JKCL-KABUM-12-NA-069: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཐུགས་ཆེན་པདྨ་ཞི་ཁྲོའི་ལམ་རིམ་སྨོན་ལམ་འཁོར་བ་དྭོངས་སྤྲུགས། | |||
|fulltitle=thugs chen pad+ma zhi khro'i lam rim smon lam 'khor ba dwongs sprugs | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''thugs chen pad+ma zhi khro'i lam rim smon lam 'khor ba dwongs sprugs''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 12: 327-330. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Prayers - smon lam | |||
|terma=No | |||
|jkcloutline=Eighteen | |||
|language=Tibetan | |language=Tibetan | ||
| | |volumenumber=012 | ||
| | |volnumtib=༡༢ | ||
|volyigtib=ན་ | |||
|totalvolumes=12 | |||
|textnuminvol=069 | |textnuminvol=069 | ||
|pagenumbers=327-330 | |||
|totalpages=4 | |||
|beginfolioline=1a1 | |||
|endfolioline=2b2 | |||
|totalfolios=2 | |||
|multivolumework=No | |||
|colophontib=།ཅེས་པའང་གླིང་རྫོང་མགོར་ས་སྐྱོངས་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་ཡོན་སྦྱར་ནས་ཐུགས་རྗེ་ཆེན་པོའི་མྱོང་གྲོལ་སྒྲུབ་ཆེན་སྐབས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། | |||
|colophonwylie=/ces pa'ang gling rdzong mgor sa skyongs chos kyi rgyal po yab sras kyi yon sbyar nas thugs rje chen po'i myong grol sgrub chen skabs 'jam dbyangs chos kyi blo gros pas bris pa dge legs su gyur cig/ | |||
|pdflink=File:JKCL-KABUM-12-NA-069.pdf | |pdflink=File:JKCL-KABUM-12-NA-069.pdf | ||
}} | }} | ||
Line 16: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|ཐུགས་ཆེན་པདྨ་ཞི་ཁྲོའི་ལམ་རིམ་སྨོན་ལམ་འཁོར་བ་དྭོངས་སྤྲུགས་ཅེས་བྱ་བ་བཞུགས་སོ། | {{TibP|{{TibChung|ཐུགས་ཆེན་པདྨ་ཞི་ཁྲོའི་ལམ་རིམ་སྨོན་ལམ་འཁོར་བ་དྭོངས་སྤྲུགས་ཅེས་བྱ་བ་བཞུགས་སོ།}} །ཧོཿ བླ་མ་འཕགས་མཆོག་ཐུགས་རྗེའི་གཏེར། སོགས་ལས་གཞུང་གི་སྨོན་ལམ་མཐར། དེང་ནས་ཚེ་རབ་ཐམས་ཅད་དུ། །དལ་དང་འབྱོར་པའི་རྟེན་བཟང་རྙེད། །སྲིད་ལས་ངེས་པར་འབྱུང་བའི་བློས། །མི་རྟག་འཆི་བ་རྗེས་དྲན་ཤོག །འཁོར་བ་སྡུག་བསྔལ་ཅན་དུ་ཤེས། །ལས་འབྲས་བླངས་དོར་ལ་བརྩོན་ཞིང་། །ཐར་པའི་ཕན་ཡོན་རྗེས་དྲན་ནས། །བླ་མའི་ཞབས་དྲུང་བསྙེན་པར་ཤོག །མཉེས་པ་གསུམ་གྱིས་བཀའ་བཞིན་སྒྲུབ། །གདམས་ངག་བདུད་རྩི་ཟབ་མོ་ནོས། །ཡིད་ཆེས་དད་མོས་དྲག་པོ་ཡིས། །གསུམ་ལ་སྐྱབས་སུ་འགྲོ་བར་ཤོག །སྲིད་ཞིའི་མཐའ་ལས་སྒྲོལ་བའི་སླད། །བྱང་ཆུབ་སེམས་མཆོག་བསྐྱེད་པ་དང་། །ཁྱད་པར་ཟབ་ལམ་བླ་མ་ཡི། །རྣལ་འབྱོར་མཆོག་ལ་བརྩོན་པར་ཤོག །ཚོགས་བསགས་སྒྲིབ་སྦྱངས་ལ་འབད་པས། །ལམ་གྱི་གཞི་རྟེན་ཐེངས་པ་དང་། །ཟབ་མོའི་ལམ་མཆོག་བསྒོམ་པ་ཡི། །རྒྱུད་དག་སྣོད་དུ་རུང་བར་ཤོག །གསོལ་འདེབས་དབང་བཞི་བླང་བ་དང་། །ཐུགས་ཡིད་བསྲེ་ཞིང་དགོངས་པ་བསྐྱངས། །རང་སེམས་བླ་མར་ཤེས་པ་ལས། །དགོངས་བརྒྱུད་བྱིན་བརླབ་འཕོ་བར་ཤོག །དཀྱིལ་འཁོར་ཟབ་མོར་དབང་བཞིས་སྨིན། །བསྙེན་དང་སྒྲུབ་པ་ལས་སྦྱོར་དང་། །ཚོགས་སྒྲུབ་ཟབ་མོར་བརྩོན་པ་ཡི། །གྲུབ་པའི་འབྲས་བུ་མངོན་གྱུར་ཤོག །ལྷ་དང་རང་སེམས་དབྱེར་མེད་དུ། །ཤེས་པའི་བསྐྱེད་རིམ་རྣལ་འབྱོར་དང་། །གསལ་དག་བརྟན་པ་ཚད་དུ་སྦྱིན། །ཡེ་ཤེས་སྒྱུ་མའི་སྐུ་འཆར་ཤོག །སྔགས་ཀྱི་བཟླས་བརྗོད་འཁྲུལ་འཁོར་ལ། །ཆུ་བོའི་རྒྱུན་བཞིན་བརྩོན་པ་དང་། །རླུང་སྔགས་རྡོ་རྗེའི་གསུང་དུ་སྨིན། །གྲགས་སྟོང་སྔགས་སུ་འཆར་བར་ཤོག །སེམས་ཚོལ་ལས་སུ་རུང་བའི་ཕྱིར། །ཞི་གནས་བསམ་གཏན་ཟབ་མོ་བསྒོམས། །ཏིང་འཛིན་རྩོལ་མེད་ཤར་བ་དང་། །འབྲས་བུ་ཤིན་སྦྱངས་ཐོབ་པར་ཤོག །རང་རང་དབང་པོའི་སྐལ་བ་བཞིན། །རིམ་དང་གཅིག་ཆར་མན་ངག་གི །སེམས་ཀྱི་རྩ་བ་གཅོད་པ་ལས། །གཞི་མེད་རྩ་བྲལ་རྟོགས་པར་ཤོག །སེམས་ཀྱི་དྭངས་སྙིགས་ཕྱེད་པ་དང་། །དུས་གསུམ་སྤྲོས་པས་མ་བཅིངས་ཤིང་། །གཟུང་འཛིན་དྲི་མས་མ་གོས་པའི། །ལྷག་མཐོང་ལྟ་བ་རྟོགས་པར་ཤོག །མ་བཅོས་མཉམ་པར་བཞག་པ་ཡི། །འཁྲུལ་རྟོག་ཐམས་ཅད་དབྱིངས་སུ་དེངས། །རིག་པའི་ཡེ་ཤེས་ངང་དུ་འབྱམས། །ཐུགས་ཀྱི་རྡོ་རྗེ་སྨིན་པར་ཤོག །སྣང་སྟོང་ཟུང་འཇུག་བུམ་དབང་དང་། །རླུང་སེམས་རྩེ་གཅིག་གསང་དབང་ལམ། །ཆོས་ཉིད་དོན་མཐོང་ཤེར་དབང་སྟེ། །ངང་གནས་བཞི་པའི་ལམ་བསྒོམ་ཤོག །རྗེས་སྤྱོད་མི་དགེ་རྩད་ནས་སྤངས། །ཕར་ཕྱིན་བཅུ་དང་ཆོས་སྤྱོད་བཅུའི། །སྤྱོད་པ་རྟག་ཏུ་བརྩོན་པ་ཡིས། །གཞན་ཕན་བརླབ་ཆེན་བསྒྲུབ་པར་ཤོག །དེ་ལྟར་བརྩོན་པས་ཚེ་འདི་ལ། །ལུས་སེམས་འཆིང་བ་རབ་གྲོལ་ནས། །མི་གནས་མྱ་ངན་འདས་པ་ཡི། །གོ་འཕང་དམ་པ་མངོན་གྱུར་ཤོག །གལ་ཏེ་ཚེ་འདིར་མ་གྲོལ་ན། །རླུང་སེམས་གོང་འཕོའི་རྣལ་འབྱོར་གྱིས། །བདེ་བ་ཅན་གྱི་ཞིང་ཁམས་སུ། །བར་དོ་མེད་པར་སྐྱེ་བར་ཤོག །བར་དོའི་སྣང་བ་འཆར་སྲིད་ན། །འཆི་སྲིད་ཆོས་སྐུའི་འོད་གསལ་དང་། །བར་དོ་རྒྱལ་བ་ལོངས་སྐུ་ཤར། །སྐྱེ་བ་སྤྲུལ་སྐུར་ལམ་བྱེད་ཤོག །གཞན་ཡང་ལས་ཚོགས་རབ་འབྱམས་ཀྱིས། །འགྲོ་བའི་དོན་རབ་སྒྲུབ་པ་དང་། །རྡོ་རྗེ་ནམ་མཁའི་ཏིང་འཛིན་གྱིས། །ལས་རྣམས་འབད་མེད་འགྲུབ་པར་ཤོག །བསྐྱེད་དང་སྒྲུབ་པའི་ལམ་མཐར་སོན། །ཉམས་རྟོགས་ཡོན་ཏན་གོང་དུ་འཕེལ། །ཡེ་ཤེས་རྩལ་ཁ་ཕྱོགས་མེད་རྒྱས། །ལུས་སེམས་ཆོས་སྐུར་གྲོལ་བར་ཤོག །སླར་ཡང་ནམ་མཁའ་གནས་ཀྱི་བར། །གཞན་དོན་སྒྲུབ་ལ་སྐྱོ་མེད་པས། །སྲིད་པར་གནས་པའི་སེམས་ཅན་ཀུན། །ཐུགས་རྗེའི་གོ་འཕང་བཀྲི་བར་ཤོག །བསྟན་དང་དེར་འཛིན་དར་ཤིང་རྒྱས། །བདག་ཅག་དམ་ཚིག་རྣམ་པར་དག །དད་མོས་བརྩོན་འགྲུས་དྲག་པོ་ཡི། །སྐལ་བ་བཟང་པོ་ལྡན་པར་ཤོག །ཕུན་ཚོགས་འདོད་རྒུའི་འབྱོར་པ་རྒྱས། །ནག་ཕྱོགས་དུས་ཀྱི་རྒུད་པ་ཞི། །རྫོགས་ལྡན་གསར་པའི་སྣང་བ་ཡིས། །ས་གསུམ་ཀུན་ཏུ་ཁྱབ་པར་ཤོག །{{TibChung|ཅེས་པའང་གླིང་རྫོང་མགོར་ས་སྐྱོངས་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་ཡོན་སྦྱར་ནས་ཐུགས་རྗེ་ཆེན་པོའི་མྱོང་གྲོལ་སྒྲུབ་ཆེན་སྐབས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:40, 1 June 2024
Wylie title | thugs chen pad+ma zhi khro'i lam rim smon lam 'khor ba dwongs sprugs | |
---|---|---|
Location | chos kyi blo gros bka' 'bum Volume 12, Text 69, Pages 327-330 (Folios 1a1 to 2b2) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. thugs chen pad+ma zhi khro'i lam rim smon lam 'khor ba dwongs sprugs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 327-330. Bir, H.P.: Khyentse Labrang, 2012. | |
Genre | Prayers - smon lam | |
Colophon |
།ཅེས་པའང་གླིང་རྫོང་མགོར་ས་སྐྱོངས་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་ཡོན་སྦྱར་ནས་ཐུགས་རྗེ་ཆེན་པོའི་མྱོང་གྲོལ་སྒྲུབ་ཆེན་སྐབས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། | |
/ces pa'ang gling rdzong mgor sa skyongs chos kyi rgyal po yab sras kyi yon sbyar nas thugs rje chen po'i myong grol sgrub chen skabs 'jam dbyangs chos kyi blo gros pas bris pa dge legs su gyur cig/ |
1 Texts in this Section (sde tshan or chos tshan)