SPCD-KABUM-02-KHA-028: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
 
(2 intermediate revisions by 2 users not shown)
Line 1: Line 1:
{{Text
|classification=Tibetan Publications
|subclass=Tibetan Texts
|sectionheading=No
|fulltitletib=འཕགས་མ་སྒྲོལ་མའི་ཚོགས་མཆོད་དོན་འདུས་ཡེ་ཤེས་རོལ་མོ།
|fulltitle='phags ma sgrol ma'i tshogs mchod don 'dus ye shes rol mo
|citation=[['phags mchog rdo rje]]. '''phags ma sgrol ma'i tshogs mchod don 'dus ye shes rol mo''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. 2: 555-560.  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|collectiontitletib=འཕགས་མཆོག་བཀའ་འབུམ།
|collectiontitle='phags mchog bka' 'bum
|author='phags mchog rdo rje
|authortib=འཕགས་མཆོག་རྡོ་རྗེ་
|tibgenre=Feast Offering - tshogs mchod - tshogs kyi 'khor lo
|terma=No
|language=Tibetan
|volumenumber=02
|volnumtib=༢
|volyigtib=ཁ་
|totalvolumes=3
|textnuminvol=028
|pagenumbers=555-560
|totalpages=6
|beginfolioline=1a1
|endfolioline=3b3
|totalfolios=3
|multivolumework=No
|versonotes=sgrol ma'i tshogs mchod
|colophontib=།འདི་འདྲའི་རིགས་ཉམས་སུ་མི་ལོང་བའི་རང་བཞིན་ལས། གསར་དུ་འབྲི་བའི་དོན་ཅང་མ་མཐོང་ཡང་། དགེ་བརྩོན་འགྲུས་ལགས་ནས་དུས་ཚེས་དགེ་བའི་ཉིན་དར་དང་ལྕགས་ཕུར་སྒྲོས་གཙང་བཅས་ཏེ་བསྐུལ་ངོ་མ་ལྡོག་ཙམ་དུ་སྲས་མིང་པ་ཀུན་བཟང་རྡོ་རྗེ་རྩལ་གྱིས་ལྷག་བསམ་དད་པའི་ངང་ནས་ཤུགས་འབྱུང་དུ་བྲིས་པ་དགེ་ལེགས་ཤོག །དགེའོ།།
|colophonwylie=/'di 'dra'i rigs nyams su mi long ba'i rang bzhin las/_gsar du 'bri ba'i don cang ma mthong yang /_dge brtson 'grus lags nas dus tshes dge ba'i nyin dar dang lcags phur sgros gtsang bcas te bskul ngo ma ldog tsam du sras ming pa kun bzang rdo rje rtsal gyis lhag bsam dad pa'i ngang nas shugs 'byung du bris pa dge legs shog_/dge'o//
|pdflink=File:SPCD-KABUM-02-KHA-028.pdf
|volumeLetter=KHA
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA
}}
<h1>Tibetan Text</h1>
<onlyinclude>
{{TibP|
༄༅། །འཕགས་མ་སྒྲོལ་མའི་ཚོགས་མཆོད་དོན་འདུས་ཡེ་ཤེས་རོལ་མོ་ཞེས་བྱ་བ་བཞུགས་སོ།།


༄༅། །འཕགས་མ་སྒྲོལ་མའི་ཚོགས་མཆོད་དོན་འདུས་ཡེ་ཤེས་རོལ་མོ་ཞེས་བྱ་བ་བཞུགས་སོ།།
༄༅། །དེ་ཡང་ཁྲལ་སོང་ལྟ་བུ་མ་ཡིན་པར་ཐབས་ཤེས་ཀྱི་ཚོགས་རྫས་བཟང་ལ་གྱ་ནོམ་པའི་དངོས་པོ་ཅི་འབྱོར་རྣམས་གཙང་ཞིང་ཡིད་དུ་འོང་བར་བཤམས་བཀོད་བྱས་ལ་བདུད་རྩིས་བྲན་ནས། དང་པོ་ཡེ་ཤེས་པ་སྤྱན་འདྲེན་ཞིང་བཞུགས་སུ་གསོལ་བ་ནི། ཧྲཱིཿ འོག་མིན་ཆོས་དབྱིངས་གཞལ་མེད་ཕོ་བྲང་ནས། །ཡེ་ཤེས་མཁའ་འགྲོ་རྒྱ་མཚོ་གཤེགས་སུ་གསོལ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ནས། །འཕགས་མ་སྒྲོལ་མ་ཉེར་གཅིག་གཤེགས་སུ་གསོལ། །འཇིག་རྟེན་གནས་ཡུལ་དག་པའི་སྣང་བ་ནས། །སྤྲུལ་པ་ལས་ཀྱི་ལྷ་ཚོགས་གཤེགས་སུ་གསོལ། །སྐུ་མདོག་ལྗང་གསལ་མརྒད་མདོག་ལྟར་འཚེར། །གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན། །ཁྲོ་འཛུམ་ཆགས་པའི་ཉམས་འགྱུར་བདེ་སྟེར་མ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་འཛིན། །དར་དང་རིན་ཆེན་སྣ་ཚོགས་བརྒྱན་གྱིས་སྤྲས། །མཛེས་པའི་གར་དང་རྡོ་རྗེའི་གླུ་དབྱངས་སྒྲོགས། །བྱིན་རླབས་དངོས་གྲུབ་མྱུར་འབེབས་རྗེ་བཙུན་མ། །ཡེ་ཤེས་མཁའ་འགྲོའི་འཁོར་ཚོགས་དང་བཅས་པ། །གསང་ཆེན་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །དམ་ཚིག་གཉན་པོར་དགོངས་ཏེ་གཤེགས་སུ་གསོལ། །ཨོཾ་ཨཱརྻ་ཏཱ་རེ་ཛྙཱ་ན་ཌཱཀྐི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛཿཛཿ མཁྱེན་བརྩེ་ནུས་པའི་དཔལ་མངའ་དེང་འདིར་དགོངས། །བདག་གཞན་བླ་མེད་བྱང་ཆུབ་མ་ཐོབ་བར། །དམ་ཚིག་ཡེ་ཤེས་གཉིས་སུ་མེད་པ་ཡིས། །མི་འབྲལ་རྟག་པ་རྒྱུན་དུ་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། གཉིས་པ་ཚོགས་རྫས་བྱིན་གྱིས་བརླབས་ཤིང་འབུལ་བའི་རིམ་པ་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཡེ་ཤེས་ལྔ་ཡི་རང་རྩལ་འཕྲོ་བ་ལས། །ཚོགས་རྫས་དངོས་འཛིན་བསྲེགས་གཏོར་ཡོངས་སུ་སྦྱངས། །རྣམ་ཀུན་མཆོག་ལྡན་རྒྱལ་བའི་དཀྱིལ་འཁོར་དུ། །ཤེས་རབ་སྟོང་ཆེན་ཡངས་པའི་ཚོགས་གཞོང་གསལ། །སྣང་བ་རྟེན་ཅིང་འབྲེལ་འབྱུང་སྲིད་ཞིའི་ཆོས། །ཐབས་མཆོག་རྒྱན་གྱི་རོལ་མོས་ཡོངས་བཀང་སྟེ། །བདེ་སྟོང་གཉིས་མེད་སྦྱོར་བའི་ཚོགས་འཁོར་འདི། །དམ་ཚིག་སྒྲོལ་མའི་ལྷ་ཚོགས་མཉེས་ཕྱིར་འབུལ། །མ་རིག་ཉེས་ལྟུང་དྲི་མའི་ཚོགས་ཅི་མཆིས། །བརྩེ་ཆེན་ཡེ་ཤེས་གཟིགས་པའི་སྤྱན་སྔར་བཤགས། །གཟུང་འཛིན་གཉིས་སྣང་འཁྲུལ་བའི་འགྲོ་བ་རྣམས། །གཞི་མེད་རང་བྱུང་རིག་པའི་ཀློང་དུ་སྒྲོལ། །གང་ལ་གང་འདུལ་ཕྲིན་ལས་རྣམ་བཞིས་སྐྱོངས། །མཆོག་ཐུན་དངོས་གྲུབ་འབད་མེད་ལྷུན་གྲུབ་སྩོལ། །ཨོཾ་ཨཱརྻ་ཏཱ་རེ་ཛྙཱ་ན་ཌཱཀྐི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཡིག་བརྒྱ་བརྗོད་ཅིང་ཚར་གྲངས་དལ་ཆགས་པར་བསགས། གསུམ་པ་ལྷག་མ་བསྔོ་ཞིང་དགེ་བའི་སྨོན་ལམ་གདབ་པ་ནི། ཨོཾ་ཨཱཿཧཱུྃ། ཕེཾ། གནས་ཡུལ་ཀུན་ཏུ་རྒྱུ་བའི་གིང་ལང་ཀ །ལེགས་ཉེས་སྟངས་འཛིན་དཀྱིལ་འཁོར་མུ་རན་སྐྱོང་། །འདོད་ཡོན་ལྷག་མའི་མཆོད་པ་འདི་བཞེས་ལ། །བསྟན་པ་གཉན་པོ་རྟག་ཏུ་སྲུང་སྐྱོབས་མཛོད། །ཨོཾ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧི། དེ་ལྟར་ཕུལ་བའི་དགེ་ཚོགས་ཟབ་མོའི་མཐུས། །ཚེ་འདིའི་འགལ་རྐྱེན་ཀུན་ཞི་ལེགས་ཚོགས་རྒྱས། །ཚུལ་ཁྲིམས་རྣམ་དག་ཤེས་བྱའི་རྒྱུ་སྐར་བཀྲག །གྲུབ་པའི་ཉམས་རྟོགས་ཡར་ངོའི་ཟླ་བཞིན་ཚེས། །མཐར་ཐུག་དབྱིངས་ཀྱི་ས་ལ་ལྷུན་རྫོགས་ནས། །འཕགས་མ་ཉིད་དང་ཕྲིན་ལས་མཉམ་པར་ཤོག །ཅེས་སྨོན་ལམ་གདབ་ཅིང་རྗེས་ཆོག་གི་བྱ་བ་རྣམས་སྤྱི་འགྲོས་སུ་འཇུག་པར་བྱའོ། །འདི་འདྲའི་རིགས་ཉམས་སུ་མི་ལོང་བའི་རང་བཞིན་ལས། གསར་དུ་འབྲི་བའི་དོན་ཅང་མ་མཐོང་ཡང་། དགེ་བརྩོན་འགྲུས་ལགས་ནས་དུས་ཚེས་དགེ་བའི་ཉིན་དར་དང་ལྕགས་ཕུར་སྒྲོས་གཙང་བཅས་ཏེ་བསྐུལ་ངོ་མ་ལྡོག་ཙམ་དུ་སྲས་མིང་པ་ཀུན་བཟང་རྡོ་རྗེ་རྩལ་གྱིས་ལྷག་བསམ་དད་པའི་ངང་ནས་ཤུགས་འབྱུང་དུ་བྲིས་པ་དགེ་ལེགས་ཤོག །དགེའོ།། །། }}
དེ་ཡང་ཁྲལ་སོང་ལྟ་བུ་མ་ཡིན་པར་ཐབས་ཤེས་ཀྱི་ཚོགས་རྫས་བཟང་ལ་གྱ་ནོམ་པའི་དངོས་པོ་ཅི་འབྱོར་རྣམས་གཙང་ཞིང་ཡིད་དུ་འོང་བར་བཤམས་བཀོད་བྱས་ལ་བདུད་རྩིས་བྲན་ནས། དང་པོ་ཡེ་ཤེས་པ་སྤྱན་འདྲེན་ཞིང་བཞུགས་སུ་གསོལ་བ་ནི། ཧྲཱིཿ འོག་མིན་ཆོས་དབྱིངས་གཞལ་མེད་ཕོ་བྲང་ནས། །ཡེ་ཤེས་མཁའ་འགྲོ་རྒྱ་མཚོ་གཤེགས་སུ་གསོལ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ནས། །འཕགས་མ་སྒྲོལ་མ་ཉེར་གཅིག་གཤེགས་སུ་གསོལ། །འཇིག་རྟེན་གནས་ཡུལ་དག་པའི་སྣང་བ་ནས། །སྤྲུལ་པ་ལས་ཀྱི་ལྷ་ཚོགས་གཤེགས་སུ་གསོལ། །སྐུ་མདོག་ལྗང་གསལ་མརྒད་མདོག་ལྟར་འཚེར། །གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན། །ཁྲོ་འཛུམ་ཆགས་པའི་ཉམས་འགྱུར་བདེ་སྟེར་མ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་འཛིན། །དར་དང་རིན་ཆེན་སྣ་ཚོགས་བརྒྱན་གྱིས་སྤྲས། །མཛེས་པའི་གར་དང་རྡོ་རྗེའི་གླུ་དབྱངས་སྒྲོགས། །བྱིན་རླབས་དངོས་གྲུབ་མྱུར་འབེབས་རྗེ་བཙུན་མ། །ཡེ་ཤེས་མཁའ་འགྲོའི་འཁོར་ཚོགས་དང་བཅས་པ། །གསང་ཆེན་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །དམ་ཚིག་གཉན་པོར་དགོངས་ཏེ་གཤེགས་སུ་གསོལ། །ཨོཾ་ཨཱརྻ་ཏཱ་རེ་ཛྙཱ་ན་ཌཱཀྐི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛཿཛཿ མཁྱེན་བརྩེ་ནུས་པའི་དཔལ་མངའ་དེང་འདིར་དགོངས། །བདག་གཞན་བླ་མེད་བྱང་ཆུབ་མ་ཐོབ་བར། །དམ་ཚིག་ཡེ་ཤེས་གཉིས་སུ་མེད་པ་ཡིས། །མི་འབྲལ་རྟག་པ་རྒྱུན་དུ་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། གཉིས་པ་ཚོགས་རྫས་བྱིན་གྱིས་བརླབས་ཤིང་འབུལ་བའི་རིམ་པ་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཡེ་ཤེས་ལྔ་ཡི་རང་རྩལ་འཕྲོ་བ་ལས། །ཚོགས་རྫས་དངོས་འཛིན་བསྲེགས་གཏོར་ཡོངས་སུ་སྦྱངས། །རྣམ་ཀུན་མཆོག་ལྡན་རྒྱལ་བའི་དཀྱིལ་འཁོར་དུ། །ཤེས་རབ་སྟོང་ཆེན་ཡངས་པའི་ཚོགས་གཞོང་གསལ། །སྣང་བ་རྟེན་ཅིང་འབྲེལ་འབྱུང་སྲིད་ཞིའི་ཆོས། །ཐབས་མཆོག་རྒྱན་གྱི་རོལ་མོས་ཡོངས་བཀང་སྟེ། །བདེ་སྟོང་གཉིས་མེད་སྦྱོར་བའི་ཚོགས་འཁོར་འདི། །དམ་ཚིག་སྒྲོལ་མའི་ལྷ་ཚོགས་མཉེས་ཕྱིར་འབུལ། །མ་རིག་ཉེས་ལྟུང་དྲི་མའི་ཚོགས་ཅི་མཆིས། །བརྩེ་ཆེན་ཡེ་ཤེས་གཟིགས་པའི་སྤྱན་སྔར་བཤགས། །གཟུང་འཛིན་གཉིས་སྣང་འཁྲུལ་བའི་འགྲོ་བ་རྣམས། །གཞི་མེད་རང་བྱུང་རིག་པའི་ཀློང་དུ་སྒྲོལ། །གང་ལ་གང་འདུལ་ཕྲིན་ལས་རྣམ་བཞིས་སྐྱོངས། །མཆོག་ཐུན་དངོས་གྲུབ་འབད་མེད་ལྷུན་གྲུབ་སྩོལ། །ཨོཾ་ཨཱརྻ་ཏཱ་རེ་ཛྙཱ་ན་ཌཱཀྐི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཡིག་བརྒྱ་བརྗོད་ཅིང་ཚར་གྲངས་དལ་ཆགས་པར་བསགས། གསུམ་པ་ལྷག་མ་བསྔོ་ཞིང་དགེ་བའི་སྨོན་ལམ་གདབ་པ་ནི། ཨོཾ་ཨཱཿཧཱུྃ། ཕེཾ། གནས་ཡུལ་ཀུན་ཏུ་རྒྱུ་བའི་གིང་ལང་ཀ །ལེགས་ཉེས་སྟངས་འཛིན་དཀྱིལ་འཁོར་མུ་རན་སྐྱོང་། །འདོད་ཡོན་ལྷག་མའི་མཆོད་པ་འདི་བཞེས་ལ། །བསྟན་པ་གཉན་པོ་རྟག་ཏུ་སྲུང་སྐྱོབས་མཛོད། །ཨོཾ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧི། དེ་ལྟར་ཕུལ་བའི་དགེ་ཚོགས་ཟབ་མོའི་མཐུས། །ཚེ་འདིའི་འགལ་རྐྱེན་ཀུན་ཞི་ལེགས་ཚོགས་རྒྱས། །ཚུལ་ཁྲིམས་རྣམ་དག་ཤེས་བྱའི་རྒྱུ་སྐར་བཀྲག །གྲུབ་པའི་ཉམས་རྟོགས་ཡར་ངོའི་ཟླ་བཞིན་ཚེས། །མཐར་ཐུག་དབྱིངས་ཀྱི་ས་ལ་ལྷུན་རྫོགས་ནས། །འཕགས་མ་ཉིད་དང་ཕྲིན་ལས་མཉམ་པར་ཤོག །ཅེས་སྨོན་ལམ་གདབ་ཅིང་རྗེས་ཆོག་གི་བྱ་བ་རྣམས་སྤྱི་འགྲོས་སུ་འཇུག་པར་བྱའོ། །འདི་འདྲའི་རིགས་ཉམས་སུ་མི་ལོང་བའི་རང་བཞིན་ལས། གསར་དུ་འབྲི་བའི་དོན་ཅང་མ་མཐོང་ཡང་། དགེ་བརྩོན་འགྲུས་ལགས་ནས་དུས་ཚེས་དགེ་བའི་ཉིན་དར་དང་ལྕགས་ཕུར་སྒྲོས་གཙང་བཅས་ཏེ་བསྐུལ་ངོ་མ་ལྡོག་ཙམ་དུ་སྲས་མིང་པ་ཀུན་བཟང་རྡོ་རྗེ་རྩལ་གྱིས་ལྷག་བསམ་དད་པའི་ངང་ནས་ཤུགས་འབྱུང་དུ་བྲིས་པ་དགེ་ལེགས་ཤོག །དགེའོ།། །། [[Category:Wyckibaat]]
</onlyinclude>
{{TsagliCall}}
<headertabs/>

Latest revision as of 10:24, 5 July 2024

Wylie title 'phags ma sgrol ma'i tshogs mchod don 'dus ye shes rol mo SPCD-KABUM-02-KHA-028.pdf
Location 'phags mchog bka' 'bum
Volume 2, Text 28, Pages 555-560 (Folios 1a1 to 3b3)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. 'phags ma sgrol ma'i tshogs mchod don 'dus ye shes rol mo. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 555-560. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Feast Offering - tshogs mchod - tshogs kyi 'khor lo
Colophon

།འདི་འདྲའི་རིགས་ཉམས་སུ་མི་ལོང་བའི་རང་བཞིན་ལས། གསར་དུ་འབྲི་བའི་དོན་ཅང་མ་མཐོང་ཡང་། དགེ་བརྩོན་འགྲུས་ལགས་ནས་དུས་ཚེས་དགེ་བའི་ཉིན་དར་དང་ལྕགས་ཕུར་སྒྲོས་གཙང་བཅས་ཏེ་བསྐུལ་ངོ་མ་ལྡོག་ཙམ་དུ་སྲས་མིང་པ་ཀུན་བཟང་རྡོ་རྗེ་རྩལ་གྱིས་ལྷག་བསམ་དད་པའི་ངང་ནས་ཤུགས་འབྱུང་དུ་བྲིས་པ་དགེ་ལེགས་ཤོག །དགེའོ།།

/'di 'dra'i rigs nyams su mi long ba'i rang bzhin las/_gsar du 'bri ba'i don cang ma mthong yang /_dge brtson 'grus lags nas dus tshes dge ba'i nyin dar dang lcags phur sgros gtsang bcas te bskul ngo ma ldog tsam du sras ming pa kun bzang rdo rje rtsal gyis lhag bsam dad pa'i ngang nas shugs 'byung du bris pa dge legs shog_/dge'o//

[edit]

༄༅། །འཕགས་མ་སྒྲོལ་མའི་ཚོགས་མཆོད་དོན་འདུས་ཡེ་ཤེས་རོལ་མོ་ཞེས་བྱ་བ་བཞུགས་སོ།།

༄༅། །དེ་ཡང་ཁྲལ་སོང་ལྟ་བུ་མ་ཡིན་པར་ཐབས་ཤེས་ཀྱི་ཚོགས་རྫས་བཟང་ལ་གྱ་ནོམ་པའི་དངོས་པོ་ཅི་འབྱོར་རྣམས་གཙང་ཞིང་ཡིད་དུ་འོང་བར་བཤམས་བཀོད་བྱས་ལ་བདུད་རྩིས་བྲན་ནས། དང་པོ་ཡེ་ཤེས་པ་སྤྱན་འདྲེན་ཞིང་བཞུགས་སུ་གསོལ་བ་ནི། ཧྲཱིཿ འོག་མིན་ཆོས་དབྱིངས་གཞལ་མེད་ཕོ་བྲང་ནས། །ཡེ་ཤེས་མཁའ་འགྲོ་རྒྱ་མཚོ་གཤེགས་སུ་གསོལ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ནས། །འཕགས་མ་སྒྲོལ་མ་ཉེར་གཅིག་གཤེགས་སུ་གསོལ། །འཇིག་རྟེན་གནས་ཡུལ་དག་པའི་སྣང་བ་ནས། །སྤྲུལ་པ་ལས་ཀྱི་ལྷ་ཚོགས་གཤེགས་སུ་གསོལ། །སྐུ་མདོག་ལྗང་གསལ་མརྒད་མདོག་ལྟར་འཚེར། །གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན། །ཁྲོ་འཛུམ་ཆགས་པའི་ཉམས་འགྱུར་བདེ་སྟེར་མ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་འཛིན། །དར་དང་རིན་ཆེན་སྣ་ཚོགས་བརྒྱན་གྱིས་སྤྲས། །མཛེས་པའི་གར་དང་རྡོ་རྗེའི་གླུ་དབྱངས་སྒྲོགས། །བྱིན་རླབས་དངོས་གྲུབ་མྱུར་འབེབས་རྗེ་བཙུན་མ། །ཡེ་ཤེས་མཁའ་འགྲོའི་འཁོར་ཚོགས་དང་བཅས་པ། །གསང་ཆེན་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །དམ་ཚིག་གཉན་པོར་དགོངས་ཏེ་གཤེགས་སུ་གསོལ། །ཨོཾ་ཨཱརྻ་ཏཱ་རེ་ཛྙཱ་ན་ཌཱཀྐི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛཿཛཿ མཁྱེན་བརྩེ་ནུས་པའི་དཔལ་མངའ་དེང་འདིར་དགོངས། །བདག་གཞན་བླ་མེད་བྱང་ཆུབ་མ་ཐོབ་བར། །དམ་ཚིག་ཡེ་ཤེས་གཉིས་སུ་མེད་པ་ཡིས། །མི་འབྲལ་རྟག་པ་རྒྱུན་དུ་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། གཉིས་པ་ཚོགས་རྫས་བྱིན་གྱིས་བརླབས་ཤིང་འབུལ་བའི་རིམ་པ་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཡེ་ཤེས་ལྔ་ཡི་རང་རྩལ་འཕྲོ་བ་ལས། །ཚོགས་རྫས་དངོས་འཛིན་བསྲེགས་གཏོར་ཡོངས་སུ་སྦྱངས། །རྣམ་ཀུན་མཆོག་ལྡན་རྒྱལ་བའི་དཀྱིལ་འཁོར་དུ། །ཤེས་རབ་སྟོང་ཆེན་ཡངས་པའི་ཚོགས་གཞོང་གསལ། །སྣང་བ་རྟེན་ཅིང་འབྲེལ་འབྱུང་སྲིད་ཞིའི་ཆོས། །ཐབས་མཆོག་རྒྱན་གྱི་རོལ་མོས་ཡོངས་བཀང་སྟེ། །བདེ་སྟོང་གཉིས་མེད་སྦྱོར་བའི་ཚོགས་འཁོར་འདི། །དམ་ཚིག་སྒྲོལ་མའི་ལྷ་ཚོགས་མཉེས་ཕྱིར་འབུལ། །མ་རིག་ཉེས་ལྟུང་དྲི་མའི་ཚོགས་ཅི་མཆིས། །བརྩེ་ཆེན་ཡེ་ཤེས་གཟིགས་པའི་སྤྱན་སྔར་བཤགས། །གཟུང་འཛིན་གཉིས་སྣང་འཁྲུལ་བའི་འགྲོ་བ་རྣམས། །གཞི་མེད་རང་བྱུང་རིག་པའི་ཀློང་དུ་སྒྲོལ། །གང་ལ་གང་འདུལ་ཕྲིན་ལས་རྣམ་བཞིས་སྐྱོངས། །མཆོག་ཐུན་དངོས་གྲུབ་འབད་མེད་ལྷུན་གྲུབ་སྩོལ། །ཨོཾ་ཨཱརྻ་ཏཱ་རེ་ཛྙཱ་ན་ཌཱཀྐི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཡིག་བརྒྱ་བརྗོད་ཅིང་ཚར་གྲངས་དལ་ཆགས་པར་བསགས། གསུམ་པ་ལྷག་མ་བསྔོ་ཞིང་དགེ་བའི་སྨོན་ལམ་གདབ་པ་ནི། ཨོཾ་ཨཱཿཧཱུྃ། ཕེཾ། གནས་ཡུལ་ཀུན་ཏུ་རྒྱུ་བའི་གིང་ལང་ཀ །ལེགས་ཉེས་སྟངས་འཛིན་དཀྱིལ་འཁོར་མུ་རན་སྐྱོང་། །འདོད་ཡོན་ལྷག་མའི་མཆོད་པ་འདི་བཞེས་ལ། །བསྟན་པ་གཉན་པོ་རྟག་ཏུ་སྲུང་སྐྱོབས་མཛོད། །ཨོཾ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧི། དེ་ལྟར་ཕུལ་བའི་དགེ་ཚོགས་ཟབ་མོའི་མཐུས། །ཚེ་འདིའི་འགལ་རྐྱེན་ཀུན་ཞི་ལེགས་ཚོགས་རྒྱས། །ཚུལ་ཁྲིམས་རྣམ་དག་ཤེས་བྱའི་རྒྱུ་སྐར་བཀྲག །གྲུབ་པའི་ཉམས་རྟོགས་ཡར་ངོའི་ཟླ་བཞིན་ཚེས། །མཐར་ཐུག་དབྱིངས་ཀྱི་ས་ལ་ལྷུན་རྫོགས་ནས། །འཕགས་མ་ཉིད་དང་ཕྲིན་ལས་མཉམ་པར་ཤོག །ཅེས་སྨོན་ལམ་གདབ་ཅིང་རྗེས་ཆོག་གི་བྱ་བ་རྣམས་སྤྱི་འགྲོས་སུ་འཇུག་པར་བྱའོ། །འདི་འདྲའི་རིགས་ཉམས་སུ་མི་ལོང་བའི་རང་བཞིན་ལས། གསར་དུ་འབྲི་བའི་དོན་ཅང་མ་མཐོང་ཡང་། དགེ་བརྩོན་འགྲུས་ལགས་ནས་དུས་ཚེས་དགེ་བའི་ཉིན་དར་དང་ལྕགས་ཕུར་སྒྲོས་གཙང་བཅས་ཏེ་བསྐུལ་ངོ་མ་ལྡོག་ཙམ་དུ་སྲས་མིང་པ་ཀུན་བཟང་རྡོ་རྗེ་རྩལ་གྱིས་ལྷག་བསམ་དད་པའི་ངང་ནས་ཤུགས་འབྱུང་དུ་བྲིས་པ་དགེ་ལེགས་ཤོག །དགེའོ།། །།