JKW-KABUM-23-'A-001-010: Difference between revisions

From Khyentse Lineage - A Tsadra Foundation Project
JKW-KABUM-23-'A-001-010
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
 
No edit summary
Line 29: Line 29:
==Other Information==
==Other Information==
{{Footer}}
{{Footer}}
[[Category:JKW-KABUM-23-'A-001]]
[[Category:JKW-KABUM-23-'A-001]]
[[Category:JKW-KABUM-23-'A-001]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:JKW-KABUM-Volume-23-'A]]
[[Category:JKW-KABUM-Volume-23-'A]]

Revision as of 12:42, 23 March 2021

Wylie title page=1
Location mkhyen brtse'i bka' 'bum
Volume 1, sde tshan 10, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
ཡང་རྩ་སྔགས་ཀྱི་བསྟོད་པ་གྲུབ་པའི་ངག། ཡེ་ཤེས་ཀྱི་ཌཱ་ཀི་ནཱི་ལ་རྩ་སྔགས་ཀྱི་སྒོ་ནས་བསྟོད་པ་གྲུབ་པའི་ངག་ཅེས་བྱ་བ། ན་མོ་གུ་རུཿ ཨོཾ་ཡིག་ལས་སྐྱེས་རྒྱལ་ཀུན་སྐུ་རྡོ་རྗེ། །དགྱེས་ཆགས་བཞད་པའི་རྣམ་པར་ཡོངས་ཤར་བས། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་བསྡུ་བའི་བདག །སྲིད་ཞིའི་བྱེད་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །པདྨོ་རྒྱས་པའི་དཔལ་ལས་བྱུང་བ་ཡི། །སྦྲང་རྩིའི་ཟིལ་དངར་སར་པས་མཚོན་མིན་པའི། །མི་ཤིགས་རྡོ་རྗེ་ནཱ་དའི་སྒྲ་དབྱངས་ཀྱིས། །ལུང་རྟོགས་ཆོས་ཁམས་སྤྲོ་ལ་ཕྱག་འཚལ་བསྟོད། །ཡོ་གི་རྣམས་ལ་རྟག་པར་བརྩེ་བ་ཡི། །ཐུགས་རྗེའི་གསེར་སྤྲིན་རོལ་པའི་ཟློས་གར་གྱིས། །གྲུབ་གཉིས་ནོར་བུའི་གྲུ་ཆར་འབེབས་མཁས་པའི། །སྔོན་མེད་གདེངས་ཅན་བདག་པོར་ཕྱག་འཚལ་བསྟོད། །ནཱི་ལའི་མདངས་ཅན་སྤྱན་གྱི་ཟུར་མདའ་ཙམ། །གང་ལ་རེག་པ་ཡིས་ཀྱང་ཕན་དང་བདེའི། །འདོད་དགུ་གཅིག་ཅར་འཇོ་བའི་ཡོན་ཏན་གྱི། །ངོ་མཚར་ཕ་མཐའ་ཡས་ལ་ཕྱག་འཚལ་བསྟོད། །ཛྙཱ་ན་པ་ར་མི་ཏཱའི་ས་བརྙེས་ཕྱིར། །འཇུག་དང་ལྡང་བ་བྲལ་བར་རབ་ཞི་ཡང་། །རྣམ་བཞིའི་ཕྲིན་ལས་འགོགས་པ་མེད་པ་ཡིས། །སྐལ་བཟང་ཀུན་དགར་བགྱིད་ལ་ཕྱག་འཚལ་བསྟོད། །ཝ་རིའི་གཏེར་གྱི་མཇིང་ཟབ་ལས་ཐོན་པའི། །པདྨ་རཱ་གའི་མདངས་འཕྲོག་དགའ་མ་ཁྱོད། །མཐོང་བའི་མོད་ནས་བདེ་སྟོང་ཡེ་ཤེས་ཀྱིས། །སྙིང་ལ་འཁྱུད་པར་མཛད་དེར་ཕྱག་འཚལ་བསྟོད། །ཧཱི་ཧིའི་འཛུམ་དཀར་གཡོ་བའི་རྡོ་རྗེའི་གསུངས། །ཐོས་པ་ཙམ་གྱིས་ཀུན་ཏུ་རྟོག་པའི་མུན། །མཐའ་དག་བསལ་ནས་ནང་གི་ཉི་མ་ཡིས། །རྣམ་གྲོལ་སྣང་བ་སྦྱིན་ལ་ཕྱག་འཚལ་བསྟོད། །ཧཱུྃ་གི་ངོ་བོར་ཆོས་ཀུན་སོན་པའི་ཐུགས། །དྲན་པའི་རྡོ་རྗེས་གཟུང་འཛིན་རི་བོའི་རྐང་། །ཡོངས་སུ་བཅིང་ནས་མཁྱེན་བརྩེའི་འཆི་མེད་གྲོང་། །རྟག་པར་བརླིང་བར་མཛད་ལ་ཕྱག་འཚལ་བསྟོད། །དེ་ལྟར་གུས་པས་བསྟོད་པའི་མཐུ་ཡིས་བསོད་ནམས་ཆུ་གཏེར་འཕེལ་བའི་རླབས། །ཟླ་བ་ནོར་བུའི་རྩེ་དགར་དགོད་ལས་ཕུན་ཚོགས་ཤིས་དགུའི་ཀུ་མུ་དཱ། །འཛུམ་བཅས་རོལ་པའི་རྐང་སྟེགས་ལ་འཛེགས་སྲིད་ཞིའི་འབྱོར་པའི་བསིལ་བ་ཡིས། །ཚུལ་མིན་རྒུད་པའི་ཚ་གདུང་ཀུན་བཅིལ་དགེ་མཚན་གཡོ་བ་མེད་གྱུར་ཅིག །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་རྩ་སྔགས་དང་སྦྱར་བའི་བསྟོད་པ་འདི་ཡང་དམར་ཕྱོགས་ཌཱཀྐི་འདུ་བའི་དུས་དགེ་བར་སྨྲ་བའི་ཉི་མའི་བློ་མཚོ་ལས་བྱུང་བའོ། ། ༈
[edit]

yang rtsa sngags kyi bstod pa grub pa'i ngag/_ ye shes kyi DA ki nI la rtsa sngags kyi sgo nas bstod pa grub pa'i ngag ces bya ba/__na mo gu ruH__oM yig las skyes rgyal kun sku rdo rje/__/dgyes chags bzhad pa'i rnam par yongs shar bas/__/dkyil 'khor rgya mtsho spro dang bsdu ba'i bdag__/srid zhi'i byed po khyod la phyag 'tshal bstod/__/pad+mo rgyas pa'i dpal las byung ba yi/__/sbrang rtsi'i zil dngar sar pas mtshon min pa'i/__/mi shigs rdo rje nA da'i sgra dbyangs kyis/__/lung rtogs chos khams spro la phyag 'tshal bstod/__/yo gi rnams la rtag par brtse ba yi/__/thugs rje'i gser sprin rol pa'i zlos gar gyis/__/grub gnyis nor bu'i gru char 'bebs mkhas pa'i/__/sngon med gdengs can bdag por phyag 'tshal bstod/__/nI la'i mdangs can spyan gyi zur mda' tsam/__/gang la reg pa yis kyang phan dang bde'i/__/'dod dgu gcig car 'jo ba'i yon tan gyi/__/ngo mtshar pha mtha' yas la phyag 'tshal bstod/__/dz+nyA na pa ra mi tA'i sa brnyes phyir/__/'jug dang ldang ba bral bar rab zhi yang /__/rnam bzhi'i phrin las 'gogs pa med pa yis/__/skal bzang kun dgar bgyid la phyag 'tshal bstod/__/wa ri'i gter gyi mjing zab las thon pa'i/__/pad+ma rA ga'i mdangs 'phrog dga' ma khyod/__/mthong ba'i mod nas bde stong ye shes kyis/__/snying la 'khyud par mdzad der phyag 'tshal bstod/__/hI hi'i 'dzum dkar g.yo ba'i rdo rje'i gsungs/__/thos pa tsam gyis kun tu rtog pa'i mun/__/mtha' dag bsal nas nang gi nyi ma yis/__/rnam grol snang ba sbyin la phyag 'tshal bstod/__/hU~M gi ngo bor chos kun son pa'i thugs/__/dran pa'i rdo rjes gzung 'dzin ri bo'i rkang /__/yongs su bcing nas mkhyen brtse'i 'chi med grong /__/rtag par brling bar mdzad la phyag 'tshal bstod/__/de ltar gus pas bstod pa'i mthu yis bsod nams chu gter 'phel ba'i rlabs/__/zla ba nor bu'i rtse dgar dgod las phun tshogs shis dgu'i ku mu dA/__/'dzum bcas rol pa'i rkang stegs la 'dzegs srid zhi'i 'byor pa'i bsil ba yis/__/tshul min rgud pa'i tsha gdung kun bcil dge mtshan g.yo ba med gyur cig__/rje btsun rdo rje rnal 'byor ma la rtsa sngags dang sbyar ba'i bstod pa 'di yang dmar phyogs DAk+ki 'du ba'i dus dge bar smra ba'i nyi ma'i blo mtsho las byung ba'o/___/__!_

Footnotes

Other Information