JKCL-KABUM-09-TA-014: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=སྤྱི་མདོ་དགོངས་འདུས་ཀྱི་འཆད་ཐབས་ཟིན་བྲིས་ཉུང་ངུ་རྣམ་གསལ། | |||
|fulltitle=spyi mdo dgongs 'dus kyi 'chad thabs zin bris nyung ngu rnam gsal | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''spyi mdo dgongs 'dus kyi 'chad thabs zin bris nyung ngu rnam gsal''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 9: 141-154. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|scribe='gyur med bkra shis | |||
|scribetib=འགྱུར་མེད་བཀྲ་ཤིས་ཀྱིས་ | |||
|tibgenre=Notes - zin bris | |||
|terma=No | |||
|jkcloutline=Ten | |||
|commentary=Yes | |||
|roottextwylie=mdo dgongs pa 'dus pa | |||
|roottexttib=མདོ་དགོངས་པ་འདུས་པ། | |||
|language=Tibetan | |language=Tibetan | ||
| | |volumenumber=009 | ||
| | |volnumtib=༩ | ||
|volyigtib=ཏ་ | |||
|totalvolumes=12 | |||
|textnuminvol=014 | |textnuminvol=014 | ||
|pagenumbers=141-154 | |||
|totalpages=14 | |||
|beginfolioline=1a | |||
|endfolioline=7b2 | |||
|totalfolios=7 | |||
|multivolumework=No | |||
|colophontib=།ཅེས་པའི་རྒྱུད་ཀྱི་འཆད་ཐབས་ཉུང་ངུ་འདི་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོ་རྒྱུད་འདིའི་བཤད་ལུང་འབོགས་པའི་སྐབས་མཁས་པའི་དབང་ཕྱུག་མཁན་ལེགས་འབྱོར་དང་ནུས་ལྡན་ཟུང་གི་གསུང་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨྲས་པ་ཡི་གེ་པ་ནི་འགྱུར་མེད་བཀྲ་ཤིས་ཀྱིས་བགྱིས་པ་འདིས་ཀྱང་གསང་བ་མཆོག་གི་བསྟན་པ་ཉིན་མོར་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། | |||
|colophonwylie=/ces pa'i rgyud kyi 'chad thabs nyung ngu 'di kaHthog rdo rje gdan gyi chos grwa chen po rgyud 'di'i bshad lung 'bogs pa'i skabs mkhas pa'i dbang phyug mkhan legs 'byor dang nus ldan zung gi gsung bskul ngor 'jam dbyangs blo gros rgya mtshos smras pa yi ge pa ni 'gyur med bkra shis kyis bgyis pa 'dis kyang gsang ba mchog gi bstan pa nyin mor byed pa'i rgyur gyur cig__/sarba dA mang+ga laM// | |||
|pdflink=File:JKCL-KABUM-09-TA-014.pdf | |pdflink=File:JKCL-KABUM-09-TA-014.pdf | ||
}} | }} | ||
Line 17: | Line 37: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །སྤྱི་མདོ་དགོངས་འདུས་ཀྱི་འཆད་ཐབས་ཟིན་བྲིས་ཉུང་ངུ་རྣམ་གསལ་བཞུགས་སོ། ། | {{TibP|༄༅། །སྤྱི་མདོ་དགོངས་འདུས་ཀྱི་འཆད་ཐབས་ཟིན་བྲིས་ཉུང་ངུ་རྣམ་གསལ་བཞུགས་སོ། ། | ||
ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་། །ཐམས་ཅད་རིག་པ་ཕྱག་རྒྱའི་སྐུ། །བླ་མ་རྡོ་རྗེ་རྒྱལ་པོར་འདུད། །རྣལ་འབྱོར་བཞི་བཅུའི་ཉི་མ་ཡི། །འོད་ཟེར་དྲྭ་བ་ཆེན་པོའི་བདག །དཔལ་ལྡན་རྒྱུད་ཀྱི་རྒྱལ་པོ་ཡི། །འཆད་ཐབས་ཉུང་ངུ་འདིར་གསལ་བྱ། །དེ་ལ་ལུང་ཆེན་པོ་ཨ་ནུ་ཡོ་གའི་སྤྱི་མདོ་དགོངས་པ་འདུས་པའི་རྒྱུད་འཆད་པ་ལ། སློབ་མ་མདོ་རང་ལུགས་ཀྱི་ཕྱི་ནང་གསང་བའི་དབང་གིས་སྨིན་པ་རྣམས་ལ། གནས་དུས་ཕུན་སུམ་ཚོགས་པར་རྩ་བ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་ཕྱི་ནང་གསང་བའི་མཆོད་ཚོགས་བཤམས་ནས་མདོ་རང་ལུགས་སྒྲུབ་དབང་གྲགས་པའི་ཆུ་བོ་དང་འབྲེལ་བའི་དུར་ཁྲོད་གསང་མཆོག་གི་རྩ་དཀྱིལ་ལམ་ཕྱི་དཀྱིལ་ཚོགས་ཆེན་འདུས་པའི་སྒྲུབ་ཐབས་གཏེར་ཆེན་བླ་མས་མཛད་པ་ལྟར་བཟླས་པ་གྲུབ་ཀྱི་བར་བྱ། ལེགས་ལྡན་གཏོར་ཆོག་འདོན། དེ་ནས་སློབ་དཔོན་གྱིས། འོ། ལུང་ཆེན་ཨ་ནུ་ཡོ་གའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོའི་བཤད་བཀའ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་འབུལ་བར་ཞུ། ཞེས་བརྡ་སྤྲད་ལ་ཚོམ་བུ་སོ་བདུན་མ་རྒྱས་པར་འབུལ་མཐར་རྒྱུད་སྦྱངས་བ་ནི། སོ་སོ་རང་རང་གི་དབུ་གཙུག་ཏུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་། དེའི་དཔང་དུ་ཡུམ་སྙེམ་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་ཅིང་མཉམ་པར་སྦྱོར་བའི་ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོའི་མཐར་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་བསྐོར་དུ་འཁོར་བ་དང་ཡི་གེ་བརྒྱ་པ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས་སྐུ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་། ཚངས་སྦུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་ལྟུང་ཐམས་ཅད་ལྷག་མེད་དུ་བྱང་བར་མོས་ལ་ཡི་གེ་བརྒྱ་པ་ལྷན་ཅིག་དུ་བཟླ་བར་ཞུ། ཞེས་པས་ཡི་གེ་བརྒྱ་པ་ལན་ཉེར་གཅིག་ཙམ་བཟླ། མགོན་པོ་བདག་ནི་མི་ཤེས་སོགས་དང་། སྐུ་གསུང་ཐུགས་སོགས་ནས་མཛད་དུ་གསོལ་བར་དཔོན་སློབ་ལྷན་དུ་འདོན། ཅེས་གསོལ་བ་བཏབ་པས་སྡིག་སྒྲིབ་དག་པའི་གནང་བ་བྱིན་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སོ་སོར་རང་རང་ལ་ཐིམ་པར་གྱུར། ཉིན་གཉིས་པ་མན་ཆད་ཉན་དབང་ལ་འཇུག །ཉིན་དང་པོར་སློབ་དཔོན་གྱིས་ཆོ་འཕྲུལ་འབྱུང་བའི་གླུ་འདིའི་གསོལ་བ་བཏབ་པའི་ཕྱིར་རྗེས་ཟློས་མཛོད། ཡེ་ཤེས་སྒྱུ་མའི་རྣམ་པར་རོལ་པའི་སྐུ། །ཐབས་དང་ཤེས་རབ་ཆེ་ལ་མངའ་བརྙེས་པའི། །འཕགས་རྗེ་སྤྲུལ་པ་མང་པོ་འབྱུང་བའི་གནས། །བདེར་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །ལན་གསུམ། སླར་ཡང་རྡོ་རྗེ་རོལ་པ་དེ་ཁོ་ནའི་གླུས་བསྐུལ་ཏེ་གསོལ་བ་བཏབ་པ་འདིའི་རྗེས་ཟློས། ཨེ་མ་འོ། ཡིད་བཞིན་སྐུ་མཆོག་རྣམ་མཁའ་ལྟ་བུ་ལས། །ཁྱབ་པའི་བྱིན་རླབས་རྡོ་རྗེ་གར་མཛད་ཅིང་། །གཟི་བརྗིད་སྤྲིན་ཕུང་རོལ་པའི་བསྒྱིངས་པའི་སྐུ། །ཐོགས་མེད་རྡོ་རྗེ་རོལ་པའི་ཆོ་འཕྲུལ་སྟོན། །ཨེ་མ་འོ། ཡིད་བཞིན་གསུང་མཆོག་སྒྲ་བསྙན་ལྟ་བུ་ལས། །སྙན་པའི་བྱིན་རླབས་རྡོ་རྗེ་བརྗོད་མཛད་ཅིང་། །ཡན་ལག་རྒྱ་མཚོའི་མི་བཟོད་བཀོད་པའི་གསུངས། །སེང་གེ་སྒྲ་ཡི་གསང་སྔགས་རྒྱ་མཚོ་སྟོན། །ཨེ་མ་འོ། ཡེ་ཤེས་སྙིང་པོ་ཉི་མ་ལྟ་བུ་ལས། །འབར་བའི་བྱིན་རླབས་རྡོ་རྗེ་བདེ་མཛད་ཅིང་། །ཐིག་ལེ་སྤྲོས་བྲལ་རྣམ་པར་མི་རྟོག་ཐུགས། །རྣམ་གྲོལ་དེ་ཉིད་ངེས་པའི་ཆོ་འཕྲུལ་སྟོན། །མི་ཤེས་བླུན་རྨོངས་འདམ་བྱིང་འགྲོ་བ་རྣམས། །སྡུག་བསྔལ་དྲ་བས་བཅིངས་པ་ཐབས་ཀྱིས་གྲོལ། །མ་རིག་མུན་པས་ལོང་བ་དོན་གྱིས་ཕྱེ། །འཁོར་བའི་རྒྱ་མཚོ་ལྟ་བའི་གྲུ་ཡིས་སྒྲོལ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཆེན་པོ། །ཡེ་ཤེས་དོན་གྱི་སྙིང་པོ་མཆོག་དང་ལྡན། །རྣལ་འབྱོར་ཐེག་ཆེན་རྡོ་རྗེ་ཀུན་འདུས་ལུགས། །འདུས་པའི་ཚོགས་ལ་རྒྱ་ཆེར་བཤད་དུ་གསོལ། །ཨ་ཧོ། ལན་དུ་འདི་ནས་ལན་དགོས་འདྲ་དཔྱད། དེ་ནས་གསང་སྒོ་དབྱེ་བར་གསོལ་བ་བཏབ་པ་འདིའི་རྗེས་ཟློས། གསང་བ་ཆེན་པོའི་རིགས་ཚོགས་སུ། །དེ་ནས་བདག་ནི་འཇུག་པར་བྱ། །ཕྱིར་མི་ལྡོག་པར་ལུང་ཐོབ་ཕྱིར། །བདག་ལ་གསང་སྒོ་དབྱེ་བར་གསོལ། །ལན་གསུམ། ཉིན་གཉིས་པ་མན་འདི་ནས་འཇུག །བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་ལས་ཉི་ཟླ་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་སྤྲིན་འཕྲོས་པས་རྒྱུད་ཉན་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་ཕྲལ་ཏེ་དོན་ལ་ངེས་པར་འཇུག་པའི་གསང་སྒོ་ཕྱེ་བར་གྱུར། སློབ་དཔོན་རང་ཉིད་ཀྱི་ལྕེ་ལ་སྨྲ་བྱེད་ཀྱི་ཐིག་ལེ་ཉིད་ཧྲཱིཿ ཡིག་ཟུང་ལས་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། གནས་གསུམ་ལས་འཕྲོས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་འོད་ཀྱི་རྣམ་པར་བསྡུས་ཏེ་ཐིམ་པས་ཆོས་འཆད་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་དཔོན་རང་ཉིད་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར། ཉིན་དང་པོ། སློབ་བུའི་རྣ་བ་གཉིས་སུ་བདུད་རྩིས་ཐིག་ལེ་བྱ། ཉིན་གཉིས་པ་ཕན་ཆོད་ཐིག་ལེ་མི་དགོས་སློབ་བུའི་རྣ་བ་གཉིས་སུ་ཉན་ཤེས་ཀྱི་ཐིག་ལེ་ཉིད་ཏྲཾ་ཡིག་ཟུང་ལས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ་རིན་ཆེན་དང་དྲིལ་བུ་འཛིན་པའི་སྐུར་གྱུར། གནས་གསུམ་ལས་འཕྲོས་པའི་འོད་ཟེར་གྱིས་ཚིག་དང་དོན་གྱི་གཟུངས་ལ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་རིན་པོ་ཆེའི་གཏེར་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐིམ་པས་ཆོས་ཉན་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་རིན་ཆེན་འབྱུང་ལྡན་གྱི་སྐུར་གྱུར། ཉིན་གཉིས་པ་བདུད་ཚར་གཅོད་ཀྱི་སྔགས་ལ་འཇུག །ཉིན་དང་པོ་ལ། ཏྲྃ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་གི་ངོ་བོ་རྒྱུད་ཀྱི་གླེགས་བམ་གཏད་དེ། ཏྲྃ་གསང་བ་གསང་ཆེན་གསང་མཆོག་རྣམ་གསུམ་གྱིས། གསང་བའི་དོན་ལ་མཉན་ཞིང་སློབ་པའི་དབང་། དབང་ཐོབ་སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ། བདུད་རྩིའི་ཆུ་འདིས་རྣ་བའི་གསང་སྒོ་དབྱེ། སརྦ་ཏ་ཐཱ་ག་ཏ་དྷརྨ་སིདྡྷི་ཧོཿན་མོ། ཕྱོགས་བཅུའི་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཉན་པའི་དབང་བསྐུར་བས་གསང་བའི་བཀའ་མཐའ་དག་ཉན་པའི་དབང་དམ་པ་མཐའ་དག་ཐོབ་པར་གྱུར་ཅིག །བླ་མ་དཔལ་ཆེན་པོའི་འཁོར་རྣམ་པར་སྦྱོང་བའི་ཆེད་དུ་ཤངས་ཀྱི་ཧཱུྃ་རིང་ལས་བྱང་ཆུབ་སེམས་ཀྱི་སྤྲིན་དང་ལས་ཀྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་བགེགས་དང་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་གྱུར། ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་འདུས་པར་འདུས་པ་ཡི། །ཐེག་ཆེན་དམ་པའི་རིགས་ཅན་རྣམས། །བླ་འོག་རིམ་པ་ཇི་བཞིན་དུ། །རྡོ་རྗེ་གསང་བའི་གྲལ་བཀོད་དེ། །རིགས་མ་ཡིན་པ་རིགས་མེད་འགྱུར། །རིགས་ཅན་རྣམས་ཀྱི་དམ་ཚིག་གི །རིགས་མེད་རྣམས་ལ་འབབ་མི་འགྱུར། །དེ་ལས་འདས་ན་དེ་རླག་བྱེད། ཧཱུྃ་ཀྲོ་དྷ་ཛྭ་ས་མ་ཡ། རཀྵ་ཛྭ་ས་མ་ཡ། ཡཀྵ༴ ཙཏྟ༴ ཞེས་བགེགས་བསྐྲད། དེ་ནས་ཁྱེད་རང་རྣམས་ཀྱིས་རྨད་དུ་བྱུང་བའི་མེ་ཏོག་དང་། ཏིང་ངེ་འཛིན་གྱི་མཆོད་པ་སྣ་ཚོགས་པ་འབུལ་བའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས། རྡོ་རྗེ་རྒྱལ་པོ་ཚོགས་བདག་དགོངས་སུ་གསོལ། །ཆོས་ཀྱི་རྒྱལ་པོ་མི་གཡོ་རྒྱལ་ཚུལ་མཛད། །རྒྱལ་མཆོག་བདེ་ཆེན་ས་ལ་རབ་བཞུགས་ཏེ། །སྨྲ་བའི་ལས་མཆོག་རྡོ་རྗེ་ལྕེ་འབར་བས། །སྒྲ་དབྱངས་རྒྱལ་བ་རྣམས་ཀྱིས་བདག་བྱིན་རློབས། །གསང་སྔགས་རྒྱལ་པོ་ཆོས་ཀྱི་མེ་ལོང་འདི། །རྒྱལ་མཆོག་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་མཐུས། །འདུས་པའི་ཚོགས་ལ་རྒྱ་ཆེར་བརྗོད་པའོ། །ཨ་ཧོ། ཞེས་གསོལ་བ་གདབ། །དཔོན་སློབ་ཀྱིས། བཛྲ་ཀརྨ་སཏྭ་ཙཀྲ་ཧ་ཧ་ཧོ། ཞེས་བརྗོད་ལ་སེམས་དཔའ་རྡོ་རྗེའི་ང་རྒྱལ་བྱ། དེ་ནས་སློབ་དཔོན་གྱིས་བདུད་ཚར་གཅོད་ཀྱི་སྔགས་བཟླས། རྩ་བའི་བླ་མའི་གསོལ་འདེབས་དང་། ཆོས་བསྐུལ་སྔོན་དུ་འགྲོ་བས་སེམས་བསྐྱེད་གསལ་གདབས་སྔགས་ཀྱི་ཁྱད་པར་ཀྱི་ཀུན་སློང་རྣམས་ཀྱང་བཤད་ལ། སྤྱི་མདོའི་ཆེ་བ་བརྗོད་པ་ཅི་རིགས་སྔོན་དུ་བཏང་ནས་ཆོས་རྗེ་དམ་པའི་མདོའི་ཁོག་དབུག །སྐུ་བཞིའི་གླིང་འགྲེལ། དཀའ་འགྲེལ་རྣམས་ཀྱི་བཤད་ལུང་སྔོན་དུ་བཏང་། མདོ་དངོས་ལ་ཆོས་རྗེ་དམ་པའི་བསྡུས་དོན་དང་སྐབས་སུ་སྦྱར། མདོ་གཞུང་རྩ་བ་དལ་བུས་འགྲེལ་བ་དང་བསྒྲགས་ཏེ་བཏང་བའོ། །ལེའུ་རེ་རེ་བཏོན་རྗེས་དཀའ་འགྲེལ་མུན་པའི་གོ་ཆ་ཉིད་ཚིག་མ་ཆད་པར་བརྡ་འཕྲོད་པར་བཀླགས། འཆད་ཤེས་ན་བར་སྐབས་སུ་སྤྱི་དོན་དང་ཆོས་རྗེ་དམ་པའི་མཆན་ཉིད་ཀྱིས་རྩ་བ་ལ་འབྲུ་མནན་བྱས་ནས་བཤད་ནའང་ཤིན་ཏུ་ལེགས་པར་འགྱུར་རོ། །ཆོས་ཐུན་གྲོལ་བ་ན། དགེ་བསྔོ་དང་ཚོགས་མན་ཆད་སྒྲུབ་ཐབས་དཀྱུས་ལྟར་རོ། །ཉིན་རྗེས་མ་རྣམས་ལ་སྒྲུབ་ཐབས་རྒྱས་པ་མ་གྲུབ་ན། འཇིགས་མེད་གླིང་པས་མཛད་པའི་འདུས་མདོའི་རྒྱུན་ཁྱེར་རམ། གཏེར་ཆེན་མཆོག་གླིང་གི་ལུང་རྡོ་རྗེ་བཀོད་པའི་ཕྱི་དཀྱིལ་དང་ལུས་དཀྱིལ་གང་རུང་ཞིག་བཏང་ན་ཡང་སྟབས་བདེ་བར་སེམས། ལེགས་ལྡན་གཏོར་ཆོག་མ་ཆག་པར་བྱ། རྒྱུད་གྲོལ་བ་ན། གཞུང་དངོས་རྫོགས་པར་གྲུབ་རྗེས། འགྲེལ་ཆེན་གྱི་དབུ་གཤམ་ལུང་བཀླགས། བླ་མ་དཔལ་ཆེན་པོ་དང་གསང་བའི་མདོ་ཆེན་པོ་ཉིད་ལ་ཆེད་དུ་བརྗོད་ཅིང་བསྟོད་པའི་གླུ་བླང་བ་འདིའི་རྗེས་ཟློས། ཨེ་མ་ཧོ། སྐྱེས་ཆེན་གསང་བའི་བདག །རྩལ་ཆེན་སྨྲ་བ་སེང་གེའི་སྒྲ། དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །ང་རྒྱལ་ཀུན་སྔོན་ཡེ་ནས་བྱུང་། །ཁྱོད་ཀྱི་སངས་རྒྱས་ཀུན་གྱི་མེས། །ཆེ་མཆོག་རྗེ་བཙུན་དམ་པའི་སྐུ། །བདེ་གཤེགས་ཀུན་གྱི་བཤེས་གཉེན་མཆོག །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །སངས་རྒྱས་ཀུན་གྱི་འབྱུང་གནས་གསལ། །ཕྱོགས་ཀུན་གསལ་འགྲེལ་ངེས་པའི་མདོ། །ཐེག་ཆེན་སྨད་གྲགས་ངོ་མཚར་ཆེ། །གསང་ཆེན་བྱུང་ཚུལ་ངོ་མཚར་ཆེ། །ཨ་ཧོ། ཞེས་ངེས་པ་དམ་པར་མངོན་པར་བསྟོད། དེ་ལྟར་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོའི་བཤད་བཀའ་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ་མཛོད། མཎྜལ་ཚོམ་བུ་སོ་བདུན་པ་རྒྱས་པར་ཕུལ། འདི་ལྟ་བུའི་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་དབང་མ་ཐོབ་པ་དང་སྣོད་མིན་ལ་མི་སྟེར་ཞིང་སྣོད་ལྡན་ངེས་པ་ཅན་ལ་སྦྱིན་པ་དང་། བཤད་སྒྲུབ་ཀྱི་ཕྲིན་ལས་ནམ་མཁའ་དང་མཉམ་པར་བགྱི་བའི་སྒོ་ནས་དོན་གཉིས་རླབས་པོ་ཆེ་སྒྲུབ་སྙམས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར༴ དེང་ནས་བརྩམ་ཏེ་སོགས་བརྗོད། སྤྱི་བསྔོ་བའི་མཚམས་སྦྱར་རྒྱས་པར་སྤྲོས་ནས་བསྔོ་སྨོན་གྱིས་རྒྱས་གདབས། རྒྱུད་ཆོག་གི་ཚུལ་དུ་བསྒྲུབ་ཐབས་བཀའ་མ་ལྟར་འདོན། ཚོགས་ལ་རོལ་རྗེས་སྤྱི་མདོ་དགོངས་འདུས་སམ་རྩ་རྒྱུད་ཀུན་འདུས་རིག་པའི་མདོ་ལྟ་བུ་སློབ་མ་དུ་ཡོད་ལ་དཔེ་བསྒོས་ནས་ཚར་གཅིག་བཏོན་ན་ཤིན་ཏུ་ལེགས། རྒྱུད་འདོན་པའི་དབུར། བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གཞན་དོན་རྫོགས་བྱང་ཐོབ་བྱའི་ཕྱིར། །ཟབ་མོའི་རྒྱུད་སྡེ་བཀླགས་པར་བགྱིད། ལན་གསུམ། བདག་ཉིད་གསང་མཆོག་སྐུར་གསལ་ཞིང་། །ངོ་བོ་གཉིས་མེད་གསང་བའི་སྙིང་། །གསུང་གི་བྱིན་རླབས་རང་སྣང་བ། །རྟེན་འབྱུང་སྒྲ་བསྙན་ལྟ་བུའི་ཚུལ། །དབྱིངས་ལས་མ་བྱུང་ཨ་ལས་ནི། །ཡི་གེ་ཡིད་བཞིན་སྤྲིན་ཚོགས་འཕྲོས། །ཨ་ནི་རང་བཞིན་ཡི་གེ་སྟེ། །རྟེན་དང་བྲལ་བའི་རྒྱུ་རྐྱེན་མེད། །ཁོང་ནས་ཀུན་ཁྱབ་ནམ་མཁའ་འདྲ། །ཆོས་དབྱིངས་སྐྱེ་མེད་ཟབ་མོ་ཡིས། །ཆོས་ཀུན་ཁྱབ་གནས་ཟིན་པ་ལྟར། །ཁྱབ་གནས་ཨ་ཡི་རང་བཞིན་གྱིས། །ཡི་གེ་ཀུན་ཁྱབ་ཀུན་ཟིན་ཏེ། །མིང་དང་ཚིག་ཚོགས་སྣ་ཚོགས་བསྒྱུར། །སྐྱེས་བུ་ཐུགས་ཀྱི་དཔལ་བེའུ་ནས། །ཐམས་ཅད་འབྱུང་བ་ཀུན་གྱི་གཞི། །མགུར་གྱི་གསང་བའི་དབྱིངས་སུ་ཤར། །ཆོ་འཕྲུལ་ཡི་གེ་ལྔར་སྣང་བ། །མགུར་གྱི་སྒྲ་བྱུང་མགུར་ལས་གྲགས། །ཨ་ཀ་ཁ་གྷ་ང་། །ཨ་ལས་ཡིག་འབྲུ་ཟེར་འཕྲོས་པས། །ལྗགས་ཀྱི་དབང་པོ་ཟླ་གམ་འཕྲོས། །ཆོ་འཕྲུལ་ཡི་གེ་ལྔར་སྣང་བ། ལྗགས་ཀྱི་སྒྲ་བྱུང་ལྗགས་ལས་གྲགས། །ཙ་ཚ་ཛ་ཛྷ་ཉ། །ཨ་ཡི་འོད་ཟེར་རྩེར་མོ་ལས། །ལྗགས་ཀྱི་ཟླ་གམ་རྩེ་མོ་འཕྲོས། །ཆོ་འཕྲུལ་ལྔ་གཉིས་ཡི་གེ་སྣང་། །རྩེ་མོ་སྒྲ་བྱུང་ཐོར་ཏོར་གྲགས། །ཏ་ཐ་ད་དྷ་ན། །ཊ་ཋ་ཌ་ཌྷ་ཎ། །དེ་བཞིན་དེ་ལས་དེ་བྱུང་བས། །ཞལ་གྱི་སྒྲོམ་ལས་འཁྱིལ་འབར་བའི། །དེ་བཞིན་ཡིག་འབྲུ་ལྔར་སྣང་བས། །ཞལ་གྱི་སྒོར་བྱུང་ཞལ་ལས་གྲགས། །པ་ཕ་བ་བྷ་མ། །ཡིག་འབྲུ་ཀུན་གྱི་མཆོག་དེ་ཉིད། །གསུང་གི་རྒྱུན་ལམ་དེར་བྱུང་བ། །ཡུལ་ལ་རེག་པའི་འབྲུར་ཤར་བ། །ཆོ་འཕྲུལ་ཡི་གེ་སྣ་ཚོགས་སྣང་། །ཡ་ཝ་ར་ལ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཱཻ་ཨཾ་ཨཱ་རྀ་རཱྀ་ལྀ་ལཱྀ་ཨ་ཧོ། ཞེས་བརྗོད་ལ་རྒྱུད་བཀླགས་པའི་རྗེས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་རྣམས་ཀྱིས་མཆོད། ཨེ་མ་ཧོ། ཉེས་བཅོམ་ལེགས་ལྡན་མཚན་བཞི་མཐའ་ལས་འདས། །དཔག་མེད་བྱམས་སྙོམས་དོན་གྱི་བདག་གཞན་དཔལ། །དོན་དམ་གསང་སྦས་ནམ་མཁའི་དཀྱིལ་དུ་འཁྱིལ། །རྡོ་རྗེ་ཆེ་མཆོག་དབང་ཕྱུག་ཀུན་གྱི་བདག །འཛིན་པ་མི་རྟོག་ཤ་རུས་ཁྲག་ལ་རོལ། །ཐུགས་ཀྱི་གདུང་ཐག་འཁོར་བའི་མཐའ་ལ་དགྱེས། །ཡུལ་མེད་མ་སྐྱེས་མཚན་མའི་གཡུལ་ལས་རྒྱལ། །བདེ་མཆོག་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ནམ་མཁའི་ཉི་མར་གསལ། །བྱང་ཆུབ་སེམས་ཀྱི་འོད་ཟེར་དབྱིངས་སུ་འཆར། །དཔའ་བརྟུལ་མྱུར་བུའི་ཤུགས་ཀྱི་འགྲོ་དྲུག་སྒྲོལ། །རྟོག་འཇོམ་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་འཕྲོ། །དམ་པའི་དོན་གསུངས་གཉིས་མེད་སྟོན་པའི་སྐུ། །སྨྲ་བའི་སེང་གེ་མཆོག་ལ་ཕྱག་འཚལ་བསྟོད། །རིན་ཆེན་གཏེར་ལྡན་འདོད་རྒུར་ཀུན་སྐོང་ཞིང་། །ལུང་དང་རིག་པ་གཏན་ཚིག་ཀུན་གྱི་མཛོད། །བརྡའ་ཅན་ཡན་ལག་ལེན་པའི་མེ་ལོང་གསལ། །རྡོ་རྗེ་ཀུན་འདས་འཇིགས་བྱེད་རྒྱལ་པོའི་རྒྱུད། །ཆོས་ཀྱི་མེ་ལོང་འདི་ལ་བདག་ཅག་སྤྲོ། །ཅེས་པས་བསྟོད། ཚོགས་ཀྱི་སྨོན་ལམ་དང་། ལྷག་མ་བསྔོ། ཆོས་སྐྱོང་གཏོར་ཆོག་དང་བསྟན་མ་སོགས་སྒྲུབ་ཐབས་དཀྱུས་ལྟར་ནས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད་པས་དགེ་ལེགས་སུ་བྱའོ། །དེ་ལྟར་འཆད་པའི་ཉིན་གྲངས་ཀྱང་ཞག་བཅོ་ལྔའམ་བདུན་ལས་མི་ཉུང་བར་ངེས་པར་དགོས་སོ། །འདི་དགེའི་བསོད་ནམས་གྲུབ་པ་གང་ཡོད་རྣམས། །གྲོང་ཁྱེར་གསུམ་ལས་འགྲོ་རྣམས་དབུགས་འབྱིན་ཞིང་། །ཡེ་ཤེས་བླ་མའི་ས་མཆོག་ཐོབ་ནས་ཀྱང་། །དོན་གཉིས་ལྷུན་གྲུབ་འབད་མེད་འབྱུང་བར་ཤོག | ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་། །ཐམས་ཅད་རིག་པ་ཕྱག་རྒྱའི་སྐུ། །བླ་མ་རྡོ་རྗེ་རྒྱལ་པོར་འདུད། །རྣལ་འབྱོར་བཞི་བཅུའི་ཉི་མ་ཡི། །འོད་ཟེར་དྲྭ་བ་ཆེན་པོའི་བདག །དཔལ་ལྡན་རྒྱུད་ཀྱི་རྒྱལ་པོ་ཡི། །འཆད་ཐབས་ཉུང་ངུ་འདིར་གསལ་བྱ། །དེ་ལ་ལུང་ཆེན་པོ་ཨ་ནུ་ཡོ་གའི་སྤྱི་མདོ་དགོངས་པ་འདུས་པའི་རྒྱུད་འཆད་པ་ལ། སློབ་མ་མདོ་རང་ལུགས་ཀྱི་ཕྱི་ནང་གསང་བའི་དབང་གིས་སྨིན་པ་རྣམས་ལ། གནས་དུས་ཕུན་སུམ་ཚོགས་པར་རྩ་བ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་ཕྱི་ནང་གསང་བའི་མཆོད་ཚོགས་བཤམས་ནས་མདོ་རང་ལུགས་སྒྲུབ་དབང་གྲགས་པའི་ཆུ་བོ་དང་འབྲེལ་བའི་དུར་ཁྲོད་གསང་མཆོག་གི་རྩ་དཀྱིལ་ལམ་ཕྱི་དཀྱིལ་ཚོགས་ཆེན་འདུས་པའི་སྒྲུབ་ཐབས་གཏེར་ཆེན་བླ་མས་མཛད་པ་ལྟར་བཟླས་པ་གྲུབ་ཀྱི་བར་བྱ། ལེགས་ལྡན་གཏོར་ཆོག་འདོན། དེ་ནས་སློབ་དཔོན་གྱིས། འོ། ལུང་ཆེན་ཨ་ནུ་ཡོ་གའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོའི་བཤད་བཀའ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་འབུལ་བར་ཞུ། ཞེས་བརྡ་སྤྲད་ལ་ཚོམ་བུ་སོ་བདུན་མ་རྒྱས་པར་འབུལ་མཐར་རྒྱུད་སྦྱངས་བ་ནི། སོ་སོ་རང་རང་གི་དབུ་གཙུག་ཏུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་། དེའི་དཔང་དུ་ཡུམ་སྙེམ་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་ཅིང་མཉམ་པར་སྦྱོར་བའི་ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོའི་མཐར་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་བསྐོར་དུ་འཁོར་བ་དང་ཡི་གེ་བརྒྱ་པ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས་སྐུ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་། ཚངས་སྦུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་ལྟུང་ཐམས་ཅད་ལྷག་མེད་དུ་བྱང་བར་མོས་ལ་ཡི་གེ་བརྒྱ་པ་ལྷན་ཅིག་དུ་བཟླ་བར་ཞུ། ཞེས་པས་ཡི་གེ་བརྒྱ་པ་ལན་ཉེར་གཅིག་ཙམ་བཟླ། མགོན་པོ་བདག་ནི་མི་ཤེས་སོགས་དང་། སྐུ་གསུང་ཐུགས་སོགས་ནས་མཛད་དུ་གསོལ་བར་དཔོན་སློབ་ལྷན་དུ་འདོན། ཅེས་གསོལ་བ་བཏབ་པས་སྡིག་སྒྲིབ་དག་པའི་གནང་བ་བྱིན་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སོ་སོར་རང་རང་ལ་ཐིམ་པར་གྱུར། ཉིན་གཉིས་པ་མན་ཆད་ཉན་དབང་ལ་འཇུག །ཉིན་དང་པོར་སློབ་དཔོན་གྱིས་ཆོ་འཕྲུལ་འབྱུང་བའི་གླུ་འདིའི་གསོལ་བ་བཏབ་པའི་ཕྱིར་རྗེས་ཟློས་མཛོད། ཡེ་ཤེས་སྒྱུ་མའི་རྣམ་པར་རོལ་པའི་སྐུ། །ཐབས་དང་ཤེས་རབ་ཆེ་ལ་མངའ་བརྙེས་པའི། །འཕགས་རྗེ་སྤྲུལ་པ་མང་པོ་འབྱུང་བའི་གནས། །བདེར་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །ལན་གསུམ། སླར་ཡང་རྡོ་རྗེ་རོལ་པ་དེ་ཁོ་ནའི་གླུས་བསྐུལ་ཏེ་གསོལ་བ་བཏབ་པ་འདིའི་རྗེས་ཟློས། ཨེ་མ་འོ། ཡིད་བཞིན་སྐུ་མཆོག་རྣམ་མཁའ་ལྟ་བུ་ལས། །ཁྱབ་པའི་བྱིན་རླབས་རྡོ་རྗེ་གར་མཛད་ཅིང་། །གཟི་བརྗིད་སྤྲིན་ཕུང་རོལ་པའི་བསྒྱིངས་པའི་སྐུ། །ཐོགས་མེད་རྡོ་རྗེ་རོལ་པའི་ཆོ་འཕྲུལ་སྟོན། །ཨེ་མ་འོ། ཡིད་བཞིན་གསུང་མཆོག་སྒྲ་བསྙན་ལྟ་བུ་ལས། །སྙན་པའི་བྱིན་རླབས་རྡོ་རྗེ་བརྗོད་མཛད་ཅིང་། །ཡན་ལག་རྒྱ་མཚོའི་མི་བཟོད་བཀོད་པའི་གསུངས། །སེང་གེ་སྒྲ་ཡི་གསང་སྔགས་རྒྱ་མཚོ་སྟོན། །ཨེ་མ་འོ། ཡེ་ཤེས་སྙིང་པོ་ཉི་མ་ལྟ་བུ་ལས། །འབར་བའི་བྱིན་རླབས་རྡོ་རྗེ་བདེ་མཛད་ཅིང་། །ཐིག་ལེ་སྤྲོས་བྲལ་རྣམ་པར་མི་རྟོག་ཐུགས། །རྣམ་གྲོལ་དེ་ཉིད་ངེས་པའི་ཆོ་འཕྲུལ་སྟོན། །མི་ཤེས་བླུན་རྨོངས་འདམ་བྱིང་འགྲོ་བ་རྣམས། །སྡུག་བསྔལ་དྲ་བས་བཅིངས་པ་ཐབས་ཀྱིས་གྲོལ། །མ་རིག་མུན་པས་ལོང་བ་དོན་གྱིས་ཕྱེ། །འཁོར་བའི་རྒྱ་མཚོ་ལྟ་བའི་གྲུ་ཡིས་སྒྲོལ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཆེན་པོ། །ཡེ་ཤེས་དོན་གྱི་སྙིང་པོ་མཆོག་དང་ལྡན། །རྣལ་འབྱོར་ཐེག་ཆེན་རྡོ་རྗེ་ཀུན་འདུས་ལུགས། །འདུས་པའི་ཚོགས་ལ་རྒྱ་ཆེར་བཤད་དུ་གསོལ། །ཨ་ཧོ། ལན་དུ་འདི་ནས་ལན་དགོས་འདྲ་དཔྱད། དེ་ནས་གསང་སྒོ་དབྱེ་བར་གསོལ་བ་བཏབ་པ་འདིའི་རྗེས་ཟློས། གསང་བ་ཆེན་པོའི་རིགས་ཚོགས་སུ། །དེ་ནས་བདག་ནི་འཇུག་པར་བྱ། །ཕྱིར་མི་ལྡོག་པར་ལུང་ཐོབ་ཕྱིར། །བདག་ལ་གསང་སྒོ་དབྱེ་བར་གསོལ། །ལན་གསུམ། ཉིན་གཉིས་པ་མན་འདི་ནས་འཇུག །བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་ལས་ཉི་ཟླ་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་སྤྲིན་འཕྲོས་པས་རྒྱུད་ཉན་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་ཕྲལ་ཏེ་དོན་ལ་ངེས་པར་འཇུག་པའི་གསང་སྒོ་ཕྱེ་བར་གྱུར། སློབ་དཔོན་རང་ཉིད་ཀྱི་ལྕེ་ལ་སྨྲ་བྱེད་ཀྱི་ཐིག་ལེ་ཉིད་ཧྲཱིཿ ཡིག་ཟུང་ལས་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། གནས་གསུམ་ལས་འཕྲོས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་འོད་ཀྱི་རྣམ་པར་བསྡུས་ཏེ་ཐིམ་པས་ཆོས་འཆད་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་དཔོན་རང་ཉིད་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར། ཉིན་དང་པོ། སློབ་བུའི་རྣ་བ་གཉིས་སུ་བདུད་རྩིས་ཐིག་ལེ་བྱ། ཉིན་གཉིས་པ་ཕན་ཆོད་ཐིག་ལེ་མི་དགོས་སློབ་བུའི་རྣ་བ་གཉིས་སུ་ཉན་ཤེས་ཀྱི་ཐིག་ལེ་ཉིད་ཏྲཾ་ཡིག་ཟུང་ལས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ་རིན་ཆེན་དང་དྲིལ་བུ་འཛིན་པའི་སྐུར་གྱུར། གནས་གསུམ་ལས་འཕྲོས་པའི་འོད་ཟེར་གྱིས་ཚིག་དང་དོན་གྱི་གཟུངས་ལ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་རིན་པོ་ཆེའི་གཏེར་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐིམ་པས་ཆོས་ཉན་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་རིན་ཆེན་འབྱུང་ལྡན་གྱི་སྐུར་གྱུར། ཉིན་གཉིས་པ་བདུད་ཚར་གཅོད་ཀྱི་སྔགས་ལ་འཇུག །ཉིན་དང་པོ་ལ། ཏྲྃ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་གི་ངོ་བོ་རྒྱུད་ཀྱི་གླེགས་བམ་གཏད་དེ། ཏྲྃ་གསང་བ་གསང་ཆེན་གསང་མཆོག་རྣམ་གསུམ་གྱིས། གསང་བའི་དོན་ལ་མཉན་ཞིང་སློབ་པའི་དབང་། དབང་ཐོབ་སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ། བདུད་རྩིའི་ཆུ་འདིས་རྣ་བའི་གསང་སྒོ་དབྱེ། སརྦ་ཏ་ཐཱ་ག་ཏ་དྷརྨ་སིདྡྷི་ཧོཿན་མོ། ཕྱོགས་བཅུའི་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཉན་པའི་དབང་བསྐུར་བས་གསང་བའི་བཀའ་མཐའ་དག་ཉན་པའི་དབང་དམ་པ་མཐའ་དག་ཐོབ་པར་གྱུར་ཅིག །བླ་མ་དཔལ་ཆེན་པོའི་འཁོར་རྣམ་པར་སྦྱོང་བའི་ཆེད་དུ་ཤངས་ཀྱི་ཧཱུྃ་རིང་ལས་བྱང་ཆུབ་སེམས་ཀྱི་སྤྲིན་དང་ལས་ཀྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་བགེགས་དང་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་གྱུར། ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་འདུས་པར་འདུས་པ་ཡི། །ཐེག་ཆེན་དམ་པའི་རིགས་ཅན་རྣམས། །བླ་འོག་རིམ་པ་ཇི་བཞིན་དུ། །རྡོ་རྗེ་གསང་བའི་གྲལ་བཀོད་དེ། །རིགས་མ་ཡིན་པ་རིགས་མེད་འགྱུར། །རིགས་ཅན་རྣམས་ཀྱི་དམ་ཚིག་གི །རིགས་མེད་རྣམས་ལ་འབབ་མི་འགྱུར། །དེ་ལས་འདས་ན་དེ་རླག་བྱེད། ཧཱུྃ་ཀྲོ་དྷ་ཛྭ་ས་མ་ཡ། རཀྵ་ཛྭ་ས་མ་ཡ། ཡཀྵ༴ ཙཏྟ༴ ཞེས་བགེགས་བསྐྲད། དེ་ནས་ཁྱེད་རང་རྣམས་ཀྱིས་རྨད་དུ་བྱུང་བའི་མེ་ཏོག་དང་། ཏིང་ངེ་འཛིན་གྱི་མཆོད་པ་སྣ་ཚོགས་པ་འབུལ་བའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས། རྡོ་རྗེ་རྒྱལ་པོ་ཚོགས་བདག་དགོངས་སུ་གསོལ། །ཆོས་ཀྱི་རྒྱལ་པོ་མི་གཡོ་རྒྱལ་ཚུལ་མཛད། །རྒྱལ་མཆོག་བདེ་ཆེན་ས་ལ་རབ་བཞུགས་ཏེ། །སྨྲ་བའི་ལས་མཆོག་རྡོ་རྗེ་ལྕེ་འབར་བས། །སྒྲ་དབྱངས་རྒྱལ་བ་རྣམས་ཀྱིས་བདག་བྱིན་རློབས། །གསང་སྔགས་རྒྱལ་པོ་ཆོས་ཀྱི་མེ་ལོང་འདི། །རྒྱལ་མཆོག་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་མཐུས། །འདུས་པའི་ཚོགས་ལ་རྒྱ་ཆེར་བརྗོད་པའོ། །ཨ་ཧོ། ཞེས་གསོལ་བ་གདབ། །དཔོན་སློབ་ཀྱིས། བཛྲ་ཀརྨ་སཏྭ་ཙཀྲ་ཧ་ཧ་ཧོ། ཞེས་བརྗོད་ལ་སེམས་དཔའ་རྡོ་རྗེའི་ང་རྒྱལ་བྱ། དེ་ནས་སློབ་དཔོན་གྱིས་བདུད་ཚར་གཅོད་ཀྱི་སྔགས་བཟླས། རྩ་བའི་བླ་མའི་གསོལ་འདེབས་དང་། ཆོས་བསྐུལ་སྔོན་དུ་འགྲོ་བས་སེམས་བསྐྱེད་གསལ་གདབས་སྔགས་ཀྱི་ཁྱད་པར་ཀྱི་ཀུན་སློང་རྣམས་ཀྱང་བཤད་ལ། སྤྱི་མདོའི་ཆེ་བ་བརྗོད་པ་ཅི་རིགས་སྔོན་དུ་བཏང་ནས་ཆོས་རྗེ་དམ་པའི་མདོའི་ཁོག་དབུག །སྐུ་བཞིའི་གླིང་འགྲེལ། དཀའ་འགྲེལ་རྣམས་ཀྱི་བཤད་ལུང་སྔོན་དུ་བཏང་། མདོ་དངོས་ལ་ཆོས་རྗེ་དམ་པའི་བསྡུས་དོན་དང་སྐབས་སུ་སྦྱར། མདོ་གཞུང་རྩ་བ་དལ་བུས་འགྲེལ་བ་དང་བསྒྲགས་ཏེ་བཏང་བའོ། །ལེའུ་རེ་རེ་བཏོན་རྗེས་དཀའ་འགྲེལ་མུན་པའི་གོ་ཆ་ཉིད་ཚིག་མ་ཆད་པར་བརྡ་འཕྲོད་པར་བཀླགས། འཆད་ཤེས་ན་བར་སྐབས་སུ་སྤྱི་དོན་དང་ཆོས་རྗེ་དམ་པའི་མཆན་ཉིད་ཀྱིས་རྩ་བ་ལ་འབྲུ་མནན་བྱས་ནས་བཤད་ནའང་ཤིན་ཏུ་ལེགས་པར་འགྱུར་རོ། །ཆོས་ཐུན་གྲོལ་བ་ན། དགེ་བསྔོ་དང་ཚོགས་མན་ཆད་སྒྲུབ་ཐབས་དཀྱུས་ལྟར་རོ། །ཉིན་རྗེས་མ་རྣམས་ལ་སྒྲུབ་ཐབས་རྒྱས་པ་མ་གྲུབ་ན། འཇིགས་མེད་གླིང་པས་མཛད་པའི་འདུས་མདོའི་རྒྱུན་ཁྱེར་རམ། གཏེར་ཆེན་མཆོག་གླིང་གི་ལུང་རྡོ་རྗེ་བཀོད་པའི་ཕྱི་དཀྱིལ་དང་ལུས་དཀྱིལ་གང་རུང་ཞིག་བཏང་ན་ཡང་སྟབས་བདེ་བར་སེམས། ལེགས་ལྡན་གཏོར་ཆོག་མ་ཆག་པར་བྱ། རྒྱུད་གྲོལ་བ་ན། གཞུང་དངོས་རྫོགས་པར་གྲུབ་རྗེས། འགྲེལ་ཆེན་གྱི་དབུ་གཤམ་ལུང་བཀླགས། བླ་མ་དཔལ་ཆེན་པོ་དང་གསང་བའི་མདོ་ཆེན་པོ་ཉིད་ལ་ཆེད་དུ་བརྗོད་ཅིང་བསྟོད་པའི་གླུ་བླང་བ་འདིའི་རྗེས་ཟློས། ཨེ་མ་ཧོ། སྐྱེས་ཆེན་གསང་བའི་བདག །རྩལ་ཆེན་སྨྲ་བ་སེང་གེའི་སྒྲ། དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །ང་རྒྱལ་ཀུན་སྔོན་ཡེ་ནས་བྱུང་། །ཁྱོད་ཀྱི་སངས་རྒྱས་ཀུན་གྱི་མེས། །ཆེ་མཆོག་རྗེ་བཙུན་དམ་པའི་སྐུ། །བདེ་གཤེགས་ཀུན་གྱི་བཤེས་གཉེན་མཆོག །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །སངས་རྒྱས་ཀུན་གྱི་འབྱུང་གནས་གསལ། །ཕྱོགས་ཀུན་གསལ་འགྲེལ་ངེས་པའི་མདོ། །ཐེག་ཆེན་སྨད་གྲགས་ངོ་མཚར་ཆེ། །གསང་ཆེན་བྱུང་ཚུལ་ངོ་མཚར་ཆེ། །ཨ་ཧོ། ཞེས་ངེས་པ་དམ་པར་མངོན་པར་བསྟོད། དེ་ལྟར་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོའི་བཤད་བཀའ་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ་མཛོད། མཎྜལ་ཚོམ་བུ་སོ་བདུན་པ་རྒྱས་པར་ཕུལ། འདི་ལྟ་བུའི་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་དབང་མ་ཐོབ་པ་དང་སྣོད་མིན་ལ་མི་སྟེར་ཞིང་སྣོད་ལྡན་ངེས་པ་ཅན་ལ་སྦྱིན་པ་དང་། བཤད་སྒྲུབ་ཀྱི་ཕྲིན་ལས་ནམ་མཁའ་དང་མཉམ་པར་བགྱི་བའི་སྒོ་ནས་དོན་གཉིས་རླབས་པོ་ཆེ་སྒྲུབ་སྙམས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར༴ དེང་ནས་བརྩམ་ཏེ་སོགས་བརྗོད། སྤྱི་བསྔོ་བའི་མཚམས་སྦྱར་རྒྱས་པར་སྤྲོས་ནས་བསྔོ་སྨོན་གྱིས་རྒྱས་གདབས། རྒྱུད་ཆོག་གི་ཚུལ་དུ་བསྒྲུབ་ཐབས་བཀའ་མ་ལྟར་འདོན། ཚོགས་ལ་རོལ་རྗེས་སྤྱི་མདོ་དགོངས་འདུས་སམ་རྩ་རྒྱུད་ཀུན་འདུས་རིག་པའི་མདོ་ལྟ་བུ་སློབ་མ་དུ་ཡོད་ལ་དཔེ་བསྒོས་ནས་ཚར་གཅིག་བཏོན་ན་ཤིན་ཏུ་ལེགས། རྒྱུད་འདོན་པའི་དབུར། བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གཞན་དོན་རྫོགས་བྱང་ཐོབ་བྱའི་ཕྱིར། །ཟབ་མོའི་རྒྱུད་སྡེ་བཀླགས་པར་བགྱིད། ལན་གསུམ། བདག་ཉིད་གསང་མཆོག་སྐུར་གསལ་ཞིང་། །ངོ་བོ་གཉིས་མེད་གསང་བའི་སྙིང་། །གསུང་གི་བྱིན་རླབས་རང་སྣང་བ། །རྟེན་འབྱུང་སྒྲ་བསྙན་ལྟ་བུའི་ཚུལ། །དབྱིངས་ལས་མ་བྱུང་ཨ་ལས་ནི། །ཡི་གེ་ཡིད་བཞིན་སྤྲིན་ཚོགས་འཕྲོས། །ཨ་ནི་རང་བཞིན་ཡི་གེ་སྟེ། །རྟེན་དང་བྲལ་བའི་རྒྱུ་རྐྱེན་མེད། །ཁོང་ནས་ཀུན་ཁྱབ་ནམ་མཁའ་འདྲ། །ཆོས་དབྱིངས་སྐྱེ་མེད་ཟབ་མོ་ཡིས། །ཆོས་ཀུན་ཁྱབ་གནས་ཟིན་པ་ལྟར། །ཁྱབ་གནས་ཨ་ཡི་རང་བཞིན་གྱིས། །ཡི་གེ་ཀུན་ཁྱབ་ཀུན་ཟིན་ཏེ། །མིང་དང་ཚིག་ཚོགས་སྣ་ཚོགས་བསྒྱུར། །སྐྱེས་བུ་ཐུགས་ཀྱི་དཔལ་བེའུ་ནས། །ཐམས་ཅད་འབྱུང་བ་ཀུན་གྱི་གཞི། །མགུར་གྱི་གསང་བའི་དབྱིངས་སུ་ཤར། །ཆོ་འཕྲུལ་ཡི་གེ་ལྔར་སྣང་བ། །མགུར་གྱི་སྒྲ་བྱུང་མགུར་ལས་གྲགས། །ཨ་ཀ་ཁ་གྷ་ང་། །ཨ་ལས་ཡིག་འབྲུ་ཟེར་འཕྲོས་པས། །ལྗགས་ཀྱི་དབང་པོ་ཟླ་གམ་འཕྲོས། །ཆོ་འཕྲུལ་ཡི་གེ་ལྔར་སྣང་བ། ལྗགས་ཀྱི་སྒྲ་བྱུང་ལྗགས་ལས་གྲགས། །ཙ་ཚ་ཛ་ཛྷ་ཉ། །ཨ་ཡི་འོད་ཟེར་རྩེར་མོ་ལས། །ལྗགས་ཀྱི་ཟླ་གམ་རྩེ་མོ་འཕྲོས། །ཆོ་འཕྲུལ་ལྔ་གཉིས་ཡི་གེ་སྣང་། །རྩེ་མོ་སྒྲ་བྱུང་ཐོར་ཏོར་གྲགས། །ཏ་ཐ་ད་དྷ་ན། །ཊ་ཋ་ཌ་ཌྷ་ཎ། །དེ་བཞིན་དེ་ལས་དེ་བྱུང་བས། །ཞལ་གྱི་སྒྲོམ་ལས་འཁྱིལ་འབར་བའི། །དེ་བཞིན་ཡིག་འབྲུ་ལྔར་སྣང་བས། །ཞལ་གྱི་སྒོར་བྱུང་ཞལ་ལས་གྲགས། །པ་ཕ་བ་བྷ་མ། །ཡིག་འབྲུ་ཀུན་གྱི་མཆོག་དེ་ཉིད། །གསུང་གི་རྒྱུན་ལམ་དེར་བྱུང་བ། །ཡུལ་ལ་རེག་པའི་འབྲུར་ཤར་བ། །ཆོ་འཕྲུལ་ཡི་གེ་སྣ་ཚོགས་སྣང་། །ཡ་ཝ་ར་ལ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཱཻ་ཨཾ་ཨཱ་རྀ་རཱྀ་ལྀ་ལཱྀ་ཨ་ཧོ། ཞེས་བརྗོད་ལ་རྒྱུད་བཀླགས་པའི་རྗེས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་རྣམས་ཀྱིས་མཆོད། ཨེ་མ་ཧོ། ཉེས་བཅོམ་ལེགས་ལྡན་མཚན་བཞི་མཐའ་ལས་འདས། །དཔག་མེད་བྱམས་སྙོམས་དོན་གྱི་བདག་གཞན་དཔལ། །དོན་དམ་གསང་སྦས་ནམ་མཁའི་དཀྱིལ་དུ་འཁྱིལ། །རྡོ་རྗེ་ཆེ་མཆོག་དབང་ཕྱུག་ཀུན་གྱི་བདག །འཛིན་པ་མི་རྟོག་ཤ་རུས་ཁྲག་ལ་རོལ། །ཐུགས་ཀྱི་གདུང་ཐག་འཁོར་བའི་མཐའ་ལ་དགྱེས། །ཡུལ་མེད་མ་སྐྱེས་མཚན་མའི་གཡུལ་ལས་རྒྱལ། །བདེ་མཆོག་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ནམ་མཁའི་ཉི་མར་གསལ། །བྱང་ཆུབ་སེམས་ཀྱི་འོད་ཟེར་དབྱིངས་སུ་འཆར། །དཔའ་བརྟུལ་མྱུར་བུའི་ཤུགས་ཀྱི་འགྲོ་དྲུག་སྒྲོལ། །རྟོག་འཇོམ་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་འཕྲོ། །དམ་པའི་དོན་གསུངས་གཉིས་མེད་སྟོན་པའི་སྐུ། །སྨྲ་བའི་སེང་གེ་མཆོག་ལ་ཕྱག་འཚལ་བསྟོད། །རིན་ཆེན་གཏེར་ལྡན་འདོད་རྒུར་ཀུན་སྐོང་ཞིང་། །ལུང་དང་རིག་པ་གཏན་ཚིག་ཀུན་གྱི་མཛོད། །བརྡའ་ཅན་ཡན་ལག་ལེན་པའི་མེ་ལོང་གསལ། །རྡོ་རྗེ་ཀུན་འདས་འཇིགས་བྱེད་རྒྱལ་པོའི་རྒྱུད། །ཆོས་ཀྱི་མེ་ལོང་འདི་ལ་བདག་ཅག་སྤྲོ། །ཅེས་པས་བསྟོད། ཚོགས་ཀྱི་སྨོན་ལམ་དང་། ལྷག་མ་བསྔོ། ཆོས་སྐྱོང་གཏོར་ཆོག་དང་བསྟན་མ་སོགས་སྒྲུབ་ཐབས་དཀྱུས་ལྟར་ནས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད་པས་དགེ་ལེགས་སུ་བྱའོ། །དེ་ལྟར་འཆད་པའི་ཉིན་གྲངས་ཀྱང་ཞག་བཅོ་ལྔའམ་བདུན་ལས་མི་ཉུང་བར་ངེས་པར་དགོས་སོ། །འདི་དགེའི་བསོད་ནམས་གྲུབ་པ་གང་ཡོད་རྣམས། །གྲོང་ཁྱེར་གསུམ་ལས་འགྲོ་རྣམས་དབུགས་འབྱིན་ཞིང་། །ཡེ་ཤེས་བླ་མའི་ས་མཆོག་ཐོབ་ནས་ཀྱང་། །དོན་གཉིས་ལྷུན་གྲུབ་འབད་མེད་འབྱུང་བར་ཤོག །{{TibChung|ཅེས་པའི་རྒྱུད་ཀྱི་འཆད་ཐབས་ཉུང་ངུ་འདི་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོ་རྒྱུད་འདིའི་བཤད་ལུང་འབོགས་པའི་སྐབས་མཁས་པའི་དབང་ཕྱུག་མཁན་ལེགས་འབྱོར་དང་ནུས་ལྡན་ཟུང་གི་གསུང་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨྲས་པ་ཡི་གེ་པ་ནི་འགྱུར་མེད་བཀྲ་ཤིས་ཀྱིས་བགྱིས་པ་འདིས་ཀྱང་གསང་བ་མཆོག་གི་བསྟན་པ་ཉིན་མོར་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 09:38, 1 June 2024
Wylie title | spyi mdo dgongs 'dus kyi 'chad thabs zin bris nyung ngu rnam gsal | |
---|---|---|
Location | chos kyi blo gros bka' 'bum Volume 9, Text 14, Pages 141-154 (Folios 1a to 7b2) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. spyi mdo dgongs 'dus kyi 'chad thabs zin bris nyung ngu rnam gsal. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 141-154. Bir, H.P.: Khyentse Labrang, 2012. | |
Genre | Notes - zin bris | |
Colophon |
།ཅེས་པའི་རྒྱུད་ཀྱི་འཆད་ཐབས་ཉུང་ངུ་འདི་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོ་རྒྱུད་འདིའི་བཤད་ལུང་འབོགས་པའི་སྐབས་མཁས་པའི་དབང་ཕྱུག་མཁན་ལེགས་འབྱོར་དང་ནུས་ལྡན་ཟུང་གི་གསུང་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨྲས་པ་ཡི་གེ་པ་ནི་འགྱུར་མེད་བཀྲ་ཤིས་ཀྱིས་བགྱིས་པ་འདིས་ཀྱང་གསང་བ་མཆོག་གི་བསྟན་པ་ཉིན་མོར་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། | |
/ces pa'i rgyud kyi 'chad thabs nyung ngu 'di kaHthog rdo rje gdan gyi chos grwa chen po rgyud 'di'i bshad lung 'bogs pa'i skabs mkhas pa'i dbang phyug mkhan legs 'byor dang nus ldan zung gi gsung bskul ngor 'jam dbyangs blo gros rgya mtshos smras pa yi ge pa ni 'gyur med bkra shis kyis bgyis pa 'dis kyang gsang ba mchog gi bstan pa nyin mor byed pa'i rgyur gyur cig__/sarba dA mang+ga laM// |
1 Texts in this Section (sde tshan or chos tshan)