DKYD-KABUM-07-JA-023: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(2 intermediate revisions by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ལྷ་སྨན་དཀར་མོའི་བསང་མཆོད།
|fulltitle=lha sman dkar mo'i bsang mchod
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Smoke Offerings - bsangs mchod - lha bsang
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=07
|volumenumber=07
|volumeLetter=JA
|volnumtib=
|volyigtib=༧
|totalvolumes=8
|textnuminvol=023
|textnuminvol=023
|multivolumework=No
|colophontib=ཀེའུ་ཚང་གི་བསང་མཆོད་འདི་ཌཱཀྐི་མ་ཡི་བཀའ་བསྐུལ་བར། །ཁྲག་འཐུང་དཔའ་བོས་སྨྲས་པས་བཞིན། །འོད་ཟེར་མཐའ་ཡས་ཀྱིས་བྲིས་སོ།
|colophonwylie=ke'u tshang gi bsang mchod 'di DAk+ki ma yi bka' bskul bar/_/khrag 'thung dpa' bos smras pas bzhin/_/'od zer mtha' yas kyis bris so/
|pdflink=File:DKYD-KABUM-07-JA-023.pdf
|pdflink=File:DKYD-KABUM-07-JA-023.pdf
|volumeLetter=JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
}}

Latest revision as of 11:04, 28 June 2024

Wylie title lha sman dkar mo'i bsang mchod
Location mdo mkhyen brtse bka' 'bum
Volume 7, Text 23, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
Colophon

ཀེའུ་ཚང་གི་བསང་མཆོད་འདི་ཌཱཀྐི་མ་ཡི་བཀའ་བསྐུལ་བར། །ཁྲག་འཐུང་དཔའ་བོས་སྨྲས་པས་བཞིན། །འོད་ཟེར་མཐའ་ཡས་ཀྱིས་བྲིས་སོ།

ke'u tshang gi bsang mchod 'di DAk+ki ma yi bka' bskul bar/_/khrag 'thung dpa' bos smras pas bzhin/_/'od zer mtha' yas kyis bris so/

[edit]
༄༅། །རྒྱལ་མོ་རོང་གི་ཡུལ་གྱི་ཆར་སེང་གེ་བྲག་གི་ཟོ་དོར་མཉན། ལྷ་སྨན་དཀར་མོའི་བསང་མཆོད་ནི། ཕྱེ་མར་ཟས་སྣ་ཤིང་རྩི་གསེར་སྐྱེམས་ཕུད་མཆོད་ཅིང་ཟིལ་གནོན་དང༌། རཾ་ཡཾ་ཁཾ། བསང་དང་གསེར་སྐྱེམས་དྲི་མ་སྦྱངས་ཤིང་འདོད་ཡོན་ལྔའི་ཕྲིན་ཕུང་འཕྲོ་བའི་གཏེར་ཆེན་དུ་གྱུར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ཀྱཻ། སྔོན་ཚེ་རྗེ་བཙུན་པདྨ་ཀ་ར་ཡི། །སློབ་མ་པ་གོར་བཻ་རོ་ཙ་ན་དང༌། །ཐུགས་སྲས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡིས། །རོང་ཁམས་དཀར་མོའི་ཆོས་ལ་བསྒྱུར་བའི་ཚོ། །ཁྲོ་གཏུམ་རྒྱལ་མོ་རོང་གི་གཞི་བདག་ནི། །དགྲ་རུ་ལངས་ནས་ཆོ་འཕྲུལ་སྣ་ཚོགས་བསྟན། །གུ་རུ་ལྷོ་བྲག་མཁར་ཆུར་བཞུགས་པའི་ཚེ། །བཻ་རོས་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །རྫུ་འཕྲུལ་སྟག་ལ་ཆིབས་ཤིང་མཁའ་ནས་གཤེགས། །དམུ་རྡོའི་གསང་ཆེན་ཕུག་གི་རྩེ་མོར་བབས། །རྡོ་རྗེ་གྲོ་བོ་ལོད་ཀྱི་སྐུར་བཞེངས་ནས། །མ་རུང་གདུག་པའི་འོག་ཚོགས་དབང་དུ་བསྡུས། །ལ་ལའི་སྲོག་སྙིང་བསྡུས་ཤིང་རྣམ་ཤེས་སྤར། །ལ་ལའི་བཀའ་རྟགས་ཕྱག་རྒྱའི་དམ་ག་བཅུག །སྲོག་སྙིང་ཕུལ་ཞིང་ཁས་བླངས་བྲོ་བོར་ཚེ། །སེང་བྲག་སྲིན་མོ་ཤང་ཤང་མིག་གསུམ་མ། །དམ་ལོག་གཉན་པོར་གུ་རུའི་སྣང་བརྙན་ལ། །བྱིན་རླབས་བཻ་རོ་ཡབ་སྲས་བསྒྲུབ་གནས་མཛད། །དེ་ཚེ་གནས་བདག་སྲུང་མར་ཁས་བླངས་པའི། །ལྷ་སྨན་གཡུང་དྲུང་དཔལ་འབར་འཁོར་དང་བཅས། །སྔོན་གྱི་དམ་ཚིག་གཉན་པོ་དྲན་པར་གྱིས། །དྲི་ཞིམ་བསང་མཆོད་འཇའ་འོད་སྤྲིན་ཕུང་འཁྲིགས། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔ། །གང་ལ་གང་འདུལ་ལོངས་སྤྱོད་ཆར་འབེབས་ཅིང༌། །རོ་བརྒྱ་ལྡན་པའི་བདུད་རྩི་སྐྱེམས་ཕུད་བཅས། །མཆོད་དོ་འབུལ་ལོ་དགའ་མགུ་ཡི་རངས་མཛོད། །དུད་པ་ཕུན་ཚོགས་དྲི་མཆོག་དྭངས་མའི་རྒྱུན། །ས་དང་བར་སྣང་ནམ་མཁར་གང་བ་ཡིས། །རྩ་གསུམ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་བསང༌། །གནས་བདག་ལྷ་སྨན་གཡུང་དྲུང་དཔལ་འབར་བསང༌། །མཛའ་གྲོགས་གནོད་སྦྱིན་གུ་ལང་ནག་པོ་བསང༌། །མིང་པོ་ཤན་པ་ར་ཙོར་གཏུམ་པོ་བསང༌། །ནང་བློན་མགར་བ་ཐོག་སེར་བདག་པོ་བསང༌། །ཕྱི་བློན་བཙན་རྒོད་པུ་ཊ་ཡབ་ཡུམ་བསང༌། །ལས་མཁན་སྟོང་དཔོན་གཉན་རྒོད་སྤུན་གསུམ་བསང༌། །གདོལ་བ་ཀླུ་མོ་རྣམ་བཞི་འཁོར་བཅས༴ །གཞན་ཡང་འཁོར་ཚོགས་ཡུལ་བཞིའི་བདག་པོ༴ །ཐམས་ཅད་གདུག་པའི་བསམ་སྦྱོར་ཀུན་ཞི་ནས། །སྡུག་བསྔལ་ཀུན་བྲལ་བདེ་བ་མཆོག་ལྡན་ཞིང༌། །དཔལ་འབྱོར་ལོངས་སྤྱོད་བྱང་སེམས་རྒྱས་གྱུར་ཅིག །བདག་ནི་པདྨ་ཀཱ་རའི་གདུང་རྒྱུད་དོ། །ལྷ་སྔགས་ཏིང་ངེ་འཛིན་གྱི་ནུས་མཐུ་ལྡན། །དྲེགས་པ་དམ་མེད་བསྒྲལ་ཞིང་དམ་ལྡན་མཆོད། །སློབ་དཔོན་བཻ་རོའི་སྐྱེ་འཕྲེང་རིམ་བྱོན་དང༌། །གཏེར་ཆེན་ཁྲག་འཐུང་དཔའ་བོ་ཡབ་ཡུམ་གྱི། །བཀའ་དང་དམ་ལ་མ་འདའ་ས་མ་ཡཱཿ །བསྟན་པ་སྲུང་ཞིང་བསྟན་འཛིན་སྐྱོང་བ་དང༌། །ཆོས་བཞིན་བསྒྲུབ་པའི་ཡོན་བདག་མེལ་ཚེ་གྱིས། །ཆོས་ལྡན་རྒྱལ་པོའི་རྒྱལ་སྲིད་མངའ་ཐང་སྤེལ། །དད་ལྡན་སྦྱིན་བདག་ཕོ་མོའི་ཚེ་བསོད་དཔལ། །རྒྱས་ཤིང་རྒྱལ་ཁམས་བདེ་སྐྱིད་ལྡན་པར་མཛོད། ཀེའུ་ཚང་གི་བསང་མཆོད་འདི་ཌཱཀྐི་མ་ཡི་བཀའ་བསྐུལ་བར། །ཁྲག་འཐུང་དཔའ་བོས་སྨྲས་པས་བཞིན། །འོད་ཟེར་མཐའ་ཡས་ཀྱིས་བྲིས་སོ། །