JKW-KABUM-23-'A-001-042: Difference between revisions

From Khyentse Lineage - A Tsadra Foundation Project
JKW-KABUM-23-'A-001-042
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
 
No edit summary
Line 29: Line 29:
==Other Information==
==Other Information==
{{Footer}}
{{Footer}}
[[Category:JKW-KABUM-23-'A-001]]
[[Category:JKW-KABUM-23-'A-001]]
[[Category:JKW-KABUM-23-'A-001]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:JKW-KABUM-Volume-23-'A]]
[[Category:JKW-KABUM-Volume-23-'A]]

Revision as of 12:42, 23 March 2021

Wylie title page=1
Location mkhyen brtse'i bka' 'bum
Volume 1, sde tshan 42, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
རྡོར་སེམས་ལ་ཡང་སྙིང་གིས་བསྔགས་པའི་གླུ་གསང་བདག་བཞད་པའི་དབྱངས་སྙན། དཔལ་རྡོ༷་རྗེ༷་སེ༷མས་དཔ༷འ་ལ༷་ཡང་སྙིང་གི་སྒོ་ནས་བསྔ༷གས་པའི༷་རྡོ་རྗེའི་གླུ་གས༷ང་བད༷ག་བཞ༷ད་པ༷འི་དབྱང༷ས་སྙན༷་ཞེས་བྱ་བ། ཨོཾ་གྱི་རང་བཞིན་ལྷུན་གྲུབ་གཉིས་མེད་ཀྱི་ཡེ་ཤེས། །བདག་དོན་དག་པ་གཉིས་ལྡན་ཆོས་སྐུ་ཡི་ཀློང་ན། །གཞན་ཕྱིར་གཟུགས་སྐུའི་རྣམ་འཕྲུལ་མཁའ་ཁྱབ་ཏུ་འཆར་བའི། །དཔ༷ལ་ལྡན་སྐུ་གསུམ་དབྱེར་མེད་ཆེན་པོ་ལ་འདུད་དོ། །བཛྲ་གཞི་ལམ་འབྲས་བུའི་ཆོས་རྣམས་ཀུན་མ་ལུས། །གཅིག་དང་དུ་མ་ལས་འདས་རང་བྱུང་གི་རིག་པ། །གཟུང་འཛིན་རྟོག་པས་མི་ཕྱེད་བྱང་ཆུབ་ཀྱི་སེམས་ཉིད། །རྡོ༷་རྗེ༷་རྡུལ་བྲལ་སྟོང་པའི་ངོ་བོ་ལ་འདུད་དོ། །སཏྭཱ་རིག་སྟོང་ལྷན་སྐྱེས་འགྱུར་མེད་དུ་བརྟན་པས། །འཁོར་འདས་ཆོས་ཀུན་མཉམ་པ་ཉིད་དབྱིངས་སུ་བསྡུས་པའི། །གནས་ལུགས་མངོན་སུམ་རྟོགས་པ་སྒྲིབ་བྲལ་གྱི་འབྲས་བུ། །སེམ༷ས་དཔ༷འ་ཟག་མེད་སྙིང་རྗེའི་རང་གདངས་ལ་འདུད་དོ། །ཨཱཿཡིག་ཐབས་དང་ཤེས་རབ་ཟུང་འཇུག་གིས་མཚོན་པའི། །འབྱུང་དང་ཕུང་པོ་རྣམ་དག་ཟབ་གསལ་གྱི་དབྱིངས་ལས། ཁ་སྦྱོར་བདེ་བའི་སྐུ་ཅན་ལྷར་སྣང་དང་རྟོག་ཚོགས། །སྒྱུ་འཕྲུལ་དྲྭ་བ་གཅིག་པུའི་རྣམ་རོལ་ལ་འདུད་དོ། །ཕུ༷ན་སུ༷མ་ཚོ༷གས་པ་ལྔ༷་ལྡ༷ན་འོག་མིན་ཕྱི་ཞིང་དུ། །ཐབས་དང་ཤེས་རབ་དབྱེར་མེད་གླེང༷་བསླང༷་གི་སྦྱོར་བས། །གསང༷་བའི་མཐར་ཐུག་བསྟན་པ་སྙིང༷་པོ༷་ཡི་རྒྱུད་སྡེའི། །དགོངས་དོན་འཁྲུལ་མེད་རྟོགས་པར་བྱིན་གྱིས་རང་རློབས་ཤིག །གཞི༷་དབྱིངས་བདེན་གཉིས་མི་ཕྱེད་ཆོས་སྐུ་རུ་ཤེས་པས། །ལམ༷་མཆོག་ཏིང་འཛིན་ལྔ་ཡི་འཇུག་པ་དང་སྦྱར་ཏེ། །འབྲས༷་བུ་སློབ་པའི་རིག་འཛིན་རྣམ་བཞི་ལ་བརྟེན་ནས། །མི་སློབ་ཟུང་འཇུག་ཐོབ་པར་བྱིན་གྱིས་རང་རློབས་ཤིག །བརྗོད་བྱ་རྗོད་བྱེད་དགོས༷་འབྲེ༷ལ་རྨད་བྱུང་དང་ལྡན་པས། །ཆོས་ཀུན་སྣང་བཞིར་གདམ༷ས་ནས་སྐལ་བཟང་ལ་གཏད༷་པའི། །ངེས་དོན་སྙིང་པོའི་བཤད་སྒྲུབ་ཕྲིན་ལས་ཀྱི་སྣང་བས། །ཕན་བདེའི་པདྨོ་རྒྱས་པའི་སྨོན་ལམ་ཞིག་ཞུའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཡང་སྙིང་གི་སྔགས་ཀྱི་ངེས་པ་དང་། དཔལ་གསང་བ་སྙིང་པོའི་རྒྱུད་དོན་ཟུང་དུ་འབྲེལ་བས་མངོན་པར་བསྔགས་པའི་བཛྲ་གཱི་རྟིའི་རྒྱུད་མངས་རིག་འཛིན་གྱི་བཙུན་པ་རྡོ་རྗེ་ཐུགས་མཆོག་རྩལ་གྱི་དད་གསུམ་སོར་མོས་བསྒྲེངས་པ་སྟེ། འདིས་ཀྱང་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བྱང་ཆུབ་ལ་མྱུར་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག ། ༈
[edit]

rdor sems la yang snying gis bsngags pa'i glu gsang bdag bzhad pa'i dbyangs snyan/__ dpal rdoX rjeX seXms dpaX' laX yang snying gi sgo nas bsngaXgs pa'iX rdo rje'i glu gsaXng bdaXg bzhaXd paX'i dbyangaXs snyanaX zhes bya ba/_oM gyi rang bzhin lhun grub gnyis med kyi ye shes/__/bdag don dag pa gnyis ldan chos sku yi klong na/__/gzhan phyir gzugs sku'i rnam 'phrul mkha' khyab tu 'char ba'i/__/dpaXl ldan sku gsum dbyer med chen po la 'dud do/__/badz+ra gzhi lam 'bras bu'i chos rnams kun ma lus/__/gcig dang du ma las 'das rang byung gi rig pa/__/gzung 'dzin rtog pas mi phyed byang chub kyi sems nyid/__/rdoX rjeX rdul bral stong pa'i ngo bo la 'dud do/__/satwA rig stong lhan skyes 'gyur med du brtan pas/__/'khor 'das chos kun mnyam pa nyid dbyings su bsdus pa'i/__/gnas lugs mngon sum rtogs pa sgrib bral gyi 'bras bu/__/semaXs dpaX' zag med snying rje'i rang gdangs la 'dud do/__/AHyig thabs dang shes rab zung 'jug gis mtshon pa'i/__/'byung dang phung po rnam dag zab gsal gyi dbyings las/__kha sbyor bde ba'i sku can lhar snang dang rtog tshogs/__/sgyu 'phrul drwa ba gcig pu'i rnam rol la 'dud do/__/phuXn suXm tshoXgs pa lngaX ldaXn 'og min phyi zhing du/__/thabs dang shes rab dbyer med glengaX bslangaX gi sbyor bas/__/gsangaX ba'i mthar thug bstan pa snyingaX poX yi rgyud sde'i/__/dgongs don 'khrul med rtogs par byin gyis rang rlobs shig__/gzhiX dbyings bden gnyis mi phyed chos sku ru shes pas/__/lamaX mchog ting 'dzin lnga yi 'jug pa dang sbyar te/__/'brasaX bu slob pa'i rig 'dzin rnam bzhi la brten nas/__/mi slob zung 'jug thob par byin gyis rang rlobs shig__/brjod bya rjod byed dgosaX 'breXl rmad byung dang ldan pas/__/chos kun snang bzhir gdamaXs nas skal bzang la gtadaX pa'i/__/nges don snying po'i bshad sgrub phrin las kyi snang bas/__/phan bde'i pad+mo rgyas pa'i smon lam zhig zhu'o/__/zhes bcom ldan 'das rdo rje sems dpa' la yang snying gi sngags kyi nges pa dang /__dpal gsang ba snying po'i rgyud don zung du 'brel bas mngon par bsngags pa'i badz+ra gI rti'i rgyud mangs rig 'dzin gyi btsun pa rdo rje thugs mchog rtsal gyi dad gsum sor mos bsgrengs pa ste/__'dis kyang yid can rgya mtsho'i rdul snyed sgyu 'phrul drwa ba chen po'i byang chub la myur du dbugs 'byin pa'i rgyur gyur cig__/__!

Footnotes

Other Information