་འབྲས་ལྗོངས་ལྷ་ཡུམ་རུས་ཐལ་གཤེགས། ཚེས་༢༨ལ་ནམ་ལངས་རི་ལིར་ཞུགས་ཕྱེད་ཡོལ་ག་མར་འབྱོར། མོ་ཀྲར་ཞུགས་ནས་རྡོར་གདན་འབྱོར། ཚེས་༢༩ལ་སྔ་དྲོ་བྱང་ཆུབ་ཤིང་དྲུང་ནས་གནས་ཆོག་དང་། ཕྱི་དྲོ་བར་ཁང་ནས་གནད་ཏིག་ཕུར་པའི་ཚོགས་དང་བསྐོང་བཟློག་བཏང་། ཚེས་༣༠ལ་བྱང་ཆུབ་ཆེན་པོའི་མདུན་གནས་ཆོག་རྒྱས་པར་བཏང་། བྱང་ཆུབ་ཤིང་དྲུང་བྱང་ཆོག་དགོང་མོར་གནྡྷོོ་ལར་བརྐྱང་ཕྱག །མཚན་གུང་ལྷ་ཡུམ་དང་། མཛོད་ཚེ་དཔལ་དཔོན་གཡོགས་རྣམས་འབྱོར། ཧོར་ཟླ་བཅུ་གཉིས་ཚེས་༡ལ་བདུད་འཇོམས་སྲས་དང་འབྲུག་བསོད་ནམས་བཟང་པོའི་ཡུམ་སོགས་ལ་ཚེ་དབང་། བྱང་ཆུབ་ཤིང་དྲུང་དུ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་ཆོ་ག་བཏང་དོན་གཉེར་ཅན་ལ་རྗེས་གནང་དང་། ཇོ་ལུགས་མི་འཁྲུགས་པའི་ཆོ་ག །ཚེས་༢ལ་བྱང་ཆུབ་ཤིང་དྲུང་དུ་གནས་ཆོག་རྒྱས་པར། ཚེས་༣ལ་སྒྲག་བང་ལར་གནས་སྤོས། བར་ཁང་དུ་སེང་གདོང་གི་ཚོགས། ཚེས་༤ལ་བར་ཁང་དུ་ཐུགས་སྒྲུབ་བླ་མཆོད་ཚོགས་རྒྱས་པར་བཏང་། ཉེར་སྤྱོད་ལྔ་སོ་སོར་ནས་སྟོང་ཕྲག་དང་། མར་མེ་ཁྲི་ལྷག་བཅས། ཚེས་༥ལ་བྱང་ཆུབ་ཤིང་དྲུང་དུ་ཚེ་ལྷ་རྣམ་གསུམ་ཆོ་ག་ཚར་གཅིག །ཞབས་བརྟན། ཚེས་༥ཕྱི་མ་ལ་བསིལ་ཚལ། ཚེས་༦ལ་གསེར་ཆབས་ཕུལ། ཚེས་༧ལ་སྙན་ཤལ་ཕུལ། གན་དྷོ་ལ་ཞལ་འདེབས་སྒོར་གཅིག་བརྒྱ་དྲུག་ཅུ་ཕུལ། མོ་ཀྲར་ཞུགས་ནས་རྒྱལ་པོའི་ཁབ་འོད་སྲུང་ཕུག་གཅིག་མཇལ། ཆུ་དྲོན། ཚེས་༨ལ་སྔ་དྲོ་བྱ་རྒོད་ཕུང་རིར་མདོ་སྡུད་དང་མངོན་རྟོགས་རྒྱན། ཕྱི་དྲོ་ནཱ་ལེནྡྲར་མཆོད་མཇལ། དགོང་མོ་ཆུ་དྲོན། ཚེས་༩ལ་སྔ་དྲོ་འོད་སྲུང་ཕུག་མོ་ཀྲར་ཞུགས་ནས་ག་སཱར་འབྱོར་ཞག་སྡོད། ཚེས་༡༠ལ་ནམ་ལང་རི་ལིར་ཞུགས་དགོངས་མོ་གངྒཱའི་གྲུ་གཟིང་བརྒལ་ནས་རི་ལིར་ཞུགས། ཚེས་༡༡ལ་ནམ་ལང་ཤི་ལི་གུ་རིར་འབྱོར། མོ་ཀྲར་ཞུགས་ནས་སྒང་ཐོག་ཏུ་ཆུ་ཚོད་གསུམ་ལ་འབྱོར། ཚེས་༡༢། ཚེས་༡༣ལ་བསྙུན་ཁམས་ཅུང་འཁྲུགས། འབྲས་ལྗོངས་ཡ་བ་སྒྲག་ཀྲར་ལ་བསྟེན་མུས། ཚེས་༡༤ལ་སྐོང་གསོ་ཚུགས། གདོང་སྤྲུལ། མཁར་མདོ་ཞབས་དྲུང་། མཁན་ཐུབ་བརྟན་སོགས་དཔོན་སློབ་ལྔ་ནས་ངོར་ལུགས་བསྐང་གསོ་ཚུགས། ཚེས་༡༥ལ་གཞུང་གི་སྐུ་གསར་པར་སྦྱང་ཁྲུས་རབ་གནས། ཚེས་༡༦། ཚེས་༡༧ལ་ས་སྐྱའི་དྲུང་སྐོར་གྲགས་པར་རིགས་འདུས་རྩ་དབང་ཚེ་དབང་། ཚེས་༡༨ཆད། ཚེས་༡༩ལ་དངོས་རོལ་བཏང་། ཚེས་༢༠ལ་སྒྲོལ་དཀར་སྦྱིན་བསྲེགས། ཚེས་༢༡། ཚེས་༢༢། ཚེས་༢༣ལ་མཁན་སྤྲུལ་རྣམས་ནས་སྒྲོལ་དཀར་དུར་ཝའི་སྦྱིན་སྲེགས་འབུམ་ཐེར་གྲུབ་ནས། བདུད་བཟློག་བརྒྱ་བཞི་གྲུབ་ཉིན་རེ། ཚེས་༢༤། ཚེས་༢༥ལ་གསང་ཐིག་ཡུམ་བཀའི་ཚོགས་ཕུལ། ཚེས་༢༦ལ་བཀའ་འགྱུར་ཚུགས། ཚེས་༢༧། ཚེས་༢༨། ཚེས་༢༩ལ་ཕྱག་དྲུག་བསྐང་གསོ་བཏང་། ཚེས་༣༠། ས་ཁྱི་ལོའི་ཧོར་ཟླ་དང་པོའི་ཚེས་༡ལ་ས་སྐྱའི་ཕུན་ཕོའི་གདུང་སྲས་སྐུ་གཞོན་འབའ་ཉག་ཏུ་ཕེབས་སྐད། ཕྲིན་སྒྲུབ་རིན་ཆེན་སྒྲོན་མེའི་ཚོགས་ཕུལ། ཚེས་༢། ཚེས་༣ལ་བཀའ་འགྱུར་གྲུབ། ཕྱི་དྲོ་གདུགས་དཀར་ཚར་ཅི་འགྲུབ་གསུངས་ནས་གྲོལ། ས་སྐྱའི་གདུང་སྲས་དང་མཇལ་འཕྲད། ཚེས་༤ལ་མཁན་སྤྲུལ་རྣམས་ནས་རྣམ་འཇོམས་སྦྱིན་སྲེག་ཉིན་གཉིས་སུ་བཏང་། ཚེས་༥། ཚེས་༦ལ་འབར་མའི་གཏོར་ཆེན་བཏང་། བྱབ་ཁྲུས། ཚེས་༧ལ་འབྲུག་བུམ་ཐང་བ་སོགས་བླ་སྤྲུལ་གྲྭ་བཅུ་སྐོར་ལ་བི་མིའི་འཇམ་དཔལ་མཚན་བརྗོད་བཤད་ཁྲིད། འདབ་རའི་མཆོད་རྟེན་དུ་འཁྲུལ་ཞིག་ནས་འབྲས་གཞུང་གི་ཕུར་པའི་ཚོགས་འབུམ་ཐེར་བསག་པར་ཞལ་འདེབས་འབྲས་སྟོང་གཅིག་དང་ཚོགས་རྫས། ཆོག་གྲྭ་རྣམས་ལ་སྐུ་ཡོན་སྒོར་རེའི་ཕྱག་འགྱེད་ཕུལ། ལམ་ཞོར་རི་ནག་ཡ་བ་སྟོབས་རྒྱལ་གྱི་ཁང་གསར་ལ་རབ་གནས་དང་། རྡོ་གྲུབ་མདུན་མཇལ་འཕྲད། ཚེས་༨ལ་ས་སྐྱ་པ་ཞེན་པ་བཞི་བྲལ་འཆད་ཐབས་སྦྱར་བའི་ཁྲིད་ཚུགས། ཚེས་༩། ཚེས་༩ཕྱི་མ། ཚེས་༡༠ལ་ནོར་འཛིན་ཚངས་ནས་སྦྱིན་བདག་ཞུས་ཏེ་རིགས་འདུས་ཚོགས་སྟོང་ཕྲག་ཕུལ། ཨ་ནེ་ལོ་ཆེན་སྤྲུལ་སྐུ་ཡིན་རྒྱུའི་བུ་མོ་ཆུང་ངུས་མཎྜལ་རྟེན་གསུམ་ཕུལ། ཚེས་༡༡ཆད། ཚེས་༡༢ལ་ཞེན་པ་བཞི་བྲལ་དང་མཚན་བརྗོད་བཤད་ཁྲིད་གྲུབ། ཚེས་༡༣ལ་བསྙུན་ཁམས་ཅུང་ཕྱིར་འཁྲུགས། ཚེས་༡༤། ཚེས་༡༥ལ་ཚོགས་བརྒྱ་ཙམ་མར་མེ་ཉིས་བརྒྱ། རྒྱུན་སྡོད་ཞབས་གྲས་དཔོན་གཡོགས་སོགས་ནས་རྡོར་སེམས་བདག་བསྐྱེད་དང་། ན་རག་སྐོང་བཤགས་ཚོགས་ཉིན་འཁྱོལ་ཕུལ། ཚེས་༡༦ལ་གཞུང་གི་དཀོར་གཉེར་ནས་སྐེག་བརྩིས་བཅོས་ཀ་མདོས་ཕྲན་ཁ་ཤས་བཏང་། ཚེས་༡༧ལ་ལུང་ཐོག་སྒོམ་ཆེན་དཔོན་གཡོགས་ནས་མགོན་ཁང་དུ་འབྲས་ལྗོངས་གནས་གསོལ་ཉིན་གསུམ་བཏང་། ཚེས་༡༩ལ་བོད་སྨན་བསྟེན་མུས་སྨན་པ་རྨེ་བ་དེ་འབྱོར། ཚེས་༢༠ལ་བླ་སྤྲུལ་རྣམས་དང་རྒྱུན་སྡོད་ཞབས་གྲས་དཔོན་གཡོགས་སོགས། ཆོག་གྲྭ་བཅོ་ལྔ་སྐོར་ནང་སྐུ་མཆོད་མཁའ་འགྲོ་གསང་འདུས་ཚུགས། ཚེས་༢༡མངའ་རིས་སྤྲུལ་སྐུ་དང་། གནས་རི་བུ་སོགས་འབྱོར། ཚེས་༢༢ལ་གསང་འདུས་གྲུབ། ཚེས་༢༣ལ་ལས་གླིང་ཕུར་པ་ཡང་སྙིང་སྤུ་གྲིའི་བསྙེན་པ་དང་ཚོགས་འབུམ་ཚུགས། ཚེས་༢༤ཆད། ཚེས་༢༥། ཚེས་༢༦། ཚེས་༢༦ཕྱི་མ། ཚེས་༢༧ལ་ཡོ་རོབ་ཏུ་རྒྱལ་སྲས་སྐུ་གཞོན་གྱི་སྨན་པ་ཕྱི་གླིང་བ་གཟའ་མི་གཉིས་དང་པོ་འཕྲད། ཚེས་༢༨། ཚེས་༢༩ཆོག་རོག་མང་དུ་བཏགས་པས་ཕུར་བསྙེན་འབུམ་ཐེར་བཅུ་དྲུག་སྐོར་དང་ཚོགས་འབུམ་ཐེར་གྲུབ། ཚེས་༣༠ལ་སྨན་པའི་ངག་བཞིན་སྨན་ཆོག་རྒྱས་པ་དང་། སྒྲོལ་ཆོག་བཏང་། བླ་སྤྲུལ་རྣམས་དང་ཆོག་རོག་གསར་པ་རྣམས་ལ་སྐུ་ཡོན་ཕུལ། ཧོར་ཟླ་གཉིས་པའི་ཚེས་༡ལ་ཁམས་ནས་གཅུང་འཆི་མེད་ཀྱི་དགོངས་རྫོགས་གོང་གསལ་བླ་གྲྭ་རྣམས་དང་ཆོག་གྲྭ་བ་བཅས་ནས་རྡོར་སེམས་ཆོ་ག་ཉིན་གཉིས་བཏང་། ཚེས་༢ལ་རྒྱ་སྟོན་སྤྲུལ་སྐུ་དཔོན་གཡོགས་ནས་པདྨ་བཛྲ་ཆོ་ག་བཏང་། ཚེས་༣། ཚེས་༤། ཚེས་༥། ཚེས་༦། ཚེས་༧། ཚེས་༨ལ་ས་སྐྱའི་གདུང་སྲས་སྐུ་གཞོན་རབ་བྱུང་མདུན་ནས་ཚེ་དབང་ཞུས། སྐུ་ཡོན་བཏབ། ཚེས་༩། ཚེས་༡༠ལ་དགོངས་འདུས་ལས་བྱང་མེ་ཕྲེང་གི་ཚོགས་བརྒྱ་རྩ་ཕུལ། ཚེས་༡༡ལ་རྒྱ་སྟོན་སྤྲུལ་སྐུ་ནས་ཚེ་གསང་དང་འབྲེལ་བླ་བསླུ་ཚུགས། ཚེས་༡༢། ཚེས་༡༣། ཚེས་༡༤ལ་སྒྲོལ་ཕོའི་བདག་ཁྲིར་ཞུ་ལེན་ཕུལ། ཚེས་༡༥ལ་ནང་ཆེན་ཤོ་མདའ་བེ་ཧུའུ་འཕྲད། མར་མེ་ཉིས་བརྒྱ་ཕུལ་གནས་ཆོག །ཚེས་༡༦ལ་ལ་ཆེན་དགོན་གྱི་སྤྲུལ་སྐུར་དཀོན་སྤྱིའི་ཚེ་དབང་དང་དགེ་སྙེན་སྡོམ་པ་བོག་མཆན་ཡིག་བརྟེན་གསུམ་བྱིན། ཚེས་༡༧ཆད། ཚེས་༡༨། ཚེས་༡༩ལ་འཆི་བསླུའི་གླུད་དང་། རྒྱལ་བརྫོངས་བཏང་། ཚེས་༢༠ལ་ཚེ་གསང་དོན་དབང་ཚར་ཞུས། ཚེས་༢༡། ཚེས་༢༢ལ་དགོངས་འདུས་སྐོང་ཆོག་གཏོར་མ། ཚེས་༢༣ལ་དགོངས་འདུས་བསྐོང་ཆོག་གཏོར་མ། ཚེས་༢༤ལ་དགོངས་འདུས་མཆོད་བཤོམས། ཚེས་༢༥ལ་རྒྱ་སྟོན་སྤྲུལ་སྐུ་དཔོན་གཡོགས་སོགས་ཆོག་གྲྭ་བཅོ་ལྔ་སྐོར་ནས་བླ་མ་དགོངས་འདུས་སྐོང་ཆོག་ཚུགས། སྟོད་འབུམ། ཚེས་༢༦། ཚེས་༢༧། ཚེས་༢༨། ཚེས་༢༩བསྐུལ་འབུལ། ཚེས་༣༠ལ་ནུས་ལྡན་འདས་པའི་དགོངས་རྫོགས་ལ་དམིགས་པའི་ཁྲུས་ཆོག་བཏང་། ༡༩༥༨ལོར། རབ་བྱུང་༡༦པའི་ས་ཁྱི་ལོའི་ལོ་ཐོ། ཧོར་ཟླ་གསུམ་པའི་ཚེས་༡ལ་ཉི་འཛིན་འཛིན་རོ་བཞི་ཐིག་ཙམ་མཐོང་སྐད། དགོངས་འདུས་སྐོང་ཆོག་གྲུབ། རྨེ་ལེན་ཆིབ་སྦུགས་ཕྱིར། ཚེས་༢། ཚེས་༣། ཚེས་༤ལ་ནུས་ལྡན་འདས་པར་གདོང་སྣ་མཁར་མདོ་ཞབས་དྲུང་། ཀློང་སྙིང་ཡུམ་བཀའི་བྱང་ཆོག །མཁན་ཐུབ་བསྟན་སོགས་དཔོན་སློབ་ལྔས་ཀུན་རིག་བྱང་ཆོག་བདུན་གཅིག་རྫོགས། ཚེས་༥ལ་བྱང་ཆོག །ཚེས་༦ལ་བྱང་བཞུས། ཚེས་༧། ཚེས་༨ལ་ཨེམ་ཆི་རྨེ་ཀུ་ལོ་འབྱོར། ཚེས་༩ལ་གནམ་གཤིས་དྭངས་ལེགས། གནས་དགོན་ནས་གཏེར་གསར་ཙཀ་དཔེ་རྣམས་གནང་། མཆོག་སྤྲུལ་སོགས་བར་ཆད་ཀུན་སེལ་ལས་བྱང་འབྲིང་པོའི་ཚོགས་བརྒྱ། ཚེས་༡༠ཆད། ཚེས་༡༡ལ་དཔྱི་མིག་གཡས་གཡོན་ལ་མེ་ཚུག་གཉིས་སྔ་དྲོའི་ཆུ་ཚོད་བདུན་པར་འཇོག །ཚེས་༡༢། ཚེས་༡༣། ཚེས་༡༤ལ་དུས་འཁོར་བླ་མཆོད། ལྷ་ཡུམ་དང་ཚེ་དཔལ་རྣམས་རྡོར་གླིང་དང་ཀ་སྦུག་སོང་། ཚེས་༡༥ལ་ཟླ་འཛིན་མཐོང་རྒྱུ་མ་བྱུང་། རིགས་བརྒྱ་མཆོད་ཆོག །ཚེས་༡༦ལ་སྔགས་བདག་དམར་མོ་འདོན། གདོང་སྤྲུལ་མཁར་ཞབས་མངའ་རི་སོགས་ཀྱིས་སེང་གེ་སྒྲའི་གདོན་ཁྲོལ། བཀའ་བློན་ཤན་ཁ་བའི་ཕྱག་བྲིས་བྱུང་། ཚེས་༡༨ལ། ཚེས་༡༩ལ་རྨེ་ཨེམ་ཆིས་སྨན་སྦྱོར་ཁུགས་གཅིག་བཏང་། ཚེས་༢༠ལ་སྐུ་ལྔ་ཕྱིར་སོང་། ཁམས་སྒར་ཆོས་ལེགས་བྱུང་། ཁམས་སྤྲུལ་གེ་སར་སྐོར་ཁ་ཤས་མིག་སྟོན། ཞལ་འདེབས་དབྱིན་གོར་སུམ་བརྒྱ་ཕུལ། སྐུ་ལོ་ཀ་སྦུགས་སོང་། ཚེས་༢༡། ཁམས་པའི་ཨེམ་ཆི་སྒྲུབ་བླ་ནས་གུར་གུམ་བཅུ་གསུམ་བསྡུས་བཏུང་། ཁམས་སྤྲུལ་གེ་སར་སྐོར་ཆེད་བརྗོད་བྲིས། ཚེས་༢༢སྤྲུལ་སྐུ་རྣམས་ལྷན་གཅིག་འཚོགས་གནམ་གཤིས་དྭངས། བོད་ཕྱོགས་དང་བླ་མ་ཚེ་རྡོ་གཡོན་བླ་རྣམས་ལ་ཡི་གེ་བྲིས། ལྷ་ཡུམ་ཚེ་དཔལ་རྣམས་ཀ་སྦུགས་ནས་འབྱོར། ཚེས་༢༤ལ་འཁྲུལ་ཞིག་མདུན་སོང་ཞལ་ད་སྣ་ཚོགས་ཞུས། ཚེས་༢༥ལ་མངའ་གདོང་མཁར་མདོ་རྣམས་ཕྱོགས། མཁའ་སྤྱོད་བདག་འཇུག་གི་ཚོགས་ཕུལ། དགོང་མོ་ཕ་རན་སིའི་ཕྱི་ལིང་ལ་འཕོ་ཁྲིད་ཞིབ་བཅའ་དང་ཐུབ་སྐུ་བྱིན། ཚེས་༢༦ལ་ས་ངན་བང་མི་གཉིས་ལ་ཁྱེར་རྒྱུའི་ཡི་གེ་རྣམས་བྲིས། ཚེས་༢༧ལ་ཁམས་སྒར་སྨན་པ་རྟོགས་ལྡན་ལ་མི་ལས་དྭགས་པོར་གདམས་པའི་ཆོས་འབྲེལ་བྱས། | |||
ཚེས་༢༨ལ་འདན་མ་ལྷ་བཟོས་ཚེ་དཔག་སྐུ་ཐང་བྲིས་གྲུབ་ཨ་ཤེ་དང་གོར་ཉེར་ལྔ་སོགས་བྱིན། ལྷ་ཡུམ་ཞབས་བརྟན་པདྨ་མཁའ་འགྲོའི་སྦྱིན་སྲེགས་ཚུགས། རྡོར་གླིང་དུ་སྔོན་མ་སོང་། ཚེས་༢༩ལ་པདྨ་མཁའ་འགྲོའི་སྦྱིན་སྲེགས་དཔོན་སློབ་བདུན་གྱིས་ཁྲི་གཉིས་ཙམ་རྩིས། ཚེས་༣༠། ས་ཟླའི་ཚེས་༡༣ནས་སྒྲོལ་མ་གྲངས་བསོགས་ངོས་ཅག་རྣམས་འཚོགས་ཚེས་༢༥བར་དང་། རྡོར་གླིང་སྐུ་འབུམ་དཔལ་རི་སོགས་གྲ་ཚང་མང་ཤས་ནས་ཉིན་བརྒྱད་བར་བསོགས་པས་སྒྲོལ་མ། ༡༠༡༥༩༧བཅས་ཚེས་༢༥ལ་གྲུབ། རྡོར་གྲྭ་རྣམས་ལ་དར་རེ་ཉིན་རེ་གོར་གསུམ་རེ་ཕུལ། ཧོར་ཟླ་བཞི་པའི་ཚེས་༡ལ་ཀ་སྦུག་ནས་ངག་དབང་ཆོས་སྒྲོན་མ་བུ་ནས་བྱང་ཆུབ་ཤིང་ལོ་དང་ཚེ་དཔག་བརྟན་བཞུགས་དཔེ་ཕུལ། ཆུ་ཚོད་བརྒྱད་པ་ལྷ་ཡུམ་ལ་ཐང་ལུགས་ཚེ་དབང་ཚར་གསུམ་ཕུལ་ནས་གསང་ཡུམ་མཛོད་པ་བཅས་ཀྱིས་མཚོ་མགོར་ཕེབས་སྐྱེལ་བཅས་བྱོན་སོང་། ཚེས་༢། ཚེས་༣ལ་ཆུ་ཚོད་དྲུག་པའི་ཕྱེད་ནས་རྡོ་རྗེ་གླིང་དུ་བཏེགས་སྔར་གྱི་སྡོད་གནས་ཀོ་ཏྲིར་འབྱོར། ཚེས་༤ལ་ཨ་སུག་དུས་ཡོལ་གྱིས་རྫོང་སར་ཐུགས་ཆེན་བྱང་ཆོག །ཁྲོ་ཆུ་རྡོ་རྗེ་དཔལ་བཟང་འབྱོར། ཚེས་༥ལ་དགེ་གླིང་དང་མཆོག་ལྡན་རྣམས་སྒང་ཐོག་སོང་། མཆོད་བཤམས་སོགས་བྱས། རྨེ་ཀུ་ལོ་ཀ་སྦུག་སོང་། ཚེས་༦མཆོག་ལྡན་ཕྱིར་འབྱོར། གོ་འཇོ་ཤ་ཕད་བུ་སོང་། ཚེས་༧ལ་དར་ལྕོགས་རླུང་རྟ་བཏབ་སྤྱད་གོར་བརྒྱ་ཐམ་པས་རས་ཉོས་ཉི་མ་ལ་བཏབ་རྒྱུ་སྤྲོད། ཚེས་༨ལ་གྲུ་མོ་དབང་ཆེན་ཤི་ཚིགས་ལ་རྡོར་སེམས་བྱང་ཆོག་རྒྱས་པར་ཚར་གཅིག །སོག་པོ་ཨེམ་ཆི་བསོད་ནམས་དར་རྒྱས་སོགས་བྱུང་རྩ་བལྟས་སྨན་སྟེར་བྱུང་། ཚེས་༩ལ་རྡོར་སེམས་བྱང་ཆོག་རྒྱས་པ་ཚར་གཅིག་བསྔོ་སྨོན་བྱས། རྨེ་སྐུ་ལོ་འབྱོར། ཚེས་༡༠ལ་རྩ་གསུམ་དགོངས་འདུས་ཚོགས་བརྒྱ། རྒྱལ་རོང་ཁྲོ་ཆུང་རྡོ་རྗེ་དཔལ་བཟང་ཡབ་ཡུམ་སྲས་སོགས་མང་ཤས་ལ་རྩ་གསུམ་དྲིལ་སྒྲུབ་དབང་བཏོན། གསེར་གྱི་ལག་གདུབ་སོགས་དངོས་གཙང་བར་སྟོབས། ཚེ་ལུའི་གཟི་བྱེར་སྟོར་བ་རྨིས། ཚེས་༡༡ལ་ཚེ་རིང་ཆོས་སྒྲོན་གྱི་གཟི་སྟོར་བ་རྨིས། སྐུ་ལོས་དབང་རིལ་ཤེལ་དཀར་རྡོག་གཅིག་བཏང་། གླིང་བུ་སྤྲུལ་སྐུས་སྨན་ཁ་ཤས་བྱིན་བྱུང་། ཚེས་༡༢ལ་དཔོན་གཡོགས་བཅུ་སྐོར་གྱིས་རྒྱུད་སྡེ་བཞི་འགྲེལ་སྒྲོལ་མ་བསགས་མི་རེས་ཉིས་བརྒྱ་ཉེར་བཞི་རེ་སོང་། ཚེས་༡༣ལ་ཉིས་བརྒྱ་དང་ང་གཉིས་རེ་ཚར་འདུག །འགྱུར་མེད་དང་སྲས་གཟའ་མི་བྱུང་། ཚེས་༡༤ཆད། ཚེས་༡༥ལ་སྐུ་ལོ་ཕྱིར་སོང་། སྨན་གསར་བསྡུས་བཏུང་། ལ་དཀར་གྱི་ལྷ་བསང་མཚོན་ཙམ་དང་མཆོད་ཡོན་སྟབ་རླུང་རྟ་རྣམས་སྒྲོན། མོ་ཀྲ་མ་སོང་བས་ཀུ་ལོ་ཕྱིར་ལོག །བཀའ་འདུས་ཆོས་རྒྱམ་ཚོགས་སྐོང་རྒྱས་པ་ཤར་ཁམས་པའི་སྦྱིན་བདག་བགྲེས་མོའི་ཚོགས་ཕུལ། ཚེས་༡༦ལ་དཔོན་སློབ་བཅུ་གཅིག་གིས་སྒྲོལ་མ་ཆུ་ཚོད་དགུ་པའི་སྐོར་རྩམ་ནས་བསོགས། བྲིས་པས་ལྷ་བཙུན་གསུང་བྲི་མགོ་ཚུགས། ཚེས་༡༧ལ་སྒྲོལ་མ་བསོགས། ས་འདུ་ཀོང་སྤྲུལ་ཡབ་ཐུགས་བསྙུངས་བར་རྟ་མགྲིན་བཀའ་བསྒོ་སོགས་བྱས། ཚེས་༡༨ལ་བལ་པོ་བླ་མ་སོགས་མི་ལྔས་སྒྲོལ་མ་བསོགས། དཔལ་སྤྲུལ་རིན་པོ་ཆེར་གསོལ་འདེབས་བྲིས། སྒྲོལ་མ་བསོགས་འདི་ཡན་ལ་སྒྲོལ་མ་༡༢༡༤༢ཚར། ཚེས་༡༩ལ་རྡོར་གླིང་གི་དབྱིན་ཇིའི་ལྷ་རྗེ་མོ་པད་ཀྲན་ལ་བསྟེན། ཞིབ་བཅའ་བལྟས་སོང་། ངོས་ཅག་གིས་ཟབ་ཏིག་སྒྲོལ་ཆོག་ཚར་བཅོ་ལྔ་འདོན། ཚེས་༢༠་རྡོར་གླིང་པའི་བུམ་དཔལ་རིའི་བླ་གྲྭ་དང་བལ་པོ་བླ་མ་སོགས་སྔར་ཡོད་བཅས་ཁྱོན་མི་བཅོ་ལྔ་དང་། ངོས་འཁོར་བཅས་སུམ་ཅུ། ས་སྐྱ་བདག་མོའི་ཕྱག་བྲིས་འབྱོར། དབང་ཕྱུག་གཞིས་རྩེ་ནས་འབྱོར། ཐབས་མཁན་ཕྱག་བྲིས་ཕེབས། ཚེས་༢༡ལ་མི་༡༥་ཁར་བླ་གྲྭ་བཅུ་གཉིས་བསྣན་གྲངས་བསོག །གནོད་སྦྱིན་སྒྲུབ་ཚུལ་བྲིས། ཚེས་༢༢གྲྭ་སྒྲོལ་མ་བསོགས་ངོས་བཅག་སྔར་བཞིན། ཚེས་༢༣ལ་སྒྲོལ་ཆོག་ཚར་གཉིས་དང་། སྒྲོལ་མ་བསགས། ཆུ་ཚོད་བཞི་པ་ནས་ཕྱི་གླིང་ཨེམ་ཆི་སྔོན་འགྲོས་སྨན་རྡོ་ཞོ་འདྲ་བ་ཤེལ་དམ་གང་བཏང་། ཆུ་ཚོད་དགུ་པ་ནས་སྨན་ཁང་དུ་སོང་སྟོད་སྨད་གློག་སྤར་ཐེངས་གསུམ། ཆུ་ཚོད་དང་པོ་རྫོགས་ནས་ཕྱིར་འབྱོར། ཚེས་༢༤ལ་སྒྲོལ་མ་གྲངས་བསགས། གྲུ་ཁུག་དང་འཛུམ་རྩེར་ལྗིད་སྦུག་བཏགས་ནས་སྨན་བླུག །ཚེས་༢༥ལ་ཀློང་སྙིང་ཡུམ་བཀའི་ཚོགས་བརྒྱ་ཕུལ། སྒྲོལ་མ་བསོགས་རྣམས་ལ་ཚོགས་འགྱེད་སྒྲོལ་འབུམ་གྲུབ་ཡོན་སྟོབས་གོར་གསུམ་རེ་དར། ཆུ་ཚོད་དགུ་པ་རྫོགས་པར་སྨན་ཁང་དུ་སོང་། ལྗིད་སྦུག་ནས་ནང་ཁྲུས་བཏང་གློག་སྤར་ཐེངས་གཉིས། ཚེས་༢༦ལ་མཆོག་གླིང་འབྱོར། ནང་སྐོར་ནས་ན་རག་སྐོང་བཤགས་ཚར་ཉི་ཤུ་འདོན། ཁབ་གཅིག །ཚེས་༢༦ཕྱི་མ་ལ་ཕྱི་གླིང་སྨན་འཐུང་དབུ་ཚུགས། སྐོང་བཤགས་འདོན། རྒྱལ་བའི་སྐུ་མཆེད་རྒྱལ་ལོ་དོན་གྲུབ་བྱུང་། ཁབ་གཅིག །ཚེས་༢༧ལ་མཆོག་སྤྲུལ་གྱི་རྩིས་པ་ཤི་བ་ལ་ཐུགས་ཆེན་བྱང་ཆོག །ཕྱི་གླིང་ལྷ་རྗེས་ཁབ་གཉིས། སྐོངས་བཤགས་གསོགས། མཁའ་སྤྱོད་སྤྲུལ་སྐུ་སོགས། ཕྱག་ཆེན་དོན་བསྡུས་བྲིས། ཁབ་གཉིས། ཚེས་༢༨ལ་མཆོག་སྤྲུལ་སྒང་ཐོག་ཕྱིར་བྱོན། སྐོངས་བཤགས། སྐུ་ལོ་འབྱོར། ཁབ་གཉིས། ཚེས་༢༩ལ་ཁབ་གཉིས། བསང་གསོལ་རྒྱས་པ་བཏང་། གྲྭ་པ་རྣམས་ནས་སྐོངས་བཤགས་བཏོན། གྲིབ་འཁར་ཙུད་བྱུང་། རྣམས་འཇོམས་གཟུངས་རིང་གསུང་། ཚེས་༣༠ལ་བཀྲ་རྣམས་ཀྱིས་གསོལ་ཇ་ཞབས་ལྷག་དྲོངས། སྐོང་བཤགས་སྡོམ་ཚར་སོང་ལ། གྲོངས་སྨད་ཚེ་རིང་དབང་ཕྱུག་བྱུང་། སྒང་ཐོག་སོང་གོར་བརྒྱ་ཐམས་པ་གདུག་དཀར་ཇོ་དར། ཀ་སྦུག་ནས་རྩེ་དྲུང་བྱུང་། ཞབས་བརྟན་ཁོངས་ནས་གོར་ལྔ་བརྒྱ་བྱུང་། ཕུར་བསྙེན་ལོ་གྱོན་གདུགས་དཀར་སོགས། ས་ཟླའི་གནམ་སྟོང་ལ་ན་རག་སྐོང་བཤགས་སྟོང་ལྷག་གྲུབ། ཧོར་ཟླ་ལྔ་པའི་ཚེས་༡ལ་སྟག་རྩེ་ནས་མགོན་པོ་ཚེ་བརྟན་འབྱོར། འདུག་དལ་དབྱར་དགོན་བླ་མ་སོགས་ཧོར་པ་ལྷ་ལྡན་ནས་གསར་ཐོན་འགའ་བྱུང་། བཤགས་རྒྱུད་རྒྱས་པ་ཚར་གཅིག་འདོན། སྐུ་ལོ་པོས་ཁབ་གཉིས། ཚེས་༢ཁབ་༢། ཚེས་༣ལ་ཁབ་གཉིས་རྒྱབ། དགེ་གླིང་དང་ཞལ་ད། རྨི་མི་སིའི་ཕིའི་གྲོགས་པོ་ངོས་རྩར་བྱུང་ཤེལ་དཀར་འང་། ཚེས་༤ལ་ཁབ་གཉིས། ཚེས་༥ལ་རྡོར་གླིང་པས་ལྷ་བསོ་ངོས་ནས་བསང་བསྡུས་ཞིག་བཏོན་ཀོང་པའི་ཞབས་བརྟན་གདུགས་དཀར་དར་སྒྲོན། ཁབ་གཅིག །ཚེས་༦ལ་ཕྱི་གླིང་ཆུ་ཚོད་གཉིས་པར་ལྷ་རྗེ་ཤོག་སྒོ་ནས་གློག་ཐུར་གྱིས་བལྟས། འབྲས་ལྗོངས་སྨན་ཤིང་ཞིག་ཁུ་བ་བཏུང་། ཚེས་༧ཆད། ཚེས་༨ལ་ཆོས་གློང་དང་མཛོད་པ་རྣམས་བསྒང་ཐོག་སོང་། པདྨ་རྡོ་རྗེ་ལྷ་སར་ཁྱོགས། ཐར་མཁན་དང་། ཕ་ལྷ་སོས་སྒང་ཕྱག་མཛོད་འཛིང་པ་འཆི་མེད་བསམ་འགྲུབ་རྣམས་ལ་ཡི་གེ་བསྐུར། རྣམ་འཇོམས་བཞག །གདོང་ཐོག་སྤྲུལ་སྐུ་བྱུང་། ཚེས་༩ལ་རྨི་རྨིག་སིའི་གྲུ་ཁུག་ནས་ཁྲག་བླང་མདོག་ལེགས་པོ་རེད་ཟེར། རྣམ་འཇོམས་བསོགས་ཉིན་གཉིས་ལ་མི་བཅུ་གཅིག་གིས་རྩིས་ཚར། ཚེས་༡༠ལ་འདི་ནུབ་རྨི་ལམ་ཅུང་འཚུབ། ཐུགས་སྒྲུབ་བསམ་ལྷུན་ལས་བྱང་རྒྱས་པའི་ཚོགས་བརྒྱ་ཕུལ། ནད་ཁམས་ཕྲན་བུ་དྭངས། ཨ་འཇམ་ནས་ཐང་ཆེན་ཉེར་ལྔ་བསྡུས། ཚེས་༡༡ལ་ཐང་ཆེན་བཏུང་། ནད་ཁམས་ཅུང་དྭངས། ཚེས་༡༢ལ་ཉི་གྲིབ་སྐབས་ལུས་ཁྲུས་བྱས། མགོན་པོ་ཚེ་བརྟན་ཀ་སྦུགས་གོས་ཆེན་ཉོ་སར་བཏང་། ཚེས་༡༣ལ་མུན་རུབ་ལ་ཕྱི་གླིང་རྨི་རྨི་སི་བྱུང་། ཚེས་༡༤ལ་འབྲས་ལྗོངས་རྒྱལ་སྲས་བླ་མ་ཡབ་སྲས་གསུམ་དང་། ཕྱག་མཛོད་མོང་མ་བྱུང་། རི་ཁྲོད་སྤྲུལ་སྐུ་བཟང་འབྱོར། ཚེས་༡༥ལ་རི་སྤྲུལ་བརྟག་ལན་བྲིས། ལྷ་བསང་ཐུགས་སྒྲུབ་རྒྱག་བརྔན་འབྲིང་པོ་ཞིག་བཏང་། དེ་ལ་ཚེ་རིང་མ་གེ་སར་སོགས་བཏག །ཚེས་༡༦ལ་རི་ཁུད་སྤྲུལ་སྐུའི་སྐྱེ་སྲིད་བརྟགས་ཡིག་བྲིས། ཚེས་༡༧ལ་ཕྱག་མཛོད་སྒང་ཐོག་ནས་ཆུ་ཚོད་བཅུ་པར་འབྱོར། གདོང་ཐོག་སྤྲུལ་སྐུ་བྱུང་། ཚེས་༡༨ལ་ཕྱག་མཛོད་ནས་གསར་འཐགས་བཅུག་པའི་གྲུམ་གདན་གཏིང་། འབྲས་སྤྱི་བློན་ཆེན་གྲོགས་པོ་བི་ཏྲི་མན་སྐད་བསྒྱུར་རི་ནག་སྟོབས་རྒྱལ་ཁྲིད་ནས་བྱུང་། ཚེས་༡༩ལ་ཟས་བཅོས་བི་ཏྲི་མན་གྱི་སློབ་བྱུག་པ་བྱས། ཚེས་༢༠ལ་གྲུབ་ཆེན་རིན་པོ་ཆེས་རྟ་ཁྱུང་གདོན་གྲོལ་སྒྲུབ། ཀ་སྦུག་ཏུ་གཡུ་ཐོག་མདུན་གཞུང་གི་ཞབས་རིམ་ཐོ་ཕུལ། བདུད་འཇོམས་རིན་པོ་ཆེ་བྱོན་བྱུང་བཀའ་སྒོ་ཚེ་འགུགས་ཞུས་གཟི་བྱེར་སྐྱབས་རྟེན་ཕུལ། གཟང་གོས་དཀར་དངུལ་ཕོར་ཁྲ་སྐྱག་སྡེར་རྣམས་གནང་། རིང་འཚོ་དགོས་ཚུལ་གསུངས་ཆུ་ཚོད་གསུམ་ལ་ཕྱིར་བྱོན། ཚེས་༢༡ལ་ཐོ་རངས་ནམ་ལང་མང་སྦྱོར་བཏུང་། ནམ་ལང་སྔ་ཆ་རིན་ཆེན་མང་སྦྱོར་རྡོག་གཅིག་བཏུང་། གྲུབ་སྤྲུལ་རིན་པོ་ཆེས་གདོན་གྲོལ་གནང་། ཚེས་༢༢ལ་རྡོ་གྲུབ་རིན་པོ་ཆེ་སེང་གདོང་མའི་བྱད་ཁྲོལ་སྒྲུབ། མཆོག་ལྡན་ཀ་སྦུག་མནན་དོན་གཡུ་སྤྲོད་ཏུ་སོང་། ཚེས་༢༣ལ་གྲུབ་ཆེན་རིན་པོ་ཆེས་བྱད་ཁྲོལ་གནང་། བསྒྲགས་ཉམས་གསོས་བྱས་ནས་སྒང་ཐོག་སོང་། མཆོག་ལྡན་ཀ་སྦུག་ནས་ཕྱིར་འབྱོར། ཚེས་༢༤ལ་སྒང་ཐོག་ནས་རྡོ་གྲུབ་གྲྭ་པ་བཞི་འབྱོར། འབྲས་སྤྱི་བློན་ཆེན་གྱིས་རྣམ་རྒྱལ་མཆོད་རྟེན་ནང་བྱིན་རྟེན་བསྐུར་བའི་འབྱོར་ལན་སྒོར་ཉིས་བརྒྱ་ལྔ་བཅུ་རྣམས་གནང་། ཚེས་༢༥ལ་རྣལ་འབྱོར་མའི་བསྟོད་པ་བྲིས། རྡོ་གྲུབ་དཔོན་སློབ་ཀྱིས་ཡུམ་བཀའི་ཚོགས་སྐོང་མེ་མཆོད། ངོས་རང་གི་མཁའ་སྤྱོད་བདག་འཇུག་བླངས། སྤོམ་མདས་སྐུ་གཉིས་འབྱོར། ཚེས་༢༦ལ་རྡོ་གྲུབ་རིན་པོ་ཆེ་སེང་གདོང་བཟློག་པ་ཚུགས། གི་ཝཾ་འཐུང་། ཚེས་༢༧ལ་རིན་ཆེན་རིལ་བུ་གཅིག་བཏང་། ཚེས་༢༨ལ་སྟག་རྩེ་ནས་དགེ་སློང་འབྱོར་ལྷ་ཡུམ་ཟླ་བ་བདུན་པའི་ཚེས་མགོ་བར་ལ་བྱོན་སྐད། ནད་ཁམས་ཅུང་ཟད་ཡར་དྭངས། ཚེས་༢༩ལ་གྲུབ་ཆེན་རིན་པོ་ཆེ་ཕྱི་དྲོ་ཆུ་ཚོད་བཞི་པར་གཏོར་མ་རྫོངས། དངོས་གྲུབ་ལེན་ཆོག་ཚེ་འགུགས་ཁ་བར་སོང་། ཚེ་རིང་ཆོས་སྒྲོན་ཅུང་ཟད་བསྙུང་། ཚེས་༣༠ལ་གྲུབ་ཆེན་གྱི་མ་མགོན་ཚོགས་བརྒྱ་ངོས་རང་སྒྲོལ་ཆོག་ཚར་ལྔ་འདོན། ཧོར་ཟླ་༦པའི་ཚེས་༡ལ་རྡོ་གྲུབ་རིན་པོ་ཆེ་ཚེ་རིང་ཚོགས་བརྒྱ། ཀ་ཤི་མི་རི་པྲ་པ་ནོ་ནོ་རིན་པོ་ཆེར་པྲ་ཡིག་མེ་ཉག་བླ་མ་བརྒྱུད་བཏང་། ཕྱི་དྲོ་སྨན་པ་རྨི་རྨི་སི་བྱུང་། ཚེས་༢ལ་གྲུབ་རིན་ཀློང་སྙིང་ཕུར་པའི་ཞི་སྦྱིན། རྨི་རྨི་ནས་ཤུགས་བསྐྱེད་ཁབ་རྒྱབ། ཚེས་༣ལ་རྡོ་གྲུབ་ཞབས་ཕྱི་མང་བ་སྒང་ཐོག་ཕྱིར་སོང་། གྲུབ་རྗེ་ཀློང་སྙིང་རིགས་འདུས་རྩ་དབང་། ཚེ་དབང་། དྲག་པོ་རྟ་ཁྱུང་དབང་སྩལ། གཞུང་གི་ཞབས་རིམ་དོན་གཡུ་ཐོག་ཕྱག་མཛོད་བྱུང་། ཚེས་༤ལ་གདོང་ཐོག་སྤྲུལ་སྐུའི་མགོན་དཀར་བུམ་གཏེར་བཅས། འཇམ་དབྱངས་སྐུ་གཅིག་བསླུས། གྲུབ་སྤྲུལ་ལུང་རྟོགས་ཙར་ཕེབས། ཚེས་༥ལ་སྔགས་སྲུང་རི་ཁྲུས་སྐོང་སོགས་འདོན། རི་ནག་སྟོབས་རྒྱལ་གཟའ་མི་འབྱོར། གྲུབ་སྤྲུལ་ཡར་ཆོས། ཚེས་༦ལ་མགོན་དཀར་བུམ་གཏེར་ཐུན་གཅིག་སྒྲུབ། ནོར་འཛིན་རྗེ་བཙུན་ཆུང་ངུར་གང་བློ་མའི་རིགས་གཏད། ཀ་ཁ་དབུ་འདོན། ཌ་ཀི་ནས་མང་སྦྱོར་བཞེས། གྲུབ་སྤྲུལ་རི་ཁྲོད་དུ་བྱོན་སོང་། ཚེས་༧ལ་རྡོ་གྲུབ་རིན་པོ་ཆེར་མནྜལ་སོགས་འབུལ་མཚོན་ཕུལ། རི་ཁྲོད་དུ་བྱོན་སོང་། མགོན་དཀར་གཏེར་བུམ་ཐུན་གཅིག་སྒྲུབ། དྷ་ཀིས་རིན་ཆེན་བཞེས་ཅུང་དྭངས། གླུད་བསྔོ་བྱས། ཚེས་༨ལ་སྨན་ལྷ་ལོངས་སྐུ་ཆེ་བ་བཏོན། གཏེར་བུམ་ཐུན་གཅིག་སྒྲུབ། རྨི་རྨི་སི་བྱུང་ཁབ་གཅིག་རྒྱབ། ཚེས་༩ལ་བླ་མ་གསང་འདུས་ཚོགས་བརྒྱ་གཏོང་། ཚེ་དཔག་བྲིས་ཐང་གསར་པ་རབ་གནས་བྱས། ཚེས་༡༠ཆད། ཚེས་༡༡གདོང་མཁར་ཆོས་ལུང་དགོན་པ་གཡག་ཕྱར་གཏེར་བརྒྱུད་སྤྲུལ་སྐུ་དང་འཕྲད། མགོན་དཀར་སྒྲུབ་ནས་གདོང་སྤྲུལ་ལ་ཕུལ། ཁབ་གཅིག་རྒྱབ། ཚེས་༡༢ལ་དཔེ་ཆ་པོད་བཅུ་ཙམ་སྒང་ཐོག་བསྐུར། ས་སྙིང་སྒོ་ནས་གཡང་ཁུག་སྒྲུབ། ཚེས་༡༣ལ་གྲོས་མོལ་བྱས། ཚེ་མདོ་ཚར་ཁ་ཤས་བཏོན། བུ་མོས་རྒྱ་སྨན་བཏུང་། ཚེས་༡༤ལ་བརྟགས་བསྒྲིལ་ཞུས་འདོན་རྒྱས་པར་བྱས། འགྱུར་གྲགས་ལ་ཚིག་གསུམ་ཁྲིད་གྲུབ། ཚེས་༡༥ལ་གཙང་སར་སྤྲུལ་སྐུར་སྡོམ་གསུམ་རབ་དབྱེ་དབུ་ཚུགས། དཀོན་སྤྱི་གཡག་ཕྱར་གཏེར་རྒྱུད། གེ་སར་གསོལ་མཆོད་གཟབ་རྒྱས་ཁུལ་བྱས། ཕྱག་མཛོད་ནས་དབུ་གུར་བཟོ་མགོ་བཅུ། ཚེས་༡༦ལ་རྨི་རྨི་སིའི་ཁབ་གཅིག་རྒྱབ་ཅུང་བློ་སོགས་འཁྲུགས། ཚེས་༡༧ལ་ཤར་པ་བླ་མ་ཟླ་བས་གུར་གྱི་ཀ་རའི་ལྕགས་ཕུར། ཨ་མི་རི་ཀའི་ལྟེབས་གྲི་སོགས་བྱིན་བྱུང་། ཚེས་༡༨ལ་གདོང་སྤྲུལ་ལ་ཞལ་གདམས་ཁྲིད་དབུ་ཚུགས། ཚེས་༡༩ལ་ཤར་པ་བླ་མ་ཤེས་རབ་བསྟན་འཛིན་ལ་ལྕེ་བཙུན་སྙིིང་ཐིག་དབང་བསྐུར། ཀ་ལི་ཀ་ཏིའི་ལྷ་མོའི་གསོལ་ཀ་བྲིས། ཚེས་༢༠ལ་ལྕེ་བཙུན་ཁྲིད་དབུ་ཚུགས་ཚེ་དཔལ་སྒང་ཐོག་སོང་། ཚེས་༢༡། ཚེས་༢༢རྫོང་སར་ནས་མཁས་མཆོག་ཚ་བོ་བྱ་ལོའི་ཟླ་བ་༡༡པའི་ཚེས་༡༠ལ་བཏེགས་པ་ཡིན་ཟེར་འབྱོར། ཚེས་༢༣ལ་སྔོན་མ་ལ་སྡོམ་གསུམ་རབ་དབྱེ་གྲུབ། ཚེས་༢༣ཕྱི་མ་ལ་བྲག་གཡབ་གཙང་སར་གྲྭ་སར་ཚིག་བདུན་འདོན་ཚུལ་ཁྲིད། ཚེས་༢༤ལ་ཀ་ལི་ཀ་ཏའི་སྦྱིན་བདག་ལ་མདོ་རྒྱ་མཚར་ཚེ་གཡང་འགུགས་པའི་བུམ་པ་བཅས། ཀུན་མཁྱེན་གཟབ་སྐུ་ལོན། ཚེས་༢༥ལ་ཀློང་སྙིང་ཡུམ་བཀའི་ཚོགས་དང་བསྐང་གསོ་རྒྱས། ལྷ་ལྡན་ནས་པདྨ་རྡོ་རྗེ་སོགས་འབྱོར། ཚེས་༢༦ལ་རིན་ཆེན་ཡང་ཟབ་བཏུང་། ཀག་རྩེ་ཨེམ་ཅི་ཤི། གདོང་ཐོག་སྐུ་ཞབས་ལ་རབ་དབྱེའི་ལུང་ཆད་དང་། གཞན་མང་ཤས་ལ་མཁྱེན་བརྩེའི་གུ་རུའི་གསོལ་འདེབས་སྐོར་ལུང་། སྐྱོབས་པ་རིན་པོ་ཆེར་བསྟོད་པ་བྲིས། ཚེས་༢༧ལ་དིལ་མགོ་བཤད་སྒྲུབ་འདས་པའི་དགུང་ཞགས་རྡོར་སེམས་བྱང་ཆོག །ཚེས་༢༨ལ་འདུག་དལ། སྦ་ཉག་ལྕམ་བྱོན་བྱུང་། ཚེས་༢༩ལ་ལྷ་ཆེན་དང་རྣམ་སྲས་གསོལ་མཆོད་རྒྱས། ཚེས་༣༠ལ་སྟག་རྩེ་ནས་དགེ་སློང་འབྱོར། ཨེམ་ཆིས་མཆོད་བསྔོ་ཕུལ་མི་དྲུང་ཡིག་སོང་། ལྕེ་བཙུན་སྨིན་གྲོལ་ཞོག །དྲུང་ཡིག་གིས་ལྷ་བཙུན་བཀའ་འབུམ་བྲིས་ཞུས་ཚར། ཧོར་ཟླ་བདུན་པའི་ཚེས་༡ལ་ཞབས་བརྟན་སྒྲོལ་མདོས་གྲྭ་བསྒྲིགས། ཚེས་༢ཆད། ཚེས་༣། ཚེས་༤ལ་སྟག་རྩེ་དགེ་སློང་ཕྱིར་སོང་། སྨན་པའི་བདུན་ཚིག་དང་པོ་ཐུགས་ཆེན་བྱང་ཆོག །བོད་ལ་ཡི་གེ་ཁག་གཉིས་བྲིས། ཚེས་༥ལ་སྒྲོལ་མདོས་འདོན་དབུ་ཚུགས་དཔོན་སློབ་བཅུ་ཐམ་པས། ཚེས་༦ལ་བོད་སྤྲུལ་ཨ་འཇམ་བསོད་བཀྲ། གཙང་སར་གྲྭ་པ་རྣམས་བསྣན། ཚེས་༧ལ་གཡུ་ཐོག་སྐུ་ངོར་ཡོན་ཏན་བྱུང་། རྨེ་ཤོད་ཤིང་མཁན་སྒང་ཐོག་སོང་། མཆོག་གླིང་དང་དྲུང་ཡིག་ལ་ཡི་གེ་བཏང་། ཚེས་༨། ཚེས་༩ལ་ཆོག་རོགས་བོད་སྤྲུལ་སོགས་ལ་སྒྲོལ་དབང་བསྐུར། ཉི་ཐལ་ཡས་ལམ་བྱང་ཤར་དུ་མདོས་ཕུལ། ཚེས་༡༠ལ་སྒྲོལ་ཆོག་ཚང་མས་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཚོགས་བརྒྱ་ཕུལ། དཔོན་སློབ་བཅོ་བརྒྱད་ཀྱིས། ཚེས་༡༡ལ་ཕྱག་མཛོད་ཀ་སྦུག་སོང་། ཐུགས་ཆེན་བྱང་ཆོག་ཚར་གཉིས། ཚེས་༡༢། ཚེས་༡༣ལ་རབ་འབྱམས་རིན་པོ་ཆེ་རྨི་ལམ་འཚུབས། ཕྱག་མཛོད་འབྱོར། གོར་ཁའི་རྒྱལ་པོ་རྡོར་གླིང་དུ་ཕྱི་དྲོའི་ཆུ་ཚོད་ལྔ་པར་འབྱོར། ཁྲོམ་ཚོགས་མང་ཁོ་རང་བཅས་གོས་དཀྱུས་མ་རེད། ཚེས་༡༤ལ་ཨ་བུ་རིན་ཆེན་འཇལ་བ་རྨིས། འབྲུག་དབང་གླིང་ཆོས་དབང་སྲས་མོ་འགྱུར་མེད་བདེ་ཆེན་ལ་འཕོ་བ་བྱས། ཚེས་༡༥ལ་རབ་འབྱམས་རིན་པོ་ཆེ་ཞབས་བརྟན་དཔོན་སློབ་བཅུས་ཚེ་ལྷ་རྣམ་གསུམ་ཆོ་ག་ཚར་གཉིས་བཏོན། གུར་གསར་པ་ཕུབས་ཚད་ལེགས་པོ་བྱུང་འདུག །ནོར་འཛིན་མ་བུ་རྣམས་འབྱོར། ཚེས་༡༦ལ་གོར་རྒྱལ་ནས་ལེགས་སྦྱར་བཤད་སྐད། མཆོག་ལྡན་སོགས་གསུམ་ལ་མཎ་ཊ་གུ་ཧྱེ་དབུ་ཚུགས། ཚེས་༡༧ལ་ཨ་ནནྡ། བདུད་འཇོམས་གསང་ཡུམ་རྙིང་པར་སེམས་ཁྲིད་མགོ་ཚུགས་པ། ཚེས་༡༨ལ་ནོར་འཛིན་མ་བུ་སོགས་ལ་དགོངས་གཏེར་མི་ལའི་བླ་སྒྲུབ་དབང་ཆོག་ཁྲིད་ལུང་། ཚེས་༡༩ལ་སྤྱི་དོན་ཞོག །ཁམས་སྒར་ཆོས་ལེགས་ཚང་གི་བླ་མཆན་བྱུང་། ཚེས་༢༠ལ་རྒྱུད་གཞུང་གསང་བདག་དགོངས་རྒྱན་ཚུགས་གཡང་ཆོས་དགོན་བོད་སྤྲུལ་ཐུབ་བསྟན་དང་། བསོད་རྒྱལ་ཀྱང་བསྣན། སོ་ཅུང་ན། ཚེས་༢༡ལ་སོ་ཅུང་ན་བས་འཁྲུགས། ཚེས་༢༢་ལ་ནད་ཁམས་ཅུང་ཟད་དྭངས། ཚེས་༢༣ལ་ཞལ་བྲམ་གཟུགས་སྐུ་ཙཀ་ལི་བྲིས་པར་རབ་གནས་བྱས། ཚེ་རིང་ཆོས་སྒྲོན་སོགས་བྷེ་སི་ཀོ་ལྟ་བར་སོང་། ཚེས་༢༤ལ་ཕྱག་མཛོད་སྒང་ཐོག་སོང་། བལ་པོ་བླ་མ་སོགས་ལ་མཁའ་འགྲོ་གསང་འདུས་སྟ་གོན་བསྐུར། ཚེས་༢༥ལ་དབང་ཞུ་སོགས་མང་ཤས་དང་དབང་སྒྲུབ་ཚེས་བཅུ་འདོན། དངོས་བཞི་བསྐུར། ཚེས་༢༦ལ་ནུས་ལྡན་གྱི་ཟ་ཁྲ་གསང་འདུས། ཚེས་༢༧ལ་ཞི་རྒྱས་དབང་གཉིས། རྩ་ཁྲིད་ལུང་ཕལ་ཆེར་འདོན། གསོལ་འདེབས་འབུམ་གཅིག་ཞོགས། ཚེས་༢༨ལ་རྒྱུད་གྲུབ་གཏང་རག་ཚོགས་མཆོད་གསང་འདུས་པདྨ་མཁའ་འགྲོའི་དབང་དང་ལུང་འཕྲོས་འདོན། ཚེས་༢༩ལ་ཕག་མོའི་ཟོར་དབང་། བྱང་ཤར་བོར། གཏོར་དབང་། ཚར་གསོལ་ཚུགས། ཚེས་༣༠ལ་བལ་པོ་བླ་མ་གཏང་རག་ཚོགས་དགོས་ཟེར་བ་རྩ་གསུམ་བཏོན། ཧོར་ཟླ་བརྒྱད་པའི་ཚེས་༡ལ་ནོར་འཛིན་མ་བུ་སོགས་ལ་འཆི་མེད་འཕགས་མའི་ཚེ་ཡི་བྱིན་བརླབས་བསྐུར་ཕྱག་མཛོད་སྒང་ཐོག་ནས་འབྱོར། ཚེས་༢ལ་ཧོར་རྟ་གསོ་གླང་ནག་གྲྭ་པ་འབྱོར་སྣམ་སྦྱར་དྲུབ་སྤྱད་ཕུལ། ཀུ་ལོ་འབྱོར། སྟག་རྩེ་ཨེམ་ཆིར་བྱང་བཞུས་རྡོར་རྟ་གསོ་གྲ་པས་སྣམ་སྦྱར་ཕུལ། ཚེས་༣ལ་ནེ་རོ་སྒང་ཐོག་ཕེབས་ཞག་བཞུགས་སྐད། རྟ་གསོ་བུ་གླང་ནག་གྲྭ་པར་མཁའ་སྤྱོད་སོགས་ལུང་ཚན་དང་རག་སྒང་བསོད་བཀྲར་སྙིང་ཐིག་བླ་རྣམས་ཁྲིད། ཚེས་༤ལ་བསོད་རྒྱལ་སོགས་སྐྱོ་སངས་བྱེད་སར་སྐོར་ཙམ་སོང་། ཚེས་༥ཆད། ཚེས་༦། ཚེས་༧ལ་ཤར་པ་གྲྭ་ངག་དབང་མགོན་པོས་ལྕགས་ཀྱི་རྡོ་རྗེ་བྱིན། ཀ་སྦུག་ནས་ར་ཧོར་བླ་མ་པདྨ་རྒྱལ་པོ་ཡུམ་སྲས་བྱུང་བ་ཀློང་སྙིང་འཕོ་བ་འདོན། པྲ་བརྟགས་པ་བྱ་འཇུག །ཚེས་༨ལ་སྐུ་ལོ་ཀ་སྦུག་སོང་། ཙནྡན་ཉོ་སྤྱད་གོར་བཅུ་གཉིས་དངུལ་གོར་གཅིག་བསྐུར། ཚེས་༩ལ་གངས་ཅན་རི་སྟེང་སོང་། བསང་བསྡུས་རི་ཁྲུས། སྐྱོ་སངས་བྱས། གསོལ་འདེབས་འབུམ་གཅིག་ཞོག །ཚེས་༡༠ལ་ཚེ་འདས་བློ་གསལ་བུ་མོ་སྟག་རྩེ་ལྷ་རྗེ་གཙོས་ལ་ཐུགས་ཆེན་བྱང་ཆོག །ཕུན་ཚོགས་དབང་མོས་སྦྱིན་བདག་ཞུས་ཏེ། སྒྲོལ་ཆོག་བསམ་ལྷུན་ཚོགས་ནས་བི་མ། ཚེས་༡༡ལ་སེང་སྒང་བསྒྲགས་བང་ལར་སྤྲོ་སངས་བྱས། ཚེས་༡༢། ཚེས་༡༢ལ་རྫོང་གྲྭ་བྷ་བུས་བདུན་ཚིག་རྡོར་སེམས་བྱང་ཆོག་རྒྱས། གསང་ཆོས་སྤྲུལ་སྐུར་སྙིང་ཐིག་ཁྲིད་ཚུགས། ཚེས་༡༤། ཚེས་༡༥ལ་རྡི་ལི་ནས་ནོ་ནོས་སེམས་པྲའི་རྟགས་ཡིག་འབྱོར། བལ་པོ་རང་སློབ་རྨང་ཀན་གྱིས་དངུལ་བཟོས་སྨན་རག་ཕུལ། ཚེ་ལྷ་རྣམ་གསུམ་ཆོ་ག །སྒྲོལ་ཆོག་བཏོན། ཚེས་༡༦ལ་འབྲས་ལྗོངས་ལྷ་ཡུམ་ཞག་ལྔ་ནས་ཕེབས་འོང་སྐད། དངུལ་གྱི་འབྲུ་ཕོར་བརྡུང་སྤྱད་སྤྲད་པ། ཚེས་༡༧ལ་སྟག་རྩེ་ཨེམ་ཆིས་རྫོགས་པ་བྱང་བཞུས། ནེ་གྲོ་སྒང་ཐོག་ཕྱིར་འབྱོར་སྐད། ཀློང་སྙིང་ཐུན་མོང་སྔོན་འགྲོ་གྲུབ། མ་མགོན་ཐུན་གཏོར་སྲོད་ཀྱིི་ཆུ་ཚོད་བདུན་པར་ནས། ཚེས་༡༩ལ་བརྒྱད་བཀྲ་བྷ་བྷོའི་བུ་མོས་ཚེ་སྒྲུབ་ཚོགས་ཕུལ། ཚེས་༡༩ཕྱི་མ་ལ་བྷི་ཛ་ར་ཎའི། ལག་ཡིག་ལྟ་མཁན་བྷི་སི་ན་པཎྜི་ཎས་བལྟས། བསོད་རྒྱལ་ལ་ངག་སྒྲོན་ཁྲིད། ཚེས་༢༠ལ་མཁས་གྲུབ་རྗེའི་དུས་འཁོར་འགྲེལ་ཆེན་ཀུ་ས་རི་ནས་གཡར་བྱུང་བ་ལམ་བལྟས། དབང་ལེའི་སྨད་མན་ཆད་ཞང་ཞུང་ལྷ་དབང་གྲགས་པས་བྲིས། ཚེས་༢༡ལ་བི་མའི་གསོལ་འདེབས་འབུམ་ཐེར་གཅིག་གྲུབ། བྷ་ཉག་རི་ཁྲོད་ནས་ནང་ཆེན་སྤྲུལ་སྐུ་ཨོ་རྒྱན་སྐུ་མཆེད་བསྟན་རྡོར་གཤེགས་བསྔོ་འབྱོར། ཚེས་༢༢ལ་ཧོར་རིན་དར་གྱི་རྫོགས་པ་ཐུགས་ཆེན་བྱང་བཞུས། གོ་འཇོ་བ་དགེ་རྣམ་བྱུང་སྐྱབས་འགྲོ་ལེ་བདུན་རྣམས་ལུང་འདོན་ལ། ཁམས་ཤར་ཕྱོགས་ལ་ལམ་ཟབ་ལེ་བདུན་ལུང་འདོན་ལ་ལི་དམར་པོ་ཕུལ། ཚེས་༢༣ལ་མཆོད་དཔོན་སྟག་རྩེར་ཆུ་ཚོད་༡༢པར་སོང་། ཚེས་༢༤ལ་མཆོད་དཔོན་ཕྱིར་འབྱོར། ཚེས་༢༥ལ་གནས་དགོན་མཆོག་སྤྲུལ་གྱིས་ཐུགས་སྒྲུབ་ཚེ་དམར་སྒྲུབ་པའི་བླ་གཡུ་ཚེ་རིལ་ཞབས་བརྟན་རྣམ་འབྱོར། རག་རྐང་བསོད་བཀྲས་ཞབས་བརྟན་ལེགས་པོ་ཕུལ། ཚེས་༢༦ལ་གཅེན་པོ་སྐུ་གཤེགས་ཀྱིས་དུས་ཚིགས་ལ་རྡོར་སེམས་བྱང་ཆོག་བསྔོ་སྨོན་རྒྱས། ཚེས་༢༦ལ་གཤིན་རྗེའི་བཟློག་པ་ཚུགས། སྙིང་ཐིག་འཕོ་ཁྲིད་བྱས། ཚེས་༢༨ལ་བཟློག་པ་སྤྲེལ་མཇུག་བྱང་སྟོད་ཕུལ། ཚེས་༢༩ཆད། ཚེས་༣༠ལ་དཔོན་སློབ་བཅུ་གཉིས་ཀྱིས་ཚེ་ལྷ་རྣམ་གསུམ་ཆོ་ག་ཚར་གསུམ། ཧོར་ཟླ་༩པའི་ཚེས་༡ལ་ཁྲིད་ཞུ་རྣམས་ལ་ཀུན་བཟང་བླ་མའི་ཞལ་ལུང་འདོན། སྒང་ཐོག་ནས་མཛོད་པ་དང་། དྲུང་ཡིག་གསེར་ཐར་ཚེ་རྡོ་སོགས་འབྱོར། ཚེས་༢ལ་ཞིང་སྐྱོང་སེང་གདོང་བསྐང་བཤགས་བྲིས། གསེར་ཐར་ཚེ་རྣམ་འབྱོར། ཚེས་༣ལ་ཞིང་སྐྱོང་ཀུན་བསྙེན་བྲིས། ཚེས་༤ལ་མཛོད་ཚེ་དཔལ་སྒང་ཐོག་སོང་། གསེར་ཐར་ཚེ་རྣམ་ཡང་སོང་། བདུད་འཇོམས་མཁའ་འགྲོ་གུ་རུའི་གསང་ཕུག་གི་སྒྲུབ་ཆུ་ཁྱེར་བྱུང་། ཚེས་༥ལ་གསེར་ཐར་གཅོད་བླ་ལ་རྒྱལ་ཐང་གཅོད་དབང་དང་ཁྲིད་སོགས་བྱས། བརྒྱད་བཀྲ་བྷ་བྷོའི་དགེ་རྩར་རྡོ་གྲུབ་རིན་པོ་ཆེ་སོགས་དང་རྩ་གསུམ་ཚོགས་ཕུལ། ཚེས་༢༦ལ་རག་སྒང་བསོད་བཀྲ་སྔོན་འགྲོ་ཁྲིད་ཀྱི་ངག་རྒྱུན་བྲིས་པ་ཞུས་དག་ལམ་བཅོས་བྱས། ཚེས་༧ལ་ཞུས་དག་མཐའ་བསྐྱངས། འབྲས་ལྗོངས་ལྷ་འབུམ་སྒང་ཐོག་འབྱོར་སྐད། ཚེས་༨ལ་གོ་འཇོ་བྱང་ཆུབ་ཀྱི་སློབ་དཔོན་ལ་གཟུངས་འབུལ། སྤར་སྨེ་མཁྱེན་རྩེས་མན་ད་ར་བར་མེ་མཆོད་ཀློང་སྙིང་ཡུམ་བཀར་ཁ་བསྒྱུར་མཆན་བུ་མེ་ཉག་རིན་ཆེན་ཟེར་བས་བཏབ། ཚེས་༩ལ་ཨ་མདོ་སྦྱིན་བདག་རྒྱ་མཚོས་སློབ་དཔོན་གཟུངས་འབུལ། སྐུ་དང་བུམ་གཏེར་ལ་རབ་གནས་བལ་པོ་བླ་མ་ཕྱི་སྒར་གྱིས་སྡོད་སར་ཕྱིན་ཚེ་དཔག་མེད་ལ་རབ་གནས། ཨ་མདོ་རྒྱ་མཚོ་རྩར་ཡང་སོང་། ཨ་མདོ་བ་ཡེ་ཤེས་གཟའ་མི་རྩར་ཁྲུས་རབ་གནས་གོར་བརྒྱ་བྱིན། ཚེས་༡༠ལ་རིག་འདུས་ཚེས་བཅུ་དང་འབྲེལ་ཁྲོ་ཆུང་རྒྱལ་མོ་སོགས་མང་ཤས་ལ་རྩ་དབང་བསྡུས་པ་ཚེ་དབང་། མི་ཕམ་ཚིག་བདུན་བླ་རྣམ་ཁྲིད་བཅས་འདོན། ཚེས་༡༡ལ་བཟང་སྤྱོད་ཚར་སུམ་བཅུ་འདོན་ཚེ་གཡང་འགུགས་པའི་བུམ་གཏེར་ཚར་གཉིས་བསྒྲུབ། ཚེས་༡༢ལ་གནོད་སྦྱིན་འཁོར་ལོའི་གཏེར་བུམ་ཚར་གཉིས་འདོན་བསྒྲུབ། ཚེས་༡༣ལ་ཁྲོ་ཆུང་རྡོ་རྗེ་དཔལ་བཟང་སྐོར་དང་། ཕུན་ཚོགས་དབང་མོ་རྣམས་ལ་དྲག་པོ་རྟ་ཁྱུང་དང་། ཐང་རྒྱལ་ཚེ་དབང་བསྐུར། ཚེས་༡༤ལ་ཕུན་ཚོགས་དབང་མོ་རིམ་གྲོ་ཨ་མཆོད་བཅུ་བདུན་གྱིས་འབུམ་ཀློག །མཁའ་འགྲོ་གསོལ་མཆོད་རྣམས་ཀྱིས་སྐལ་བཟང་ཀློག །ཚེས་༡༥ལ་འདིའི་ནམ་གུང་གཡུ་ཐོག་སྲས་ཆུང་གཤེགས། དགོན་པའི་མིང་བསམ་འགྲུབ་དར་རྒྱས་གླིང་བཏགས། བསམ་འགྲུབ་ཟླ་བའི་དགོན་ཆུང་དུ་སོང་། རྩ་གསུམ་དྲིལ་སྒྲུབ་ལ་བསྟེན་པའི་ཁྲུས་རབ་གནས། ཁྲོམ་ལ་ཚེ་དབང་བྱས། སྦྱིན་བདག་རྒད་པོ་འདུག །ཚེས་༡༦ལ་ཆུ་ཚོད་དྲུག་པ་ཡོལ་ཙམ་ལ་གཡུ་སྲས་གཤེགས་པར་རྒྱང་འཕོ་བསྔོ་སྨོན་ནན་ཏན་བྱས། | |||
ཚེས་༡༧ལ་རྒྱལ་སྲས་སངས་རྒྱས་རྡོ་རྗེ་ཀ་སྦུགས་ནས་ཞབས་ཐང་གི་དཔོན་གཡོག་གསུམ་འབྱོར། བདུད་འཇོམས་ཕྱག་བྲིས་ཀྱང་ཕེབས། ཚེས་༡༨། ཚེས་༡༩ལ་བུ་ཆུང་གཉིས་དང་ཨ་ནེ་གསུམ་སོགས་སྒང་ཐོག་སོང་། ཚེས་༢༠ལ་བཅའ་ལགས་སྔ་མ་རྣམས་བཏང་། དྲུང་ཡིག་སོགས་སོང་། ཕྱི་དྲོ་ཕྱག་མཛོད་ཚེ་ལུ་སོགས་རྟ་རྒྱུག་བལྟ་བར་སོང་། ཚེས་༢༡ལ་ཕྱག་དྲུག་པའི་གསོལ་ཀ་དང་གཏོར་འབུལ་བྱས། ཚེས་༢༢ལ་བྱ་བྲལ་བ་སངས་རྡོ་སོགས་དང་གནས་ཆོག་བཏང་། ཚེ་ལྷ་མཆོད་ཆོག །ཚེས་༢༣ལ་ཐར་མཁན་རིན་པོ་ཆེ་འཇལ། ལྷ་ཡུམ་དང་མཇལ། རྨུགས་སངས་མཆོག་སྤྲུལ་སྐུ་གཤེགས་སྐད། ཆུ་ཚོད་དགུ་པའི་མགོར་རྡོར་གླིང་ནས་བཏེགས། ཕེབས་བསུ་ཇ་ཞུས་བྱས་སྒང་ཐོགས་འབྱོར། ཚེས་༢༤ལ་འདུག་དལ། ཐར་མཁན་རིན་པོ་ཆེ་མཇལ། ཚེས་༢༥ལ་ནཱ་རོ་མཁའ་སྤྱོད་མའི་བདག་འཇུག །འབྲས་ལྗོངས་ལྷ་ཡུམ་དང་མཇལ། ཚེས་༢༦ལ་འབྲས་སྤྱི་བློན་ཆེན་དེ་ཡི་གྲོགས་པོ་རྒྱ་གར་བ་དབྱིན་ཇིའི་དགེ་གླིང་སཱ་ག་ར་སིདྡྷི་སོགས་དང་ཆོས་མོལ། ཚེས་༢༧ལ་ར་དཀར་གཤགས་ལྷ་ལྕམ་སོང་། གཅུང་འཆི་མེད་བདེ་གཤེགས་ཀྱི་དགོངས་རྫོགས་མཆོག་གླིང་། རྒྱ་སྟོན། གསང་ཆོས་སྤྲུལ་སྐུ། བསོད་རྒྱལ་སོགས་ཀྱི་དབུས་རྡོར་སེམས་རྒྱས་པ། ཚེས་༢༨ལ་རག་སྒང་བསོད་བཀྲ་གསང་ཆོས་སྤྲུལ་སྐུ་སོགས་ལ་རྒྱུད་བླ་དབུ་ཚུགས། འཕྲུལ་ཞིང་དང་། མཆོད་རྟེན་ཆོས་ཁང་། སྐྱེལ་ཚལ་གསར་པ་རྣམས་མཇལ། ཡེ་ཤེས་ཕུན་ཚོགས་ཀྱིས་ཟས་ཁང་གསར་པར་དྲོངས། ཚེས་༢༩ལ་ཀརྨ་ཨོ་རྒྱན་ཤ་ཉེ་སྤྲུལ་སྐུ་བསྟན་རྡོར་གཤེགས་པའི་རྫོགས་པར་རྡོར་སེམས་བྱང་ཆོག །ས་སྐྱ་སྒྲོལ་ཕོའི་ཕྱག་བྲིས་འབྱོར། ཚེས་༣༠ལ་ཇོ་མོ་དཀོན་གཉེར་གྱིས་མ་ལ་རྡོར་སེམས་བྱང་ཆོག་བཏང་། ཧོར་ཟླ་བཅུ་པའི་ཚེས་༡ལ་ལྷ་ཡུམ་དང་ཞལ་ད་བྱས། ཚེས་༢ཆད། ཚེས་༣ལ་ས་སྐྱའི་ཞབས་ཤར་གྱི་མ་ཆོས་བཙུན་འདས་མར་བྱང་ཆོག་བྱས། ཚེས་༤ལ་སྤྲུལ་སྐུ་ཀརྨ་ཨོ་རྒྱན་གྱི་ཡུམ་སྲས་རྣམས་དང་། གདོང་ཐོག་རིན་ཆེན་རྡོ་རྗེ་བྱུང་། ཆོས་གོས་བྱིན་བྱུང་། རྨུགས་སྤྲུལ་གཤེགས་ཚུལ་འབྱོར་འཕོ་བ་རྒྱས་པ། ཚེས་༥། ཚེས་༦ལ་སྤྲུལ་སྐུ་ཨོ་རྒྱན་གྱི་ཡུམ་སྲས་སོགས་ལ་རྩ་གསུམ་དྲིལ་སྒྲུབ་དབང་ལུང་དང་། ལྕེ་བཙུན་སྙིང་ཐིག་གི་རྩ་གཞུང་ལུང་འདོན། ཚེས་༧ལ་རྨུགས་སངས་བདེ་གཤེགས་དགོངས་རྫོགས་ཞི་ཁྲོ་ངན་སོང་སྦྱོང་བ་བཏང་། ཚེས་༨ལ་བཀྲ་ཤིས་རྣམ་རྒྱལ་གྱིས་སྦྱིན་བདག་ཞུས་ནས་བླ་སྤྲུལ་༢༡གིས་རྒྱུད་སྡེ་བཞི་འགྲེལ་སྒྲོལ་མ་བསོགས། ཐར་མཁན་རིན་པོ་ཆེ་ཁྱུགས་བསྐོར་བྱོན་བྱུང་། ཚེས་༩ལ་ངོར་ལུགས་གཏོར་བསྐང་འདོན། ཚེས་༡༠ལ་དཀོན་མཆོག་སྤྱི་འདུས་ཚེས་བཅུ་བཏང་། ཚེས་༡༡ལ་ལྷ་ཡུམ་མཆོག་གླིང་རྒྱ་སྟོན་སོགས། ངོས་ཅག་རྟ་ཐོད་ལ་རྩེར་སོང་བསང་བསྡུས་བཏང་། བྱ་རོག་ལྡིང་བསྐོར་བྱས། མཚོ་ཁར་གསོལ་ཚིགས། མ་ཆེན་འཇོག་མཚམས། ཚེས་༡༢ལ། ས་སྐྱ་སྙན་གྲགས་དང་ལྷན་དུ་མ་ཆེན་ཨ་ཆུང་སོང་། གསང་སྤྱི་ཞལ་ལུང་གི་ལུང་མཆོག་ལྡན་གཙོར་བྱས་ལ་འདོན། ཚེས་༡༣ལ་སྒྲོལ་མ་འབུམ་ཐེར་ཡོན་སྤྲོད་དན་ཚུགས། ཚེས་༡༣ཕྱི་མ་ལ་གསང་སྤྱི་ལུང་གྲུབ། ཚེས་༡༤ལ་མཆོག་སྤྲུལ་སོགས་དང་ལྷན་ཅིག་བསང་རྒྱལ་བརྔག་འདོན། ཚེས་༡༥ལ་ཐར་མཁན་རིན་པོ་ཆེ་སོགས་དང་རག་སྒང་བསོད་བཀྲས་སྦྱིན་བདག་ཞུས་ཏེ་སེམས་བསྐྱེད་སྲོལ་གཉིས། ཚེས་༡༦ལ་མཆོག་གླིང་སྤྲུལ་སྐུ་ཡུམ་སྲས་གཙོས་ཐར་མཁན་རིན་པོ་ཆེ། འབྲས་ལྗོངས་ལྷ་ཡུམ་སོགས་ཐུགས་སྒྲུབ་བར་ཆད་ཀུན་སེལ་སྟ་གོན། ཚེས་༡༧ལ་དངོས་གཞི་དབང་ཆེན། དབང་འབྲིང་། གཏོར་དབང་། ཚེ་དབང་། འདོན་ཆའི་ལུང་ཕལ་ཆེར་འདོན། ཚེས་༡༨ལ་ཞལ་གདམས་སྙིང་བྱང་སོགས་ཀྱི་ལུང་དང་། སྒྲོལ་མའི་དབང་ལུང་། སྒྲོལ་ཆོག་བཅས་ལུང་འདོན། ཚེས་༡༩ལ་སྦྱིན་བདག་ཞིག་ལ་དྲག་པོ་རྟ་ཁྱུང་དབང་། རྡོར་གླིང་བལ་པོ་བླ་མ། རྒ་ཇིས་བླ་མ་དང་། ངག་དབང་མགོན་པོ། ཧོ་ཅོ་ཨ་འཇམ། ཁྲོ་དགའ་སྤྲུལ་སྐུ་སོགས་ལ་དབུ་ལུགས་སེམས་བསྐྱེད། ཚེས་༢༠། ཚེས་༢༡ལ་སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་དབུ་ཚུགས། ཚེས་༢༢ལ་ཐར་མཁན་བྱོན་པས་སླར་སྡོམ་གསུམ་དབུ་ནས་བསྐྱར། རྡོ་གྲུབ་རིན་པོ་ཆེའི་སྐུ་ཚ་བསྙུན་རིམ་ལ་དཔོན་སློབ་བཅུ་གཅིག་གིས་སྨན་ཆོག་ཚར་གསུམ་འདོན། ཚེས་༢༣ལ་མཆོག་གླིང་སྤྲུལ་སྐུ་དང་གྲུབ་མཐའི་འབེལ་གཏམས་ཁ་ཤས་སྣ་ཚོགས་ཀྱི་རྩེད་མོ་བྱས། ཚེས་༢༤ལ་མངའ་རི་ལ་དྭགས་པ་ཡིན་ཟེར་བ་ཁ་ཤས་བྱུང་། ཚེས་༢༥ལ་བཀའ་གདམས་བླ་མཆོད། མཁའ་སྤྱོད་ཚེས་བཅུ་བཏོན། རྨེ་ཤོད་དུ་ཆུ་དམར་ཆེན་པོ་འཕྱུར་བ་རྨིས། ལྷ་ཡུམ་སྟག་རྩེ་ཕེབས་སྐད། ཚེས་༢༦ཆད། ཚེས་༢༧། ཚེས་༢༨ལ་སྡོམ་གསུམ་ཆོས་ཐུན་གྲོལ་ནས་མཁན་རིན་པོ་ཆེ་ངོས་ཅག་སྐུ་འཚམས་གཟིགས་མོར་སོང་བའི་ས་འགུལ་བྱུང་། ཚེས་འདི་ཉིན་ཡིན། ཚེས་༢༩། ཚེས་༣༠ལ་འཇིགས་མེད་སྦྱིན་བདག་གནས་དགེ་ཚང་རྒྱ་གནས་བསྐོར་བའི་བརྟགས་བབས་ཟབ་ཏིག་སྒྲོལ་ཆོག་ཚར་ལྔ་དཔོན་སློབ་བཅུ་གཅིག་གིས་འདོན། ཧོར་ཟླ་༡༡པའི་ཚེས༡ཨ་ཐུག་ཕུན་དབང་ལང་དུ་ཏྲལ་སྐྱེལ། གསོལ་དཔོན་རྡོར་གླིང་དུ་སོང་། སོམས་འགྲེལ་བཤད་ཁྲིད་རྫོགས། གོ་འཇོ་ཐང་སྐྱ་བློ་གསལ་གྱི་མ་ཆོས་སྒྲོན་འཆི་བའི་བདུན་ཚིག་གསུམ་པར་བླ་སྤྲུལ་ཉེར་གཉིས་ཀྱིས་རྡོར་སེམས་བྱང་ཆོག །ཚེས་༢ལ་ཐར་མཁན་རིན་པོ་ཆེའི་རྟེན་འཇལ་གནང་། འབྲུག་སྤྲུལ་སྐུ་ཁྲིད་ཞུ་ཆེད་དུ་ཀ་སྦུགས་ནས་ཕེབས་བྱུང་། ཚེས་༣ལ་ལྕགས་སྦུགས་སྤྲུལ་སྐུ། འབྲུག་གི་སྲས་སྤྲུལ། གླིང་བུ་ཁྲོ་སྤྲུལ་སྐུ་གསུམ་ལ་ཨ་ཏི་ཟབ་དོན་ཁྲིད་དབུ་ཚུགས། ཚེས་༤ལ་ཐར་མཁན་བཞུགས་པའི་ཀོ་ཏྲིར་ཁྱུག་ཙམ་ཕྱིན། ཚེས་༥ལ་ཐར་མཁན་རིན་པོ་ཆེ་སོགས་ངོས་ཅག་ཉི་ཤུ་ཐམ་པས་ཟབ་ཏིག་སྒྲོལ་ཆོག་ཚར་བཅུ་གསུམ་སོང་། ཚེས་༦ལ་ཐུགས་ཆེན་བྱང་ཆོག་ཚར་གཅིག་བཏང་གཙང་ཁ་དཀར་བའི་ཉེ་དུ་ཞིག་གི་དོན་དུ་གཡུ་སྒྲོན་མཆོད་གསོལ་ཚར་གཅིག །ཚེས་༧ལ་གསང་ཆོས་སྤྲུལ་སྐུར་བླ་རྣམ་སྐོར་ལུང་དང་། ཤར་པ་བླ་གྲྭ་ཁ་ཤས་ལ་བདེ་སྨོན་ལུང་གཡུ་སྒྲོན་གསོལ་མཆོད། ཚེས་༨ལ་དཔོན་སློབ་བཅུ་ཐམ་པས་སྨན་ཆོག་ཚར་གཅིག །ཚེས་༩ལ། ཁྲི་ཚོ་མཁན་བློ་གྲོས་བཟང་པོས་འཐུད་ཁྱེར་བྱུང་། གཞན་ཐུབ་བསྟན་ལ་ཆོས་བཤད་ཟེར། ཚེས་༡༠། ཚེས་༡༡ལ་སྐུ་གསུམ་རིགས་འདུས་ཚོགས་ཕུལ་སྐུ་ཞབས་ཁམས་སྤྲུལ་འབྲས་ལྗོངས་ཕྱག་ཕེབས། ཁྲིད་ཞུ་མཁན་གསུམ་དང་། བདེ་རྒྱལ་སྤྲུལ་སྐུ་སོགས་ལ་སྨིན་གླིང་རྡོར་སེམས་དབང་། ཁྲིད་ཞུ་ལ་ཨ་ཏི་ཟབ་དོན་རྩལ་དབང་བསྐུར། ཚེས་༡༢ལ་ཁམས་སྤྲུལ་རིན་པོ་ཆེ་དང་མཇལ་འཕྲད། ཚེས་༡༣ལ་མཆོག་གླིང་སྤྲུལ་སྐུ་རྒྱ་སྟོན་སོགས་གནས་བསྐོར་ཕེབས་སོང་། ཁམས་སྤྲུལ་རིན་པོ་ཆེ་དཔོན་གཡོག་ཚང་མར་ཚེ་དབང་བྱས། ཐར་མཁན་རིན་པོ་ཆེས་ཐང་ལུགས་ཚེ་དབང་དང་། སྒྲོལ་དཀར་སྒོ་ནས་རིང་འཚོ་རྒྱས་པར་གནང་། ཚེས་༡༤ལ་བཀའ་བརྒྱད་གསང་རྫོགས་སྐེག་བཟློག་འདོན། ཁྲལ་ཆོས་བློ་གྲོས་བཟང་པོའི་ཞལ་ངོར་ཐར་མཁན་རིན་པོ་ཆེ་དབུས་མང་ཤས་ལ་ས་འཇམ་སྦགས་སྒྲུབ་འདོན། ཚེས་༡༥ཕུན་ཚོགས་དབང་མོས་ཕྲུ་གུ་གསར་སྐྱེས་ཁྱེར་བྱུང་ཚེ་འགུགས་བཏོན། དཔོན་སློབ་ཉེར་གཅིག་གིས་སྒྲོལ་ཆོག་ཚར་༡༥འདོན། ཨ་ཏིའི་ཁྲིད་ལུང་ཡང་འདོན། ཚེས་༡༦། ཚེས་༡༧ལ་མཁའ་ལས་སྤྲིན་འཇའ་རྒྱ་ཆེ། རྡོ་གྲུབ་སྐུ་ཚ་གཤེགས་པར་བྱང་ཆོག །ཚེས་༡༨ལ་ཀརྨ་རྒྱལ་མཚན་ཁྲོ་གདོང་རིལ་སྤྲུལ་མདུན་འབྱོར་ཞུས་ཕུལ། བདེ་རྒྱལ་སྤྲུལ་སྨྲ་སེང་རྗེས་གནང་དང་ཀུན་མཁྱེན་གྱི་སྒྲུབ་ཐབས་ལུང་། ཚེས་༡༩མངའ་རི་སྤྲུལ་སྐུ་རྒྱ་གནས་བསྐོར་བའི་སྐར་འཛིན། ཚེས་༢༠ལ་བདེ་རྒྱལ་སྤྲུལ་སྐུ་སོགས་ལ་ཀུན་མཁྱེན་གསུང་ཐོར་བུ་ཁ་ཤས་ལུང་བཏོན། མངའ་སྤྲུལ་སོང་། ཨ་ཏིའི་ཟབ་དོན་ཁྲིད་གྲུབ་མངའ་སྤྲུལ་གདོང་རྡོ་གྲུབ་ལ་ཚེ་སྒྲུབ་དཔེ་སོགས་བསྐུར། ཚེས་༢༡ལ། རང་གྲོལ་སྐོར་གསུམ་གྱི་ཁྲིད་ལུང་འཕྲོས་བཏོན། པུ་ཧྲེང་ནས་འཆི་མེད་བླ་མ་ཟེར་བའི་སློབ་མ་ཚེ་དབང་སྒྲོན་མ་ཟེར་བ་ཉི་མ་གཞོན་ནུ་བཤད་པ་ཡིན་ཟེར་བ་བྱུང་། ཚེས་༢༢ལ་བདེ་རྒྱལ་སྤྲུལ་སྐུས་ཞུས་ངོར་ཐར་མཁན་རིན་པོ་ཆེ་སོགས་མང་ཤས་ལ་ལམ་རིམ་ཡེ་ཤེས་ཀྱི་སྙིང་པོའི་བཤད་ལུང་ཚུགས། ཚེས་༢༣། ཚེས་༢༤ལ་ཀ་སྦུག་ནས་སྐུ་ལོ་ནང་འབྱོར། ཚེས་༢༥ལ་ལམ་རིམ་ཡེ་ཤེས་སྙིང་པོའི་བཤད་ཁྲིད་གྲུབ། ཀློང་སྙིང་ཡུམ་བཀའ་ཚོགས་ཀྱིས་གཏང་རག་བྱས། བདུད་འཇོམས་སྲས་ཕེབས་པ་ཚེ་དབང་དང་བླ་རྣམ་དབང་བྱས། ཚེས་༢༦ལ་མཆོད་རྟེན་ཕྱོགས་ཆོས་ཁང་དུ་སོང་། འཁྲུལ་ཞིག་མཇལ་སྐྱབས་རྟེན་ཁྱེར། ཚེས་༢༧ལ་ཆོས་རུག་ཚང་ཤི་སྐད། འབྲི་གུང་གསེར་སྤྲུལ་བྱུང་། ཨ་སྡུག་གཡོགས་པོ་ལྷ་ལྡན་སོང་། ཚེས་༢༨ལ་མཁར་མདོ་སྤྲུལ་སྐུ་སོགས་ཀྱིས་བརྒྱ་བཞི་འདོན། སྐུ་ལོ་རྡོར་གླིང་དུ་སོང་། ར་ཤག་ལྷ་ལྕམ་བྱོན་བྱུང་། ཚེས་༢༩ལ་མཁར་མདོ་སྤྲུལ་སྐུ་སོགས་ཀྱིས། ཟབ་མདོ་བདུད་ཟློག་ངོས་ནས་ཚར་ལུགས་བསྐང་གསོལ་བཏང་། གཡང་ཆོས་སྤྲུལ་སྐུ་ཕ་འབྱོར། ཚེས་༣༠ལ་མཁར་སྤྲུལ་སོགས་ཀྱིས་སྒྲོལ་ཆོག་རྒྱས་པ་གསུངས། ཧོར་ཟླ་བཅུ་གཉིས་པའི་ཚེས་༡ལ་ནད་བཤལ་སྨན་འཐུང་། མགུ་ལོག་ཀུན་དགར་མི་ཕམ་གསང་སྤྱི་ཚུགས། ཚེས་༢ཆད། ཚེས་༣ལ་གསང་སྤྱིའི་ཆོས་ཐུན་མེད། ནད་འཁྲུགས་ཅིང་སྐྱུགས་བཤལ་ཐེངས་ཁ་ཤས་ཀྱི་ཕྱེད་ཡོལ་ནས་ཆད། སྨན་སྦངས། གཡང་ཆོས་སྔགས་པར་ཚེ་དབང་། སྒྲོལ་མའི་རིག་གཏད། ཚེས་༤ལ་བཀའ་འགྱུར་ཀློགས་དབུ་ཚུགས། སྨན་ཆོག་སོགས་བཏོན། ཆུ་ཚོད་ལ་རིན་ཆེན་བཏུང་། ཏིང་འཛིན་རྒྱལ་པོ་བཏོན། ཚེས་༤ཕྱི་མ་ལ་དྲུང་ཡིག་གནས་བསྐོར་ནས་འབྱོར། ངོས་ནས་འཇམ་དཔལ་རྩ་རྒྱུད་བཀླགས། ཨ་ནེ་པད་ལུར་གནམ་ཆོས་ཀུན་རིག་བྱང་དབང་སྦྲེལ། ཚེས་༥། ཚེས་༦ལ་རྒྱལ་བཀའ་རིན་པོ་ཆེ་པོད་ཁ་ཤས་ལས་བཀླགས་གྲུབ། སྐུ་ཡོན་དར་རེ་དང་གོར་ཕྱེད་གཉིས་རེ་ཕུལ། འབྲུག་བླར་ཁྲིད་འདོན། ཚེས་༧ལ་རྒྱལ་བཀའ་ལྷག་མ་པོད་ཁ་ཤས་ཀློགས་པ་བཅུ་གཅིག་སྐོར་གྱིས་བཀླགས། ཚེས་༨། ཚེས་༩ལ་འབྲུག་པ་བླ་མར་སྔོན་འགྲོའི་ཁྲིད་ལེའུ་ཚན་ཞོག །ཚེས་༡༠ལ་མཚོ་སྐྱེས་སྙིང་ཐིག་གིས་ཚེས་བཅུ། ཚེས་༡༡འབྲུག་བླ་མ་བསོད་ནམས་བཟང་པོ་དཔོན་གཡོགས་རྣམས་འབྱོར་བ་རིགས་འདུས་ཚེ་དབང་། འཇམ་དབྱངས་སྐུ་བྱིན་བྱུང་། ཚེས་༡༢ལ་གསང་སྤྱི་ཞོག །བསོད་ནམས་བཟང་པོ་ལྕེ་བཙུན་སྙིང་ཐིག་གི་དབང་རྩ་གཞུང་ལུང་། གསང་ཐིག་ཕུར་དབང་འདོན། བླ་མ་བྱོན་སོང་། ཚེས་༡༣ལ་འབྲུག་རང་སློབ་པདྨ་ཚེ་དབང་སོགས་ལ་གསང་སྙིང་སྤུ་གྲིའི་དོན་དབང་ལུང་འདོན། ཚེས་༡༤ལ་དགོན་སྡེ་དྲུང་ཡིག་གི་བུ་ཆུང་ཤི། ལུང་འཕྲོས་རྣམས་འདོན། རྡོ་རྗེ་གླིང་ནས་མེ་ཉག་བླ་མ་འདས། ཚེས་༡༥ལ་རབ་གནས་གཞི་བསྒྲིགས། མེ་ཉག་བླ་མར་འཕོ་བ་རྒྱས། དུར་བདག་གསོལ་ཀ་གཞུང་ནས་འདོན་དགོས་ཕེབས་བཞིན་བཏོན། ཚེས་༡༦ལ་ཐར་མཁན་རིན་པོ་ཆེ་སོགས་དཔོན་སློབ་བཅུ་དྲུག་གིས་རབ་གནས་འཚོགས་སྟ་གོན། ཚེས་༡༧ལ་དངོས་གཞི་འཐོར་ནས་ཕོ་བྲང་ནང་དུའང་སོང་། རྒྱས་སྦྱིན་བླུགས། པྲ་ཛྙ་འབྱོར། ཚེས་༡༨ལ། ཚེས་༡༩ལ་ཨ་འཇམ་ཞུས་ངོར་ཐར་མཁན་རིན་པོ་ཆེའི་དབུས་འབྲུག་པདྨ་ཚེ་དབང་སོགས་ཁ་ཤས་ལ་མགོན་པོ་ཕྱི་ཁྲིད་ཚུགས། ཚེས་༢༠ལ་རྡོ་གྲུབ་རིན་པོ་ཆེའི་སྐུ་ཚའི་རྫོགས་པ་ཁེལ་ཐུགས་ཆེན་བྱང་ཆོག་བྱས། ཚེས་༢༡ལ་ཚེ་འདས་རྣམས་ལ་བྱང་ཆོག་བྱས། ཚེས་༢༢ལ་ཚེ་འདས་རྣམས་ལ་བྱང་ཆོག་ཚར་གཅིག །ཚེས་༢༣ལ་ཚེ་དཔལ་ཀ་སྦུགས་སོང་། ཚེས་༢༤ལ་བླ་མ་ཀར་ལུ་ཕྱག་ཕེབས། ཚེས་༢༥ཆད། ཚེས་༢༦ལ་ཀར་ལུ་དང་མལ་མགོན་ཁྲིད་ཞོག །ཚེས་༢༧ལ་བླ་མ་ཀར་ལུ་ལས་ནི་གུའི་སྨོན་ལམ་དང་། ནི་དྷི་གཉིས་ཀྱི་ཚེ་སྒྲུབ། ཧོ་ཆོའི་ཞབས་དྲུང་དགོངས་རྫོགས་ཐར་མཁན་ངོས་དཔོན་སློབ་ཀྱིས་རྣལ་འབྱོར་མའི་ཆོ་ག །ཚེས་༢༨ལ་རྒྱ་བྱང་ཆུབ་རྡོ་རྗེ་བྱུང་། མཁན་སྤྲུལ་རྣམས་དབུས་མང་ཤས་ལ་བཀའ་ཐང་ཤེལ་བྲག་ལུང་བཏོན། ཚེས་༢༩ལ་བྱང་ཐེར་སོང་། རད་ཕུར་གསང་སྒྲུབ་སྐོངས་བཟློག་དང་དངོས་རོལ་རྒྱས་པ་འདོན། ཚེས་༣༠ལ་འབྲུག་པ་མང་ཤས་ལ་རིག་འདུས་རྩ་དབང་བསྐུར། ཐུགས་ཆེན་བྱང་ཆོག །ཧོར་ཟླ་དང་པོའི་ཚེས་༡ལ་ཐར་མཁན་རིན་པོ་ཆེ་སོགས་སྤྲུལ་སྐུ་རྣམས་ལ་གསོལ་ཚིགས་སོགས་ཕུལ། ཁྲི་ཚོ་མཁན་པོ་དང་མདོ་སྲིབ་ཨ་བཀྲ་བཅས་ཀྱིས་རིག་ལམ་བཏང་། ཚེས་༢ལ་རྡོ་གྲུབ་རིན་པོ་ཆེ་ལ་ཞལ་ལྷག་ཕུལ། ཡ་བུ་ཤེས་རབ་ལ་ཚེ་དབང་། ཚེས་༣ལ་འབྲུག་བུམ་ཐང་བ་ཁ་ཤས་ལ་ཆོས་དབྱིངས་མཛོད་སོགས་ལུང་འདོན། འཇམ་མགོན་མི་ཕམ་རིན་པོ་ཆེའི་ལྷ་མོའི་གསོལ་བསྐངས་རྒྱས་པར་བཏང་། ཨ་སྡུག་ནས་གསོལ་ཚིག་འདྲེན། ཚེས་༤ལ་ལ་ཆུང་རྫོང་མགོའི་གུ་རུ་གསེར་ཟངས་ལ་རབ་གནས་བྱས། ཚེས་༥ལ་འདུག་དལ་གཡོན་རུ་སྟོབས་རྒྱལ་འདས་པའི་རྫོགས་པར་བྱང་བཞུས་སྨོན་ལམ་བྱས། ཚེས་༦། ཚེས་༧། ཚེས་༨ལ་འཆི་མེད་འཕགས་མའི་སྦྱིན་སྲེག་ཁྲི་གཅིག །ཚེས་༨ཕྱི་མ་ལ་བྱང་ཆོག་བྱས། སྒྲོལ་དཀར་རྒྱས་སྦྱིན་ཁྲི་གཅིག་ལྷག་ཁྱོན་དཔོན་སློབ་བཞིས། ཁྲི་ལྔ་སོང་ཚོད། ཚེས་༩ལ་ཨ་ནེ་པད་ལུས་རིམ་གྲོ་བཀའ་ཐང་སྒྲོགས། ཚེས་༡༠ལ་ར་གཤག་ས་དབང་སྐུ་མཆོད་ཐུགས་སྒྲུབ་བླ་མཆོད་དཔོན་སློབ་བཅུ་གསུམ་གྱིས་འཚོག །དབྱིན་ཇི་དགྲོ་ཡི་བར་དང་། ཞུ་ནུ་བ་སོགས་ལ་རིགས་འདུས་ཡབ་བཀའ་ཡུམ་བཀའ་བསྐུར། ཚེས་༡༡ལྷ་ཡུམ་བཀྲ་ཤིས་ལྡིང་དུ་ཕེབས་སོང་། ཚེས་༡༢ལ་དབྱིན་ཇི་དང་། ཞུ་ནུ་སོགས་ལ་སྒྱུ་འཕྲུལ་ཞི་ཁྲོ་ཟངས་བྱང་མ་བསྐུར་གསང་སྙིང་ལུང་བཀླག །འབྲུག་ཨ་ནེ་ཆོས་བསྒྲོན་བརྒྱུད་སྐྱབས་བརྟེན། ཚེས་༡༣ལ་དབྱིན་ཇི་དང་ནོར་འཛིན་སོགས་ནས་ཚོགས་མཆོད་དགོས་ཟེར་བ་རིགས་འདུས་ཚོགས་ཕུལ། ཚེས་༡༤ལ་འབྲས་སྤྱི་བློན་ཆེན་བྱུང་། སེམས་དོན་དོགས་གཅོད། སྒྲོལ་ཆོག་ཚར་བརྒྱད་ཅུ། ཚེས་༡༥ལ་ལྕགས་སྦུག་སྤྲུལ་སྐུ་སོགས་དང་། མེ་ཉག་སྐུ་ངོ་རྣམས་ལ་བླ་མ་སྨྲ་སེང་དབང་ལུང་འདོན། འབྲས་ལྗོངས་ལྷན་རྒྱས་འཚོགས་སྐད། ཚེས་༡༦ལ་དབྱིན་ཇི་དང་། ཞུ་ནུ་བ་སོགས་ལ་དཔལ་འདུས་དབང་དང་། ཀློང་སྙིང་སྐོར་གྱི་ལུང་། ཚེས་༡༧ལ་ཀློང་སྙིང་ཁྲིད་སྐོར་ལྗགས་ལུང་། ཚེས་༡༨ལ་ཁྲིད་སྐོར་ལུང་འཕྲོས། ཚེས་༡༩ལ་ཟབ་ཏིག་སྒྲོལ་ཆོག་ཚར་བདུན་བཅུ། ཚེས་༢༠ལ་ལུང་གྲུབ། གོང་མའི་སྐུ་མཆོད་མཁའ་འགྲོ་གསང་འདུས་བཅའ་གཞི། ཉིན་དང་པོར་ཚོགས་བརྒྱ་དང་། མཆོད་མེ་བཞི་བརྒྱ། ཉིན་རྗེས་མ་རྣམས་ལ་ཚོགས་ལྔ་བཅུ་དང་། མར་མེ་སུམ་བརྒྱ་འགྲོ་ངེས་ཕུལ། ཚེས་༢༡ལ་རྒྱ་སྟོན་སྤྲུལ་སྐུ་སོགས་ཆོག་རོག་བཅོ་ལྔ་སྐོར་ནས་མཁའ་འགྲོ་གསང་འདུས་ཚུགས། མཆོད་སྐོང་བྱེ་བྲག་པ་རྣམས་དང་། སྙིང་ཐིག་འཁྲུགས་སྐོང་དང་། བསྐང་མདོས་སོགས་བཏང་བ་ཉིན་བཞིན་རྒྱས་པར་བཏང་། ཚེས་༢༢ལ། འདིས་བར། འདི་མན་ཆད་རྣམ་ཐར་ནང་ལ་འགྲོ་དགོས་ལགས། ཞེས་པའི་མཆན་བུ་འདུག །ཚེས་༢༣ལ་སྡོམ་པས་ཚོགས་བཞི་བརྒྱ་ལྔ་བཅུ་མར་མེ་ཆིག་སྟོང་བདུན་བརྒྱ་ལྷག་སོང་། གནམ་མཚོ་དོ་སྐྱ་སྤྲུལ་སྐུ་དཔོན་གཡོགས་བྱུང་། ཚེས་༢༤། ཚེས་༢༥ལ་བསྙུན་ཁམས་ལྕི། ཚོགས་ཉིས་བརྒྱ་མར་མེ་བཞི་བརྒྱ་ལྷག །ཚོགས་བརྒྱ་མཁའ་འགྲོ་བསྟོད་སྐུལ་སོགས་རྒྱས་པར་བཏང་མཁའ་འགྲོ་གསང་འདུས་གྲུབ། ཚེས་༢༦ལ་བསྙུན་ཁམས་ལྕི། སློབ་ཚོགས་རྣམས་ནས་འཁོས་བསྟུན་ཞལ་འདེབས་ཀྱིས་ཞབས་བརྟན་བཅའ་གཞི་སྒྲིགས། རྒྱ་སྟོན་དཔོན་སློབ་ནས་གཅོད་ཚོགས། ཚེས་༢༧ལ་ཐར་རྩེ་མཁན་པོ་དབུར་བཞུགས་ཀྱི་སྒྲོལ་མ་གཡུལ་མདོས། ཀླུ་ལྡིང་མཁན་པོ་དབུར་བཞུགས་ཀྱིས་ཚེ་ལྷ་རྣམ་གསུམ་མཆོད་ཆོག་ཚུགས། ཚེས་༢༨ལ་གཡུལ་མདོས། ཚེ་ཆོག །ཚེས་༢༩ལ་བླ་གྲྭ་ཁ་ཤས་ནས་བརྒྱ་བཞི་དང་བདུད་ཟློག །གཡུལ་མདོས་བོར། ཚེ་ཆོག་གྲུབ། གཡོན་རུ་བླ་མ་བྱུང་། ཚེས་༣༠ལ་ཞབས་བརྟན་ཁག་གཉིས་གཅིག་ཏུ་དྲིལ་ནས་སྒྲོལ་ཆོག །རྒྱ་སྟོན་སྤྲུལ་སྐུའི་གཅོད་ཚོགས་གྲུབ། ཧོར་ཟླ་གཉིས་པའི་ཚེས་༡ལ་མཁན་ཁག་གཉིས་སོགས་བླ་སྤྲུལ་བཅུ་གསུམ་སྐོར་ནས་མཎྜལ་རྟེན་གསུམ་ཕུལ། སྒྲོལ་ཆོག་དང་། རྩ་གསུམ་དྲིལ་སྒྲུབ་ཚོགས་སྐང་། ངོར་སྐོང་གསུངས་ནས་གྲུབ། བསོད་རྒྱལ་སོགས་དཔོན་སློབ་བརྒྱད་ཀྱིས་སེང་གདོང་ཚུགས། བསྙེན་པ་གཙོར་འདོན། ཚེས་༢ལ་བསྙེན་པ་གཙོར་འདོན། སློབ་ཚོགས་བྱིང་ནས་གནས་ཆོག་བསུར། གཏོར་མ་བརྒྱ་རྩ་སོགས་གསུངས། ཚེས་༣ལ་བསྙེན་པ་གཙོར་བཏོན། ཚེས་༤ལ་སྒྲུབ་སྔགས་གཙོར་བཏོན། ཚེས་༥ལ་སྒྲུབ་སྔགས་གཙོར་བཏོན། ཚེས་༦ལ་སྒྲུབ་སྔགས་གཙོར་བཏོན། ཚེ་སྒྲུབ་ཐུན་༡བཏང་། ཞི་སྦྱིན་སྟོང་ཕྲག །ཚེས་༧ལ་སྒྲུབ་སྔགས། ཚེ་སྒྲུབ། ཁྲུས་བུམ་སྒྲུབ། ཚེས་༨ལ་སྔ་དྲོ་སུན་ཟློག་དང་འབྲེལ་བརྟན་བཞུགས་ཕུལ། ཕྱི་དྲོ་ཚོགས་བརྒྱ་གཏོར་བཟློག་དྲགས་སྦྱིན་བཅས་ཀྱི་གྲུབ། ཚེས་༩ལ་འབར་ཉག་ཨ་ཐིང་བྱུང་། བཀྲ་རྣམ་ཀ་སྦུགས་སོང་། ཚེས་༡༠ལ་རྩ་གསུམ་དྲིལ་སྒྲུབ་ཚོགས། ཀ་སྦུག་བདུད་འཇོམས་རིན་པོ་ཆེས་རྟེན་གསུམ་ཞབས་བརྟེན་གནང་བར་སྐྱེས་ལེན་ཕུལ། ཚེས་༡༡ལ་རྒྱ་སྟོན་དཔོན་སློབ་ནས་ཚེ་སྒྲུབས་ཐབས་ཤེས་ཁ་སྦྱོར་ཚུགས། ལྷ་ལྡན་ནས་རྒྱ་མིའི་འཁྲུགས་ཟིང་བྱས་སྐད། ཚེས་༡༢ལ་བཀྲ་རྣམ་འབྱོར། ཚེས་༡༣ལ་ཐམས་ཅད་མཁྱེན་པ་དབུ་ཐོན་ཡོད་སྐད། ཚེས་༡༤། ཚེས་༡༥ལ་རྒྱ་སྟོན་དཔོན་སློབ་ནས་ཚེ་སྒྲུབ་གྲུབ། ཚེས་༡༦། ཚེས་༡༧། ཚེས་༡༨། ཚེས་༡༩། ཚེས་༢༠། ཚེས་༢༡། ཚེས་༢༢། ཚེས་༢༣། ཚེས་༢༤ཆད། ཚེས་༢༥ལ་གསང་ཐིག་ཡུམ་བཀའི་ཚོགས་ཕུལ། ཚེས་༢༦ལ་རྣམ་རྒྱལ་སྟོང་མཆོད་བཅའ་གཞི། ཐམས་ཅད་མཁྱེན་པ་རྒྱ་གར་ས་ཐོག་ཕེབས་ཡོད་སྐད། ཚེས་༢༧ལ་མཁན་སྤྲུལ་རྣམ་ནས་རྣམ་རྒྱལ་སྟོང་མཆོད། སྐུ་བསྙུན་འཁྲུགས། ཚེས་༢༨། ཚེས་༢༩ལ་མཆོག་གླིང་སྤྲུལ་སྐུའི་དབུས་བླ་སྤྲུལ་དཔོན་སློབ་ཉེ་བརྒྱད་སྐོར་ནས་འཕགས་མའི་སྙིང་ཐིག་གི་སྒྲུབ་ཆེན་འཚོགས་རྒྱུའི་བཅའ་གཞི་བསྒྲིགས། ཚེས་༣༠། ༡༩༥༩ལོར། རབ་བྱུང་༡༦པའི་ས་ཕག་ལོའི་ལོ་ཐོ། ཧོར་ཟླ་གསུམ་པའི་ཚེས་༡ལྷག་ཕྱི་མ་ལ་འཕགས་མའི་སྙིང་ཐིག་གི་སྒྲུབ་ཆེན་འཚོགས་རྒྱུའི་སྣ་སེལ་རིགས་བསྒྲུབས། ཚེས་༢ལ་སྒྲུབ་ཆེན་ས་སྟ། ལྷ་ཡུམ་ནས་སྦྱིན་བདག་ཞུས་ཏེ་འཁྲུལ་ཞིག་རིན་པོ་ཆེ་དང་རྒྱ་སྟོན་སྤྲུལ་སྐུའི་དཀོན་སྤྱིའི་སུན་བཟློག་དང་འབྲེལ་བརྟན་བཞུགས་ཕུལ། ཚེས་༣ལ་སྔ་དྲོ་རྒྱན་བཀོད་དང་། ཕྱི་དྲོ་དངོས་གཞི་ཉིན་དང་པོ། ཚེས་༤། ཚེས་༥། ཚེས་༦། ཚེས་༧། ཚེས་༨། ཚེས་༩ལ་ཞི་སྦྱིན། ཚེས་༡༠ལ་རྒྱས་སྦྱིན་བཅས་སྒྲུབ་པ་གྲོལ། དངོས་གྲུབ་ལེན་ཆོག་དང་བསྒྲག་མཆོག་གླིང་རྒྱ་སྟོན་གཉིས་ནས་རྟེན་བཞུགས་ཕུལ། གྲུབ་ཐོབ་ཐུགས་ཏིག་གི་བླ་སྒྲུབ་ཚོགས་གཅིག་བརྒྱ་བརྒྱད། ཚེས་༡༡ཐམས་ཅད་མཁྱེན་པ་ཤི་ལི་རྒུ་རིར་ཕེབས། འབྲས་ལྗོངས་རྒྱལ་སྲས་ལྷ་ཡུམ། འབྲས་སྤྱི་བློན་ཆེན་ངོར་པའི་མཁན་ཁག་སོགས་བླ་སྤྲུལ་རིགས་མཇལ་དར་ལ་བཅར། མཛོད་ཚེ་དཔལ་ངོ་ཚབ་ལ་བཏང་། ཚེས་༡༢། ཚེས་༡༣། ཚེས་༡༤ལ་ཨེམ་ཆི་ཀུ་ལོ་སོགས་ནས་མནོལ་བསང་། ཚེས་༡༥ལ་དུས་འཁོར་མཆོད་ཆོག་གསུངས། སྐུ་ལོ་སོགས་ནས་རད་ཕུར་སྐོང་ཟློག་ཚུགས། ཚེས་༡༦། ཚེས་༡༧ཆད། ཚེས་༡༨ལ་སྐོང་ཟློག་བོར། ཚེས་༡༩ལ་ཀུ་ལོ་སོང་། ཚེས་༢༠། ཚེས་༢༡ལ་ཀ་སྦུག་ནས་ཁམས་སྤྲུལ་རིན་པོ་ཆེ་དཔོན་གཡོགས་འཁྱུག་སྐོར་ཕེབས་པ་མཇལ་ཁ་འཕྲད་གསུངས། བརྟགས་བབ་གཤིན་རྗེའི་བཟློག་པ་གསུང་དགོས་རྒྱུའི་སྙན་གསན་ཞུས། ཚེས་༢༢ལ་རྒྱ་སྟོན་སྤྲུལ་སྐུ་དང་། ཕུ་གདོང་དགོན་གྱི་བླ་མ་ནས་འབྲས་གཞུང་ཞབས་བརྟན་གྲོ་ལོད་ཡས་ཟོར་ཚུགས་སྐད། ཚེས་༢༣ལ་ཁམས་པའི་མཆོད་དཔོན་གཉིས་འབྱོར། ས་སྐྱ་བདག་ཆེན་རྗེ་བཙུན་འཆི་མེད། རྡོ་གྲུབ་རིན་པོ་ཆེ། བདུད་འཇོམས། སངས་རྒྱས་རྡོ་རྗེ་རྣམས་ལ་སོ་སོར་ཞབས་བརྟན་སྐྱབས་ཞུས་ཁག་ཕུལ། ཚེས་༢༤ལ་སྐུ་ཞབས་ཁམས་སྤྲུལ་རིན་པོ་ཆེ་རྡོ་རྫོང་སྤྲུལ་སྐུ་སོགས་དཔོན་སློབ་བརྒྱད་ནས་གཤིན་རྗེ་ཁྲོ་བཅུའི་གཏོར་ཟློག་ཚུགས། ཁམས་སྤྲུལ་ལས་འབྲུགས་ལུགས་དྲག་པོ་ཀཱི་ལ་ཡའི་དབང་རྐྱེན་སེལ་ཞུས། ཚེས་༢༥ལ་མཁའ་འགྲོ་གསང་འདུས་ཚོགས་ཕུལ། ཚེས་༢༦། ཚེས་༢༧། ཚེས་༢༨ལ་ཁམས་སྤྲུལ་ནས་གཏོར་ཟློག་བོར། ཚེས་༢༩ལ་རྒྱ་སྟོན་ནས་འབྲས་གཞུང་གྲོ་ལོད་ཟོར་གཏོར་བོར་སྐད། ཁྲོ་བཅུའི་ཚོགས་བསྐང་དང་། ལྷ་མོ་དུད་སོལ་མའི་གཏོར་བརྒྱ། ཚེས་༣༠དཀོན་སྤྱིའི་ཚོགས་སྐོང་དང་སུན་བཟློག །ཧོར་ཟླ་བཞི་པའི་ཚེས་༡ལ་ཁམས་སྤྲུལ་ནས་དཀོན་སྤྱིའི་སྒོ་ནས་སུན་ཟློག་དང་འབྲེལ་ཞབས་བརྟེན་དང་། ཚེ་དབང་ཚར་བཅུ་ཕུལ། སྐུ་ཡོན་བརྟབས་ཁམས་སྤྲུལ་ཕྱིར་ཕེབས་སོང་། རྡོ་གྲུབ་རིན་པོ་ཆེ་ཕེབས། ཚེས་༢། ཚེས་༣ལ་རྡོ་གྲུབ་ནས་ཡུམ་བཀའི་མེ་མཆོད་དང་། སྒྲོལ་མའི་དུག་དབྱུང་མཛད། ཚེས་༤ལ་ངོར་པའི་མཁན་ཁག་དང་། ཞབས་དྲུང་གཉིས། དཔོན་སློབ་གཅིག །མཆོག་གླིང་རྒྱ་སྟོན་སོགས་བླ་སྤྲུལ་མཁན་སློབ་ཉེར་གཉིས་ཀྱིས་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་སྒོ་ནས་སུན་བཟློག་བརྟན་བཞུགས་དང་འབྲེལ་ཞབས་པད་བརྟན་པའི་ཞུ་བ་ནན་ཏན་ཕུལ། ཚེས་༥སྔོན་མ་ལ་ཡུམ་བཀའི་མེ་མཆོད་སོགས་གྲུབ། ཚེས་༥ཕྱི་མ་ལ་མཁར་མདོ་དང་། མངའ་རི་སྤྲུལ་སྐུ་སོགས་ནས་ཕྱོགས་བཞིའི་འབར་མའི་གཏོར་ཆེན་བཏང་། ཚེས་༦ལ་སྒྲོལ་མའི་ས་སྐྱ་ཁྲི་ཆེན་ཕེབས་པར་འཇལ་དར་དང་། གསོལ་ཇ། ཞལ་འབྲས་སོགས་བཏབས། མངའ་རིས་སྤྲུལ་སྐུ་བླ་མ་ཤེས་རྒྱ་སོགས་ནས་གཏོར་བསྔོ་འབུམ་ཐེར་ཚུགས། ཚེས་༧ལ་རྗེ་བཙུན་སྐུ་ཆུང་དང་། བདུད་འཇོམས་གསང་ཡུམ་སྐུ་བསྒྲེས། ནོར་འཛིན་བཅས་ནས་སྦྱིན་བདག་ཞུས་ཏེ་རྡོ་གྲུབ་རིན་པོ་ཆེ་དབུར་བཞུགས་དཔོན་སློབ་ཉེར་ལྔ་སྐོར་ནས་སྙིང་ཐིག་རྩ་གསུམ་ཚོགས་འབུམ་ཐེར་ཞབས་བརྟན་ཚུགས། ཚེས་༨ལ་ས་སྐྱ་ཁྲི་ཆེན་དང་འཇལ་འཕྲད་ཞབས་པད་བརྟན་དགོས་ཀྱི་གསུངས་ནན་གང་ཟབ་ཕུལ། ཚེས་༩ལ་མཆོག་གླིང་ནས་ཕ་རོལ་རྒོལ་འཇོམས་ཀྱི་ཟོར་དང་འཆི་བསླུ་སོགས་བཏོན། ཚེས་༡༠ཆད། ཚེས་༡༡། ཚེས་༡༢ལ་ཞབས་བརྟན་ཚོགས་འབུམ་ཐེར་གྲུབ་སྦྱིན་བདག་ནས་བརྟན་བཞུགས་རྟེན་གསུམ་བཞུགས་གདན་སོགས་ཕུལ། ཚེས་༡༣། ཚེས་༡༤། ཚེས་༡༥ལ་ས་སྐྱ་ཁྲི་ཆེན་ནས་ཚེ་དབང་དགུང་གྲངས་དང་བརྟན་བཞུགས་འབུལ་བ་དང་འབྲེལ། ཞབས་པད་ཡུན་བརྟན་དགོས་ཀྱི་གསུང་ནན་ཕུལ། དཔོན་གཡོགས་མང་མར་ཚེ་དབང་ཚར་གཅིག་གནང་། རྒྱུན་སྡོད་ཞབས་གྲྭ་དང་སྐུ་ངོ་རྣམས་ནས་ཚེ་ལྷ་རྣམ་གསུམ་མཆོད་ཆོག་ཚར་གསུམ་བཏང། མར་མེ་བརྒྱ་རྩ་བཞི་ལྷག་སོགས་མཆོད་པ་གང་རྒྱས། ཚེས་༡༦ལ་རྡོ་གྲུབ་རིན་པོ་ཆེ་ནས་མ་མགོན་འཁྲུགས་སྐོང་མཛད། ཚེས་༡༨། ཚེས་༡༩། ཚེས་༢༠། ཚེས་༢༡ལ་ས་སྐྱ་བདག་ཁྲི་རིན་པོ་ཆེའི་མདུན་ནས་འཇམ་དཔལ་ཨ་ར་པ་ཙ་ན་དང་། གསེར་ཆོས་ཁྱུང་ཁྲའི་རྗེས་གནང་བྱབ་ཁྲུས་གཏོར་དབང་བཅས་རྫོགས་ལུགས་ནས་བརྒྱུད་པ་རྐྱེན་སེལ་དུ་གསན། འདི་ནས་དྲུང་ཡིག་ཕྱག་བྲིས་རེད་འདུག་མཆན། ཚེས་༢༢། ཚེས་༢༣ལ་ཀླུ་ལྡིང་མཁན་རིན་པོ་ཆེ་སྒྲོལ་དཀར་བྱབ་ཁྲུས་དང་། འབྱུང་འདུལ་རྗེས་གནང་ཕུལ། ཚེས་༢༤ལ་ཁོང་གསར་མཁན་པོ་ལས་སེང་སྒྲའི་རྗེས་གནང་དང་། གདོན་གྲོལ་གསན། ཚེས་༢༥ལ་དགོངས་མོ་ཆུ་ཚོད་བརྒྱད་ཡོལ་རྩམ་ནས་ཀརྨ་པ། སྐུ་ཞབས་སི་ཏུ་རིན་པོ་ཆེ་སོགས་དཔོན་གཡོགས་བརྒྱད་ཅུ་ནང་ཕེབས་སྐད་ཡུམ་བཀའི་ཚོགས། དགོང་མོ་ཆུ་ཚོད་དགུ་ཙམ་ལ་ས་གཡོ་ཆེ་ཙམ་བྱུང་། ཚེས་༢༦ལ་ཀརྨ་པ་སྐུ་ཞབས་སི་ཏུ་འབྲུག་དབང་མོ་སོགས་ལ་མཇལ་འཕྲད། ཚེས་༢༧ལ་བསྙུན་ཁམས་རིམ་ལྕི། ཚེས་༢༨། ཚེས་༢༩ལ་ཐར་རྩེ་མཁན་པོ་ནས་རྣམ་འཇོམས་རྗེས་གནང་དང་བྱབ་ཁྲུས་བྱས། རྒྱ་སྟོན་སྤྲུལ་སྐུས་དམ་སྲི་གླུད་མདོས། ཚེས་༣༠། ཧོར་ཟླ་ལྔ་པའི་ཚེས་༡། ཚེས་༢ལ་ས་སྐྱ་བདག་ཆེན་ནས་སེང་གདོང་བྱད་འགྲོལ་དང་ཞལ་དཀར་པོ་ཚེ་འཕེལ་རྗེས་གནང་མཛད། ཚེས་༣ལ་བསྙུན་ཁམས་ཤིན་ཏུ་ལྕི་བར་ས་སྐྱ་བདག་ཆེན་དང་། ཀརྨ་པའི་མདུན་ནས་ཞབས་པད་བརྟན་དགོས་ནན་ཏན་ཕུལ། སློབ་འབངས་བྱིང་ནས་དམ་ཚིག་རྡོ་རྗེའི་བསྒོམ་བཟླས་དང། ཚེ་མདོ་གཟུངས། ཀླུ་ལྡིང་མཁན་པོ་ནས་ཞལ་གྱི་སྐང་གསོ། མཆོག་གླིང་ནས་ཚེ་རིང་མའི་སུན་ཟློག །དམ་སྲི་གླུད་མདོས། མཁའ་འགྲོའི་གྲིབ་སེལ་དང་སུན་བཟློག །སྨེ་བརྩེགས་བྱབ་ཁྲུས་སོགས་རིམ་པར་ཕུལ། ཐར་མཁན་དཔོན་སློབ་ནས་རྣམ་འཇོམས་སྦྱིན་བསྲེགས་བླུགས། རྒྱལ་སྲས་བླ་མ་དང་ལྷ་ཡུམ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་རྒྱ་བོད་སྨན་པ་རྣམས་ཀྱིས་བསྙུན་ཁམས་ཞིབ་འཇལ་ཞུས་པར་ཕྱག་རྩ་སོགས་ལ་སྐྱོན་མེད་ཚུལ་བཤད། ཚེས་༤ལ་བདག་ཆེན་མདུན་ནས་དམ་སྒྲིབ་ཉེས་སེལ་སྦྱིན་སྲེག །འཁྲུལ་ཞིག་སྐུ་མདུན་ཕེབས། | |||
ཚེས་༥ལ་སྦྱིན་སྲེག་གྲུབ། ཀརྨ་པའི་མདུན་ནས་དཀོན་སྤྱིའི་ཚེ་དབང་དང་། ས་སྐྱ་བདག་ཆེན་མདུན་ནས་ཐང་རྒྱལ་ཚེ་དབང་བརྒྱ་རྩ་ཕུལ། མཁན་ཁག་གསུམ་དང་རྒྱ་སྟོན་ནས་རྡོ་རྗེ་རྣམ་འཇོམས་བྱབ་ཁྲུས་ཕུལ། ཚེས་༦ལ་མཚན་སྟོད་ཆུ་ཚོད་གསུམ་ཙམ་ནས་དགོངས་པ་ཞི་དབྱིངས་སུ་གཞོལ་བར་བཏགས་གྲོལ་གླེག་བམ་འཁོར་ལོ་སོགས་ཕུལ། ས་སྐྱ་བདག་ཁྲི་དང་རྡོ་གྲུབ་སྤྲུལ་སྐུ་ཐུགས་སྨོན་གསོལ་འདེབས་སོགས་ཞུས་པར་ཕེབས་གཞན་ལ་གསང་རྒྱ་བྱས། ཞབས་བརྟན་རྡོར་སེམས་ཚོགས་འབུམ་དང་ས་སྐྱ་བདག་ཁྲིའི་ཕུར་པའི་སྲི་གནན་ཁག་དང་ཞག་གྲངས་སུམ་ཅུ་སྐོར་མཆོད་ཆོག་འཛུག །ཚེས་༧ལ་ཚེ་མདོ་བསགས་མཁན་རྣམས་ལ་ཡི་གེ་བརྒྱ་པ་སྟོན་བཅུག །རྡོར་སེམས་ཚོགས་འབུམ་དང་། དམ་ཚིག་རྡོ་རྗེའི་བཟླས་པ་སོགས་སྔར་བཞིན་ཚུགས། གསང་རྒྱ། ཚེས་༨ལ་གསང་རྒྱ། ཚེས་༩ལ་ས་སྐྱ་བདག་ཆེན། ཐར་མཁན། མཆོག་གླིང་། རྡོ་གྲུབ་སོགས་ཀྱིས་བླ་མཆོད་དང་འབྲེལ་ཐུགས་དམ་བཞེངས་སུ་གསོལ་ཞུས། ཀྱེ་རྡོར། རྡོར་སེམས། རྣམ་སྨེ་སོགས་ཀྱི་བུམ་པ་བསྒྲུབས་ནས་སྦྱང་ཁྲུས་ཞུས། གསང་བརྡོལ། གསང་རྒྱ་བཀྲོལ། ཚེས་༡༠ལ་གཟིམ་ཆུང་དུ་སྙིང་ཐིག་ཡབ་བཀའ་ཡུམ་བཀའི་གཏོར་ཚོགས་དང་ན་རཀ་བསྐོང་བཤགས། ཚེས་༡༡ལ་བཀྲ་རྡོ་ཀརྨ་པ་གདན་འདྲེན་ལ་སོང་། ན་རག་སྐོང་བཤགས་བསགས། ཀ་སྦུགས་སུ་བདུད་འཇོམས་རིན་པོ་ཆེ། ཁམས་པ་སྐུ་ཞབས་སོགས་ལ་མཆོད་བསྔོ་ཕུལ། ཁྲུས་ཆུ་ཁག་བསྲེས་པའི་དྲི་བཟང་ཆུའི་ཞིབ་ཏུ་བསྐྲུས། དྲི་བཟང་། ག་བུར། སྨན་སྣ་སོགས་བྱུག །གསར་རྙིང་སོ་སོའི་གནས་ཡིག་རྣམས་མ་འཁྲུལ་བར་ཕུལ་ནས་དྲི་བཟང་གིས་བསྒོས་པའི་རས་བཟང་གོས་སེར་པོའི་སྐུ་ལུས་རིལ་པོར་ཞིབ་ཏུ་གཡོགས་དབུ་རྒྱན་ཐོར་ཚུགས། ཏོད་གཡོགས་དང་། སྨད་གཡོགས་སོགས། ལོངས་སྐུ་རྡོར་སེམས་ཀྱི་རྣམ་པ་བཀའ་འགྱུར་ལྷ་ཁང་དུ་གདན་འདྲེན་ཞུས་ནས་གདན་ཁྲི་མཐོ་སར་བཞུགས་སུ་གསོལ་བར། ས་སྐྱ་བདག་ཆེན་ནས་སྦྱོང་ཁྲུས་སྔོན་དུ་འགྲོ་བས་རྣལ་འབྱོར་མའི་སྒོ་ནས་གདུང་མཆོད་ཕུལ། ཐམས་ཅད་ལ་གདུང་འཇལ་བཏང་། འདི་ནུབ་དགོང་ཀའི་ཆུ་ཚོད་༦ནས་༧བར་ལུང་པ་ཐམས་ཅད་འོད་ཀྱིས་གང་བར་ཁྱབ་པར་ཀུན་གྱིས་ངོ་མཚར་དུ་བརྩིས། དེ་ནས་ས་སྐྱ་བདག་ཁྲི། ཐར་རྩེ་དང་། ཀླུ་ལྡིང་མཁན་པོ་ཁང་གསར་ཞབས་དྲུང་སོགས་ནས་ས་སྟ་སྔོན་དུ་འགྲོ་བའི་ཕུར་པའི་སྒྲུབ་མཆོད། རྡོ་གྲུབ་རིན་པོ་ཆེ་དཔོན་སློབ་སུམ་ཅུ་ནས་རྡོར་སེམས་འདི་ལ་ཚོགས་དང་། མར་མེ་ལྔ་བརྒྱ་ཉིན་ལྟར་འབུལ་རྒྱུ་སོགས་འགྲོ་སོངས་གཞུང་ནས་བཏང་། ཚོགས་འབུམ་སྔར་བཞིན། དཔལ་སྤུང་སི་ཏུ་རྒྱ་སྟོན་སྤྲུལ་སྐུ་སོགས་ནས་དཀར་གླིང་ཞི་ཁྲོ་ཟིན། མཆོག་གླིང་ནས་སྔགས་ཀྱི་གསོ་སྦྱོང་ཉིན་གསུམ། སློབ་ཚོགས་བྱིང་ནས་དམ་ཚིག་རྡོ་རྗེའི་བཟླས་པ་འབུམ་བཅོ་བརྒྱད་གྲུབ་འདུག །དེ་ནས་རིན་པོ་ཆེ་རང་གི་དགོངས་བཞེད་ལྟར་བཟང་སྤྱོད་སྨོན་ལམ་འབུམ་ཐེར་བསགས་རྒྱུའི་དཔོན་སློབ་སུམ་ཅུ་ནས་ལྔ་བཅུའི་བར་གྱིས་ཚུགས། ཉིན་བཞིན་མར་མེ་སྟོང་ཕྲག་སོགས་མཆོད་པ་གཟབ། ཚེས་༡༢ལ་ན་རག་བསྐོང་བཤགརྡོར་གླིང་ནས་ཕུན་ཕོའི་གདུང་སྲས་སྐུ་བསྒྲེས་ཕེབས། སི་ཏུ་དཔོན་སློབ་གསུང་ཆོག་གྲུབ། ཚེས་༡༣ལ་ཞི་ཁྲོ་ངན་སོང་སྦྱོང་བའི་སྐོང་ཆོག །ཀརྨ་པའི་མདུན་མཆོད་བསྔོ་ཕུལ། ཚེས་༡༤ཆད། ཚེས་༡༥ལ་སྐོང་ཆོག །ཚེས་༡༦ལ་སྐོང་ཆོག་དང་རྡོར་སེམས་ཚོགས་འབུམ་གྲུབ། ས་སྐྱ་སྒྲོལ་མའི་བདག་ཆེན་རིན་པོ་ཆེའི་ཕུར་པའི་སྒྲུབ་མཆོད་གྲུབ། ཀླུ་ལྡིང་མཁན་པོ་བཅས་ལ་སྐུ་ཡོན་ཕུལ། ཚེས་༡༧ལ་ན་རག་སྐོང་བཤགས། ས་སྐྱ་ཕུན་ཕོའི་གདུང་སྲས་སྐུ་བསྒྲེས་དང་། ཐར་མཁན། སྒ་སྤྲུལ་སོགས་ཀྱིས་ཀྱེ་རྡོར་སྒྲུབ་མཆོད་ས་སྟ། རྡོ་གྲུབ་དཔོན་སློབ་ནས་ཐུགས་ཆེན་སྡུག་བསྔལ་རང་གྲོལ་ཚུགས། ཚེས་༡༨ལ་ཞི་ཁྲོའི་སྐོང་ཆོག །ཚེས་༡༩ལ་ན་རག་སྐོང་བཤགས། ཚེས་༢༠ལ་ན་རཀ་སྐོང་བཤགས། ཚེས་༢༡ན་རཀ་སྐོང་བཤགས། ཚེས་༢༢ལ་ན་རཀ་སྐོང་བཤགས། ཚེས་༢༣ལ་ན་རག་སྐོང་བཤགས་ཕུན་ཕོའི་གདུང་སྲས་སྐུ་སྒྲེས་དཔོན་སློབ་ནས་ཀྱེ་རྡོར་གྲུབ་སྐུ་ཡོན་ཕུལ། ཚེས་༢༤ལ་ན་རག་སྐོང་གཤགས། སྒྲོལ་ཕོའི་རྗེ་བཙུན་འཆི་མེད་དཔོན་གཡོགས་མཁའ་སྤྱོད་ཚུགས། ཚེས་༢༥རྡོ་གྲུབ་དཔོན་གཡོགས་ནས་ཐུགས་ཆེན་སྡུག་བསྔལ་རང་གྲོལ་གྲུབ། རྒྱ་སྟོན་དཔོན་གཡོགས་ནས་འཇམ་ལུགས་དུས་འཁོར་མཆོད་ཆོག་ཚུག །འདི་ཉིན་ཉེར་ལྔ་ལ་ཁེལ་བ་སྐུ་གདུང་རིན་པོ་ཆེའི་མདུན། ས་སྐྱའི་བདག་ཁྲི་རིན་པོ་ཆེ། ངོར་པའི་ཐར་ཁང་གཉིས་ཀྱི་མཁན་ཞབས་གཙོས་བླ་སྤྲུལ་རྣམས་དང་གྲྭ་ཚང་བཅས་དཔོན་སློབ་སུམ་ཅུ་བསྐོར་ནས་མཁའ་སྤྱོད་ཚོགས་དང་། རྡོ་གྲུབ། མཆོག་གླིང་གཉིས་སོགས་རྙིང་ཕྱོགས་བླ་སྤྲུལ་རྣམས་ཀྱིས་རིག་འདུས་དང་། ཡུམ་བཀའི་སྒོ་ནས་ཚོགས་དང་མཆོད་ཕུལ། ཆོག་ཁག་གསུམ་དང་། བཟང་སྤྱོད་འབུམ་ཐེར་བསགས་མཁན་སོགས་ཞལ་གྲངས་ལ་གསོལ་ཇ་བཞེས་ཐུགས། སོ་སོར་འོས་བསྟུན་གྱི་ཕྱགས་འགྱེད་དང་། སྤྲང་འགྱེད་མི་རེར་སྒོར་རེ་གནང་། ཚོགས་ལྔ་བརྒྱ་སྐོར། ཚོགས་རྫས་རྒྱས། མར་མེ་སྟོང་རྩ་སོག་འགྲོ་སོང་རྣམས་གསང་ཡུམ་མདུན་ནས་བཏང་། ཚེས་༢༦ལ་ན་རཀ་སྐོང་བཤགས། འདི་ནུབ་སྐུ་གདུང་མདུན་རིགས་འདུས་ཚོགས་ཕུལ། ལྕགས་སྤྲུལ་ནས་འགྲོ་སོང་བཏང་། ཚེས་༢༧ལ་ན་རཀ་སྐོང་བཤགས། ཚེས་༢༨ལ་གཟིམ་ཆུང་དུ་བླ་སྒྲུབས་བྱིན་རླབས་སྙིང་པོའི་སྐོང་ཆོག །ཚེས་༢༩ལ་བླ་སྒྲུབ་སྐོང་ཆོག །ཚེས་༣༠ལ་བླ་སྒྲུབ་སྐོང་ཆོག །རྗེ་བཙུན་འཆི་མེད་ནས་མཁའ་སྤྱོད་གྲུབ་སྐུ་ཡོན་ཕུལ། ཚེས་༣༠དགོང་མོ་སྐུ་གདུང་མདུན་འབྲུག་སྤྲུལ་ནས་གཞི་ལེན་གྱིས་དཔལ་འདུས་ཚོགས་ཕུལ། ཧོར་ཟླ་དྲུག་སྔོན་མ་ཚེས་༡ལ་གསོ་སྦྱོང་ཚུགས། ཁང་གསར་མཁན་པོ་དབུར་བཞུགས་ཀྱིས་ཀུན་རིག་ཚུགས། རྒྱ་སྟོན་དཔོན་སློབ་ནས་དུས་འཁོར་གྲུབ་སྐུ་ཡོན་ཕུལ། པདྨ་ཡང་རྩེའི་བླ་གྲྭ་ནས་བདེ་ཀུན་ཚུགས། བཟང་སྤྱོད་བསགས་མཁན་མང་དུ་སོང་བས་སློབ་མ་བརྒྱད་བཅུ་སྐོར་དུ་སོང་བས། མང་མར་སྐུ་ཡོན་ཕུལ། དེ་ནས་དགེ་ཚུལ་སློང་ལྔ་བཅུ་སྐོར་ནས་རྗེ་རང་གི་དགོངས་བཞེད་གསུང་འཕྲོ་རུ་གནང་བ་ལྟར། བཀྲ་ཤིས་པའི་གསོ་སྦྱོང་གི་ཐོག་དྲང་ཉིན་བཞིན་གསོ་སྦྱོང་རེ་བཅས་སྐུ་གདུང་མདུན་བཟང་སྤྱོད་ཚུགས། མཆོད་པ་རྣམ་ལྔ་སོ་སོ་ནས་སྟོང་ཕྲག་རེ་ཉིན་ལྟར་ཕུལ། ཚེས་བཞི་དུས་ཆེན་ལ་ཐར་མཁན། རྡོ་གྲུབ་སོགས་བླ་སེར་འདིར་ཡོད་རྣམས། གདན་ཞུས་ཀྱིས་བཟང་སྤྱོད་སྨོན་ལམ་འབུམ་ཐེར་ཁ་སྐོང་བཅས་ལེགས་པར་གྲུབ། བུ་བསོད་རྒྱལ་ཐར་མཁན་ལས་དགེ་ཚུལ་སྒྲུབ། གཞན་ཡང་འདི་ཉིན་དགེ་ཚུལ་སློང་སྒྲུབ་མཁན་ཁ་ཤས་བྱུང་། ཚེས་༢ལ་ན་རཀ་སྐོང་བཤགས། ཚེས་༣ལ་ན་རཀ་སྐོང་བཤགས་གསོ་སྦྱོང་། ཚེས་༤ལ་གཟིམ་ཆུང་དུ་བླ་སྒྲུབ་བྱིན་རླབས་སྙིང་པོའི་སྐོང་ཆོག །གསོ་སྦྱོང་། བཟང་སྤྱོད་གྲུབ། ཚེས་༥ལ་སྐོང་ཆོག །ཚེས་༦ཆད། ཚེས་༧ལ་ན་རཀ་སྐོང་བཤགས་ཁང་གསར་མཁན་པོར་སྐུ་ཡོན་ཕུལ། ཚེས་༨ལ་ན་རཀ་སྐོང་བཤགས་མངའ་རིས་སྤྲུལ་སྐུ་དབུར་བཞུགས་ཀྱིས་ཀུན་རིགས་པདྨ་ཡང་རྩེའི་ཐུགས་ཆེན་བདེ་ཀུན་གྲུབ་སྐུ་ཡོན་ཕུལ། ཚེས་༩ལ་ན་རཀ་སྐོང་བཤགས། དབེན་དགོན་པ་རྣམས་ནས་སྨིན་གླིང་རྡོར་སེམས་ཚུགས། ཚེས་༡༠ལ་གཟིམ་ཆུང་དུ་བླ་མ་གསང་འདུས་སྒོ་ནས་ཚོགས་བརྒྱ་ཕུལ། འདི་ཉིན་གདུང་མདུན་ལྕགས་སྤྲུལ་རིན་པོ་ཆེའི་གཞི་ལེན་གྱིས་རྡོ་གྲུབ་རིན་པོ་ཆེ་སོགས་ཀྱིས་རིག་འདུས་ཚོགས་བརྒྱ་དང་། དགོང་མོ་བཀྲ་རྣམ་ནས་བཞི་ལེན་གྱིས་མཆོག་གླིང་རིན་པོ་ཆེ་སོགས་ནས། ཐུགས་སྒྲུབ་བར་ཆད་ཀུན་སེལ་ཚོགས་བརྒྱ་ཕུལ། ཚེས་༡༡ལ་ན་རཀ་སྐོང་བཤགས། ཚེས་༡༢ལ་གཟིམ་ཆུང་དུ་ཐུགས་སྒྲུབ་བླ་མཆོད་དང་ན་རཀ་སྐོང་བཤགས། ཚེས་༡༣ལ་ན་རཀ་སྐོང་བཤགས། ཚེས་༡༤ལ་དབེན་དགོན་པ་ནས་རྡོར་སེམས་གྲུབ་སྐུ་ཡོན་ཕུལ། ན་རཀ་སྐོང་བཤགས། ཚེས་༡༥ལ་ན་རཀ་སྐོང་བཤགས་ཚར་གསུམ། གསོ་སྦྱོང་། མཁར་མདོ་ཞབས་དྲུང་དབུར་བཞུགས་ཀྱིས་ཀུན་རིགས། གཡོན་རུ་གཏེར་སྲས་བླ་མ་སོགས་ནས་ཀློང་སྙིང་ཞི་ཁྲོའི་སྐོང་ཆོག་ཚུགས། ཚེས་༡༥ནུབ་མོ་སྐུ་གདུང་མདུན་ཞི་ཁྲོ་ངན་སོང་སྦྱོང་བའི་སྐོང་ཆོག་རྒྱས་པར་བཏང་། ཚེས་༡༦ལ་ན་རཀ་སྐོང་བཤགས། ཚེས་༡༧ལ་ན་རཀ་སྐོང་བཤགས། ཚེས་༡༨ཆད། ཚེས་༡༩ལ་ན་རཀ་སྐོང་བཤགས། ཚེས་༢༠ལ་གཟིམ་ཆུང་དུ་ཀློང་སྙིང་བླ་མཆོད། ཚེས་༢༡སྔོན་མ་ལ་ན་རཀ་སྐོང་བཤགས། ཚེས་༢༡ཕྱི་མ་ལ་ན་རཀ་སྐོང་བཤགས། མཁར་མདོ་ཞབས་དྲུང་མངའ་རིས་སྤྲུལ་སྐུ་བྱ་རྒོད་བླ་མ་སོགས་ལ་སྐུ་ཡོན་ཕུལ། ཚེས་༢༢ལ་ན་རཀ་སྐོང་བཤགས། གཡོན་རུ་བླ་མ་སོགས་ཞི་ཁྲོ་གྲུབ། ཐར་རྩེ་མཁན་རིན་པོ་ཆེ། ཞབས་དྲུང་། ངོར་པའི་དཔོན་སློབ་སོགས་དབུར་བཞུགས་ཀྱིས་ཀུན་རིགས་ཚུགས། ཚེས་༢༣ལ་ན་རཀ་སྐོང་བཤགས། མཆོག་གླིང་སྤྲུལ་སྐུ་དང་། གནམ་མཚོ་དོ་སྐྱ་སྤྲུལ་སྐུ་སོགས་ནས་གཏེར་གསར་ཞི་ཁྲོ་ན་རཀ་དོང་སྤྲུག་ཚུགས། ཚེས་༢༤ལ་ན་རཀ་སྐོང་བཤགས། ཚེས་༢༥ལ་གཟིམ་ཆུང་དུ་ཡུམ་བཀའི་ཚོགས་ཕུལ། འདི་ཉིན་ཆོག་ཁག་གཉིས་ལ་ཁ་སབ་རྒྱུ་གསར་རྙིང་བླ་གྲྭ་ཡོད་རིགས་གདན་འདྲེན་དང་། མཆོད་པ་སྟོང་མཆོད་བཤམས། དགོང་མོ་ཆུ་ཚོད་དྲུག་ནས་སྐུ་གདུང་མདུན་མཁའ་འགྲོ་གསང་འདུས་ཀྱི་ཚོགས་མཆོད་བདུན་མཆོད། སྐོང་སྦྱིན་སྲེག་བཅས་རྒྱས་པར་ཆུ་ཚོད་གཅིག་ནས་གྲུབ། ཚེས་༢༦ལ་ན་རཀ་སྐོང་བཤགས། ཀློང་སྙིང་བླ་མཆོད། ཀུན་རིག་དང་། ཞི་ཁྲོ་ལེགས་པར་གྲུབ་བསྔོ་ཡིག་རིག་བསྲེགས། ཚེས་༡༧ལ་ཆོ་ཁག་གཉིས་ནས་བསྟན་པ་རྒྱས་ཆོག་སྒྲོལ་ཆོག་བསྐང་གསོ། ཚེས་༢༨ལ་ན་རཀ་སྐོང་བཤགས། ཆོག་ཁག་གཉིས་ཕྱོགས་སྡོམ་གྱི་སངས་གླིང་གནས་ཆོག་དང་བཟང་སྤྱོད་སྨོན་ལམ་བསགས། སྐུ་ཡོན་ཕུལ། ཐར་རྩེ་མཁན་རིན་པོ་ཆེའི་ཡོན་བསྔོ་གནང་བ་བཅས་ཀྱིས་གྲུབ། ཚེས་༢༩ལ་བཀྲ་ཤིས་གསོ་སྦྱོང་། འདི་མན་ཆད་ཉིན་བཞིན་གཟིམ་ཆུང་དུ་ན་རཀ་སྐོང་བཤགས་ཚར་རེ། ཚེས་༣༠ལ་གསོ་སྦྱོང་། ཧོར་ཟླ་༦པ་ཕྱི་མ་ཚེས་༡། ཚེས་༢། ཚེས་༣། ཚེས་༤། ཚེས་༥ལ་སྲས་མོ་ཕྲིན་ལས་དབང་མོའི་མཆོད་འབུལ་གྱི་གདུང་མདུན་བསམ་ལྷུན་ཚོགས་ཕུལ། སྐུ་ཞབས་ཁམས་སྤྲུལ་དང་མཆོག་སྤྲུལ་གསལ་དགའ་རིན་པོ་ཆེ་ཕེབས། གདུང་མདུན་སྨིན་གླིང་རྡོར་སེམས་ཚུགས། ཚེས་༦ལ་ལྷན་རྒྱས་ཀྱིས་སྐུ་གདུང་གཟིམ་ཆུང་དུ་བླ་སྒྲུབ་ཐིག་རྒྱའི་ཚོགས་དང་སྐོང་ཆོག །ཚེས་༧། ཚེས་༨། ཚེས་༩ལ་གདུང་མདུན་ཁམས་སྤྲུལ་གསལ་དགའ་རྣམ་གཉིས་ལྷན་རྒྱས་དཔོན་གཡོགས་ཀྱིས་རྩ་གསུམ་དྲིལ་སྒྲུབ་ཚོགས་བརྒྱ། གཟིམ་ཆུང་དུ་འཇའ་ཚོན་དཀོན་སྤྱིའི་ཚོགས་ཕུལ། ཚེས་༡༠ཆད། ཚེས་༡༡། ཚེས་༡༢། ཚེས་༡༣ལ་གསལ་དགའ་རིན་པོ་ཆེ་དཔོན་སློབ་ནས་རྡོར་སེམས་ཆོ་ག་གྲུབ། ཚེས་༡༤ལ་གསལ་དགའ་མཁར་མདོ་སྤྲུལ་སྐུ་བླ་གྲྭ་སྐོར་ལ་གཙུག་དྲི་དབང་དང་འོད་ཟེར་དྲི་མེད་སྟ་གོན། ཚེས་༡༥ལ་འོད་དྲིའི་དངོས་གཞི། གཟིམ་ཆུང་དུ་ན་རཀ་སྐོང་བཤགས་ཚར་གསུམ། ཚེས་༡༦ལ་གསོ་སྦྱོང་། ཚེས་༡༧། ཚེས་༡༨གསལ་དགའ་དཔོན་གཡོགས་༦ཕེབས། ཚེས་༡༩། ཚེས་༢༠། ཚེས་༢༡། ཚེས་༢༢ལ་བཛྲ་ས་ཏྭ། ཚེས་༢༣། ཚེས་༢༤། ཚེས་༢༥ལ་གཟིམ་ཆུང་དུ་ཡུམ་བཀའི་ཚོགས། དགོང་མོ་སྐུ་གདུང་མདུན་ཡུམ་བཀའི་ཚོགས་ཕུལ། ཚེས་༢༦། ཚེས་༢༧། ཚེས་༢༨། ཚེས་༢༩། ཚེས་༣༠ལ་གསོ་སྦྱོང་། ཧོར་ཟླ་༧པའི་ཚེས་༡ཆད། ཚེས་༢། ཚེས་༣། ཚེས་༤། ཚེས་༥། ཚེས་༦། ཚེས་༧། ཚེས་༨། ཚེས་༩། ཚེས་༡༠ལ་གཟིམ་ཆུང་དུ་རིགས་འདུས་དང་གདུང་མདུན་མཚོ་སྐྱེས་སྙིང་ཐིག་ཚོགས། ཚེས་༡༡ལ་མགར་བ་གསུམ་འབྱོར། ཚེས་༡༢། ཚེས་༡༣ཆད། ཚེས་༡༤། ཚེས་༡༥ལ་སངས་རྒྱས་གཉན་པ་ཕེབས་མཆོད་རྟེན་རྒྱན་ཆ་རྣམས་རི་མོ་བཀོད། ཚེས་༡༦། ཚེས་༡༧། ཚེས་༡༨ལ་གཟུངས་བསྒྲིལ་མགོ་ཚུགས། ཚེས་༡༩། ཚེས་༢༠། ཚེས་༢༡། ཚེས་༢༢ལ་ཁམས་པ་བླ་མ་དང་བསྟན་པ་སངས་རྒྱས། ཚེས་༢༣། ཚེས་༢༤། ཚེས་༢༥ལ་གཟིམ་ཆུང་དུ་ཀློང་སྙིང་ཡུམ་བཀའ་དང་གདུང་མདུན་གསང་ཐིག་ཡུམ་བཀའི་ཚོགས། ཚེས་༢༦འདི་ནས་ཟིན་ཐོ་མི་འདུག ། | |||
}} | }} | ||
</onlyinclude> | </onlyinclude> |
Latest revision as of 08:13, 1 June 2024
🚧 This website is under continued development. We appreciate your patience!
Wylie title | khyab bdag bla ma 'jam dbyangs chos kyi blo gros kyi rab byung bcu drug pa'i shing lug hor zla drug pa'i tshes nyer gcig nas sa phag dgongs pa ma rdzogs bar lo lnga yi phyag snom li tho zin tho ldan pa las nyin tho zhal bshus pa | |
---|---|---|
Location | chos kyi blo gros bka' 'bum Volume 2, Text 2, Pages 211-307 (Folios 1a to 49a2) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. khyab bdag bla ma 'jam dbyangs chos kyi blo gros kyi rab byung bcu drug pa'i shing lug hor zla drug pa'i tshes nyer gcig nas sa phag dgongs pa ma rdzogs bar lo lnga yi phyag snom li tho zin tho ldan pa las nyin tho zhal bshus pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol 2: 211-307. Bir, H.P.: Khyentse Labrang, 2012. | |
Genre | Biographies - Hagiography - rnam thar · Diaries - nyin tho |
1 Texts in this Section (sde tshan or chos tshan)