DKYD-KABUM-05-CA-035: Difference between revisions

From Khyentse Lineage - A Tsadra Foundation Project
DKYD-KABUM-05-CA-035
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|language=Tibetan
|language=Tibetan
|volnumtib=༥
|volyigtib=ཅ
|pagestatus=Temporary stub only
|pagestatus=Temporary stub only
|volumenumber=05
|volumenumber=05

Revision as of 15:54, 24 June 2024

Wylie title
Location mdo mkhyen brtse bka' 'bum
Volume 5, Text 35, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
༄༅། །དག་སྣང་དངོས་གྲུབ་ཀུན་འབྱུང་ལསཿ ལབ་སྒྲོན་དྲག་མོའི་བསྒྲུབ་ཐབས་བཞུགསཿ

༄༅།« །ཡེ་ཤེས་ཌཱཀྐིའི་ཚོགས་ལ་འདུདཿ བདག་ཉིད་མ་ཅིག་ལབ་སྒྲོན་མའིཿ གསང་སྒྲུབ་དངོས་གྲུབ་འབྱུང་བའི་གཏེརཿ ཡང་གསང་མཁའ་འགྲོས་སྙིང་བཅུད་བསྟནཿ སྙིང་ལ་སྦོས་ཤིག་ས་མ་ཡཱཿ དང་པོ་སྔོན་འགྲོའི་རིམ་པ་ནིཿ མེ་ལོང་གཡའ་བྲལ་དྲི་མེད་ལཿ མཚལ་དང་རཀྟ་སིནྡྟུ་རཿ བསྲེས་པའི་ཁུ་བའི་ཆོས་འབྱུང་ནིཿ ཟུར་དྲུག་དབུས་སུ་པད་འདབས་བཞིསཿ ལྟེ་བར་དགའ་འཁྱིལ་རང་མདོག་དང་ཿ མཐུན་བྱས་དབུས་སུ་བཾ་དང་ནིཿ འདབ་བཞིར་ཧ་རི་ནི་ས་བཀོདཿ དེ་སྟེང་བདེ་སྐྱོང་བྷནྡྷའི་ནང་ཿ ཨ་མྲྀ་ཏ་དང་བདུད་རྩི་ལྔཿ སྦྱར་བ་དར་དམར་གྱིས་བཀབས་ནསཿ མདུན་དུ་སྨན་རཀ་གཏོར་མ་དང་ཿ ཕྱི་ནང་མཆོད་པའི་བསྐོར་བྱས་ལཿ གཞན་ཡང་བརྟུལ་ཞུགས་སྤྱོད་པ་ལཿ འོས་པའི་ཆས་རྣམས་སྟ་གོན་བྱཿ ཞིང་ལྤགས་གདན་ལ་འཁོད་བྱས་ནསཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ» ཀ་དག་སྤྲོས་བྲལ་ཆོས་སྐུ་ཡུམ་ཆེན་མོཿ ལོངས་སྤྱོད་རྫོགས་སྐུ་བཛྲ་ཝཱ་ར་ཧིཿ ཐུགས་རྗེའི་སྤྲུལ་སྐུ་ཁྲོས་མ་ལབ་སྒྲོན་མཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ «གཉིས་པ་སྨོན་དང་འཇུག་པ་ཡིཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནིཿ» མཁའ་མཉམ་མཐའ་ཡས་འགྲོ་བ་མ་ལུས་ཀུནཿ ཡང་དག་རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིརཿ ཚད་མེད་བཞི་དང་ཕར་ཕྱིན་དྲུག་གི་ལམཿ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱིཿ «གསུམ་པ་ཚོགས་གཉིས་རྫོགས་པའི་ཕྱིརཿ ཡན་ལག་བདུན་པ་འབུལ་བ་ནིཿ» གཏན་གྱི་སྐྱབས་གནས་ཁྲོས་མའི་ལྷ་ཚོགས་ལཿ སྡིག་སྒྲིབ་སྦྱངས་ཕྱིར་གུས་པས་ཕྱག་འཚལ་ལོཿ དངོས་སུ་འབྱོར་དང་ཡིད་ཀྱི་སྤྲུལ་པ་ཡིཿ སྲིད་ཞིའི་བསྡུས་པའི་ཕྱི་ནང་གསང་མཆོད་འབུལཿ ཐོག་མེད་དུས་ནས་ད་ལ་ཐུག་གི་བརཿ སྒོ་གསུམ་ཉམས་ཆགས་ཉེས་ལྟུང་ཐམས་ཅད་བཤགསཿ བྱང་སེམས་ཉན་རང་ལྷ་མིའི་དགེ་ཚོགས་ལཿ རྟག་པར་རྒྱུན་དུ་རྗེས་སུ་ཡི་རང་ངོ་ཿ རྒྱལ་བ་སྲས་བཅས་རིག་འཛིན་ཚོགས་རྣམས་ལཿ ཆོས་འཁོར་བསྐོར་བར་གསོལ་བ་ཡང་ཡང་འདེབསཿ སངས་རྒྱས་བྱང་སེམས་སྤྲུལ་པའི་བསྟན་འཛིན་རྣམསཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུནཿ བྱང་ཆུབ་ཆེན་པོའི་རྒྱུ་རུ་ཡོངས་སུ་བསྔོཿ «བཞི་བ་མཆོད་རྫས་བྱིན་རླབས་ནིཿ» རཾ་ཡཾ་ཁཾཿ མཆོད་རྫས་ཉེས་སྐྱོན་མ་དག་བསྲེགས་གཏོར་བཀྲུསཿ ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལསཿ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་ཿ མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགསཿ ཉེར་སྤྱོད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱདཿ ཕྱི་མཆོད་རང་རང་འདོད་དགུའི་འབྱོར་བ་བསྒྱུརཿ ནང་མཆོད་བྷནྡྷ་ལྕང་ལོ་ཅན་གྱི་ནང་ཿ སྨན་རག་གཏོར་གསུམ་གཟུགས་སྒྲ་དྲི་རོ་རེགཿ སྦྱོར་སྒྲོལ་རྨད་དུ་བྱུང་བའི་གསང་མཆོད་སོགསཿ ངོ་བོ་ཡེ་ཤེས་བདུད་རྩིའི་རང་བཞིན་ལཿ ཤ་ལྔ་བདུད་རྩི་ལྔ་ཡི་རྣམ་པར་བསྒྱུརཿ བཛྲ་ཨརྒྷཾ་«ནས་»ཤབྟ་ཨོཾ་ཨཱཿཧཱུྃཿ ཧ་ཧོ་ཧྲཱིཿ སརྦ་པཱུཙྩ་ས་མ་ཡ་ཧོ༔ «ལྔ་བ་དངོས་གཞི་རྟེན་དང་བརྟེན་པར་བཅསཿ སྤྲོས་བྲལ་དེ་བཞིན་ཉིད་དབྱིངས་བསྐྱེད་པ་ནིཿ »ཨཱཿ སྣང་སྲིད་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་དལཿ རྒྱུ་རྐྱེན་ལས་འདས་སྤྲུལ་བའི་གཞལ་མེད་ཁང་ཿ གྲུ་བཞི་སྒོ་བཞི་རྩིགས་པ་རིམ་པ་ལྔཿ འདོད་སྣམ་ཕ་གུ་དྲ་བ་དྲ་ཕྱེད་དངཿ ཤར་བུ་མདའ་ཡབ་ཆོས་འཁོར་གདུགས་ཏོག་དངཿ གསེར་ཁྱམས་ཁྲག་ཁྱམས་སྒོ་རྒྱན་རྟ་བབ་སོགསཿ ཕྱི་རོལ་དུར་ཁྲོད་བརྒྱན་ལྡན་མེ་རིའི་བསྐོརཿ གཞལ་ཡས་ཚད་དང་མཚན་ཉིད་ཡོངས་རྫོགས་པའིཿ དབུས་སུ་ཆོས་འབྱུང་དམར་པོ་ཟུར་དྲུག་དང་ཿ དེ་དབུས་སྣ་ཚོགས་པདྨ་འདབ་བཞི་ཡིཿ དབུས་སུ་པདྨ་ཉི་ཟླ་བམ་ཆེན་སྟེང་ཿ རང་རིག་མ་བཅོས་ལབ་ཀྱི་སྒྲོན་མ་ནིཿ དྲག་མོའི་སྐུར་བཞེངས་བདུད་འདུལ་ཁྲོ་མོ་ནིཿ ཆོས་ཉིད་འགྱུར་མེད་ནམ་མཁའི་མདོག་མཚུངས་ཤིངཿ ཞལ་ཅིག་ཕྱག་གཉིས་སྤྱན་གསུམ་དཀར་དམར་འཁྲུགསཿ ཞལ་གདངས་ཚད་མེད་མཆེ་བ་རྣམ་པར་རྩེགསཿ ཕྱག་གཡས་གྲི་གུག་ཕྱར་ཞིག་བཟུང་འཛིན་གཅོདཿ གཡོན་པས་ཆགས་སྡང་སྒྲོལ་བའི་ཐོད་ཁྲག་འཛིནཿ ཞབས་གཉིས་གཡས་སྐུམ་གཡོན་བརྐྱང་དོར་སྟབས་བཞུགསཿ གྲུ་མོ་གཡོན་དུ་ཧེ་རུ་ཀ་དཔལ་ཡབཿ མཚོན་ཕྱིར་ཁ་ཊྭཱྃ་རྩེ་གསུམ་སྦྱོར་སྟབས་འཛིནཿ སྤྱི་བོར་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགསཿ བྷ་ག་རྒྱས་ཤིང་ནུ་འབུར་གཟི་འོད་འབརཿ དབུ་སྐྲ་ཐོར་ཅོག་ལྷག་མ་སྐུ་རྒྱབ་ཁེབཿ རུས་པའི་རྒྱན་དྲུག་ཕྱག་རྒྱ་ལྔ་ཡིས་སྤྲསཿ བཅུ་དྲུག་ན་ཚོད་ཞི་མ་ཁྲོ་ཉམས་ཅནཿ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོནཿ དེ་ཡི་ཤར་ཕྱོགས་པད་འདབས་དཀར་པོ་ལཿ བདེ་ཆེན་དཀར་མོ་ཞི་བའི་ཉམས་དང་ལྡནཿ དཀར་གསལ་འཛུམ་མདངས་གྲི་གུག་ཐོད་ཁྲག་འཛིནཿ ཐོར་ཚུགས་རུས་བརྒྱན་གསོལ་ཞིང་གར་སྟབས་བཞུགསཿ ལྷོ་ཕྱོགས་པད་འདབས་གསེར་མདོག་རྒྱས་པའི་སྟེང་ཿ སེར་མོ་དོན་གྲུབ་ཞི་བ་ཁྲོ་ཡི་ཉམསཿ གསེར་མདོག་རིན་ཆེན་རུས་བརྒྱན་གྲི་ཐོད་ཅནཿ རྒྱས་པའི་ཉམས་ལྡན་གར་སྟབས་ལིང་ངེར་བཞུགསཿ ནུབ་ཀྱི་ཕྱོགས་སུ་པད་འདབས་དམར་པོའི་སྟེང་ཿ དམར་མོ་སྒྲ་སྒྲོགས་ཤིན་ཏུ་ཆགས་པའི་ཉམསཿ གཟི་འོད་འབར་ཞིང་གྲི་གུག་ཐོད་ཁྲག་འཛིནཿ དར་དམར་རུས་རྒྱན་གར་སྟབས་ལིང་ངེར་བཞུགསཿ བྱང་ཕྱོགས་པད་འདབས་ལྗང་གུའི་སྟེང་ཉིད་དུཿ སྣ་ཚོགས་མཐར་ཕྱིན་ལྗང་གུ་ཁྲོས་པའི་ཉམསཿ རུས་རྒྱན་དྲུག་པོར་ཁྲོ་མོའི་ཆས་ཀྱིས་སྤྲསཿ གྲི་ཐོད་འཛིན་ཅིང་གར་སྟབས་ལིང་ངེར་བཞུགསཿ བཞི་ཀའང་ལས་བཞིའི་མདོག་དང་ཆ་ལུགས་འཛིནཿ སྣང་ལ་རང་བཞིན་མེད་པར་གསལ་བ་ཡིསཿ གཙོ་འཁོར་ལྔ་ཀར་རང་རང་རིགས་ཀྱི་འཁོརཿ རང་མདོག་དང་མཐུན་འབུམ་ཕྲག་དུ་མའི་བསྐོརཿ གཞན་ཡང་ཡེ་ཤེས་འཇིག་རྟེན་མཁའ་འགྲོ་དང་ཿ གནས་ཡུལ་དུར་ཁྲོད་དམ་ཚིག་ཤ་ཟ་སོགསཿ ས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོརཿ གཙོ་མོའི་གནས་གསུམ་ཨོཾ་དཀར་ཨཱཿདམར་པོཿ ཧཱུྃ་མཐིང་རྣམས་ལས་འོད་འཕྲོས་འོག་མིན་དངཿ རང་བཞིན་གནས་ནས་ཡེ་ཤེས་ལྷ་ཚོགས་རྣམསཿ ཐུགས་དམ་རྒྱུད་བསྐུལ་གནས་འདིར་སྤྱན་དྲངས་གྱུརཿ «དྲུག་པ་སྤྱན་འདྲེན་ཤ་ཆེན་བསུར་བདུག་བྱཿ རོལ་མོ་སྦིར་ཞིང་གདུང་བའི་དབྱངས་དང་བཅསཿ མོས་གུས་རྩེ་གཅིག་རིག་པ་གཟེང་བསྟོད་ལཿ »ཧཱུྃཿ ཆོས་དབྱིངས་ཀུན་ཁྱབ་རང་བཞིན་སྤྲོས་བྲལ་ཀློང་ཿ ལྷུན་གྲུབ་འདུས་མ་བྱས་པའི་རང་གདངས་ལསཿ རོ་རྩལ་སྣ་ཚོགས་ཐུགས་རྗེ་སྐུ་ཤར་བཿ མ་ཅིག་ཡུམ་ཆེན་ཁྲོས་མ་ནག་མོ་ལཿ བདེ་ཆེན་དཀར་མོ་སེར་མོ་དོན་གྲུབ་དང་ཿ དམར་མོ་སྒྲ་སྒྲོགས་སྣ་ཚོགས་མཐར་ཕྱིན་མཿ ཡེ་ཤེས་ལས་དང་དམ་ཚིག་ཤ་ཟ་མོཿ འཇིག་རྟེན་མཁའ་འགྲོ་བྱེ་བ་འབུམ་སྡེར་བཅསཿ སྐད་ཅིག་ཙམ་གྱི་གནས་འདིར་གཤེགས་སུ་གསོལཿ གཞན་ཡང་གནས་ཡུལ་དུར་ཁྲོད་དཔའ་བོ་དངཿ མཁའ་འགྲོའི་ཚོགས་བཅས་ཐུགས་དམ་རྒྱུད་བསྐུལ་ནསཿ ཆུ་འཛིན་འཐོར་རླུང་དྲག་པོས་བསྐྱེད་བཞིན་དུཿ སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལཿ བདག་ཅག་མོས་པའི་སྐལ་ལྡན་ཕོ་མོ་ལཿ ལུས་ངག་ཡིད་གསུམ་བྱིན་གྱིས་རླབས་ནས་ཀྱངཿ འགྱུར་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ དབང་དང་བྱིན་རླབས་མ་ལུས་སྩོལ་བ་དངཿ མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལཿ ཨོཾ་ཛྙཱ་ན་བཛྲ་རཏྟ་པདྨ་ཀརྨ་ཌཱཀྐི་ནི་སརྦ་ས་མ་ཡ་ཛ་ཛཿ ཨ་ཝེ་ཤ་ཡ་ཕཻམ་ཕཻམཿ «དྲག་ཏུ་བརྗོད་ཅིང་ཏིང་འཛིན་དམིགས་པས་གཅུནཿ བདུན་པ་འཁོར་བཅས་བཞུགས་སུ་གསོལ་བ་ནིཿ »ཧཱུྃཿ རང་བྱུང་རིག་པའི་རང་རྩལ་དཀྱིལ་འཁོར་ལྷཿ དམ་ཚིག་ཡེ་ཤེས་དབྱེར་མེད་ཆེན་པོ་རུཿ དུ་མར་སྣང་ཡང་རོ་གཅིག་ཆེན་པོ་རུཿ སེམས་ཅན་དོན་དུ་དགྱེས་པར་བཞུགས་སུ་གསོལཿ ས་མ་ཡ་ཏིཥྛ་ལྷནཿ «བརྒྱད་པ་དོན་གྱི་བརྡའ་ཕྱག་འཚལ་བ་ནིཿ» ཧཱུྃཿ མ་ཅིག་ཁྲོས་མ་ནག་མོའི་ལྷ་ཚོགས་ལཿ རང་ལས་སྤྲུལ་པའི་ལྷ་མོས་བརྡ་ཕྱག་གརཿ དོན་དམ་ལྟ་བ་མཇལ་བའི་ངང་ཉིད་ནསཿ སྤང་བླང་ཡོངས་གྲོལ་ཆེན་པོར་འཚལ་བར་བགྱིཿ ཨ་ཏི་པུ་ཏོ་པྲ་ཏིཙྪ་ཧོཿ «དགུ་བ་མཆོད་པའི་བྱེ་བྲག་འབུལ་བ་ནིཿ» ཧཱུྃཿ མ་ཅིག་ཡུམ་ཆེན་ཁྲོས་མ་ནག་མོའི་སྐུཿ ལས་བཞིའི་མཁའ་འགྲོ་འཁོར་དང་བཅས་རྣམས་ལཿ རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་ཡིཿ སྒེག་སོགས་བརྒྱད་དང་ཕྱི་མཆོད་སྣ་ཚོགས་པཿ བཀྲ་ཤིས་རྟག་བརྒྱད་རྒྱལ་སྲིད་སྣ་བདུན་དང་ཿ གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔཿ ནང་མཆོད་སྨན་རཀ་གཏོར་གསུམ་ཚོགས་མཆོད་དང་ཿ གསང་བ་བརྗོད་བྲལ་བླ་མེད་མཆོད་པ་བཅསཿ འབུལ་ལོ་དགྱེས་པར་ཆེན་པོར་བཞེས་ནས་ཀྱང་ཿ མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལཿ ཨོཾ་བཛྲ་ལ་སྱ་མ་ལེ་གིརྟི་ནིརྟི་པཱུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་སརྦ་པཱུཙྪ་ཧོཿ རུ་པ་ཤབྟ་གྷནྡྷེ་ར་ས་པརྴེ་དྷརྨ་དྷདྡྷུ་པཱུཙྪ་ཧོཿ «བཅུ་པ་ལྷ་ཚོགས་འཁོར་བཅས་བསྟོད་པ་ནིཿ» ཧཱུྃཿ རྒྱལ་ཀུན་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མཿ ངོ་བོ་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ རང་བཞིན་མ་ཅིག་བཛྲ་ཝཱ་ར་ཧིཿ ཐུགས་རྗེ་སྤྲུལ་བསྒྱུར་ལབ་སྒྲོན་ཁྲོས་མ་ནགཿ སྣ་ཚོགས་སྤྲུལ་བསྒྱུར་མཛད་ལ་ཕྱག་འཚལ་བསྟོདཿ ཞི་བའི་ལས་མཛད་སྐུ་སྤྲུལ་བདེ་ཆེན་དཀརཿ རྒྱས་པའི་ལས་མཛད་སེར་མོ་དོན་གྲུབ་མཿ དབང་གི་ལས་མཛད་དམར་མོ་སྒྲ་སྒྲོགས་དང་ཿ དྲག་པོའི་ལས་མཛད་སྣ་ཚོགས་མཐར་ཕྱིན་སོགསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པ་ཡིཿ རིགས་བཞི་ཌཱཀྐིའི་གཙོ་མོར་ཕྱག་འཚལ་བསྟོདཿ གཙོ་འཁོར་ལྔ་པོ་རང་རང་རིགས་ཀྱི་འཁོརཿ འབུམ་འབུམ་དང་ནི་ཡེ་ཤེས་ལས་མཛད་མཿ དམ་ཚིག་ཤ་ཟ་འཇིག་རྟེན་མཁའ་འགྲོ་སོགསཿ མ་ཚོགས་ཌཀྐི་རྒྱ་མཚོར་ཕྱག་འཚལ་བསྟོདཿ« བཅུ་གཅིག་འཛབ་ཀྱི་བཟླས་དམིགས་ནིཿ» རང་ཉིད་ཁྲོས་མའི་ཐུགས་ཀ་རུཿ དགའ་འཁྱིལ་དབུས་སུ་བཾ་མཚན་མཐརཿ རྩ་བའི་སྔགས་ཀྱིས་གཡོན་སྐོར་དུཿ འཁོར་ལས་འོད་འཕྲོས་རྒྱལ་བ་མཆོདཿ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུསཿ སླར་འཕྲོས་འགྲོ་བའི་ལས་ཉོན་སྦྱང་ཿ འོད་ཟེར་ཚུར་འདུས་སྔགས་ཕྲེང་ལཿ ཐིམ་པའི་གཙོ་འཁོར་བཀྲག་མདང་རྒྱསཿ བསྐྱེད་རིམ་ལྷར་སྣང་གསལ་བའི་ངང་ཿ སྣང་བ་སྐུ་ལ་སྒྲ་གྲགས་གསུང་ཿ དྲན་རྟོག་ཐུགས་ཀྱི་རང་བཞིན་གྱུརཿ ཨོཾ་ཨཱཿཧཱུྃ་བཾ་ཧ་རི་ནི་ས་བཛྲ་བྷུདྡྷ་རཏྣ་པདྨ་ཀརྨ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃཿ «བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་སྙིང་པོ་འདིཿ མ་ཡེངས་རྩེ་གཅིག་ཆུ་བོའི་རྒྱུན་བཞིན་བཟླཿ འབུམ་ཕྲག་གསུམ་གྱི་ལས་རུང་དངོས་གྲུབ་ཐོབཿ འབུམ་ལྔ་བཟླས་པའི་མཆོག་ཐུན་དངོས་གྲུབ་བརྙེསཿ འབུམ་ཕྲག་བདུན་གྱིས་རིག་འཛིན་མཆོག་ཐོབ་འགྱུརཿ མཁའ་འགྲོའི་སྙིང་ཁྲག་མན་ངག་བཅུད་དྲིལ་ཏེཿ ཌཱཀྐིའི་སྒྲུབ་ཐབས་ཀུན་གྱི་ཡང་ཞུན་གནདཿ ཚིག་ཉུང་དོན་འདུས་ཡང་ཟབ་ས་མ་ཏིཿ རྗེས་ལ་མཆོད་བསྟོད་འཛབ་མཇུག་བསྡུས་པའི་མཐརཿ ཐུགས་བརྒྱུད་བསྐུལ་ཞིང་སྨོན་ལམ་འདི་ལྟར་གདབཿ »ཧོཿ ཡི་དམ་ལྷག་པའི་ལྷ་མཆོག་ཁྲོས་མ་ནགཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་བ་བཞིཿ གཙོ་འཁོར་ལྔ་པོ་རིགས་ཀྱི་འཁོར་ཚོགས་བཅསཿ མ་གཡེལ་དབྱིངས་ནས་ཐུགས་དམ་གཉན་པོ་བསྐུལཿ བདག་ཅག་དམ་ལྡན་རྣལ་འབྱོར་ཕོ་མོ་ལཿ དབང་མཆོག་སྐུར་ལ་བྱིན་ཆེན་དབབ་ཏུ་གསོལཿ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བ་དང་ཿ མཆོག་ཐུན་དངོས་གྲུབ་མ་ལུས་དེང་འདིར་སྩོལཿ བསྐལ་བ་དཔག་ཏུ་མེད་པ་ཚུན་ཆོད་ནསཿ ད་ལྟའི་ཚེ་འདི་ལུས་བླང་ཡན་ཆོད་དུཿ ལྷ་མཆོག་ཁྱེད་དང་སྨོན་ལམ་མཐུ་བཙན་ཕྱིརཿ ད་ལྟ་ཞལ་མཐོང་དངོས་གྲུབ་མཆོག་ཐོབ་ནསཿ ཚེ་རབས་འཁོར་བ་གང་ནས་གར་སྐྱེས་ཀྱང་ཿ ཡི་དམ་ཁྲོས་མ་ཁྱོད་དང་མི་འབྲལ་ཞིང་ཿ ཕྲིན་ལས་རྣམ་བཞིས་མཐའ་ཡས་འགྲོ་བ་ཀུནཿ མ་ལུས་འདྲེན་པའི་དེད་དཔོན་བྱེད་པར་ཤོགཿ ཁྱད་པར་བསྐྱེད་རྫོགས་ཟབ་མོའི་རྟེན་འབྲེལ་ལཿ བརྟེན་ནས་བདག་ཏུ་འཛིན་པ་རང་སར་ཞིགཿ རང་སྣང་དབང་འདུས་གཞན་སྣང་ཟིལ་ནོན་ཞིང་ཿ ཟབ་མོ་གཅོད་ཀྱི་ཉམས་ལེན་མཐར་ཕྱིན་ནསཿ བདུད་བཞིའི་དབང་དུ་སྐད་ཅིག་མི་འགྲོ་བརཿ ཨ་ཏི་རྫོགས་ཆེན་རྟོགས་པར་བྱིན་གྱིས་རློབསཿ སྐྱབས་མེད་མགོན་མེད་འཁོར་བའི་འཁྲུལ་སྣང་ལཿ རྣམ་པར་གཡེང་བའི་འགྲོ་བ་འདི་དག་ཀྱང་ཿ བདག་དང་ཡུམ་ཆེན་གདུལ་བྱར་གྱུར་ནས་ཀྱང་ཿ མ་དག་འཁོར་བའི་ཞེན་པ་རང་ལོག་ནསཿ ཀ་དག་རང་རིག་རྗེན་པ་ངོ་ཤེས་ཤོགཿ ལམ་ལྔ་ས་བཅུའི་རིམ་པ་མ་ལུས་པཿ གཅིག་ཆོད་རྫོགས་ཆེན་རྟོགས་པར་བྱིན་གྱིས་རློབསཿ ཉམས་ལེན་སྣང་བཞི་སྒྲོན་དྲུག་མཐར་ཕྱིན་ཞིང་ཿ གཞོན་ནུ་བུམ་སྐུའི་ཀློང་དུ་འཚང་རྒྱ་ཤོགཿ «རྩེ་གཅིག་གདུང་བའི་སྨོན་ལམ་གདབ་པར་བྱཿ ཡང་ཟབ་མཁའ་འགྲོའི་སྒྲུབ་ཐབས་སྙིང་ཞུན་འདིཿ ཡང་ཟབ་མན་ངག་གདམས་པའི་སྙིང་ཁུ་སྟེཿ ཉམས་སུ་བླང་ཚད་འཛིན་པ་རང་ཞིག་ནསཿ ཚེ་འདིར་ཡེ་ཤེས་མཁའ་འགྲོའི་རྗེས་འཛིན་ཞིང་ཿ ནམ་ཞིག་ཟག་བཅས་ཕུང་པོ་འོད་སྐུར་གྲོལཿ མཁའ་འགྲོའི་བསུ་བའི་མཁའ་སྤྱོད་རིག་འཛིན་ཞིང་ཿ བགྲོད་གྱུར་ཐེ་ཚོམ་མེད་དོ་ཕྱི་རབས་རྣམསཿ དེ་ཕྱིར་སྙིང་དང་མིག་ལས་གཅེས་པར་ཟུང་ཿ མ་འོངས་པདྨའི་ཐུགས་སྤྲུལ་སྙིང་གི་བུཿ མཐུ་སྟོབས་དཔའ་བོ་ཁྲག་འཐུང་རྡོ་རྗེ་དང་ཿ འཕྲད་ནས་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ