DKYD-KABUM-04-NGA-014: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 10: Line 10:
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|terma=Yes
|cycle=yang gsang mkha' 'gro'i thugs thig
|cycletib=ཡང་གསང་མཁའ་འགྲོའི་ཐུགས་ཐིག་
|language=Tibetan
|language=Tibetan
|volnumtib=༣
|volnumtib=༣

Revision as of 11:53, 24 June 2024

Wylie title
Location mdo mkhyen brtse bka' 'bum
Volume 4, Text 14, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
Cycle ཡང་གསང་མཁའ་འགྲོའི་ཐུགས་ཐིག་ (yang gsang mkha' 'gro'i thugs thig)
[edit]
༄༅། «།ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ ཡི་དམ་ཀུན་འདུས་སྒྲུབ་པ་བཞུགསཿ ཡི་གེ་མེད་པའི་སྙན་རྒྱུད་དོ༔» བདག་ཉིད་རྡོ་རྗེ་གཏུམ་པོའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པཿ གཡས་པས་རྡོ་རྗེ་རྩེ་ལྔ་ཕྱརཿ གཡོན་པས་ཐུགས་ཀར་སྡིག་མཛུབ་མཛདཿ པད་ཉིའི་སྟེང་དུ་འགྱིང་བག་ཚུལ༔ རུས་རྒྱན་སྟག་ཤམ་སྦྲུལ་གྱིས་བརྒྱནཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་མེ་ལྟར་འབར༔ ཡེ་ཤེས་བསྐལ་མེའི་ཀློང་ན་བཞུགསཿ བསྐྱེད་དུ་མེད་དེ་ཡེ་ནས་ཡིནཿ ཡེ་ཤེས་པ་དང་གཉིས་སུ་མེད༔ ཐུགས་ཀར་ཉི་སྟེང་ཧཱུྃཿགི་མཐརཿ རྩ་བའི་སྔགས་ཀྱིས་བསྐོར་བར་བསམ༔ ཨོཾ་བཛྲ་ཙཎྜ་བཾ་ཧཱུྃ་ཕཊ༔ «ཐུགས་སྒྲུབ་ཀུན་ཀྱི་ཡང་སྙིང་འདི་ལ་འབདཿ ཡི་དམ་ཀུན་འདུས་རྡོ་རྗེ་འཆང་གི་གསུངསཿ པདྨ་བདག་གིས་ཉམས་ལེན་སྙིང་པོ་སྟེཿ ཀླུ་གཉན་ཤིན་ཏུ་གདུག་རྩུབ་ཆེ་བའི་ཕྱིརཿ འདི་མེད་ཡི་དམ་གཞན་གྱིས་གོང་མི་ནོནཿ མནྡཱ་ར་བའི་ཐུགས་ཀྱི་དཔའ་བེར་སྦོསཿ ཤིན་ཏུ་གསང་བའི་མན་ངག་ཨེ་མ་ཧོ༔ གུ་ཧྱཿ ཁ་ཐིམཿ རྒྱ་རྒྱ་རྒྱཿ སྙན་རྒྱུད་ཡི་གེ་མེད་པའི་སྐོར་ལས་ཕབ་པས་སོཿ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལཿ ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆག་མཐོལ་ལོ་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་སོགས། ཤབྟ་པཉྩ་རཀྟ་པཱུ་ཙ་ཧོཿ