DKYD-KABUM-07-JA-058: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=སྨན་བཙུན་ཚེ་རིང་མཆེད་ལྔའི་གསོལ་མཆོད་ཕྲིན་ལས་གློག་ཞགསཿ
|fulltitle=sman btsun tshe ring mched lnga'i gsol mchod phrin las glog zhags
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=07
|volumenumber=07
|volumeLetter=JA
|volnumtib=
|volyigtib=༧
|totalvolumes=8
|textnuminvol=058
|textnuminvol=058
|multivolumework=No
|colophontib=ཅེས་པའང་ལྷ་སྲས་རིན་པོ་ཆེའི་དགོངས་བཞེད་བཞིན་གཏེར་གྱི་བདག་པོས་སོཿ དགེའོ།།
|colophonwylie=ces pa'ang lha sras rin po che'i dgongs bzhed bzhin gter gyi bdag pos so:_dge'o//
|pdflink=File:DKYD-KABUM-07-JA-058.pdf
|pdflink=File:DKYD-KABUM-07-JA-058.pdf
|volumeLetter=JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
}}

Latest revision as of 15:09, 28 June 2024

Wylie title sman btsun tshe ring mched lnga'i gsol mchod phrin las glog zhags
Location mdo mkhyen brtse bka' 'bum
Volume 7, Text 58, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
Colophon

ཅེས་པའང་ལྷ་སྲས་རིན་པོ་ཆེའི་དགོངས་བཞེད་བཞིན་གཏེར་གྱི་བདག་པོས་སོཿ དགེའོ།།

ces pa'ang lha sras rin po che'i dgongs bzhed bzhin gter gyi bdag pos so:_dge'o//

[edit]
འུྃཿ སྨན་བཙུན་ཚེ་རིང་མཆེད་ལྔའི་གསོལ་མཆོད་ཕྲིན་ལས་གློག་ཞགས་བཞུགསཿ ཡེ་ཤེས་མཁའ་འགྲོའི་སྐུ་ལ་འདུདཿ སྨན་བཙུན་མཆེད་ལྔའི་གསོལ་མཆོད་ནིཿ རཾ་ཡཾ་ཁཾཿ གཏོར་མཆོད་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཀྱཻཿ ཉི་མ་ནུབ་ཕྱོགས་པ་གི་ནཿ གངས་དཀར་ཤེལ་གྱི་ར་བའི་དབུསཿ གཡུ་ཡི་སྐུ་མཁར་མཛེས་ལྡན་ནསཿ སྨན་བཙུན་མཆེད་ལྔ་གཤེགས་སུ་གསོལཿ བཞུགས་གསོལ་ཕྱག་འཚལ་དམ་ཚིག་བསྲེཿ ལྷ་ཡི་ཞལ་ཟས་རོ་བརྒྱ་ལྡནཿ དཀར་གསུམ་མངར་གསུམ་འབྲུ་སྨན་སྤོསཿ ཕྱེ་མར་ཟས་སྣ་སྐྱེམ་ཕུད་འབུལཿ རྟེན་རྫས་བསྐང་རྫས་སྒྲུབ་རྫས་སོགསཿ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང་ཿ རྩ་བ་ཡན་ལག་དམ་ཉམས་དང་ཿ ཁྱོད་ཀྱི་ཐུགས་དང་འགལ་བགྱིས་བཤགསཿ མངའ་གསོལ་ཡོན་ཏན་དྲན་པས་བསྟོདཿ ཐོད་ཕྲེང་བཞད་པའི་རྡོ་རྗེ་དང་ཿ རིག་འཛིན་བརྒྱུད་པའི་བཀའ་དམ་བཞིནཿ གསང་སྔགས་བཀའ་སྲུང་བརྒྱུད་འཛིན་སྐྱོངསཿ ཆོས་ལྡན་རྒྱལ་པོའི་ཆབ་སྲིད་དང་ཿ བསྟན་པའི་སྦྱིན་བདག་མངའ་ཐང་སྤེལཿ བསྟན་དགྲ་དམ་ཉམས་དྲག་པོས་སྒྲོལཿ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབསཿ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལཿ བཀྲ་ཤིས་བདེ་སྐྱིད་ཕུན་ཚོགས་ཤོགཿ དབྱིངས་ཀྱི་རྗེ་མོའི་གསུངས་བཞིན་སྨྲསཿ ཐུགས་ཀྱི་སྲས་པོས་བྲིས་པ་སྟེཿ དམ་ལྡན་སྲུང་མས་ལས་མྱུར་རོཿ འུྃཿ ཌཱཀྐི་ཚེ་རིང་མཆེདལྔ་ཡིཿ གསོལ་དང་མཆོད་པའི་རིམ་པ་ནིཿ ཀྱཻཿ རང་སྣང་འོད་གསལ་སྤྲུལ་པའི་གནསཿ ངོ་མཚར་འཕྲུལ་གྱི་ཕོ་བྲང་ནསཿ དབྱིངས་ཀྱི་རྗེ་མོ་སྤྲུལ་པའི་སྐུརཿ ཡོངས་བཞེངས་སྨན་བཙུན་ཚེ་རིང་མཿ མཆེད་ལྔ་འཁོར་དང་བཅས་པ་རྣམསཿ དམ་ཚིག་དབང་གིས་གནས་འདིར་གཤེགསཿ བཛྲ་ས་མ་ཡ་ཛ་ཛཿ དགྱེས་པའི་གདན་ལ་བག་ཕེབ་བཞུགསཿ བདག་དང་གཡར་དམ་གཅིག་དུ་བསྲེཿ ཁྱེད་ལ་མཆོད་པ་འབུལ་བ་ནིཿ མཛེས་པའི་གཟུགས་དང་སྙན་པའི་སྒྲཿ དྲི་ཞིམ་རོ་མངར་རེགས་བྱ་འཇམསཿ དམ་རྫས་བྷ་ལིང་སྨན་ཕུད་དང་ཿ དཀར་གསུམ་མངར་གསུམ་བཟའ་བཏུང་རིགསཿ སྤྱན་གཟིགས་དཀོར་ནོར་སྣ་ཚོགས་སོགསཿ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང་ཿ འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགསཿ སྐུ་གསུང་ཐུགས་ལ་བདག་བསྟོད་དོཿ ཁྱོད་ལ་འཕྲིན་ལས་བཅོལ་བ་ནིཿ ཨ་ཏིའི་བསྟན་པ་སྲུང་བ་དང་ཿ བདག་དང་འབྲལ་མེད་རྟག་ཏུ་བཞུགསཿ ཚེ་དང་བསོད་ནམས་དཔལ་འབྱོར་སྤེལཿ སྙན་གྲགས་སྒྲུབས་ལ་རེ་བ་སྐོངསཿ ཁམས་གསུམ་དབང་དུ་བསྡུ་བ་དང་ཿ མངོན་ཤེས་གསལ་བའི་སྒྲོན་མེ་སྟོནཿ དགྲ་གདོན་བགེགས་ཀྱིས་འཚེ་བ་བཟློགཿ ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ ཅེས་པའང་ལྷ་སྲས་རིན་པོ་ཆེའི་དགོངས་བཞེད་བཞིན་གཏེར་གྱི་བདག་པོས་སོཿ དགེའོ།།