DKYD-KABUM-07-JA-038: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=07
|volumenumber=07
|volnumtib=ཇ
|volyigtib=༧
|volumeLetter=JA
|volumeLetter=JA
|textnuminvol=038
|textnuminvol=038

Revision as of 09:48, 28 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 38, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
[edit]
༁ྃཿ ཿ྅྅྅྅྅ སྲིད་གསུམ་དབང་སྒྱུར་རྡོ་རྗེ་རྣལ་འབྱོར་མཿ བྱང་ཆུབ་བར་དུ་སྙིང་གི་ཐིག་ལེར་འདྲེསཿ ཕྲིན་ལས་རང་དབང་སྒྱུར་བའི་ལྷ་ཆེན་གྱིསཿ ཐུགས་རྟེན་སྲོག་གི་འཁོར་ལོ་བསྟན་པར་བྱཿ «དེ་ཡང་རྒྱལ་པོ་མི་ཆེན་ལས་བྱུང་བའིཿ ལེ་བརྒན་དར་ལས་འདོད་དོན་རང་བྱུང་དབྱིགཿ ཆགས་མའི་ཟླ་མཚན་རིན་ཆེན་མཚལ་སྣག་བསྲེསཿ འཁོར་ལོ་མུ་ཁྱུད་རིམ་པ་ལྔ་རུ་བསྐོརཿ དབུས་སུ་འདོད་པའི་ཁྲོན་པ་སྲིད་མེའི་དཀྱིལཿ »ཧྲཱི་དང་ཨེ་ཝཾ་མ་ཡ་«བཞི་ལྡན་ལཿ ཞལ་ཤེས་གནད་དང་ལྡན་པ་གཅེས་པར་བཟུངཿ ས་མ་ཡཱཿ དེའི་ཕྱི་རིམ་མུ་ཁྱུད་ནང་དུ་ནིཿ »འདོད་པའི་རྒྱལ་པོ་ལྷ་ཆེན་དབང་ཕྱུག་ཆེན་པོ་ཡུམ་ཨུ་མ་དེ་བ་སྲས་ཚོགས་ཀྱི་བདག་པོ་བླ་ཆགས་ཡིད་ཁུག་སྲོགས་ཀྱི་རྟེན་ཆོས་ཤིགཿ «དེ་རྒྱབ་མུ་ཁྱུད་ལཿ »ཨོཾ་མ་ཧཱ་དེ་བཱ་ཧཱུྃཿ ཨུ་མ་དེ་བི་ཧྲིངཿ ཨེ་མཉྫུ་གུག་ཏ་ཧཱུྃཿ ཀ་བྷི་ར་ཀུ་བྷི་རཿ བྷག་ཤན་བྷག་ཤནཿ ཨུ་ཀི་ལོ་ཀཿ ཆེ་གེ་མོ་པ་ཤང་ཀུ་རུ་ཡེ་ཛ་ཛཿ ཧྲི་ཛ་ཁུག་ཁུགཿ «དེ་རྒྱབ་རྩིབ་བརྒྱད་ལ་»ཧྲཱིཿ«བརྒྱད་མཚམས་ལཿ »ཨེ་ཎི་ཡ་མ་དུ་ཧྲི་ཛཿ «རེ་རེའི་བསྐོརཿ རྩིབ་མཆན་ལཿ »ཙག་ཤུ་ཙིགས་ལྡནཿ «གུམཿ རེ་རེ་བྲིཿ དེ་རྒྱབ་མུ་ཁྱུད་ལཿ »ཨ་དཀར་ཤ་ཡ་ཛ་ཛཿཧྲིང་ཧྲིངཿ ཕྲམ་ཕྲམ་སྡུས་སྡུས་རཾ་རཾ་དེད་དེདཿ ནིག་ནལ་ནིག་ནལཿ པྲ་མོ་པྲ་མོ་ཐུནཿ ཛབ་ཛབ་ཛུབ་ཛུབ་ཁུགཿ ཟེ་ཛོ་ཟེ་ཛོཿ སློང་སློང་དྲངས་ཤིག་ཁུག་སྡུསཿ སེམས་རྩ་དཀྲུགསཿ དབང་པོ་མྱོསཿ འདོད་ཆགས་སློངསཿ སྒུལ་སྒུལ་ཤག་ཤགཿ ཙག་ཙག་ཙིག་ཙིགཿ ཆེ་གེ་མོ་དབང་དུ་སྡུས་ཤིགཿ« ཅེས་བྲིསཿ དེ་རྒྱབ་མུ་ཁྱུད་ལྕགས་ཞགས་འོད་འཕྲེང་བསྐོརཿ རྫས་ནི་ཕུར་མང་གི་ལོ་མཿ སེ་བའི་མེ་ཏོགཿ ཕོ་དངཿ གོ་བྲུནཿ སྐྱུང་གུའི་བྲུནཿ མེ་ཏོག་གླང་སྣ་རྣམསཿ» «གསང་བའི་རྫས་བྱུག་བླ་རྡོ་དང་བཅས་པཿ བསྒྲུབས་ཤིང་རྣལ་འབྱོར་ལུས་དང་འབྲལ་མེད་བྱཿ སྲིད་གསུམ་དབང་སྡུད་ཞལ་ལ་གབཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དྷ་ཐིམཿ