DKYD-KABUM-05-CA-026: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 10: Line 10:
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|terma=Yes
|deity=bka' srung
|cycle=chos sgrung nor bu'i bang mdzod
|cycletib=ཆོས་སྒྲུང་ནོར་བུའི་བང་མཛོད་
|language=Tibetan
|language=Tibetan
|volnumtib=༥
|volnumtib=༥

Revision as of 10:13, 27 June 2024

Wylie title
Location mdo mkhyen brtse bka' 'bum
Volume 5, Text 26, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
Cycle ཆོས་སྒྲུང་ནོར་བུའི་བང་མཛོད་ (chos sgrung nor bu'i bang mdzod)
Deity bka' srung
[edit]
༄༅། །ཆོས་སྒྲུང་ནོར་བུའི་བང་མཛོད་ལསཿ བཀའ་བསྲུང་མཆོད་སྤྲིན་བསྡུས་པ་ཤ་ཟ་དགྱེས་སྐོང་ཅེས་བྱ་བ་བཞུགསཿ

༄༅། «།ཌཱཀྐི་ལ་ན་མོ༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ བཀའ་བསྲུང་ཤ་ཟ་མཆེད་སྡེ་ལྔར༔ གཏོར་མ་འབུལ་བའི་རིམ་པ་ནི༔ དམར་གཏོར་གཙོ་འཁོར་ལྔ་པའམ༔ ཡང་ན་དམར་གཏོར་ཤ་ཁྲག་བརྒྱན༔ ཕུད་རྒོད་སྐྱེམས་རིགས་བསགས་བྱས་ལ༔ རྣལ་འབྱོར་ལྟ་བའི་གདེངས་ལྡན་པས༔ འདི་སྐད་ཚིག་གིས་འབུལ་བར་བྱ༔ »ཧྲཱི༔ རིགས་བཞིའི་ཌཱཀྐིའི་ཕྲིན་ལས་པ༔ མྱུར་མགྱོགས་ཕྲིན་ལས་ཐོགས་མེད་ལྡན༔ རྫུ་འཕུལ་རོལ་པ་ཆེན་པོ་ཡིས༔ སྤྲིན་ནག་འདུས་དང་མ་ལ་ཡ༔ ཨུ་རྒྱན་ལ་སོགས་གནས་རྣམས་ནས༔ མ་ཐོགས་ཡུད་ཀྱིས་གནས་འདིར་གཤེགས༔ རབ་འཇིགས་གཏུམ་རྔམས་དྲག་པོའི་སྐུར༔ བཞེངས་ནས་སྤྲིན་ནག་རླུང་འདྲེས་པའི༔ འུར་ཆོམ་འཇིགས་རུང་སྐྱི་གཡའ་བར༔ ཤ་ཟ་འབུམ་གྱི་འཁོར་དང་བཅས༔ དམ་ཚིག་དབང་གིས་གནས་འདིར་གཤེགས༔ མ་མ་དྷ་ཀི་ནི་ས་མ་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ དགྲ་བགེགས་བསྒྲལ་བའི་གདན་ལ་བཞུགས༔ དམ་ཉམས་ཤ་ཁྲག་རི་མཚོ་ལྟར༔ བསྐྱིལ་བའི་དམ་རྫས་དམར་མཆོད་དང་༔ དབང་ལྔའི་མེ་ཏོག་ཤ་བསུར་དུད༔ ཞུན་ཆེན་མར་མེ་ཉི་ལྟར་གསལ༔ མཁྲིས་པའི་དྲི་མཆོག་ཤ་རུས་ཀྱི༔ ཞལ་ཟས་རྐང་གླིང་རོལ་མོའི་སྒྲ༔ གཞན་ཡང་དཔའ་བོའི་གར་སྟབས་ཀྱིས༔ བསྒྱུར་བའི་དྭངས་མ་འདོད་ཡོན་བཅུད༔ དགའ་བཞིའི་རོལ་བ་སྣ་ཚོགས་ཀྱིས༔ ཁྱོད་ཐུགས་བསྐང་ལ་ཉམས་ཆགས་བཤགས༔ ལྟ་བ་ནོར་འཁྲུལ་མེད་པ་དང་༔ བསྒོམ་པ་ཡེངས་མེད་རྒྱུན་གྱིས་བསྐངས༔ སྤྱོད་པ་ཏན་གན་བརྟུལ་བཞུགས་འདྲ༔ བདེ་སྟོང་སྐྱེ་མེད་ཆེན་པོའི་བསྐང་༔ བསྐང་དུ་མེད་དེ་ཆོས་ཉིད་ཀློང་༔ བཤགས་སུ་མེད་དོ་རིག་པའི་རྩལ༔ དོན་དམ་གཉིས་སུ་མེད་པ་དང་༔ ཌཱཀྐི་འཁོར་བཅས་གཉིས་སུ་མེད༔ དེ་ཕྱིར་རོལ་པའི་དམ་ཚིག་གིས༔ དག་ཚངས་དགྱེས་པའི་རོལ་གར་སྟོན༔ ཧཱུཾ༔ ཁྱོད་རྣམས་སྔོན་གྱི་དམ་བཅའ་བཞིན༔ བདག་ཀྱང་པདྨའི་རྒྱུད་འཛིན་སྟེ༔ བདུད་འདུལ་རྒྱལ་པོའི་སྨོན་ལམ་འཛིན༔ དེ་ཕྱིར་མ་གཡེལ་ཕྲིན་ལས་བསྒྲུབས༔ དཔལ་ལྡན་བླ་མའི་སྐུ་ཚེ་ནི༔ འཛད་མེད་ཆུ་བོའི་རྒྱུན་བཞིན་བསྲིངས༔ མཛད་འཕྲིན་གྲགས་པའི་དབྱར་རྔ་ཡིས༔ ས་གསུམ་འགེངས་པའི་ཕྲིན་ལས་མཛོད༔ གསང་ཆེན་ཌཱཀྐིའི་བརྡ་ཆོས་རྣམས༔ ཁྱོད་ཀྱི་སྲོག་ལྟར་མི་ཉམས་སྲུངས༔ དམ་ཉམས་བཀའ་རྐུན་ལོག་སྲེད་ཅན༔ ལག་ཏུ་མ་ཤོར་དམ་པོར་གྱིས༔ བརྒྱུད་འཛིན་དམ་ལྡན་བུ་ལྟར་བསྲུངས༔ རིགས་ལྡན་ཆོས་ཀྱི་རྒྱལ་སྲིད་ཀྱང་༔ ནམ་ཡང་བརྗེད་པ་མེད་པར་སྲུངས༔ མདོར་ན་དུས་དང་རྣམ་ཀུན་ཏུ༔ དབང་དང་དྲག་པོའི་ཕྲིན་ལས་ཀུན༔ སྔར་ནས་གཏད་པ་བཞིན་དུ་ནི༔ ཇི་ལྟར་བཅོལ་བའི་ལས་རྣམས་ཀུན༔ མ་གཡེལ་མ་འདས་ས་མ་ཡཱ༔« ཅེས་བརྗོད་གཏོར་མ་གཙང་སར་འབུལ༔ འདི་ནི་ཤིན་ཏུ་བཀའ་གཉན་པའི༔ ཁྱབ་བརྡལ་སྤེལ་བྱ་མ་ཡིན་ནོ༔ རང་དང་ཆོས་རྒྱུད་མི་མཐུན་པའི༔ ལག་ཏུ་ཤོར་ན་རང་ལ་སྡིག༔ དེ་ཕྱིར་གསང་སྒོ་དམ་པོར་གྱིས༔ ས་མ་ཡཱ༔ འདི་ཡི་དམ་ཚིག་སྤངས་བྱ་ནི༔ དམ་ཉམས་མཛེ་ཡུགས་དམེ་མནོལ་རིགས༔ ཐ་མལ་བུད་མེད་སྤང་བར་བྱ༔ དད་དང་དམ་ཚིག་གཅེས་སྤྲ་བྱས༔ གཏོར་འབུལ་ཡིད་ཀྱིས་འཆགས་མི་བྱ༔ སྙིང་ཉེ་བྱིན་རླབས་ཚན་ཁ་ཆེཿ ལས་མྱུར་ཐོགས་མེད་དྲག་རྩལ་ལྡན༔ དེ་ཕྱིར་འཚོ་ཤེས་བསྲུང་ཤེས་བྱ༔ གཙང་སྒྲ་བྱ་བའང་གནད་དུ་ཆེ༔ ས་མ་ཡཱ༔ ས་མ་ཡཱ༔ ས་མ་ཡཱ༔ ཙིཏྟ་རཀྵ་ཀུུ་རུ་བྷྲུཾ༔ སྐྱབས་རྗེ་མཆོག་གི་བཀས་བསྐུལ་བཞིན༔ དུས་བབ་གཏེར་མིང་སྔགས་སྤྱོད་མཁན༔ འགྲོ་འདུལ་གླིང་པས་དག་པར་ཕབ༔ དགེ་དེས་དཔལ་ལྡན་བླ་མ་ཡི༔ སྐུ་ཚེ་བརྟན་ཞིང་ཐུགས་བཞེད་འགྲུབ༔ འགྲོ་དོན་ཕྱོགས་བརྒྱར་འགྲུབ་པར་ཤོག༔ དགེའོ༔