DKYD-KABUM-03-GA-004: Difference between revisions
No edit summary |
No edit summary |
||
(2 intermediate revisions by the same user not shown) | |||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ཡང་གསང་མཁའ་འགྲོ་ཐུགས་ཐིག་ལསཿ བླ་མ་གསང་སྒྲུབ་དམ་ཚིག་རྒྱ་ཅནཿ | |||
|fulltitle=yang gsang mkha' 'gro thugs thig las bla ma gsang sgrub dam tshig rgya can | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |collectiontitle=mdo mkhyen brtse bka' 'bum | ||
|author=Mdo mkhyen brtse | |author=Mdo mkhyen brtse | ||
|authortib=མདོ་མཁྱེན་བརྩེ་ | |authortib=མདོ་མཁྱེན་བརྩེ་ | ||
| | |sourcerevealer=Mdo mkhyen brtse | ||
|sourcerevealertib=མདོ་མཁྱེན་བརྩེ་ | |||
|tibgenre=Guru Yoga Texts - bla ma'i rnal 'byor | |||
|terma=Yes | |||
|cycle=yang gsang mkha' 'gro'i thugs thig | |||
|cycletib=ཡང་གསང་མཁའ་འགྲོའི་ཐུགས་ཐིག་ | |||
|language=Tibetan | |language=Tibetan | ||
|volumenumber=03 | |volumenumber=03 | ||
|volnumtib=༣ | |volnumtib=༣ | ||
|volyigtib=ག | |volyigtib=ག | ||
| | |totalvolumes=8 | ||
|textnuminvol=004 | |textnuminvol=004 | ||
|multivolumework=No | |||
|colophontib=ཡང་གསང་མཁའ་འགྲོའི་ཐུགས་ཐིག་གི༔ ཆོས་ཁམས་རྒྱ་མཚོའི་རྩ་བ་སྟེཿ བཻཌཱུརྱ་ཡི་བརྡ་རིས་ལསཿ དྲི་མ་མེད་པས་སྨྲས་པ་བཞིནཿ རྣལ་འབྱོར་རིག་པའི་ཡེ་ཤེས་ཀྱིསཿ ཕབ་འདི་མཁའ་འགྲོའི་སྙིང་བཅུད་དོཿ བཀའ་འདི་མ་མོ་གཟའ་བདུད་དངཿ དྲེགས་པའི་གཙོ་བོས་ཐུབ་པར་སྲུངསཿ ས་མ་ཡཱཿ རྒྱ་རྒྱཿརྒྱཿ དམ་ཉམས་ལོག་ལྟ་ཡིད་ཆེས་མེདཿ བླ་མའི་བཀའ་བཞིན་ཁྱད་གསོད་ཅིངཿ རང་ཆེ་འབྱིན་ཞིང་གསང་མི་ཐུབཿ དད་མེད་ལག་ཏུ་མ་ཤོར་ཅིགཿ བྱིན་རླབས་ཉམས་སུ་ལོངས་དང་ཤེསཿ གུ་ཧྱཿ མངྒ་ལཾ། | |||
|colophonwylie=yang gsang mkha' 'gro'i thugs thig gi: chos khams rgya mtsho'i rtsa ba ste: baiDUr+ya yi brda ris las: dri ma med pas smras pa bzhin: rnal 'byor rig pa'i ye shes kyis: phab 'di mkha' 'gro'i snying bcud do: bka' 'di ma mo gza' bdud dang : dregs pa'i gtso bos thugs par srungs: sa ma yA: rgya rgya rgya: | |||
|pdflink=File:DKYD-KABUM-03-GA-004.pdf | |pdflink=File:DKYD-KABUM-03-GA-004.pdf | ||
|volumeLetter=GA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA | |InitCategories=Khyentse Lineage Project; DKYD-KABUM-Volume-03-GA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅ཿ | {{TibP|༄༅ཿ ཡང་གསང་མཁའ་འགྲོ་ཐུགས་ཐིག་ལསཿ བླ་མ་གསང་སྒྲུབ་དམ་ཚིག་རྒྱ་ཅན་བཞུགས༔ | ||
«༄༅ཿ ཀུན་བཟང་གདོད་མའི་ལྷ་ལ་འདུདཿ ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགསཿ སྤྲུལ་པ་སྐུ་ཡི་ཞིང་ཁམས་ནཿ ཞི་ཆགས་ཁྲོ་བོའི་རྣམ་རོལ་གརཿ རྩ་གསུམ་རྒྱལ་བ་རབ་འབྱམས་ལྷཿ བླ་མས་སྤྲུལ་བསྒྱུར་ལས་གཞན་མེདཿ དེ་ཡི་གསང་སྒྲུབ་ཟབ་མོ་བསྟནཿ དཀྱིལ་འཁོར་བསྒྲུབ་རྫས་གཏོར་མ་མེདཿ མཆོད་པ་ཡོ་བྱད་སྤྲོས་པ་བྲལཿ ཡེ་གཞི་གཤིས་ཀྱི་གནས་ལུགས་སོཿ »ཨེ་མ་ཧོཿ རྣམ་མང་ཞི་ཆགས་ཁྲོ་བོའི་སྤྲུལ་བསྒྱུར་གར་ཿ ཀུན་འདུས་རིག་བརྒྱའི་ཁྱབ་བདག་རྡོ་རྗེ་འཆངཿ གསང་ཆེན་རིགས་གཅིག་དྲང་སྲོང་དྲི་མ་མེདཿ ཀུན་བཟང་དྲིན་ཆེན་བླ་མར་གསོལ་བ་འདེབསཿ མ་རིག་གཟུང་འཛིན་ཉོན་ཤེས་དྲི་མ་དག༔ རང་རིག་ཡེ་ཤེས་ལྔ་ལྡན་རྩལ་རྫོགས་ནས༔ བདེ་སྟོང་ཟུང་འཇུག་འཕོ་མེད་ཆོས་སྐུར་གྲོལཿ འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུར་འགྲུབ་ཤོག༔ «སྐྱབས་འགྲོ་ནིཿ »ན་མོཿ བདག་གཞན་མཁའ་མཉམ་སེམས་ཅན་ཀུནཿ སྐུ་གསུམ་དབྱེར་མེད་བླ་མ་ལཿ སྒོ་གསུམ་མ་བཅོས་རང་བྱུང་གིཿ རྣམ་གསུམ་དད་པས་སྐྱབས་སུ་མཆིཿ« སེམས་བསྐྱེད་ནིཿ »ཧོཿ མ་རྟོག་འཁྲུལ་བའི་སེམས་ཅན་ཀུནཿ དམིགས་པ་མེད་པའི་སྙིང་རྗེ་བསྒོམཿ ཡེ་ནས་འཁོར་འདས་གཉིས་སུ་མེད༔ དེ་ཉིད་རྟོག་པར་སེམས་བསྐྱེད་དོཿ «ཡན་ལག་བདུན་པ་ནིཿ» ཧོཿ རང་རིག་དོན་གྱི་བླ་མ་ལ༔ རེ་དོགས་མེད་པས་གུས་ཕྱག་འཚལཿ བདེ་བ་ཆེན་པོས་མཆོད་པ་འབུལ༔ སྟོང་ཆེན་ཆོས་སྐུའི་ངང་དུ་བཤགསཿ དགའ་བ་བཞི་ལ་རྗེས་ཡི་རངསཿ མཉམ་ཉིད་ཆོས་འཁོར་བསྐོར་བར་བསྐུལ༔ འཕོ་བ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་གདོད་མའི་གཞི་རུ་བསྔོཿ« མཚམས་གཅོད་ནིཿ »ཧཱུྃ་ཧཱུྃཿ ང་ནི་ཡེ་ནས་ཆོས་ཀྱི་སྐུཿ ལྷ་དང་འདྲེར་འཛིན་གློ་བུར་རྐྱེནཿ རྣམ་པར་རྟོག་པ་བདུད་ཡིན་ཏེ༔ རིག་པའི་ཀློང་དུ་མཚམས་བཅད་དོཿ ཧཱུཾ་ཧཱུཾ་རཀྵ་ཨཱཿ «བྱིན་འབེབས་ནིཿ» ཧཱུཾཿ ཕྱི་སྣོད་ཡེ་ནས་ཡུམ་ཆེན་ལྔཿ ཕུང་པོ་ལྔ་ནི་རིགས་མཆོག་སྟེཿ ཚོགས་བརྒྱད་སེམས་དཔའི་རང་བཞིན་ལ༔ ཡུལ་ཀུན་མ་སྤངས་ཡུམ་གྱི་ངང༔ ཡིན་པར་ཤེས་པའི་བྱིན་ཕོབ་ཅིགཿ ཨེ་ཨ་ར་ལི་ཛྙཱ་ན་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ་ཿཧཱུཾ་ཧཱུཾཿ «དངོས་གཞི་བསྐྱེད་པའི་རིམ་པ་ནིཿ »ཨཱཿཀ་དག་སྟོང་ཆེན་ཡུམ་གྱི་ངངཿ ཐབས་མཆོག་སྙིང་རྗེའི་རྩལ་ཤར་བ། རྒྱུ་ཡི་ས་བོན་ལས་ཤར་བའི༔ རིག་པ་ཆུ་ལས་ཉ་འཕར་ལྟརཿ སྐུ་གསུམ་འདུས་ཞལ་བླ་མ་ནི༔ དྲི་མ་མེད་པ་ཀུན་ཏུ་བཟང༔ མཐིང་གསལ་རིན་ཆེན་རུས་པས་བརྒྱན༔ ཞལ་འཛུམ་སྤྱན་གཉིས་འབུར་ཚུགས་གཟིགས༔ ཕྱག་གཉིས་མཉམ་བཞག་ཡུམ་དང་འཁྲིལ༔ པད་ཉི་ཟླ་བའི་གདན་གྱི་སྟེངཿ རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགསཿ མཛོད་སྤུའི་འོད་ཟེར་དཔག་མེད་འཕྲོསཿ ཤེས་རབ་ཡུམ་མཆོག་ཀུན་བཟང་མོཿ སྔོ་སྐྱ་རྒྱན་མེད་གྲི་ཐོད་ཅནཿ ཕྱག་གཉིས་ཡབ་ཀྱི་མགུལ་ནས་འཁྱུདཿ ཞབས་ཟུང་བདེ་བ་ཆེན་པོར་རོལ༔ ཡབ་ཡུམ་ཆོས་ཉིད་ཆགས་པའི་སྒྲསཿ སྐུ་གསུམ་ཞིང་ཁམས་ཡོངས་བསྐུལ་གྱུརཿ «སྤྱན་འདྲེན་ནིཿ »ཧཱུཾཿ ཆོས་ཀྱི་དབྱིངས་དང་སྟུག་པོ་བཀོད༔ དགུ་ཀློང་འཁྱིལ་དང་ལྔ་ལྡན་ཞིངཿ རང་བཞིན་སྤྲུལ་བའི་གནས་མཆོག་ནསཿ རྒྱལ་བར་རབ་འབྱམས་གཤེགས་སུ་གསོལཿ ཨེ་ཧྱ་ཧི་ཛྙཱ་ན་བཛྲ་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ་ཿ «བཞུགས་གསོལ་ནི། »ཡེ་ཤེས་སྤྲུལ་གཞི་བླ་ན་མེདཿ དམ་ཚིག་བླ་མའི་དཀྱིལ་འཁོར་ལཿ ཡེ་ནས་འདུ་འབྲལ་མེད་པའི་ལྷཿ རྣམ་རྟོག་བསལ་ཕྱིར་བཞུགས་སུ་གསོལཿ ཏིཥྛ་ལྷནཿ «ཕྱག་འཚལ་ནིཿ» ཀུན་བཟང་བླ་མ་ཆོས་ཀྱི་སྐུཿ ཡེ་ནས་རང་གྲོལ་གཉུག་མའི་གཤིསཿ རོལ་རྩལ་ལྷ་མོ་གར་མཁན་མསཿ གུས་པ་ཆེན་པོས་བརྡ་ཕྱག་འཚལཿ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ «མཆོད་འབུལ་ནིཿ »ཧཱུཾཿ དབང་དྲུག་ཡུལ་ལ་ཤར་བ་ཡིཿ འདོད་ཡོན་མ་སྤང་རྒྱན་དུ་འབུལཿ དགའ་བཞི་བདེ་བ་ཆེན་པོས་རོལཿ སྟོང་ཆེན་དུ་མ་རོ་ཅིག་མཆོདཿ ཨོཾ་ཨཱ༔ཧཱུཾཿམ་ཧཱ་པཉྩ་པཱུཙྪ་ཧོཿ «བསྟོད་པ་ནི།» ཧོཿ ཆོས་དབྱིངས་ངང་ནས་ཡེ་ཤེས་རྩལ་ཤར་བཿ གདོད་མའི་མགོན་པོ་ཀུན་བཟང་དྲི་མ་མེདཿ བདག་ལ་རྗེས་སུ་བརྩེ་བའི་བཀའ་དྲིན་ཅནཿ བླ་མ་ཡབ་ཡུམ་རོལ་རྩལ་རྒྱན་དུ་ཤརཿ བདག་གི་སྒོ་གསུམ་གུས་པས་ཁྱེད་ལ་བསྟོདཿ བླ་མ་ལས་གཞན་སངས་རྒྱས་ལོགས་སུ་མེདཿ རིག་པ་ལས་གཞན་ཆོས་སྐུ་ཐོབ་ཏུ་མེད༔ བདེ་སྟོང་ལས་གཞན་ཉམས་ལེན་འབྲས་བུ་མེདཿ སྦྱོར་སྒྲོལ་ལས་གཞན་རྗེས་འཛིན་ལོགས་སུ་མེད༔ དེ་ཕྱིར་གསང་སྔགས་ཐབས་ཀྱི་ལམ་མཆོག་སྟེ༔ ཁྱེད་ཀྱི་ཐུགས་རྒྱུད་དགོངས་པ་རྟོག་པར་ཤོག༔ «བསྙེན་བསྒྲུབ་ཆིག་དྲིལ་བཟླས་པ་ནིཿ» ཀུན་བཟང་ཡབ་ཡུམ་ཐུགས་ཀ་རུཿ ཙིཏྟ་འོད་ཀྱི་གུར་ཁང་དབུསཿ ཡེ་ཤེས་ལྔ་ལྡན་ཡིག་འབྲུ་གསལཿ རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང༔ འབྱུང་ལྔའི་བཅུད་ཀྱི་དྭངས་མར་བསྒོམཿ འོད་ཀྱི་ལུས་ནང་ཀུན་ཁྱབ་པསཿ མཆོག་དང་ཐུན་མོང་དངོས་གྲུབ་ཐོབཿ བདེ་བ་ཆེན་པོས་དབང་བཞི་ནོདཿ སྨྲ་བསམ་བརྗོད་བྲལ་ངང་ཉིད་ནསཿ ཨོཾ་ཨཱ་ཧཱུྃཿསྭཱ་ཧཱཿ «ཆུ་བོའི་རྒྱུན་བཞིན་བཟླ་བ་དངཿ སྐབས་འགར་རླུང་རོ་དགུ་སྤྲུག་མཐརཿ ནམ་མཁའི་རླུང་འགུགས་སྨད་དུ་བསྐྱིལཿ ལྟེ་བའི་ཨ་ཐུང་རམ་ཡིག་སྦརཿ བདེ་དྲོད་དྲག་པོ་རབ་འབར་ཞིངཿ ཡི་གེ་གསུམ་ལས་བདུད་རྩི་བབཿ ལུས་ཀུན་མེ་དང་བདུད་རྩིའི་གངཿ ཡིད་བཟླས་རིག་པ་གཏད་མེད་བཏངཿ ཕོ་བསྐོར་རྩ་བཤད་ཧ་སྤྲུགས་བྱཿ སྐབས་འགར་ཡི་གེའི་འོད་ལྔ་ཡིསཿ རང་ལུས་ཁ་དོག་ལྔ་ལྡན་བསྒྱུརཿ སྟོང་གསལ་ནམ་མཁའ་ལྟ་བུ་ཡིསཿ ཐོད་རྒལ་རིག་པའི་རྩལ་རྫོགས་བྱཿ རྒྱབ་ཆོས་ཁྲིད་ཡིག་ཆེན་པོ་ཡི། ཉམས་ལེན་མན་ངག་གནད་བསྡུ་བའོཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་གིཿ ཆོས་ཚན་རྒྱ་མཚོ་ལྟ་བུ་ཡིཿ སྡོང་པོ་གཅིག་ཆོག་ནོར་བུའི་ལུགསཿ ཡང་གསང་བླ་མའི་སྒྲུབ་པའོཿ རྗེས་ལ་མཆོད་བསྟོད་བྱ་བ་ནིཿ »ཨོཾ་ཨཱཿཧཱུྃཿ ཕྱི་སྣོད་འཇིག་རྟེན་ལྷ་མིའི་དཔལ་འབྱོར་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་རྣམ་དག་པས༔ ཟག་མེད་བདེ་ཆེན་མཆོད་པ་དཔག་མེད་ཀུནཿ ཀུན་བཟང་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལཿ འབུལ་ལོ་འགྲོ་ཀུན་ཚོགས་རྫོགས་སྒྲིབ་དག་ཤོག༔ རུ་པ་ཤཔྟ་གྷནྡྷེ་ར་ས་པརྴེ་པཱུ་ཙ་ཧོཿ སྣོད་ཀྱི་འཇིག་རྟེན་ཆོས་དབྱིངས་དག་པའི་ཞིངཿ བཅུད་ཀྱི་སེམས་ཅན་རིགས་བདག་བླ་མའི་དལཿ སྒྲར་གྲགས་ཆོས་ཉིད་ཉམས་ཀྱི་རང་སྒྲ་སྟེཿ རང་རིག་ཡེ་ནས་ཀུན་བཟང་བླ་མའི་ཐུགས༔ རྩ་གསུམ་ཀུན་འདུས་གསང་བ་གསུམ་ལ་བསྟོདཿ རྣམ་རྟོག་ཐེ་ཚོམ་གཉིས་འཛིན་བཟོད་པར་གསོལཿ ཨོཾ་བཛྲ་ས་ཏྭ་སོགསཿ «དམིགས་མེད་ཆོས་དབྱིངས་ངང་དུ་བཞགཿ རང་རིག་ཡེ་ནས་བླ་མ་ལཿ གཤེགས་དང་བསྡུ་རིམ་མི་དགོས་སོཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་གི༔ ཆོས་ཁམས་རྒྱ་མཚོའི་རྩ་བ་སྟེཿ བཻཌཱུརྱ་ཡི་བརྡ་རིས་ལསཿ དྲི་མ་མེད་པས་སྨྲས་པ་བཞིནཿ རྣལ་འབྱོར་རིག་པའི་ཡེ་ཤེས་ཀྱིསཿ ཕབ་འདི་མཁའ་འགྲོའི་སྙིང་བཅུད་དོཿ བཀའ་འདི་མ་མོ་གཟའ་བདུད་དངཿ དྲེགས་པའི་གཙོ་བོས་ཐུབ་པར་སྲུངསཿ ས་མ་ཡཱཿ རྒྱ་རྒྱཿརྒྱཿ དམ་ཉམས་ལོག་ལྟ་ཡིད་ཆེས་མེདཿ བླ་མའི་བཀའ་བཞིན་ཁྱད་གསོད་ཅིངཿ རང་ཆེ་འབྱིན་ཞིང་གསང་མི་ཐུབཿ དད་མེད་ལག་ཏུ་མ་ཤོར་ཅིགཿ བྱིན་རླབས་ཉམས་སུ་ལོངས་དང་ཤེསཿ གུ་ཧྱཿ མངྒ་ལཾ། | «༄༅ཿ ཀུན་བཟང་གདོད་མའི་ལྷ་ལ་འདུདཿ ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགསཿ སྤྲུལ་པ་སྐུ་ཡི་ཞིང་ཁམས་ནཿ ཞི་ཆགས་ཁྲོ་བོའི་རྣམ་རོལ་གརཿ རྩ་གསུམ་རྒྱལ་བ་རབ་འབྱམས་ལྷཿ བླ་མས་སྤྲུལ་བསྒྱུར་ལས་གཞན་མེདཿ དེ་ཡི་གསང་སྒྲུབ་ཟབ་མོ་བསྟནཿ དཀྱིལ་འཁོར་བསྒྲུབ་རྫས་གཏོར་མ་མེདཿ མཆོད་པ་ཡོ་བྱད་སྤྲོས་པ་བྲལཿ ཡེ་གཞི་གཤིས་ཀྱི་གནས་ལུགས་སོཿ »ཨེ་མ་ཧོཿ རྣམ་མང་ཞི་ཆགས་ཁྲོ་བོའི་སྤྲུལ་བསྒྱུར་གར་ཿ ཀུན་འདུས་རིག་བརྒྱའི་ཁྱབ་བདག་རྡོ་རྗེ་འཆངཿ གསང་ཆེན་རིགས་གཅིག་དྲང་སྲོང་དྲི་མ་མེདཿ ཀུན་བཟང་དྲིན་ཆེན་བླ་མར་གསོལ་བ་འདེབསཿ མ་རིག་གཟུང་འཛིན་ཉོན་ཤེས་དྲི་མ་དག༔ རང་རིག་ཡེ་ཤེས་ལྔ་ལྡན་རྩལ་རྫོགས་ནས༔ བདེ་སྟོང་ཟུང་འཇུག་འཕོ་མེད་ཆོས་སྐུར་གྲོལཿ འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུར་འགྲུབ་ཤོག༔ «སྐྱབས་འགྲོ་ནིཿ »ན་མོཿ བདག་གཞན་མཁའ་མཉམ་སེམས་ཅན་ཀུནཿ སྐུ་གསུམ་དབྱེར་མེད་བླ་མ་ལཿ སྒོ་གསུམ་མ་བཅོས་རང་བྱུང་གིཿ རྣམ་གསུམ་དད་པས་སྐྱབས་སུ་མཆིཿ« སེམས་བསྐྱེད་ནིཿ »ཧོཿ མ་རྟོག་འཁྲུལ་བའི་སེམས་ཅན་ཀུནཿ དམིགས་པ་མེད་པའི་སྙིང་རྗེ་བསྒོམཿ ཡེ་ནས་འཁོར་འདས་གཉིས་སུ་མེད༔ དེ་ཉིད་རྟོག་པར་སེམས་བསྐྱེད་དོཿ «ཡན་ལག་བདུན་པ་ནིཿ» ཧོཿ རང་རིག་དོན་གྱི་བླ་མ་ལ༔ རེ་དོགས་མེད་པས་གུས་ཕྱག་འཚལཿ བདེ་བ་ཆེན་པོས་མཆོད་པ་འབུལ༔ སྟོང་ཆེན་ཆོས་སྐུའི་ངང་དུ་བཤགསཿ དགའ་བ་བཞི་ལ་རྗེས་ཡི་རངསཿ མཉམ་ཉིད་ཆོས་འཁོར་བསྐོར་བར་བསྐུལ༔ འཕོ་བ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་གདོད་མའི་གཞི་རུ་བསྔོཿ« མཚམས་གཅོད་ནིཿ »ཧཱུྃ་ཧཱུྃཿ ང་ནི་ཡེ་ནས་ཆོས་ཀྱི་སྐུཿ ལྷ་དང་འདྲེར་འཛིན་གློ་བུར་རྐྱེནཿ རྣམ་པར་རྟོག་པ་བདུད་ཡིན་ཏེ༔ རིག་པའི་ཀློང་དུ་མཚམས་བཅད་དོཿ ཧཱུཾ་ཧཱུཾ་རཀྵ་ཨཱཿ «བྱིན་འབེབས་ནིཿ» ཧཱུཾཿ ཕྱི་སྣོད་ཡེ་ནས་ཡུམ་ཆེན་ལྔཿ ཕུང་པོ་ལྔ་ནི་རིགས་མཆོག་སྟེཿ ཚོགས་བརྒྱད་སེམས་དཔའི་རང་བཞིན་ལ༔ ཡུལ་ཀུན་མ་སྤངས་ཡུམ་གྱི་ངང༔ ཡིན་པར་ཤེས་པའི་བྱིན་ཕོབ་ཅིགཿ ཨེ་ཨ་ར་ལི་ཛྙཱ་ན་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ་ཿཧཱུཾ་ཧཱུཾཿ «དངོས་གཞི་བསྐྱེད་པའི་རིམ་པ་ནིཿ »ཨཱཿཀ་དག་སྟོང་ཆེན་ཡུམ་གྱི་ངངཿ ཐབས་མཆོག་སྙིང་རྗེའི་རྩལ་ཤར་བ། རྒྱུ་ཡི་ས་བོན་ལས་ཤར་བའི༔ རིག་པ་ཆུ་ལས་ཉ་འཕར་ལྟརཿ སྐུ་གསུམ་འདུས་ཞལ་བླ་མ་ནི༔ དྲི་མ་མེད་པ་ཀུན་ཏུ་བཟང༔ མཐིང་གསལ་རིན་ཆེན་རུས་པས་བརྒྱན༔ ཞལ་འཛུམ་སྤྱན་གཉིས་འབུར་ཚུགས་གཟིགས༔ ཕྱག་གཉིས་མཉམ་བཞག་ཡུམ་དང་འཁྲིལ༔ པད་ཉི་ཟླ་བའི་གདན་གྱི་སྟེངཿ རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགསཿ མཛོད་སྤུའི་འོད་ཟེར་དཔག་མེད་འཕྲོསཿ ཤེས་རབ་ཡུམ་མཆོག་ཀུན་བཟང་མོཿ སྔོ་སྐྱ་རྒྱན་མེད་གྲི་ཐོད་ཅནཿ ཕྱག་གཉིས་ཡབ་ཀྱི་མགུལ་ནས་འཁྱུདཿ ཞབས་ཟུང་བདེ་བ་ཆེན་པོར་རོལ༔ ཡབ་ཡུམ་ཆོས་ཉིད་ཆགས་པའི་སྒྲསཿ སྐུ་གསུམ་ཞིང་ཁམས་ཡོངས་བསྐུལ་གྱུརཿ «སྤྱན་འདྲེན་ནིཿ »ཧཱུཾཿ ཆོས་ཀྱི་དབྱིངས་དང་སྟུག་པོ་བཀོད༔ དགུ་ཀློང་འཁྱིལ་དང་ལྔ་ལྡན་ཞིངཿ རང་བཞིན་སྤྲུལ་བའི་གནས་མཆོག་ནསཿ རྒྱལ་བར་རབ་འབྱམས་གཤེགས་སུ་གསོལཿ ཨེ་ཧྱ་ཧི་ཛྙཱ་ན་བཛྲ་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ་ཿ «བཞུགས་གསོལ་ནི། »ཡེ་ཤེས་སྤྲུལ་གཞི་བླ་ན་མེདཿ དམ་ཚིག་བླ་མའི་དཀྱིལ་འཁོར་ལཿ ཡེ་ནས་འདུ་འབྲལ་མེད་པའི་ལྷཿ རྣམ་རྟོག་བསལ་ཕྱིར་བཞུགས་སུ་གསོལཿ ཏིཥྛ་ལྷནཿ «ཕྱག་འཚལ་ནིཿ» ཀུན་བཟང་བླ་མ་ཆོས་ཀྱི་སྐུཿ ཡེ་ནས་རང་གྲོལ་གཉུག་མའི་གཤིསཿ རོལ་རྩལ་ལྷ་མོ་གར་མཁན་མསཿ གུས་པ་ཆེན་པོས་བརྡ་ཕྱག་འཚལཿ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ «མཆོད་འབུལ་ནིཿ »ཧཱུཾཿ དབང་དྲུག་ཡུལ་ལ་ཤར་བ་ཡིཿ འདོད་ཡོན་མ་སྤང་རྒྱན་དུ་འབུལཿ དགའ་བཞི་བདེ་བ་ཆེན་པོས་རོལཿ སྟོང་ཆེན་དུ་མ་རོ་ཅིག་མཆོདཿ ཨོཾ་ཨཱ༔ཧཱུཾཿམ་ཧཱ་པཉྩ་པཱུཙྪ་ཧོཿ «བསྟོད་པ་ནི།» ཧོཿ ཆོས་དབྱིངས་ངང་ནས་ཡེ་ཤེས་རྩལ་ཤར་བཿ གདོད་མའི་མགོན་པོ་ཀུན་བཟང་དྲི་མ་མེདཿ བདག་ལ་རྗེས་སུ་བརྩེ་བའི་བཀའ་དྲིན་ཅནཿ བླ་མ་ཡབ་ཡུམ་རོལ་རྩལ་རྒྱན་དུ་ཤརཿ བདག་གི་སྒོ་གསུམ་གུས་པས་ཁྱེད་ལ་བསྟོདཿ བླ་མ་ལས་གཞན་སངས་རྒྱས་ལོགས་སུ་མེདཿ རིག་པ་ལས་གཞན་ཆོས་སྐུ་ཐོབ་ཏུ་མེད༔ བདེ་སྟོང་ལས་གཞན་ཉམས་ལེན་འབྲས་བུ་མེདཿ སྦྱོར་སྒྲོལ་ལས་གཞན་རྗེས་འཛིན་ལོགས་སུ་མེད༔ དེ་ཕྱིར་གསང་སྔགས་ཐབས་ཀྱི་ལམ་མཆོག་སྟེ༔ ཁྱེད་ཀྱི་ཐུགས་རྒྱུད་དགོངས་པ་རྟོག་པར་ཤོག༔ «བསྙེན་བསྒྲུབ་ཆིག་དྲིལ་བཟླས་པ་ནིཿ» ཀུན་བཟང་ཡབ་ཡུམ་ཐུགས་ཀ་རུཿ ཙིཏྟ་འོད་ཀྱི་གུར་ཁང་དབུསཿ ཡེ་ཤེས་ལྔ་ལྡན་ཡིག་འབྲུ་གསལཿ རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང༔ འབྱུང་ལྔའི་བཅུད་ཀྱི་དྭངས་མར་བསྒོམཿ འོད་ཀྱི་ལུས་ནང་ཀུན་ཁྱབ་པསཿ མཆོག་དང་ཐུན་མོང་དངོས་གྲུབ་ཐོབཿ བདེ་བ་ཆེན་པོས་དབང་བཞི་ནོདཿ སྨྲ་བསམ་བརྗོད་བྲལ་ངང་ཉིད་ནསཿ ཨོཾ་ཨཱ་ཧཱུྃཿསྭཱ་ཧཱཿ «ཆུ་བོའི་རྒྱུན་བཞིན་བཟླ་བ་དངཿ སྐབས་འགར་རླུང་རོ་དགུ་སྤྲུག་མཐརཿ ནམ་མཁའི་རླུང་འགུགས་སྨད་དུ་བསྐྱིལཿ ལྟེ་བའི་ཨ་ཐུང་རམ་ཡིག་སྦརཿ བདེ་དྲོད་དྲག་པོ་རབ་འབར་ཞིངཿ ཡི་གེ་གསུམ་ལས་བདུད་རྩི་བབཿ ལུས་ཀུན་མེ་དང་བདུད་རྩིའི་གངཿ ཡིད་བཟླས་རིག་པ་གཏད་མེད་བཏངཿ ཕོ་བསྐོར་རྩ་བཤད་ཧ་སྤྲུགས་བྱཿ སྐབས་འགར་ཡི་གེའི་འོད་ལྔ་ཡིསཿ རང་ལུས་ཁ་དོག་ལྔ་ལྡན་བསྒྱུརཿ སྟོང་གསལ་ནམ་མཁའ་ལྟ་བུ་ཡིསཿ ཐོད་རྒལ་རིག་པའི་རྩལ་རྫོགས་བྱཿ རྒྱབ་ཆོས་ཁྲིད་ཡིག་ཆེན་པོ་ཡི། ཉམས་ལེན་མན་ངག་གནད་བསྡུ་བའོཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་གིཿ ཆོས་ཚན་རྒྱ་མཚོ་ལྟ་བུ་ཡིཿ སྡོང་པོ་གཅིག་ཆོག་ནོར་བུའི་ལུགསཿ ཡང་གསང་བླ་མའི་སྒྲུབ་པའོཿ རྗེས་ལ་མཆོད་བསྟོད་བྱ་བ་ནིཿ »ཨོཾ་ཨཱཿཧཱུྃཿ ཕྱི་སྣོད་འཇིག་རྟེན་ལྷ་མིའི་དཔལ་འབྱོར་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་རྣམ་དག་པས༔ ཟག་མེད་བདེ་ཆེན་མཆོད་པ་དཔག་མེད་ཀུནཿ ཀུན་བཟང་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལཿ འབུལ་ལོ་འགྲོ་ཀུན་ཚོགས་རྫོགས་སྒྲིབ་དག་ཤོག༔ རུ་པ་ཤཔྟ་གྷནྡྷེ་ར་ས་པརྴེ་པཱུ་ཙ་ཧོཿ སྣོད་ཀྱི་འཇིག་རྟེན་ཆོས་དབྱིངས་དག་པའི་ཞིངཿ བཅུད་ཀྱི་སེམས་ཅན་རིགས་བདག་བླ་མའི་དལཿ སྒྲར་གྲགས་ཆོས་ཉིད་ཉམས་ཀྱི་རང་སྒྲ་སྟེཿ རང་རིག་ཡེ་ནས་ཀུན་བཟང་བླ་མའི་ཐུགས༔ རྩ་གསུམ་ཀུན་འདུས་གསང་བ་གསུམ་ལ་བསྟོདཿ རྣམ་རྟོག་ཐེ་ཚོམ་གཉིས་འཛིན་བཟོད་པར་གསོལཿ ཨོཾ་བཛྲ་ས་ཏྭ་སོགསཿ «དམིགས་མེད་ཆོས་དབྱིངས་ངང་དུ་བཞགཿ རང་རིག་ཡེ་ནས་བླ་མ་ལཿ གཤེགས་དང་བསྡུ་རིམ་མི་དགོས་སོཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་གི༔ ཆོས་ཁམས་རྒྱ་མཚོའི་རྩ་བ་སྟེཿ བཻཌཱུརྱ་ཡི་བརྡ་རིས་ལསཿ དྲི་མ་མེད་པས་སྨྲས་པ་བཞིནཿ རྣལ་འབྱོར་རིག་པའི་ཡེ་ཤེས་ཀྱིསཿ ཕབ་འདི་མཁའ་འགྲོའི་སྙིང་བཅུད་དོཿ བཀའ་འདི་མ་མོ་གཟའ་བདུད་དངཿ དྲེགས་པའི་གཙོ་བོས་ཐུབ་པར་སྲུངསཿ ས་མ་ཡཱཿ རྒྱ་རྒྱཿརྒྱཿ དམ་ཉམས་ལོག་ལྟ་ཡིད་ཆེས་མེདཿ བླ་མའི་བཀའ་བཞིན་ཁྱད་གསོད་ཅིངཿ རང་ཆེ་འབྱིན་ཞིང་གསང་མི་ཐུབཿ དད་མེད་ལག་ཏུ་མ་ཤོར་ཅིགཿ བྱིན་རླབས་ཉམས་སུ་ལོངས་དང་ཤེསཿ གུ་ཧྱཿ མངྒ་ལཾ། | ||
Latest revision as of 15:39, 20 June 2024
Wylie title | yang gsang mkha' 'gro thugs thig las bla ma gsang sgrub dam tshig rgya can | |
---|---|---|
Location | mdo mkhyen brtse bka' 'bum Volume 3, Text 4, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Guru Yoga Texts - bla ma'i rnal 'byor | |
Cycle | ཡང་གསང་མཁའ་འགྲོའི་ཐུགས་ཐིག་ (yang gsang mkha' 'gro'i thugs thig) | |
Colophon |
ཡང་གསང་མཁའ་འགྲོའི་ཐུགས་ཐིག་གི༔ ཆོས་ཁམས་རྒྱ་མཚོའི་རྩ་བ་སྟེཿ བཻཌཱུརྱ་ཡི་བརྡ་རིས་ལསཿ དྲི་མ་མེད་པས་སྨྲས་པ་བཞིནཿ རྣལ་འབྱོར་རིག་པའི་ཡེ་ཤེས་ཀྱིསཿ ཕབ་འདི་མཁའ་འགྲོའི་སྙིང་བཅུད་དོཿ བཀའ་འདི་མ་མོ་གཟའ་བདུད་དངཿ དྲེགས་པའི་གཙོ་བོས་ཐུབ་པར་སྲུངསཿ ས་མ་ཡཱཿ རྒྱ་རྒྱཿརྒྱཿ དམ་ཉམས་ལོག་ལྟ་ཡིད་ཆེས་མེདཿ བླ་མའི་བཀའ་བཞིན་ཁྱད་གསོད་ཅིངཿ རང་ཆེ་འབྱིན་ཞིང་གསང་མི་ཐུབཿ དད་མེད་ལག་ཏུ་མ་ཤོར་ཅིགཿ བྱིན་རླབས་ཉམས་སུ་ལོངས་དང་ཤེསཿ གུ་ཧྱཿ མངྒ་ལཾ། | |
yang gsang mkha' 'gro'i thugs thig gi: chos khams rgya mtsho'i rtsa ba ste: baiDUr+ya yi brda ris las: dri ma med pas smras pa bzhin: rnal 'byor rig pa'i ye shes kyis: phab 'di mkha' 'gro'i snying bcud do: bka' 'di ma mo gza' bdud dang : dregs pa'i gtso bos thugs par srungs: sa ma yA: rgya rgya rgya: |