DKYD-KABUM-03-GA-015: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
 
(2 intermediate revisions by 2 users not shown)
Line 1: Line 1:
༼༈ྂ༽ཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས། བླ་སྒྲུབ་ཚོགས་མཆོད་སྤྲིན་རོལ་བཞུགསཿ ཕྱི་ནང་གསང་བའི་ལོངས་སྤྱོད་རྫསཿ མ་ཚང་མེད་པར་འདུ་བྱས་ལཿ སྟོང་ཉིད་སྙིང་རྗེས་རྩིས་ཟིན་པསཿ འདོན་སྒོམ་བསྒྲགས་ཏེ་འདི་ལྟར་དམིགསཿ ཨོཾ་ཨཱ༔ཧཱུྃ་ཧཱ་ཧོ་ཧྲཱིཿ ཧྲིཿ འོག་མིན་སྐུ་གསུམ་ཞིང་ཁམས་དང་ཿ ཁྱད་པར་རྔ་ཡབ་དཔལ་རི་ནསཿ གུ་རུ་ཚེ་མཐའ་ཡས་པ་ལཿ རབ་འབྱམས་དཔའ་བོ་མཁའ་འགྲོ་དངཿ རྡོ་རྗེ་ཆོས་སྐྱོང་རྒྱ་མཚོས་བསྐོར༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ ཡུལ་ཆེན་ཉི་ཤུ་རྩ་བཞི་དངཿ གནས་མཆོག་སུམ་ཅུ་རྩ་གཉིས་ནསཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབསཿ ཕྱི་ནང་སྣོད་བཅུད་ཚོགས་ཀྱི་རྒྱནཿ ལོངས་སྤྱོད་ཆེན་པོར་རླབས་ནས་ཀྱངཿ མཆོད་ཡུལ་མགྲོན་རྣམས་མཉེས་བྱས་ཀྱངཿ ག་ན་ཙཀྲར་བྱིན་གྱིས་རློབསཿ བཛྲ་ས་མ་ཡ་ཛ་ཕཻཾ་ཕཻཾཿ ཨོཾ་ཨཱཿཧཱུྃཿ ཕྱི་སྣོད་འཇིག་རྟེན་ཚོགས་གཞོང་ཀ་པཱ་ལརཿ ནང་བཅུད་རང་བྱུང་ཚོགས་རྫས་བདུད་རྩིའི་མཚོཿ འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པཿ ནམ་མཁའ་མཛོད་ཀྱི་འཁོར་ལོར་འཆར་བ་འདིསཿ རྩ་རྒྱུད་དྲིན་ཆེན་བླ་མ་པདྨ་འབྱུངཿ ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་དངཿ གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅསཿ རྩ་གསུམ་བསྲུང་མར་བཅས་ལ་ཚོགས་མཆོད་འབུལཿ སྡོམ་གསུམ་ཉམ་ཆགས་ཉེས་ལྟུང་དབྱིངས་སུ་བཤགསཿ གཟུང་འཛིན་དགྲ་བགེགས་ཆོས་ཀྱི་དབྱིངས་སུ་སྒྲོལཿ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་གདབ་བཽཿ ཨ་ལ་ལ་ཧོ་སིདྡྷིམྨེ་པྲ་ཡ་ཙནྟུཿ «ཐ་མ་ལྷག་མ་བསྔོ་བ་ནིཿ »ཧྲཱི༔ འཆི་མེད་རིག་འཛིན་པདྨའི་དཀྱིལ་འཁོར་དུཿ མཚོ་སྐྱེས་རྡོ་རྗེའི་བཀའ་ཉན་ཐ་ཚིག་བདགཿ མགོན་པོ་ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུདཿ དྲེགས་ཆེན་སུམ་ཅུ་སྡེ་བརྒྱད་དཀར་ཕྱོགས་སྐྱོངསཿ བསྟན་མ་བཅུ་གཉིས་དགེ་བསྙེན་ཀིང་ལིང་ཀཿ དབང་ཕྱུག་ཉེར་བརྒྱད་ལྷག་མའི་མགྲོན་གྱི་ཚོགསཿ བཀའ་དང་དམ་ལ་གནས་ཀུན་ཚོགས་ལྷག་བཞེསཿ བྱང་ཆུབ་སྒྲུབ་པའི་བར་ཆད་དབྱིངས་སུ་སོལཿ མི་མཐུན་གནོད་པའི་བྱད་མ་རྦོད་གཏོང་བཟློགཿ ཞིང་བཅུ་ཚང་བའི་དམ་ཉམས་རྡུལ་དུ་རློགཿ མཐུ་དང་རྩལ་གྱི་དངོས་གྲུབ་སྩལ་དུ་གསོལཿ བཛྲ་སརྦ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ «ཚོགས་ཀྱི་སྨོན་ལམ་བདེན་པའི་ཚིགཿ »ཧོཿ རྩ་གསུམ་རིག་འཛིན་དཀྱིལ་འཁོར་དུཿ ཚོགས་ཀྱི་འཁོར་ལོ་བསྐཽར་བ་ཡིསཿ འདིར་འདུས་མཆེད་དང་ལྕམ་དྲལ་ཀུནཿ ཚོམ་བུ་གཅིག་ཏུ་ལྷུན་གྲུབ་ཤོགཿ ཨེ་ཝཾ་པདྨ་ཛྙཱ་ན་མཎྜལ་ཨེ་མ་ཧོཿ «ཆོས་ཀུན་མཉམ་ཉིད་ངང་མདངས་བསྐྱངཿ ཚོགས་གཉིས་ཡེ་ཤེས་སྐུ་གཉིས་འགྲུབཿ བསོད་ནམས་རི་རྒྱལ་ལྷུན་པོ་ཡིསཿ འབྲས་བུ་རང་བྱུང་སངས་རྒྱས་སོཿ བྱ་སླ་ཚེགས་ཆུང་དོན་ཆེ་བཿ འདི་ལས་ཟབ་རྒྱས་ཁམས་གསུམ་ནཿ དཀོན་པའི་མཆོག་དང་ཟབ་པའི་བཅུདཿ ཨོ་རྒྱན་ཐུགས་ལ་བརྣག་པའི་ཆོསཿ མཚོ་རྒྱལ་སྟོང་དཔྱལ་ཟུང་ལ་གཏདཿ མ་འོངས་ཨ་ཙར་སྤྲུལ་པའི་བུཿ བྱང་སེམས་གཞན་ལ་ཕན་གཏེར་སྤྲོདཿ མ་གཟའ་དམ་གསུམ་མེལ་ཚེ་མཛོདཿ དེ་ཕྱིར་བསླུ་མེད་མཁའ་འགྲོའི་བརྡའཿ ཆོས་བདག་དམ་པའི་དཔལ་དུ་སྦྱིནཿ སྐལ་མེད་ལོག་ལྟ་ཅན་ལ་གསེངཿ ཨི་ཐིཾཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ དྷ་ཐིམཿ ཅེས་པ་འདི་ཡང་ཆོས་བདག་སྐྱེ་ཐོབ་སྤྲུལ་སྐུ་དམ་པས་བསྐུལ་ངོརཿ ཟོག་པོ་ས་ར་ཧི་ཏས་སྤེལ་བ་ཡོངས་ལ་དགེ།  
{{Text
|classification=Tibetan Publications
|subclass=Tibetan Texts
|sectionheading=No
|fulltitletib=ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ བླ་སྒྲུབ་ཚོགས་མཆོད་སྤྲིན་རོལཿ
|fulltitle=yang gsang mkha' 'gro'i thugs thig las bla sgrub tshogs mchod sprin rol
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Feast Offering - tshogs mchod - tshogs kyi 'khor lo
|terma=Yes
|cycle=yang gsang mkha' 'gro'i thugs thig
|cycletib=ཡང་གསང་མཁའ་འགྲོའི་ཐུགས་ཐིག་
|language=Tibetan
|volumenumber=03
|volnumtib=༣
|volyigtib=ག
|totalvolumes=8
|textnuminvol=015
|multivolumework=No
|colophontib=ཅེས་པ་འདི་ཡང་ཆོས་བདག་སྐྱེ་ཐོབ་སྤྲུལ་སྐུ་དམ་པས་བསྐུལ་ངོརཿ ཟོག་པོ་ས་ར་ཧི་ཏས་སྤེལ་བ་ཡོངས་ལ་དགེ།
|colophonwylie=ces pa 'di yang chos bdag skye thob sprul sku dam pas bskul ngor:_zog po sa ra hi tas spel ba yongs la dge/
|pdflink=File:DKYD-KABUM-03-GA-015.pdf
|volumeLetter=GA
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA
}}
<h1>Tibetan Text</h1>
<onlyinclude>
{{TibP|༼༈ྂ༽ཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས། བླ་སྒྲུབ་ཚོགས་མཆོད་སྤྲིན་རོལ་བཞུགསཿ ཕྱི་ནང་གསང་བའི་ལོངས་སྤྱོད་རྫསཿ མ་ཚང་མེད་པར་འདུ་བྱས་ལཿ སྟོང་ཉིད་སྙིང་རྗེས་རྩིས་ཟིན་པསཿ འདོན་སྒོམ་བསྒྲགས་ཏེ་འདི་ལྟར་དམིགསཿ ཨོཾ་ཨཱ༔ཧཱུྃ་ཧཱ་ཧོ་ཧྲཱིཿ ཧྲིཿ འོག་མིན་སྐུ་གསུམ་ཞིང་ཁམས་དང་ཿ ཁྱད་པར་རྔ་ཡབ་དཔལ་རི་ནསཿ གུ་རུ་ཚེ་མཐའ་ཡས་པ་ལཿ རབ་འབྱམས་དཔའ་བོ་མཁའ་འགྲོ་དངཿ རྡོ་རྗེ་ཆོས་སྐྱོང་རྒྱ་མཚོས་བསྐོར༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ ཡུལ་ཆེན་ཉི་ཤུ་རྩ་བཞི་དངཿ གནས་མཆོག་སུམ་ཅུ་རྩ་གཉིས་ནསཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབསཿ ཕྱི་ནང་སྣོད་བཅུད་ཚོགས་ཀྱི་རྒྱནཿ ལོངས་སྤྱོད་ཆེན་པོར་རླབས་ནས་ཀྱངཿ མཆོད་ཡུལ་མགྲོན་རྣམས་མཉེས་བྱས་ཀྱངཿ ག་ན་ཙཀྲར་བྱིན་གྱིས་རློབསཿ བཛྲ་ས་མ་ཡ་ཛ་ཕཻཾ་ཕཻཾཿ ཨོཾ་ཨཱཿཧཱུྃཿ ཕྱི་སྣོད་འཇིག་རྟེན་ཚོགས་གཞོང་ཀ་པཱ་ལརཿ ནང་བཅུད་རང་བྱུང་ཚོགས་རྫས་བདུད་རྩིའི་མཚོཿ འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པཿ ནམ་མཁའ་མཛོད་ཀྱི་འཁོར་ལོར་འཆར་བ་འདིསཿ རྩ་རྒྱུད་དྲིན་ཆེན་བླ་མ་པདྨ་འབྱུངཿ ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་དངཿ གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅསཿ རྩ་གསུམ་བསྲུང་མར་བཅས་ལ་ཚོགས་མཆོད་འབུལཿ སྡོམ་གསུམ་ཉམ་ཆགས་ཉེས་ལྟུང་དབྱིངས་སུ་བཤགསཿ གཟུང་འཛིན་དགྲ་བགེགས་ཆོས་ཀྱི་དབྱིངས་སུ་སྒྲོལཿ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་གདབ་བཽཿ ཨ་ལ་ལ་ཧོ་སིདྡྷིམྨེ་པྲ་ཡ་ཙནྟུཿ «ཐ་མ་ལྷག་མ་བསྔོ་བ་ནིཿ »ཧྲཱི༔ འཆི་མེད་རིག་འཛིན་པདྨའི་དཀྱིལ་འཁོར་དུཿ མཚོ་སྐྱེས་རྡོ་རྗེའི་བཀའ་ཉན་ཐ་ཚིག་བདགཿ མགོན་པོ་ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུདཿ དྲེགས་ཆེན་སུམ་ཅུ་སྡེ་བརྒྱད་དཀར་ཕྱོགས་སྐྱོངསཿ བསྟན་མ་བཅུ་གཉིས་དགེ་བསྙེན་ཀིང་ལིང་ཀཿ དབང་ཕྱུག་ཉེར་བརྒྱད་ལྷག་མའི་མགྲོན་གྱི་ཚོགསཿ བཀའ་དང་དམ་ལ་གནས་ཀུན་ཚོགས་ལྷག་བཞེསཿ བྱང་ཆུབ་སྒྲུབ་པའི་བར་ཆད་དབྱིངས་སུ་སོལཿ མི་མཐུན་གནོད་པའི་བྱད་མ་རྦོད་གཏོང་བཟློགཿ ཞིང་བཅུ་ཚང་བའི་དམ་ཉམས་རྡུལ་དུ་རློགཿ མཐུ་དང་རྩལ་གྱི་དངོས་གྲུབ་སྩལ་དུ་གསོལཿ བཛྲ་སརྦ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ «ཚོགས་ཀྱི་སྨོན་ལམ་བདེན་པའི་ཚིགཿ »ཧོཿ རྩ་གསུམ་རིག་འཛིན་དཀྱིལ་འཁོར་དུཿ ཚོགས་ཀྱི་འཁོར་ལོ་བསྐཽར་བ་ཡིསཿ འདིར་འདུས་མཆེད་དང་ལྕམ་དྲལ་ཀུནཿ ཚོམ་བུ་གཅིག་ཏུ་ལྷུན་གྲུབ་ཤོགཿ ཨེ་ཝཾ་པདྨ་ཛྙཱ་ན་མཎྜལ་ཨེ་མ་ཧོཿ «ཆོས་ཀུན་མཉམ་ཉིད་ངང་མདངས་བསྐྱངཿ ཚོགས་གཉིས་ཡེ་ཤེས་སྐུ་གཉིས་འགྲུབཿ བསོད་ནམས་རི་རྒྱལ་ལྷུན་པོ་ཡིསཿ འབྲས་བུ་རང་བྱུང་སངས་རྒྱས་སོཿ བྱ་སླ་ཚེགས་ཆུང་དོན་ཆེ་བཿ འདི་ལས་ཟབ་རྒྱས་ཁམས་གསུམ་ནཿ དཀོན་པའི་མཆོག་དང་ཟབ་པའི་བཅུདཿ ཨོ་རྒྱན་ཐུགས་ལ་བརྣག་པའི་ཆོསཿ མཚོ་རྒྱལ་སྟོང་དཔྱལ་ཟུང་ལ་གཏདཿ མ་འོངས་ཨ་ཙར་སྤྲུལ་པའི་བུཿ བྱང་སེམས་གཞན་ལ་ཕན་གཏེར་སྤྲོདཿ མ་གཟའ་དམ་གསུམ་མེལ་ཚེ་མཛོདཿ དེ་ཕྱིར་བསླུ་མེད་མཁའ་འགྲོའི་བརྡའཿ ཆོས་བདག་དམ་པའི་དཔལ་དུ་སྦྱིནཿ སྐལ་མེད་ལོག་ལྟ་ཅན་ལ་གསེངཿ ཨི་ཐིཾཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ དྷ་ཐིམཿ ཅེས་པ་འདི་ཡང་ཆོས་བདག་སྐྱེ་ཐོབ་སྤྲུལ་སྐུ་དམ་པས་བསྐུལ་ངོརཿ ཟོག་པོ་ས་ར་ཧི་ཏས་སྤེལ་བ་ཡོངས་ལ་དགེ།  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 10:28, 21 June 2024

Wylie title yang gsang mkha' 'gro'i thugs thig las bla sgrub tshogs mchod sprin rol
Location mdo mkhyen brtse bka' 'bum
Volume 3, Text 15, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Feast Offering - tshogs mchod - tshogs kyi 'khor lo
Cycle ཡང་གསང་མཁའ་འགྲོའི་ཐུགས་ཐིག་ (yang gsang mkha' 'gro'i thugs thig)
Colophon

ཅེས་པ་འདི་ཡང་ཆོས་བདག་སྐྱེ་ཐོབ་སྤྲུལ་སྐུ་དམ་པས་བསྐུལ་ངོརཿ ཟོག་པོ་ས་ར་ཧི་ཏས་སྤེལ་བ་ཡོངས་ལ་དགེ།

ces pa 'di yang chos bdag skye thob sprul sku dam pas bskul ngor:_zog po sa ra hi tas spel ba yongs la dge/

[edit]