DKYD-KABUM-07-JA-062: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=སྣང་སྲིད་མ་མོའི་སྐུ་ལ་འདུདཿ འདོད་ཁམས་དབང་ཕྱུག་རེ་མ་ཏིཿ མཆོད་བསྡུས་ཕྲིན་ལས་མྱུར་འགྲུབཿ | |||
|fulltitle=snang srid ma mo'i sku la 'dud 'dod khams dbang phyug re ma ti mchod bsdus phrin las myur 'grub | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |collectiontitle=mdo mkhyen brtse bka' 'bum | ||
|author=Mdo mkhyen brtse | |author=Mdo mkhyen brtse | ||
|authortib=མདོ་མཁྱེན་བརྩེ་ | |authortib=མདོ་མཁྱེན་བརྩེ་ | ||
Line 15: | Line 17: | ||
|volnumtib=ཇ | |volnumtib=ཇ | ||
|volyigtib=༧ | |volyigtib=༧ | ||
| | |totalvolumes=8 | ||
|textnuminvol=062 | |textnuminvol=062 | ||
|multivolumework=No | |||
|colophontib=ཅེས་བརྗོད་ཆོས་ཉིད་གཅིག་ཏུ་བསྲེཿ ཌཱཀྐིའི་རྗེ་མོར་བརྡ་རྟགས་ཤརཿ རྟེན་འབྲེལ་དུས་ལ་བབ་པའི་ཚེཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ཡིསཿ ལོངས་སྤྱོད་འཁོར་ལོའི་གསང་མཛོད་རྡོལཿ འདི་ནི་ཤིན་ཏུ་བཀའ་གཉན་པའིཿ ཀུན་ལ་སྤེལ་བར་མི་བྱ་སྟེཿ ལྷ་ལྕམ་ཕྱག་གི་མཚོན་ཆའོཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ དམ་ལྡན་འོད་ཟེར་མཐའ་ཡས་ཀྱིསཿ ཡི་གེའི་རིས་སུ་ཕབ་པ་སྟེཿ ཐུགས་ཐིག་གསང་བའི་ཆ་ལག་གོཿ གུ་ཧྱཿ ཁ་ཐཾཿ གསང་རྒྱཿ | |||
|colophonwylie=ces brjod chos nyid gcig tu bsre:_DAk+ki'i rje mor brda rtags shar:_rten 'brel dus la bab pa'i tshe:_khrag 'thung las kyi dpa' bo yis:_longs spyod 'khor lo'i gsang mdzod rdol:_'di ni shin tu bka' gnyan pa'i:_kun la spel bar mi bya ste:_lha lcam phyag gi mtshon cha'o:_bden rdzun lag tu longs dang shes:_dam ldan 'od zer mtha' yas kyis:_yi ge'i ris su phab pa ste:_thugs thig gsang ba'i cha lag go:_gu h+ya:_kha thaM:_gsang rgya: | |||
|pdflink=File:DKYD-KABUM-07-JA-062.pdf | |pdflink=File:DKYD-KABUM-07-JA-062.pdf | ||
|volumeLetter=JA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA | |InitCategories=Khyentse Lineage Project; DKYD-KABUM-Volume-07-JA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅ཿ སྣང་སྲིད་མ་མོའི་སྐུ་ལ་འདུདཿ འདོད་ཁམས་དབང་ཕྱུག་རེ་མ་ཏིཿ མཆོད་བསྡུས་ཕྲིན་ལས་མྱུར་འགྲུབ་ནིཿ གང་འབྱོར་པ་ཡི་གཏོར་མཆོད་བཤམསཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བྷྱོཿ བྱང་ཤར་མུ་ལེ་མཐིང་གི་གཞལ་ཡས་ནསཿ མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མཿ མཐིང་ནག་རབ་བརྗིད་མ་མོའི་ཆ་ལུགས་རྫོགསཿ རལ་གྲི་ནད་རྐྱལ་ཐོགས་ཤིང་བོང་དྲིལ་ཆིབསཿ ལས་མཁན་གཉིས་དང་མ་བདུན་སྲིང་བཞིས་བསྐོརཿ སྐད་ཅིག་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ མ་མ་ཨ་ཤུཀྨེ་ས་མ་ཡ་ཛ་ཛཿ མདུན་མཁར་མེ་རླུང་འཁྲུགས་པའི་དབུས་སུ་བཞུགསཿ བསྟན་པ་སྲུང་ཕྱིར་གར་གྱིས་བརྡ་ཕྱག་འཚལཿ ཁྱོད་ལ་མཆོད་པའི་བྱེ་བྲག་འབུལ་བ་ནིཿ དམར་ཆེན་དམ་རྫས་བརྒྱན་པའི་གཏོར་མ་དངཿ སྨན་ཕུད་རྒྱ་ཇ་བཏུང་བའི་བྱེ་བྲག་རིགསཿ བསད་ཁྲག་དྲོན་མོ་རླངས་པར་ཕྱུར་བའི་ཚོགསཿ མ་གཅིག་དཔལ་ལྡན་ལྷ་མོ་དགྱེས་ཕྱིར་འབུལཿ དབྱར་གསུམ་འོ་ཞོ་འབྲུ་མར་རྩི་བཅུད་དངཿ སྟོན་གསུམ་འབྲུ་དྲུག་ཤིང་ཐོག་སྣ་ཚོགས་པཿ དགུན་གསུམ་ཤ་སྣ་ཁྲག་སྣ་མྱོས་བྱེད་རིགསཿ དཔྱིད་གསུམ་འབྱུང་ལྔའི་དྭངས་མ་སྲོག་ཆགས་མདངསཿ གཞན་ཡང་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ མ་གཅིག་དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐངཿ ལས་མཁན་གདོང་ཅན་རྣམ་གཉིས་ཐུགས་དམ་བསྐངཿ ཕོ་ཉ་མ་བདུན་སྲིང་བཞིའི་ཐུགས་དམ་བསྐངཿ བཀའ་འཁོར་མ་མོ་འབུམ་སྡེའི་ཐུགས་དམ་བསྐངཿ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གིཿ དམ་ཚིག་ཉམས་པར་གྱུར་པ་མཐོལ་ལོ་བཤགསཿ སྲིད་པ་གསུམ་ལ་དབང་སྒྱུར་མཐུ་མོ་ཆེཿ ཡོན་ཏན་རྗེས་སུ་དྲན་པས་བསྟོད་པར་བགྱིཿ ཧེ་རུ་ཀ་དང་པདྨ་བཛྲ་གྱིཿ སྤྱན་སྔར་ཁས་བླང་དམ་བཅས་ཇི་བཞིན་དུཿ གསང་སྔགས་གཉན་གྱི་བསྟན་པ་སྲུང་བ་དངཿ པདྨའི་རིང་ལུགས་བླ་ན་མེད་པ་སྐྱོངསཿ རྡོ་རྗེ་སློབ་དཔོན་སྐུ་ཚེ་མཛད་ཕྲིན་སྤེལཿ བདག་དང་འབྲལ་མེད་ལུས་དང་གྲིབ་བཞིན་འགྲོགསཿ དད་དམ་འགྱུར་མེད་སྦྱིན་བདག་མེལ་ཚེ་གྱིསཿ བདག་ལ་སྡང་བར་བྱེད་པའི་དམ་ཉམས་དགྲཿ གནོད་པར་བྱེད་པའི་བགེགས་དཔུང་རྡུལ་དུ་རློགཿ སྒྲུབ་པོའི་འདོད་པའི་དོན་རྣམས་མ་ལུས་པཿ མྱུར་སྒྲུབས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོདཿ འདོད་ཁམས་དབང་སྒྱུར་མ་མོ་མཐུ་མོ་ཆེཿ ལྷ་ལྕམ་སྤྲུལ་པའི་ཌཱཀྐི་མརཿ དངོས་གཟུགས་བསྟན་ཅིང་བསྐུལ་བ་ལྟརཿ ཁྲག་འཐུང་བདེ་བའི་རྡོ་རྗེ་ཡིསཿ ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལསཿ ཕབ་པའི་ཡི་གེ་འདུ་བྱེད་དུཿ འོད་ཟེར་མཐའ་ཡས་ཀྱིས་བཀོད་བཞིནཿ འཁྲི་ཚ་བ་ཆེ་ཞིང་ཕྲིན་ལས་མྱུརཿ ཡང་གསང་ཐུགས་ཐིག་ཆ་ལག་གོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཨི་ཐིཿ ༄༅ཿ བཀའ་སྲུང་མ་མོའི་གསོལ་མཆོད་བཞུགས་སོཿ བླ་མ་ཡི་དམ་མཁའ་འགྲོའི་ལྷ་ལ་འདུདཿ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ་འཛིན་པཿ པདྨ་བདག་གི་བཀའ་སྲུང་དམ་ཚིག་ཅནཿ མ་མོ་ནག་མོ་མཆོད་པའི་རིམ་པ་བསྟནཿ དམར་གཏོར་ཤ་ཁྲག་གིས་བརྒྱན་པ་དང་སྐྱེམས་ཕུད་བཤམས་ལཿ རཾ་ཡཾ་ཁཾཿ ལན་གསུམཿ གཏོར་མའི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྟོང་པར་སྦྱངསཿ སླར་ཡང་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་བའི་ས་ཁྲག་རུས་པའི་རང་བཞིན་འདོད་པའི་ཡོན་ཏན་རྣམ་པ་ལྔ་དང་ལྡན་པར་གྱུརཿ ཨོཾ་ཨཱཿཧཱུྃཿཧ་ཧོ་ཧྲཱིཿ སརྦ་པཉྩ་རཀྟ་བྷ་ལིང་ཏ་ཧཱུྃ་ཧྲཱིཿཋཿ ཧཱུྃ་བྷྱོཿ བྱང་ཤར་མུ་ལེ་མཐིང་གི་མཚོན་ནང་ནསཿ ཡེ་ཤེས་གྲུབ་ཀྱང་འཇིག་རྟེན་མ་མོའི་ཚུལཿ སྔགས་སྲུང་ཆེན་མོ་ཙིཏྟ་དུག་ཐུལ་མཿ དད་དང་དམ་ཚིག་དབང་གིས་གནས་འདིར་གཤེགསཿ དགྱེས་ཤིང་བརྩེ་བ་ཆེན་པོས་རྗེས་དགོངས་བཞུགསཿ འདུ་འབྲལ་མེད་ཕྱིར་གུས་པས་ཕྱག་འཚལ་ལོཿ ཁྱེད་ལ་མཐུན་པའི་རྫས་ཀྱི་མཆོད་པ་ནིཿ དམ་རྫས་དམར་གྱིས་བརྒྱན་པའི་བྷ་ལིང་ཏཿ བདུད་རྩི་སྨན་དང་དམར་ཆེན་རཀྟའི་མཚོཿ གཞན་ཡང་ཕྱི་ནང་གསང་བའི་མཆོད་པ་དངཿ རྟེན་རྫས་སྐོང་རྫས་སྒྲུབ་རྫས་སྤྱན་གཟིགས་ཚོགསཿ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང་གྱུར་ཅིགཿ འགལ་འཁྲུལ་ཉེས་ལྟུང་ཅི་བགྱིས་མཐོལ་ལོ་བཤགསཿ བསྟན་པ་སྲུང་ཞིང་རྣལ་འབྱོར་བུ་བཞིན་སྐྱོངསཿ སྒྲུབ་པོའི་རེ་སྐོང་འཕྲིན་ལས་གློག་ལྟར་མྱུརཿ བསྟན་དགྲ་ལས་ངན་བསྒྲལ་བའི་མཐུ་མོ་ཆེཿ མ་ཅིག་སྙིང་ཉེ་མ་ལ་བདག་བསྟོད་དོཿ པདྨ་ཐོད་འཕྲེང་སྤྱན་སྔར་ཁས་བླངས་བཞིནཿ སྔ་འགྱུར་བསྟན་སྐྱོངས་དེར་འཛིན་སྐུ་ཚེ་བསྲིངསཿ བདག་དང་འབྲལ་མེད་ལུས་དང་གྲིབ་བཞིན་འགྲོགསཿ ཇི་ལྟར་བསམ་པའི་དོན་དང་གཉེར་བའི་ལསཿ ཐེ་ཚོམ་མེད་པར་མྱུར་དུ་འགྲུབ་པ་དངཿ ནད་གདོན་བགེགས་དང་བྱད་ཕུར་བར་ཆོད་ཟློགཿ བདག་ལ་སྡང་པར་བྱེད་པའི་དགྲ་བོ་རྣམསཿ མ་མོ་ནག་མོ་ཁྱོད་ཀྱིས་སྙིང་ཁྲག་བཞེསཿ རྣམ་བཞིའི་ལས་ཀྱིས་ཕྲིན་ལས་ལྷུན་འགྲུབ་མཛོདཿ ཅེས་བརྗོད་ཕྲིན་ལས་བཅོལ་ལ་ཕུད་གཏོར་གཤེགསཿ བཀའ་སྲུང་ཀུན་འདུས་མ་མོ་ནག་མོ་ཡིཿ མཆོད་ཕྲིན་ཕྲིན་ལས་གློག་ཞགས་ཞེས་བྱ་བཿ དུས་མཐའི་གཏེར་སྟོན་ཁྲག་འཐུང་རྡོ་རྗེས་ཕབཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གཞན་ལ་གསང་བའི་མན་ངག་གོཿ ༄༅ཿ ལས་མཁན་འབར་མ་ཆེན་མོ་ཡིཿ གསོལ་མཆོད་བསྟན་དགྲའི་གཤེད་མ་བཞུགསཿ མཿ རྡོ་རྗེ་རྣལ་འབྱོར་མ་ལ་འདུདཿ དྲེགས་ཚོགས་གདུག་པ་འདུལ་བའི་གཤེདཿ དམ་ཅན་འབར་མ་མཆོད་པའི་ཐབསཿ བསྟན་དགྲའི་སྲོག་གི་གཤེད་མ་བསྟནཿ བསང་དང་ག་སེར་སྐྱེམས་ཤ་ཁྲག་དངཿ ཟས་སྣ་ཕུད་རྒོད་གང་འབྱོར་བཤམསཿ ལྟ་བ་གྱདཀྱི་ངར་ལྡན་པསཿ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུསཿ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུརཿ ཧ་ཧོ་ཧྲཱིཿ་ཡིས་འཛད་མེད་སྤེལཿ ཧྲཱིཿ རྔ་ཡབ་གླིང་ཕྲན་ལང་ཀ་པུ་རི་ནསཿ གཏུམ་ཆེན་རབ་ཁྲོས་ཁམས་གསུམ་སྲོག་གི་བདགཿ མ་ཧཱ་ཙི་ནར་སྐྱེ་འགྲོའི་སྲོག་ལ་རྔམསཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་སྤྲུལ་བསྒྱུར་གརཿ ལ་འདུལ་བཛྲ་ཏཱ་རེར་སྨོན་ལམ་འབྲེལཿ ད་ལྟ་རྒྱལ་མོ་རོང་གི་སའི་ལྟེ་བརཿ རྟེན་བཅས་འབར་མ་ཆེན་མོ་གཤེགས་སུ་གསོལཿ སྨོན་ལམ་ལས་ཀྱིས་འབྲེལ་བའི་གང་ཟག་ལཿ དགྱེས་པར་དགོངས་ལ་བརྩེ་བའི་ཞལ་བཟང་སྟོནཿ ཁྱོད་ལ་དགྱེས་པའི་མཆོད་པ་འབུལ་བ་ནིཿ དྲི་ཞིམ་འདོད་ཡོན་བསང་མཆོད་སྤྲིན་ལྟར་གཏིབཿ རོ་ལྡན་ཟས་སྣའི་བྱེ་བྲག་རྫ་ལྟར་བསྙིལཿ བཅུད་ལྡན་བཏུང་བའི་ཚོགས་རྣམས་མཚོ་ལྟར་བསྐྱིལཿ དགྲ་བོའི་ཤ་ཁྲག་རུས་རྐང་ནང་རོལ་སོགསཿ ཁྱོད་ཀྱི་ཐུགས་དམ་བསྐང་བའི་རྫས་སུ་བཀོདཿ བཞེས་ཤིག་རོལ་ཅིག་ཐུགས་དམ་གཉན་པོ་བསྐངཿ བཀྲག་མདངས་གཟི་བརྗིད་མཐུ་སྟོབས་ནུས་པ་སྤེལཿ གཞན་ཡང་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ ཁྱོད་ཀྱི་མཐུན་པའི་རྫས་མཆོག་ཇི་སྙེད་པཿ འབུལ་ལོ་དགྱེས་སྐོང་དངོས་གྲུབ་མཆོག་སྩོལ་ཅིགཿ ཀྱེཿ གཏུམ་ཆེན་རབ་ཁྲོས་དྲག་གཏུམ་འོད་འབར་མཿ སྐུ་མདོག་དམར་ནག་སྤྱན་གསུམ་མཆེ་བ་གཙིགསཿ རལ་བ་བསྙིལ་ཞིང་ཧུ་ལུའི་གད་རྒྱང་སྒྲོགསཿ རྐན་སྒྲ་རྡེབ་ཅིང་ཤ་དང་ཁྲག་ལ་རྔམསཿ ཕྱག་གཡས་གནམ་ལྕགས་འབར་བའི་སྟྭ་གྲི་ཡིསཿ དགྲ་བོའི་མགོ་ལུས་ཕྲལ་ཞིང་སྲོག་རྩ་གཅོདཿ གཡོན་པས་སྦྲུལ་ནག་ཞགས་པ་ནད་རྐྱལ་གྱིསཿ དམ་ཉམས་རྐེ་ནས་འཆིང་ཞིང་སྨྱོ་འབོགས་གཏོངཿ གཡང་གཞིས་སྟོད་གཡོགས་གཟིག་ཤམ་སྦྲུལ་ཆུན་བཅིངསཿ ཁྲོ་གཏུམ་སྟག་མོ་གྲུས་མ་ཆིབས་སུ་བཅིབཿ སྲིན་མོའི་དམག་ཚོགས་བཀའ་ཉན་ཕོ་ཉར་འགྱེདཿ དྲེགས་པ་སྡེ་བརྒྱད་དམག་དཔུང་སྐར་ལྟར་འཁྲུགསཿ སྲིད་གསུམ་འདི་ན་ཁྱོད་ཉིད་འགྲན་ཟླ་བྲལཿ མཆོད་གསོལ་བསྟོད་དོ་དབུ་འཕང་གཉན་པོ་བསྟོདཿ དྲེགས་ཚོགས་ཀུན་ཀྱི་བླ་རུ་མངའ་གསོལ་ལོཿ ཁྱོད་ཀྱི་ཁས་བླངས་དམ་བཅས་ཇི་བཞིན་དུཿ ཨ་ཏི་བླ་མེད་ཐིག་ལེ་སྐོར་གསུམ་དངཿ ཡང་གསང་འཛིན་པ་རང་གྲོལ་ཉམས་ལེན་པའིཿ དམ་གཙང་རྣལ་འབྱོར་ཕོ་མོར་སྲུང་སྐྱོབས་མཛོདཿ བདག་གི་ཞི་རྒྱས་དབང་དང་དྲག་པོ་ཡིསཿ ཇི་ལྟར་འདོད་པའི་དོན་དང་གཉེར་བའི་ལསཿ ཐོགས་པ་མེད་པར་མྱུར་དུ་སྒྲུབ་པ་དངཿ བསྲུང་བྱར་གྱུར་པའི་སྦྱིན་བདག་ཕོ་མོ་དངཿ ཁྱད་པར་དད་དམ་ལྡན་ཞིང་བརྩེ་བའི་རིགསཿ བསོད་ནམས་རླུང་རྟ་ཚེ་བསོད་སྙན་གྲགས་སྤེལཿ སྡང་དགྲ་བསམ་ངན་སྦྱོར་རྩུབ་གཡོ་སྒྱུར་ལྡནཿ བྱད་ཕུར་རྦོད་གཏོང་མི་ཁའི་སྣ་འདྲེན་པཿ ཁྱད་པར་དམིགས་པའི་ཡུལ་གྱུར་དམ་ཉམས་ཀུནཿ ཁྱོད་ཀྱི་ཟས་སྐལ་གཏད་དོ་སྲོག་དབུགས་ལོངསཿ ཤ་ཁྲག་རྔམས་ཟས་དོན་སྙིང་གནངས་སུ་རོལཿ འདུན་མ་རླུང་ལ་བསྐུར་ཅིང་རྟགས་མཚན་སྟོནཿ ཆོ་འཕྲུལ་ལྟས་ངན་མི་འདོད་སྣ་དགུ་ཐོངསཿ གནོད་བྱེད་བགེགས་ཀྱི་དམག་ཚོགས་རྡུལ་དུ་རློགཿ ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྒྲེངསཿ འཛམ་གླིང་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ཅིངཿ ཕ་རོལ་གཟུགས་ཅན་གཟུགས་མེད་དཔའ་སྐོང་ལཿ བདག་གི་དབང་འདུས་ཟིལ་གྱིས་ནོན་པར་མཛོདཿ བཀྲ་ཤིས་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོགཿ ཅེས་བརྗོད་ཆོས་ཉིད་གཅིག་ཏུ་བསྲེཿ ཌཱཀྐིའི་རྗེ་མོར་བརྡ་རྟགས་ཤརཿ རྟེན་འབྲེལ་དུས་ལ་བབ་པའི་ཚེཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ཡིསཿ ལོངས་སྤྱོད་འཁོར་ལོའི་གསང་མཛོད་རྡོལཿ འདི་ནི་ཤིན་ཏུ་བཀའ་གཉན་པའིཿ ཀུན་ལ་སྤེལ་བར་མི་བྱ་སྟེཿ ལྷ་ལྕམ་ཕྱག་གི་མཚོན་ཆའོཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ དམ་ལྡན་འོད་ཟེར་མཐའ་ཡས་ཀྱིསཿ ཡི་གེའི་རིས་སུ་ཕབ་པ་སྟེཿ ཐུགས་ཐིག་གསང་བའི་ཆ་ལག་གོཿ གུ་ཧྱཿ ཁ་ཐཾཿ གསང་རྒྱཿ | {{TibP|༄༅ཿ སྣང་སྲིད་མ་མོའི་སྐུ་ལ་འདུདཿ འདོད་ཁམས་དབང་ཕྱུག་རེ་མ་ཏིཿ མཆོད་བསྡུས་ཕྲིན་ལས་མྱུར་འགྲུབ་ནིཿ གང་འབྱོར་པ་ཡི་གཏོར་མཆོད་བཤམསཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བྷྱོཿ བྱང་ཤར་མུ་ལེ་མཐིང་གི་གཞལ་ཡས་ནསཿ མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མཿ མཐིང་ནག་རབ་བརྗིད་མ་མོའི་ཆ་ལུགས་རྫོགསཿ རལ་གྲི་ནད་རྐྱལ་ཐོགས་ཤིང་བོང་དྲིལ་ཆིབསཿ ལས་མཁན་གཉིས་དང་མ་བདུན་སྲིང་བཞིས་བསྐོརཿ སྐད་ཅིག་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ མ་མ་ཨ་ཤུཀྨེ་ས་མ་ཡ་ཛ་ཛཿ མདུན་མཁར་མེ་རླུང་འཁྲུགས་པའི་དབུས་སུ་བཞུགསཿ བསྟན་པ་སྲུང་ཕྱིར་གར་གྱིས་བརྡ་ཕྱག་འཚལཿ ཁྱོད་ལ་མཆོད་པའི་བྱེ་བྲག་འབུལ་བ་ནིཿ དམར་ཆེན་དམ་རྫས་བརྒྱན་པའི་གཏོར་མ་དངཿ སྨན་ཕུད་རྒྱ་ཇ་བཏུང་བའི་བྱེ་བྲག་རིགསཿ བསད་ཁྲག་དྲོན་མོ་རླངས་པར་ཕྱུར་བའི་ཚོགསཿ མ་གཅིག་དཔལ་ལྡན་ལྷ་མོ་དགྱེས་ཕྱིར་འབུལཿ དབྱར་གསུམ་འོ་ཞོ་འབྲུ་མར་རྩི་བཅུད་དངཿ སྟོན་གསུམ་འབྲུ་དྲུག་ཤིང་ཐོག་སྣ་ཚོགས་པཿ དགུན་གསུམ་ཤ་སྣ་ཁྲག་སྣ་མྱོས་བྱེད་རིགསཿ དཔྱིད་གསུམ་འབྱུང་ལྔའི་དྭངས་མ་སྲོག་ཆགས་མདངསཿ གཞན་ཡང་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ མ་གཅིག་དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐངཿ ལས་མཁན་གདོང་ཅན་རྣམ་གཉིས་ཐུགས་དམ་བསྐངཿ ཕོ་ཉ་མ་བདུན་སྲིང་བཞིའི་ཐུགས་དམ་བསྐངཿ བཀའ་འཁོར་མ་མོ་འབུམ་སྡེའི་ཐུགས་དམ་བསྐངཿ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གིཿ དམ་ཚིག་ཉམས་པར་གྱུར་པ་མཐོལ་ལོ་བཤགསཿ སྲིད་པ་གསུམ་ལ་དབང་སྒྱུར་མཐུ་མོ་ཆེཿ ཡོན་ཏན་རྗེས་སུ་དྲན་པས་བསྟོད་པར་བགྱིཿ ཧེ་རུ་ཀ་དང་པདྨ་བཛྲ་གྱིཿ སྤྱན་སྔར་ཁས་བླང་དམ་བཅས་ཇི་བཞིན་དུཿ གསང་སྔགས་གཉན་གྱི་བསྟན་པ་སྲུང་བ་དངཿ པདྨའི་རིང་ལུགས་བླ་ན་མེད་པ་སྐྱོངསཿ རྡོ་རྗེ་སློབ་དཔོན་སྐུ་ཚེ་མཛད་ཕྲིན་སྤེལཿ བདག་དང་འབྲལ་མེད་ལུས་དང་གྲིབ་བཞིན་འགྲོགསཿ དད་དམ་འགྱུར་མེད་སྦྱིན་བདག་མེལ་ཚེ་གྱིསཿ བདག་ལ་སྡང་བར་བྱེད་པའི་དམ་ཉམས་དགྲཿ གནོད་པར་བྱེད་པའི་བགེགས་དཔུང་རྡུལ་དུ་རློགཿ སྒྲུབ་པོའི་འདོད་པའི་དོན་རྣམས་མ་ལུས་པཿ མྱུར་སྒྲུབས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོདཿ འདོད་ཁམས་དབང་སྒྱུར་མ་མོ་མཐུ་མོ་ཆེཿ ལྷ་ལྕམ་སྤྲུལ་པའི་ཌཱཀྐི་མརཿ དངོས་གཟུགས་བསྟན་ཅིང་བསྐུལ་བ་ལྟརཿ ཁྲག་འཐུང་བདེ་བའི་རྡོ་རྗེ་ཡིསཿ ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལསཿ ཕབ་པའི་ཡི་གེ་འདུ་བྱེད་དུཿ འོད་ཟེར་མཐའ་ཡས་ཀྱིས་བཀོད་བཞིནཿ འཁྲི་ཚ་བ་ཆེ་ཞིང་ཕྲིན་ལས་མྱུརཿ ཡང་གསང་ཐུགས་ཐིག་ཆ་ལག་གོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཨི་ཐིཿ | ||
༄༅ཿ བཀའ་སྲུང་མ་མོའི་གསོལ་མཆོད་བཞུགས་སོཿ བླ་མ་ཡི་དམ་མཁའ་འགྲོའི་ལྷ་ལ་འདུདཿ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ་འཛིན་པཿ པདྨ་བདག་གི་བཀའ་སྲུང་དམ་ཚིག་ཅནཿ མ་མོ་ནག་མོ་མཆོད་པའི་རིམ་པ་བསྟནཿ དམར་གཏོར་ཤ་ཁྲག་གིས་བརྒྱན་པ་དང་སྐྱེམས་ཕུད་བཤམས་ལཿ རཾ་ཡཾ་ཁཾཿ ལན་གསུམཿ གཏོར་མའི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྟོང་པར་སྦྱངསཿ སླར་ཡང་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་བའི་ས་ཁྲག་རུས་པའི་རང་བཞིན་འདོད་པའི་ཡོན་ཏན་རྣམ་པ་ལྔ་དང་ལྡན་པར་གྱུརཿ ཨོཾ་ཨཱཿཧཱུྃཿཧ་ཧོ་ཧྲཱིཿ སརྦ་པཉྩ་རཀྟ་བྷ་ལིང་ཏ་ཧཱུྃ་ཧྲཱིཿཋཿ ཧཱུྃ་བྷྱོཿ བྱང་ཤར་མུ་ལེ་མཐིང་གི་མཚོན་ནང་ནསཿ ཡེ་ཤེས་གྲུབ་ཀྱང་འཇིག་རྟེན་མ་མོའི་ཚུལཿ སྔགས་སྲུང་ཆེན་མོ་ཙིཏྟ་དུག་ཐུལ་མཿ དད་དང་དམ་ཚིག་དབང་གིས་གནས་འདིར་གཤེགསཿ དགྱེས་ཤིང་བརྩེ་བ་ཆེན་པོས་རྗེས་དགོངས་བཞུགསཿ འདུ་འབྲལ་མེད་ཕྱིར་གུས་པས་ཕྱག་འཚལ་ལོཿ ཁྱེད་ལ་མཐུན་པའི་རྫས་ཀྱི་མཆོད་པ་ནིཿ དམ་རྫས་དམར་གྱིས་བརྒྱན་པའི་བྷ་ལིང་ཏཿ བདུད་རྩི་སྨན་དང་དམར་ཆེན་རཀྟའི་མཚོཿ གཞན་ཡང་ཕྱི་ནང་གསང་བའི་མཆོད་པ་དངཿ རྟེན་རྫས་སྐོང་རྫས་སྒྲུབ་རྫས་སྤྱན་གཟིགས་ཚོགསཿ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང་གྱུར་ཅིགཿ འགལ་འཁྲུལ་ཉེས་ལྟུང་ཅི་བགྱིས་མཐོལ་ལོ་བཤགསཿ བསྟན་པ་སྲུང་ཞིང་རྣལ་འབྱོར་བུ་བཞིན་སྐྱོངསཿ སྒྲུབ་པོའི་རེ་སྐོང་འཕྲིན་ལས་གློག་ལྟར་མྱུརཿ བསྟན་དགྲ་ལས་ངན་བསྒྲལ་བའི་མཐུ་མོ་ཆེཿ མ་ཅིག་སྙིང་ཉེ་མ་ལ་བདག་བསྟོད་དོཿ པདྨ་ཐོད་འཕྲེང་སྤྱན་སྔར་ཁས་བླངས་བཞིནཿ སྔ་འགྱུར་བསྟན་སྐྱོངས་དེར་འཛིན་སྐུ་ཚེ་བསྲིངསཿ བདག་དང་འབྲལ་མེད་ལུས་དང་གྲིབ་བཞིན་འགྲོགསཿ ཇི་ལྟར་བསམ་པའི་དོན་དང་གཉེར་བའི་ལསཿ ཐེ་ཚོམ་མེད་པར་མྱུར་དུ་འགྲུབ་པ་དངཿ ནད་གདོན་བགེགས་དང་བྱད་ཕུར་བར་ཆོད་ཟློགཿ བདག་ལ་སྡང་པར་བྱེད་པའི་དགྲ་བོ་རྣམསཿ མ་མོ་ནག་མོ་ཁྱོད་ཀྱིས་སྙིང་ཁྲག་བཞེསཿ རྣམ་བཞིའི་ལས་ཀྱིས་ཕྲིན་ལས་ལྷུན་འགྲུབ་མཛོདཿ ཅེས་བརྗོད་ཕྲིན་ལས་བཅོལ་ལ་ཕུད་གཏོར་གཤེགསཿ བཀའ་སྲུང་ཀུན་འདུས་མ་མོ་ནག་མོ་ཡིཿ མཆོད་ཕྲིན་ཕྲིན་ལས་གློག་ཞགས་ཞེས་བྱ་བཿ དུས་མཐའི་གཏེར་སྟོན་ཁྲག་འཐུང་རྡོ་རྗེས་ཕབཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གཞན་ལ་གསང་བའི་མན་ངག་གོཿ | |||
༄༅ཿ ལས་མཁན་འབར་མ་ཆེན་མོ་ཡིཿ གསོལ་མཆོད་བསྟན་དགྲའི་གཤེད་མ་བཞུགསཿ མཿ རྡོ་རྗེ་རྣལ་འབྱོར་མ་ལ་འདུདཿ དྲེགས་ཚོགས་གདུག་པ་འདུལ་བའི་གཤེདཿ དམ་ཅན་འབར་མ་མཆོད་པའི་ཐབསཿ བསྟན་དགྲའི་སྲོག་གི་གཤེད་མ་བསྟནཿ བསང་དང་ག་སེར་སྐྱེམས་ཤ་ཁྲག་དངཿ ཟས་སྣ་ཕུད་རྒོད་གང་འབྱོར་བཤམསཿ ལྟ་བ་གྱདཀྱི་ངར་ལྡན་པསཿ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུསཿ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུརཿ ཧ་ཧོ་ཧྲཱིཿ་ཡིས་འཛད་མེད་སྤེལཿ ཧྲཱིཿ རྔ་ཡབ་གླིང་ཕྲན་ལང་ཀ་པུ་རི་ནསཿ གཏུམ་ཆེན་རབ་ཁྲོས་ཁམས་གསུམ་སྲོག་གི་བདགཿ མ་ཧཱ་ཙི་ནར་སྐྱེ་འགྲོའི་སྲོག་ལ་རྔམསཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་སྤྲུལ་བསྒྱུར་གརཿ ལ་འདུལ་བཛྲ་ཏཱ་རེར་སྨོན་ལམ་འབྲེལཿ ད་ལྟ་རྒྱལ་མོ་རོང་གི་སའི་ལྟེ་བརཿ རྟེན་བཅས་འབར་མ་ཆེན་མོ་གཤེགས་སུ་གསོལཿ སྨོན་ལམ་ལས་ཀྱིས་འབྲེལ་བའི་གང་ཟག་ལཿ དགྱེས་པར་དགོངས་ལ་བརྩེ་བའི་ཞལ་བཟང་སྟོནཿ ཁྱོད་ལ་དགྱེས་པའི་མཆོད་པ་འབུལ་བ་ནིཿ དྲི་ཞིམ་འདོད་ཡོན་བསང་མཆོད་སྤྲིན་ལྟར་གཏིབཿ རོ་ལྡན་ཟས་སྣའི་བྱེ་བྲག་རྫ་ལྟར་བསྙིལཿ བཅུད་ལྡན་བཏུང་བའི་ཚོགས་རྣམས་མཚོ་ལྟར་བསྐྱིལཿ དགྲ་བོའི་ཤ་ཁྲག་རུས་རྐང་ནང་རོལ་སོགསཿ ཁྱོད་ཀྱི་ཐུགས་དམ་བསྐང་བའི་རྫས་སུ་བཀོདཿ བཞེས་ཤིག་རོལ་ཅིག་ཐུགས་དམ་གཉན་པོ་བསྐངཿ བཀྲག་མདངས་གཟི་བརྗིད་མཐུ་སྟོབས་ནུས་པ་སྤེལཿ གཞན་ཡང་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ ཁྱོད་ཀྱི་མཐུན་པའི་རྫས་མཆོག་ཇི་སྙེད་པཿ འབུལ་ལོ་དགྱེས་སྐོང་དངོས་གྲུབ་མཆོག་སྩོལ་ཅིགཿ ཀྱེཿ གཏུམ་ཆེན་རབ་ཁྲོས་དྲག་གཏུམ་འོད་འབར་མཿ སྐུ་མདོག་དམར་ནག་སྤྱན་གསུམ་མཆེ་བ་གཙིགསཿ རལ་བ་བསྙིལ་ཞིང་ཧུ་ལུའི་གད་རྒྱང་སྒྲོགསཿ རྐན་སྒྲ་རྡེབ་ཅིང་ཤ་དང་ཁྲག་ལ་རྔམསཿ ཕྱག་གཡས་གནམ་ལྕགས་འབར་བའི་སྟྭ་གྲི་ཡིསཿ དགྲ་བོའི་མགོ་ལུས་ཕྲལ་ཞིང་སྲོག་རྩ་གཅོདཿ གཡོན་པས་སྦྲུལ་ནག་ཞགས་པ་ནད་རྐྱལ་གྱིསཿ དམ་ཉམས་རྐེ་ནས་འཆིང་ཞིང་སྨྱོ་འབོགས་གཏོངཿ གཡང་གཞིས་སྟོད་གཡོགས་གཟིག་ཤམ་སྦྲུལ་ཆུན་བཅིངསཿ ཁྲོ་གཏུམ་སྟག་མོ་གྲུས་མ་ཆིབས་སུ་བཅིབཿ སྲིན་མོའི་དམག་ཚོགས་བཀའ་ཉན་ཕོ་ཉར་འགྱེདཿ དྲེགས་པ་སྡེ་བརྒྱད་དམག་དཔུང་སྐར་ལྟར་འཁྲུགསཿ སྲིད་གསུམ་འདི་ན་ཁྱོད་ཉིད་འགྲན་ཟླ་བྲལཿ མཆོད་གསོལ་བསྟོད་དོ་དབུ་འཕང་གཉན་པོ་བསྟོདཿ དྲེགས་ཚོགས་ཀུན་ཀྱི་བླ་རུ་མངའ་གསོལ་ལོཿ ཁྱོད་ཀྱི་ཁས་བླངས་དམ་བཅས་ཇི་བཞིན་དུཿ ཨ་ཏི་བླ་མེད་ཐིག་ལེ་སྐོར་གསུམ་དངཿ ཡང་གསང་འཛིན་པ་རང་གྲོལ་ཉམས་ལེན་པའིཿ དམ་གཙང་རྣལ་འབྱོར་ཕོ་མོར་སྲུང་སྐྱོབས་མཛོདཿ བདག་གི་ཞི་རྒྱས་དབང་དང་དྲག་པོ་ཡིསཿ ཇི་ལྟར་འདོད་པའི་དོན་དང་གཉེར་བའི་ལསཿ ཐོགས་པ་མེད་པར་མྱུར་དུ་སྒྲུབ་པ་དངཿ བསྲུང་བྱར་གྱུར་པའི་སྦྱིན་བདག་ཕོ་མོ་དངཿ ཁྱད་པར་དད་དམ་ལྡན་ཞིང་བརྩེ་བའི་རིགསཿ བསོད་ནམས་རླུང་རྟ་ཚེ་བསོད་སྙན་གྲགས་སྤེལཿ སྡང་དགྲ་བསམ་ངན་སྦྱོར་རྩུབ་གཡོ་སྒྱུར་ལྡནཿ བྱད་ཕུར་རྦོད་གཏོང་མི་ཁའི་སྣ་འདྲེན་པཿ ཁྱད་པར་དམིགས་པའི་ཡུལ་གྱུར་དམ་ཉམས་ཀུནཿ ཁྱོད་ཀྱི་ཟས་སྐལ་གཏད་དོ་སྲོག་དབུགས་ལོངསཿ ཤ་ཁྲག་རྔམས་ཟས་དོན་སྙིང་གནངས་སུ་རོལཿ འདུན་མ་རླུང་ལ་བསྐུར་ཅིང་རྟགས་མཚན་སྟོནཿ ཆོ་འཕྲུལ་ལྟས་ངན་མི་འདོད་སྣ་དགུ་ཐོངསཿ གནོད་བྱེད་བགེགས་ཀྱི་དམག་ཚོགས་རྡུལ་དུ་རློགཿ ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྒྲེངསཿ འཛམ་གླིང་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ཅིངཿ ཕ་རོལ་གཟུགས་ཅན་གཟུགས་མེད་དཔའ་སྐོང་ལཿ བདག་གི་དབང་འདུས་ཟིལ་གྱིས་ནོན་པར་མཛོདཿ བཀྲ་ཤིས་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོགཿ ཅེས་བརྗོད་ཆོས་ཉིད་གཅིག་ཏུ་བསྲེཿ ཌཱཀྐིའི་རྗེ་མོར་བརྡ་རྟགས་ཤརཿ རྟེན་འབྲེལ་དུས་ལ་བབ་པའི་ཚེཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ཡིསཿ ལོངས་སྤྱོད་འཁོར་ལོའི་གསང་མཛོད་རྡོལཿ འདི་ནི་ཤིན་ཏུ་བཀའ་གཉན་པའིཿ ཀུན་ལ་སྤེལ་བར་མི་བྱ་སྟེཿ ལྷ་ལྕམ་ཕྱག་གི་མཚོན་ཆའོཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ དམ་ལྡན་འོད་ཟེར་མཐའ་ཡས་ཀྱིསཿ ཡི་གེའི་རིས་སུ་ཕབ་པ་སྟེཿ ཐུགས་ཐིག་གསང་བའི་ཆ་ལག་གོཿ གུ་ཧྱཿ ཁ་ཐཾཿ གསང་རྒྱཿ | |||
}} | }} |
Latest revision as of 14:19, 28 June 2024
Wylie title | snang srid ma mo'i sku la 'dud 'dod khams dbang phyug re ma ti mchod bsdus phrin las myur 'grub | |
---|---|---|
Location | mdo mkhyen brtse bka' 'bum Volume 7, Text 62, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Protector Rituals - gsol mchod | |
Colophon |
ཅེས་བརྗོད་ཆོས་ཉིད་གཅིག་ཏུ་བསྲེཿ ཌཱཀྐིའི་རྗེ་མོར་བརྡ་རྟགས་ཤརཿ རྟེན་འབྲེལ་དུས་ལ་བབ་པའི་ཚེཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ཡིསཿ ལོངས་སྤྱོད་འཁོར་ལོའི་གསང་མཛོད་རྡོལཿ འདི་ནི་ཤིན་ཏུ་བཀའ་གཉན་པའིཿ ཀུན་ལ་སྤེལ་བར་མི་བྱ་སྟེཿ ལྷ་ལྕམ་ཕྱག་གི་མཚོན་ཆའོཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ དམ་ལྡན་འོད་ཟེར་མཐའ་ཡས་ཀྱིསཿ ཡི་གེའི་རིས་སུ་ཕབ་པ་སྟེཿ ཐུགས་ཐིག་གསང་བའི་ཆ་ལག་གོཿ གུ་ཧྱཿ ཁ་ཐཾཿ གསང་རྒྱཿ | |
ces brjod chos nyid gcig tu bsre:_DAk+ki'i rje mor brda rtags shar:_rten 'brel dus la bab pa'i tshe:_khrag 'thung las kyi dpa' bo yis:_longs spyod 'khor lo'i gsang mdzod rdol:_'di ni shin tu bka' gnyan pa'i:_kun la spel bar mi bya ste:_lha lcam phyag gi mtshon cha'o:_bden rdzun lag tu longs dang shes:_dam ldan 'od zer mtha' yas kyis:_yi ge'i ris su phab pa ste:_thugs thig gsang ba'i cha lag go:_gu h+ya:_kha thaM:_gsang rgya: |