JKCL-KABUM-12-NA-071: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=བསྟན་འགྲོ་བདེ་བའི་སྨོན་ལམ། | |||
|fulltitle=bstan 'gro bde ba'i smon lam | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''bstan 'gro bde ba'i smon lam''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 12: 333-336. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Prayers - smon lam | |||
|terma=No | |||
|jkcloutline=Eighteen | |||
|language=Tibetan | |language=Tibetan | ||
| | |volumenumber=012 | ||
| | |volnumtib=༡༢ | ||
|volyigtib=ན་ | |||
|totalvolumes=12 | |||
|textnuminvol=071 | |textnuminvol=071 | ||
|pagenumbers=333-336 | |||
|totalpages=4 | |||
|beginfolioline=1a1 | |||
|endfolioline=2b2 | |||
|totalfolios=2 | |||
|multivolumework=No | |||
|colophontib=།ཅེས་པ་འདི་ནི་ཤིང་ལུག་ཟླ་བ་ལྔ་པའི་ཚེས་ལ་བོད་ཁམས་བསྟན་འགྲོ་བདེ་བའི་སྨོན་འདུན་བགྱིས་སྐབས་ལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྫོང་གསར་བཀྲ་ཤིས་ལྷ་རྩེ་ནས་བྲིས་པའོ།། །།སརྦ་མངྒ་ལཾ།། | |||
|colophonwylie=/ces pa 'di ni shing lug zla ba lnga pa'i tshes la bod khams bstan 'gro bde ba'i smon 'dun bgyis skabs la 'jam dbyangs chos kyi blo gros pas rdzong gsar bkra shis lha rtse nas bris pa'o//___//sarba mang+ga laM// | |||
|lotsawalink=https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/safeguarding-happiness-aspiration | |||
|pdflink=File:JKCL-KABUM-12-NA-071.pdf | |pdflink=File:JKCL-KABUM-12-NA-071.pdf | ||
}} | }} | ||
Line 16: | Line 32: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|བསྟན་འགྲོ་བདེ་བའི་སྨོན་ལམ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་དང་། །ཁྱད་པར་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ། །ཉེ་སྲས་བརྒྱད་དང་གཏད་རབས་གནས་བརྟན་དང་། །འཛམ་གླིང་རྒྱན་དྲུག་རྨད་བྱུང་སློབ་དཔོན་ཆེ། །རིག་འཛིན་རྣམ་བརྒྱད་གྲུབ་ཆེན་བརྒྱད་ཅུ་སོགས། །ཀུན་འདུས་རིག་འཛིན་པདྨ་སཾ་བྷ་ཝ། །མཚན་མཆོག་བརྒྱད་དང་འཕྲུལ་ཚན་བཞི་བཅུ་དང་། །ཌཱ་ཀི་རྣམ་གཉིས་རྗེ་འབངས་ཉི་ཤུ་ལྔ། །ཐུབ་དབང་གཉིས་པ་ཞི་འཚོ་ཨ་ཏི་ཤ། །གསར་རྙིང་མཁས་གྲུབ་རིག་པ་འཛིན་རྣམས་དང་། །སྤྲུལ་པའི་གཏེར་སྟོན་བརྒྱ་རྩ་ལ་སོགས་པ། །རིག་འཛིན་བླ་མ་བྱེ་བ་ས་ཡ་དང་། །རྒྱུད་སྡེ་བཞི་དང་ཁྱད་པར་སྒྲུབ་སྡེ་བརྒྱད། །དཔལ་ཆེན་བཀའ་འདུས་བླ་མ་དགོངས་པ་འདུས། །མདོ་དང་སྒྱུ་འཕྲུལ་དུས་ཀྱི་འཁོར་ལོ་སོགས། །ཞི་དང་ཁྲོ་བོའི་དཀྱིལ་འཁོར་བསམ་ཡས་དང་། །རྗེ་བཙུན་སྒྲོལ་མ་མྱུར་མ་དཔའ་མོའི་ཞབས། །ཕག་མོ་སེང་གདོང་གནས་གསུམ་དཔའ་བོ་དང་། །རྣལ་འབྱོར་མ་དཔལ་བྱེ་བ་འབུམ་ཕྲག་ཚོགས། །མགོན་ཆེན་སྡེ་ལྔ་མ་ནིང་ཞིང་སྐྱོང་དང་། །སྔགས་སྲུང་ཁྱབ་འཇུག་དམ་ཅན་རྡོ་རྗེ་ལེགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སོགས་པ། །རྒྱུད་གསུམ་དམ་ཅན་དྲེགས་ཚོགས་འཁོར་དང་བཅས། །གཙང་རིས་མགོན་པོ་བདུན་ཅུ་རྩ་ལྔ་མཆེད། །རྣམ་སྲས་ཛཾ་ལྷ་ནོར་ལྷ་རྒྱ་མཚོ་དང་། །ཚེ་རིང་མཆེད་ལྔ་བརྟན་མ་མགུར་ལྷ་སོགས། །བསྟན་ལ་དགའ་བའི་དཀར་ཕྱོགས་སྐྱོང་རྣམས་དང་། །གནས་དང་གཏེར་གྱི་བདག་པོ་ཆེ་རྣམས་སོགས། །མདོར་ན་རྩ་གསུམ་རབ་འབྱམས་ཐུགས་རྗེ་དང་། །བྱིན་རླབས་མཐུ་སྟོབས་བདེན་པའི་རྩལ་སྤྲུགས་ཏེ། །སྙིགས་མ་ལྔ་བདོའི་མཐའ་ལ་ཐུག་པ་ཡིས། །བསྟན་དང་འགྲོ་བའི་བདེ་སྐྱིད་ཉི་མྱུར་ཙམ། །བསྟན་འཛིན་སྐྱེས་དང་བསྟན་པའི་སྦྱིན་བདག་རྣམས། །དམངས་སུ་འབེབས་ཤིང་མངའ་ཐང་འཕྲོགས་པ་སོགས། །ཆོས་འཁོར་གཉེན་པོ་འཇིགས་ལ་ཉེ་བས་ན། །ཁྱེད་རྣམས་ཐུགས་བསྐྱེད་ནུས་པ་ཟད་དམ་ཅི། །བདག་ཅག་ཉིན་མཚན་གདུང་ཤུགས་དྲག་པོ་ཡི། །དད་མོས་གསོལ་འདེབས་སྙན་གྱིས་མ་གསན་ནམ། །ད་ནི་ཐུགས་རྗེའི་དཔལ་མཚོན་རབ་བསྐྱེད་དེ། །ནག་ཕྱོགས་གདུག་པས་བཅོམ་པར་མ་གྱུར་གང་། །སྐྱོབས་པ་མཛོད་ཅིག་བཅོམ་ཟིན་ཅི་ཞིག་བྱེད། །དེས་ན་གསང་གསུམ་ཕྲིན་ལས་རྩལ་ཤུགས་ཀྱི། །ནུས་མཐུ་བསྐལ་པའི་མེ་བཞིན་སྤར་དུ་གསོལ། །ཁྱད་པར་གུ་རུ་པདྨ་དྲག་པོ་ཡི། །སྦས་གནས་གངས་བྲག་རི་གླིང་ལ་སོགས་པས། །དུ་རུ་ཁ་ཡི་འཇིགས་ལས་སྐྱོབ་བོ་ཞེས། །ཞལ་བཞེས་དམ་བཅའ་བརྫུན་དུ་ཟད་དམ་ཅི། །སྔོན་སྨོན་ལྡན་པའི་སྐྱེས་བུ་བླ་མ་དང་། །ཌཱཀྐིའི་ལུང་བསྟན་འཁྲུལ་མེད་ཐེབས་པ་ཡི། །ད་ནི་མྱུར་དུ་གནས་ཡུལ་སྦས་པ་རྣམས། །དཀའ་བ་མེད་པ་འབྱེད་ནས་བསྟན་འཛིན་དང་། །དད་ལྡན་སྐྱེ་བོ་ཕོ་མོའི་དབུགས་དབྱུང་མཛོད། །དེ་ལ་འགལ་རྐྱེན་ཉེར་འཚེའི་རིགས་མཐའ་དག །བདུད་ལས་རྒྱལ་བའི་ཁྲོ་རྒྱལ་གྲོ་བོ་ལོད། །དྲན་པའི་མོད་ལས་ལྕགས་སྲེག་མེ་བཞིན་དུ། །ངང་གིས་ཞི་ནས་བསམ་པའི་དོན་ཀུན་འགྲུབ། །གུ་རུ་པད་འབྱུང་ཁྱེད་ཀྱིས་ལམ་སྣ་དྲོངས། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་རྒྱབ་ནས་སྐྱོབས། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་གྲོགས་མཛོད་ཅིག །བདུད་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་ཅིང་། །ཚེ་བསོད་འདོད་རྒུའི་འབྱོར་པ་རྒྱས་པ་དང་། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རྣམས། །དཀར་པོའི་ཕྱོགས་བཞིན་གོང་ནས་གོང་འཕེལ་ཤོག །སྣོད་བཅུད་རྟེན་འབྲེལ་ཉེས་པའི་ཚོགས་ཀུན་ཞི། །ཕྱི་ནང་གསང་བའི་རྟེན་འབྲེལ་ཤུགས་འབྱུང་འགྲུབ། །ཉེས་ཚོགས་ལྟར་སྣང་དགེ་ཞིང་ཤིས་པར་གྱུར། །རྟེན་འབྲེལ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཇི་ལྟར་སྨོན་པ་འདི་བཞིན་འགྲུབ་པ་ལ། །དཀོན་མཆོག་རྩ་གསུམ་རྒྱ་མཚོས་བྱིན་གྱིས་རློབས། །ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང་། །ཆོས་ཅན་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ཀྱི། །བདེན་པའི་སྟོབས་ཀྱིས་དབང་དུ་འབྱོར་པ་དང་། །ཀུན་མཁྱེན་རྒྱལ་བའི་བསྟན་པ་དར་རྒྱས་ཤོག | {{TibP|{{TibChung|བསྟན་འགྲོ་བདེ་བའི་སྨོན་ལམ་བཞུགས་སོ།}} །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་དང་། །ཁྱད་པར་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ། །ཉེ་སྲས་བརྒྱད་དང་གཏད་རབས་གནས་བརྟན་དང་། །འཛམ་གླིང་རྒྱན་དྲུག་རྨད་བྱུང་སློབ་དཔོན་ཆེ། །རིག་འཛིན་རྣམ་བརྒྱད་གྲུབ་ཆེན་བརྒྱད་ཅུ་སོགས། །ཀུན་འདུས་རིག་འཛིན་པདྨ་སཾ་བྷ་ཝ། །མཚན་མཆོག་བརྒྱད་དང་འཕྲུལ་ཚན་བཞི་བཅུ་དང་། །ཌཱ་ཀི་རྣམ་གཉིས་རྗེ་འབངས་ཉི་ཤུ་ལྔ། །ཐུབ་དབང་གཉིས་པ་ཞི་འཚོ་ཨ་ཏི་ཤ། །གསར་རྙིང་མཁས་གྲུབ་རིག་པ་འཛིན་རྣམས་དང་། །སྤྲུལ་པའི་གཏེར་སྟོན་བརྒྱ་རྩ་ལ་སོགས་པ། །རིག་འཛིན་བླ་མ་བྱེ་བ་ས་ཡ་དང་། །རྒྱུད་སྡེ་བཞི་དང་ཁྱད་པར་སྒྲུབ་སྡེ་བརྒྱད། །དཔལ་ཆེན་བཀའ་འདུས་བླ་མ་དགོངས་པ་འདུས། །མདོ་དང་སྒྱུ་འཕྲུལ་དུས་ཀྱི་འཁོར་ལོ་སོགས། །ཞི་དང་ཁྲོ་བོའི་དཀྱིལ་འཁོར་བསམ་ཡས་དང་། །རྗེ་བཙུན་སྒྲོལ་མ་མྱུར་མ་དཔའ་མོའི་ཞབས། །ཕག་མོ་སེང་གདོང་གནས་གསུམ་དཔའ་བོ་དང་། །རྣལ་འབྱོར་མ་དཔལ་བྱེ་བ་འབུམ་ཕྲག་ཚོགས། །མགོན་ཆེན་སྡེ་ལྔ་མ་ནིང་ཞིང་སྐྱོང་དང་། །སྔགས་སྲུང་ཁྱབ་འཇུག་དམ་ཅན་རྡོ་རྗེ་ལེགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སོགས་པ། །རྒྱུད་གསུམ་དམ་ཅན་དྲེགས་ཚོགས་འཁོར་དང་བཅས། །གཙང་རིས་མགོན་པོ་བདུན་ཅུ་རྩ་ལྔ་མཆེད། །རྣམ་སྲས་ཛཾ་ལྷ་ནོར་ལྷ་རྒྱ་མཚོ་དང་། །ཚེ་རིང་མཆེད་ལྔ་བརྟན་མ་མགུར་ལྷ་སོགས། །བསྟན་ལ་དགའ་བའི་དཀར་ཕྱོགས་སྐྱོང་རྣམས་དང་། །གནས་དང་གཏེར་གྱི་བདག་པོ་ཆེ་རྣམས་སོགས། །མདོར་ན་རྩ་གསུམ་རབ་འབྱམས་ཐུགས་རྗེ་དང་། །བྱིན་རླབས་མཐུ་སྟོབས་བདེན་པའི་རྩལ་སྤྲུགས་ཏེ། །སྙིགས་མ་ལྔ་བདོའི་མཐའ་ལ་ཐུག་པ་ཡིས། །བསྟན་དང་འགྲོ་བའི་བདེ་སྐྱིད་ཉི་མྱུར་ཙམ། །བསྟན་འཛིན་སྐྱེས་དང་བསྟན་པའི་སྦྱིན་བདག་རྣམས། །དམངས་སུ་འབེབས་ཤིང་མངའ་ཐང་འཕྲོགས་པ་སོགས། །ཆོས་འཁོར་གཉེན་པོ་འཇིགས་ལ་ཉེ་བས་ན། །ཁྱེད་རྣམས་ཐུགས་བསྐྱེད་ནུས་པ་ཟད་དམ་ཅི། །བདག་ཅག་ཉིན་མཚན་གདུང་ཤུགས་དྲག་པོ་ཡི། །དད་མོས་གསོལ་འདེབས་སྙན་གྱིས་མ་གསན་ནམ། །ད་ནི་ཐུགས་རྗེའི་དཔལ་མཚོན་རབ་བསྐྱེད་དེ། །ནག་ཕྱོགས་གདུག་པས་བཅོམ་པར་མ་གྱུར་གང་། །སྐྱོབས་པ་མཛོད་ཅིག་བཅོམ་ཟིན་ཅི་ཞིག་བྱེད། །དེས་ན་གསང་གསུམ་ཕྲིན་ལས་རྩལ་ཤུགས་ཀྱི། །ནུས་མཐུ་བསྐལ་པའི་མེ་བཞིན་སྤར་དུ་གསོལ། །ཁྱད་པར་གུ་རུ་པདྨ་དྲག་པོ་ཡི། །སྦས་གནས་གངས་བྲག་རི་གླིང་ལ་སོགས་པས། །དུ་རུ་ཁ་ཡི་འཇིགས་ལས་སྐྱོབ་བོ་ཞེས། །ཞལ་བཞེས་དམ་བཅའ་བརྫུན་དུ་ཟད་དམ་ཅི། །སྔོན་སྨོན་ལྡན་པའི་སྐྱེས་བུ་བླ་མ་དང་། །ཌཱཀྐིའི་ལུང་བསྟན་འཁྲུལ་མེད་ཐེབས་པ་ཡི། །ད་ནི་མྱུར་དུ་གནས་ཡུལ་སྦས་པ་རྣམས། །དཀའ་བ་མེད་པ་འབྱེད་ནས་བསྟན་འཛིན་དང་། །དད་ལྡན་སྐྱེ་བོ་ཕོ་མོའི་དབུགས་དབྱུང་མཛོད། །དེ་ལ་འགལ་རྐྱེན་ཉེར་འཚེའི་རིགས་མཐའ་དག །བདུད་ལས་རྒྱལ་བའི་ཁྲོ་རྒྱལ་གྲོ་བོ་ལོད། །དྲན་པའི་མོད་ལས་ལྕགས་སྲེག་མེ་བཞིན་དུ། །ངང་གིས་ཞི་ནས་བསམ་པའི་དོན་ཀུན་འགྲུབ། །གུ་རུ་པད་འབྱུང་ཁྱེད་ཀྱིས་ལམ་སྣ་དྲོངས། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་རྒྱབ་ནས་སྐྱོབས། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་གྲོགས་མཛོད་ཅིག །བདུད་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་ཅིང་། །ཚེ་བསོད་འདོད་རྒུའི་འབྱོར་པ་རྒྱས་པ་དང་། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རྣམས། །དཀར་པོའི་ཕྱོགས་བཞིན་གོང་ནས་གོང་འཕེལ་ཤོག །སྣོད་བཅུད་རྟེན་འབྲེལ་ཉེས་པའི་ཚོགས་ཀུན་ཞི། །ཕྱི་ནང་གསང་བའི་རྟེན་འབྲེལ་ཤུགས་འབྱུང་འགྲུབ། །ཉེས་ཚོགས་ལྟར་སྣང་དགེ་ཞིང་ཤིས་པར་གྱུར། །རྟེན་འབྲེལ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཇི་ལྟར་སྨོན་པ་འདི་བཞིན་འགྲུབ་པ་ལ། །དཀོན་མཆོག་རྩ་གསུམ་རྒྱ་མཚོས་བྱིན་གྱིས་རློབས། །ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང་། །ཆོས་ཅན་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ཀྱི། །བདེན་པའི་སྟོབས་ཀྱིས་དབང་དུ་འབྱོར་པ་དང་། །ཀུན་མཁྱེན་རྒྱལ་བའི་བསྟན་པ་དར་རྒྱས་ཤོག །{{TibChung|ཅེས་པ་འདི་ནི་ཤིང་ལུག་ཟླ་བ་ལྔ་པའི་ཚེས་ལ་བོད་ཁམས་བསྟན་འགྲོ་བདེ་བའི་སྨོན་འདུན་བགྱིས་སྐབས་ལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྫོང་གསར་བཀྲ་ཤིས་ལྷ་རྩེ་ནས་བྲིས་པའོ།། །།སརྦ་མངྒ་ལཾ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:40, 1 June 2024
Wylie title | bstan 'gro bde ba'i smon lam | |
---|---|---|
Location | chos kyi blo gros bka' 'bum Volume 12, Text 71, Pages 333-336 (Folios 1a1 to 2b2) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. bstan 'gro bde ba'i smon lam. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 333-336. Bir, H.P.: Khyentse Labrang, 2012. | |
Genre | Prayers - smon lam | |
Lotsawa House Link | https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/safeguarding-happiness-aspiration | |
Colophon |
།ཅེས་པ་འདི་ནི་ཤིང་ལུག་ཟླ་བ་ལྔ་པའི་ཚེས་ལ་བོད་ཁམས་བསྟན་འགྲོ་བདེ་བའི་སྨོན་འདུན་བགྱིས་སྐབས་ལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྫོང་གསར་བཀྲ་ཤིས་ལྷ་རྩེ་ནས་བྲིས་པའོ།། །།སརྦ་མངྒ་ལཾ།། | |
/ces pa 'di ni shing lug zla ba lnga pa'i tshes la bod khams bstan 'gro bde ba'i smon 'dun bgyis skabs la 'jam dbyangs chos kyi blo gros pas rdzong gsar bkra shis lha rtse nas bris pa'o//___//sarba mang+ga laM// |
1 Texts in this Section (sde tshan or chos tshan)
333-336
|
བསྟན་འགྲོ་བདེ་བའི་སྨོན་ལམ། bstan 'gro bde ba'i smon lam
|
Text page View PDF |
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros) |