JKCL-KABUM-04-NGA-038: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
m (Text replacement - "Khyentse Metadata" to "Text") |
||
| (3 intermediate revisions by 2 users not shown) | |||
| Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=རིགས་གསུམ་བླ་མའི་རྣལ་འབྱོར། | |||
|fulltitle=rigs gsum bla ma'i rnal 'byor | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''rigs gsum bla ma'i rnal 'byor''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 4: 281-284. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Guru Yoga Texts - bla ma'i rnal 'byor | |||
|terma=No | |||
|jkcloutline=Four | |||
|language=Tibetan | |language=Tibetan | ||
| | |volumenumber=004 | ||
| | |volnumtib=༤ | ||
|volyigtib=ང་ | |||
|totalvolumes=12 | |||
|textnuminvol=038 | |textnuminvol=038 | ||
|pagenumbers=281-284 | |||
|totalpages=4 | |||
|beginfolioline=1a1 | |||
|endfolioline=2b2 | |||
|totalfolios=2 | |||
|multivolumework=No | |||
|colophontib=།ཞེས་པའང་ཤངས་ཐོ་དྲུང་ཀུན་དགའ་རྣམ་རྒྱལ་གྱི་སྤྲུལ་པའི་སྐུ་ལུང་རྟོགས་ཆོས་ཀྱི་བློ་གྲོས་ཀྱིས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ། | |||
|colophonwylie=/zhes pa'ang shangs tho drung kun dga' rnam rgyal gyi sprul pa'i sku lung rtogs chos kyi blo gros kyis gsung bskul ngor 'jam dbyangs chos kyi blo gros pas bris pa don dang ldan par gyur cig__/ | |||
|pdflink=File:JKCL-KABUM-04-NGA-038.pdf | |pdflink=File:JKCL-KABUM-04-NGA-038.pdf | ||
}} | }} | ||
| Line 16: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|རིགས་གསུམ་བླ་མའི་རྣལ་འབྱོར་བཞུགས་སོ། །ཨེ་མ་ཧོ། རང་སྣང་རྣམ་དག་བདེ་བ་ཅན་གྱི་ཞིང་། །རང་ཉིད་གཞི་ལུས་སྤྱན་རས་གཟིགས་དབང་ནི། །དཀར་གསལ་ཞལ་གཅིག་ཕྱག་གཉིས་སེམས་སྐྱིལ་འཁོད། །མདུན་མཁར་མཆོད་སྤྲིན་རྒྱ་མཚོས་བཏེགས་པའི་དབུས། །རྩ་བའི་བླ་མ་དམ་པ་ཆོས༵་རབ་འཕེལ༵། །ལུང་རྟོགས་རབ༵་རྒྱས༵་སྤྱན་རས་གཟིགས་དབང་སྐུ། །ཞལ་གཅིག་ཕྱག་བཞིར་གསལ་བའི་ཐུགས་དབུས་སུ། །ཆོ༵ས་ཀྱི༵་བློ༵་གྲོས༵་འཇམ་དབྱངས་དམར་སེར་གྱི། །རྣམ་པས་བཞུགས་ཤིང་སྤྱི་བོར་པད་ཟླའི་སྟེང་། །བློ༵་གཏེར༵་དབ༵ང་པོ༵་གསང་བདག་ཞི་མ་ཁྲོ། །རྡོ་དྲིལ་བསྣམས་པར་གསལ་བའི་གནས་གསུམ་དུ། །ཡིག་འབྲུ་གསུམ་མཚན་དེ་ལས་འོད་ཟེར་འཕྲོས། །ཡེ་ཤེས་སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར། །བདག་གཞན་ལུས་དང་ལོངས་སྤྱོད་དགེ་བའི་ཚོགས། །དགྲ་གཉེན་བར་མའི་སྣང་བ་ཅི་མཆིས་པ། །རིགས་གསུམ་བླ་མའི་ཚོགས་ལ་དབུལ་བར་བགྱི། །ཆགས་སྡང་རྨོངས་གསུམ་ཞི་བར་བྱིན་གྱིས་རློབས། | {{TibP|རིགས་གསུམ་བླ་མའི་རྣལ་འབྱོར་བཞུགས་སོ། །ཨེ་མ་ཧོ། རང་སྣང་རྣམ་དག་བདེ་བ་ཅན་གྱི་ཞིང་། །རང་ཉིད་གཞི་ལུས་སྤྱན་རས་གཟིགས་དབང་ནི། །དཀར་གསལ་ཞལ་གཅིག་ཕྱག་གཉིས་སེམས་སྐྱིལ་འཁོད། །མདུན་མཁར་མཆོད་སྤྲིན་རྒྱ་མཚོས་བཏེགས་པའི་དབུས། །རྩ་བའི་བླ་མ་དམ་པ་ཆོས༵་རབ་འཕེལ༵། །ལུང་རྟོགས་རབ༵་རྒྱས༵་སྤྱན་རས་གཟིགས་དབང་སྐུ། །ཞལ་གཅིག་ཕྱག་བཞིར་གསལ་བའི་ཐུགས་དབུས་སུ། །ཆོ༵ས་ཀྱི༵་བློ༵་གྲོས༵་འཇམ་དབྱངས་དམར་སེར་གྱི། །རྣམ་པས་བཞུགས་ཤིང་སྤྱི་བོར་པད་ཟླའི་སྟེང་། །བློ༵་གཏེར༵་དབ༵ང་པོ༵་གསང་བདག་ཞི་མ་ཁྲོ། །རྡོ་དྲིལ་བསྣམས་པར་གསལ་བའི་གནས་གསུམ་དུ། །ཡིག་འབྲུ་གསུམ་མཚན་དེ་ལས་འོད་ཟེར་འཕྲོས། །ཡེ་ཤེས་སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར། །བདག་གཞན་ལུས་དང་ལོངས་སྤྱོད་དགེ་བའི་ཚོགས། །དགྲ་གཉེན་བར་མའི་སྣང་བ་ཅི་མཆིས་པ། །རིགས་གསུམ་བླ་མའི་ཚོགས་ལ་དབུལ་བར་བགྱི། །ཆགས་སྡང་རྨོངས་གསུམ་ཞི་བར་བྱིན་གྱིས་རློབས། །{{TibChung|སྤྲོ་ན་མཎྜལ་ཅི་ནུས་དབུལ།}} རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཡེ་ཤེས་རྣམས། །གཅིག་བསྡུས་བླ་མ་རིགས་གསུམ་མགོན་པོ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །{{TibChung|མཚན་སྔགས་བཟླ་བར་སྤྲོ་ན།}} ཨོཾ་ཨཱཿགུ་རུ་ལོ་ཀི་ཤྭ་ར་སརྦ་སིདྡྷི་ཧཱུྃ། ཨོཾ་ཨཱཿགུ་རུ་མཉྫུ་ཤྲཱི་ཨ་ར་པ་ཙ་ན་དྷཱིཿསརྦ་སིདྡྷི་ཧཱུྃ། ཨོཾ་ཨཱཿགུ་རུ་བཛྲ་པཱ་ཎི་སརྦ་སིདྡྷི་ཧཱུྃ། {{TibChung|ཞེས་པ་རྣམས་ཅི་ནུས་བཟླས་མཐར་སླར་ཡང་གོང་བཞིན་གསོལ་བ་ལན་གསུམ་བཏབ་ལ། འདོད་དོན་ཞུ་བ་ནི།}} བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །བླ་མ་རིགས་གསུམ་མགོན་པོས་རྗེས་གཟུང་སྟེ། །སྐྱེ་དང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །ངེས་འབྱུང་ཚུལ་ཁྲིམས་གཙང་མས་གཞི་གཟུང་ཤོག །ཐེག་ཆེན་རིགས་སད་བྱང་ཆུབ་སེམས་མཆོག་བསྐྱེད། །རང་ཉིད་གཅེས་པར་འཛིན་པའི་བློ་ངན་དོར། །གཞན་ལ་ཕན་པ་སྙིང་ནས་བསྒྲུབ་པ་དང་། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག །མ་དག་སྣང་བར་ངེས་འབྱུང་བློ་སྐྱེས་ཤིང་། །ཉམས་ཀྱི་སྣང་བས་ལམ་རྣམས་གཅིག་ཏུ་བསྒྲུབས། །དག་པའི་སྣང་བར་སྤྲོ་བ་རབ་བསྐྱེད་དེ། །རྡོ་རྗེ་ཐེག་པའི་ལམ་ལ་འཇུག་པར་ཤོག །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་ལས། །སྨིན་བྱེད་དབང་གི་ཆོ་གས་རྒྱུད་སྨིན་ཅིང་། །དམ་ཚིག་སྡོམ་ལ་རབ་ཏུ་གནས་པ་དང་། །གཞི་རྒྱུད་ལྟ་བར་སྒྲོ་འདོགས་ཆོད་པར་ཤོག །ཕྱི་ནང་བསྐྱེད་རིམ་ལེགས་པར་བསྒོམས་པ་ཡིས། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ཆེན་པོར་རྫོགས། །ཐ་མལ་སྣང་ཞེན་ལྷ་སྐུར་དག་པ་ཡི། །བསྐྱེད་རིམ་ཟབ་མོའི་ལམ་མཆོག་མཐར་ཕྱིན་ཤོག །རླུང་དང་གཏུམ་མོའི་རྣལ་འབྱོར་ཟབ་མོ་ཡིས། །བདག་བྱིན་བརླབས་པའི་རྣལ་འབྱོར་མཐར་ཕྱིན་ཏེ། །རྩ་ཡིག་འགྲོས་ཐིམ་རླུང་སེམས་དྷུ་ཏིར་ཚུད། །གསང་བའི་དབང་གི་རིམ་པ་མཐར་ཕྱིན་ཤོག །རླུང་སེམས་ལས་རུང་དྲོད་ཐོབ་སྤྱོད་པ་བསྐྱངས། །ཕོ་ཉའི་ལམ་གྱི་ཉེ་རྒྱུའི་སྦྱོར་བ་ལས། །ཐིག་ལེའི་འགྲོས་ཐིམ་དགའ་བཞིས་དྲངས་པ་ཡི། །ཤེར་དབང་དཔེ་ཡི་ཡེ་ཤེས་མངོན་གྱུར་ཤོག །རྡོ་རྗེའི་རྦ་རླབས་ལམ་གྱི་སྦྱོར་བ་ཡིས། །ཤིན་ཏུ་རྣམ་དག་དོན་གྱི་ཡེ་ཤེས་ནི། །མངོན་སུམ་རྟོགས་ནས་རླུང་གི་འགྲོས་ཐིམ་སྟེ། །བཞི་པའི་ལམ་གྱི་རྩེ་མོར་སོན་པར་ཤོག །དེ་ཚེ་བླ་མ་སྐུ་བཞི་མངོན་གྱུར་ཏེ། །ནམ་མཁའ་མཉམ་པའི་འགྲོ་རྣམས་མ་ལུས་པ། །རྣམ་གྲོལ་བྱང་ཆུབ་ལམ་ལ་འགོད་ནུས་པའི། །ཡོན་ཏན་རྒྱ་མཚོ་དོན་གཉིས་ལྷུན་གྲུབ་ཤོག །{{TibChung|ཅེས་སྨོན་ལམ་གདབ་མཐར་དབང་བླང་བ་ནི།}} བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་འཕྲོས་སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས། །རིམ་དང་ཅིག་ཆར་རང་གི་གནས་བཞིར་ཐིམ། །སྒྲིབ་བཞི་དག་ཅིང་རྡོ་རྗེ་བཞི་མངོན་གྱུར། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་བསྲེ་ཞིང་རྟོག་པས་མ་བསླད་པའི། །གཉུག་མ་སེམས་ཀྱི་རྡོ་རྗེའི་རང་ཞལ་བལྟ། །སླར་ཡང་སྣང་གྲགས་བླ་མའི་རོལ་པར་ཤར། །{{TibChung|ཞེས་བརྗོད་ལ་དགེ་བསྔོ་དང་། སྐྱེ་བ་ཀུན་ཏུ་སོགས་ཀྱི་སྨོན་ལམ་བཟང་པོས་རྒྱས་གདབ་བོ། །ཞེས་པའང་ཤངས་ཐོ་དྲུང་ཀུན་དགའ་རྣམ་རྒྱལ་གྱི་སྤྲུལ་པའི་སྐུ་ལུང་རྟོགས་ཆོས་ཀྱི་བློ་གྲོས་ཀྱིས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
| Line 24: | Line 39: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:JKCL-KABUM-Volume-04-NGA]] | |||
[[Category:JKCL-KABUM-Volume-04-NGA]] | [[Category:JKCL-KABUM-Volume-04-NGA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Latest revision as of 08:32, 1 June 2024
| Wylie title | rigs gsum bla ma'i rnal 'byor | |
|---|---|---|
| Location | chos kyi blo gros bka' 'bum Volume 4, Text 38, Pages 281-284 (Folios 1a1 to 2b2) | |
| Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
| Less details More details | ||
| Citation | 'jam dbyangs mkhyen brtse chos kyi blo gros. rigs gsum bla ma'i rnal 'byor. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 281-284. Bir, H.P.: Khyentse Labrang, 2012. | |
| Genre | Guru Yoga Texts - bla ma'i rnal 'byor | |
| Colophon |
།ཞེས་པའང་ཤངས་ཐོ་དྲུང་ཀུན་དགའ་རྣམ་རྒྱལ་གྱི་སྤྲུལ་པའི་སྐུ་ལུང་རྟོགས་ཆོས་ཀྱི་བློ་གྲོས་ཀྱིས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ། | |
|
/zhes pa'ang shangs tho drung kun dga' rnam rgyal gyi sprul pa'i sku lung rtogs chos kyi blo gros kyis gsung bskul ngor 'jam dbyangs chos kyi blo gros pas bris pa don dang ldan par gyur cig__/ | ||
