PJCW-KABUM-01-KA-023: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
 
(2 intermediate revisions by 2 users not shown)
Line 1: Line 1:
༄༅། །རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
{{Text
|classification=Tibetan Publications
|subclass=Tibetan Texts
|sectionheading=No
|fulltitletib=རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ།
|fulltitle=rtsis gzhung nyin byed snang ba'i lag len bu yig ngo mtshar phreng ba
|collectiontitletib=དཔལ་སྤྲུལ་བཀའ་འབུམ།
|collectiontitle=dpal sprul bka' 'bum
|author=Dpal sprul rin po che
|authortib=དཔལ་སྤྲུལ་རིན་པོ་ཆེ་
|tibgenre=Annotations- mchan, Chronologies- bstan rtsis
|terma=No
|language=Tibetan
|volumenumber=01
|volnumtib=༡
|volyigtib=ཀ
|totalvolumes=6
|textnuminvol=023
|multivolumework=No
|colophontib=དཔལ་སྤྲུལ་པས་སོ། །དགེའོ།
|colophonwylie=dpal sprul pas so/_/dge'o/
|pdflink=File:PJCW-KABUM-01-KA-023.pdf
|volumeLetter=KA
|InitCategories=Khyentse Lineage Project; PJCW-KABUM-Volume-01-KA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། །རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །




ཨོཾ་སྭ་སྟི། དྲི་མེད་རྒྱལ་བའི་བསྟན་པ་དང་། །དེ་འཛིན་བླ་མ་དམ་པ་ལ། །གུས་པའི་ཕྱག་འཚལ་རྒྱུད་འགྲེལ་ལས། །ཆོས་རྒྱལ་རིགས་ལྡན་བྱོན་པའི་རབས། །རིམ་པར་ངེས་བསྟན་སྲོག་ཤིང་ལ། །བརྟེན་ནས་གནས་སྐབས་ལག་རྩིས་པར། །ཉེར་མཁོའི་རྟེན་རྩིས་རྣམ་གྲངས་འགའ། །རི་མོས་བདེ་བླག་རྩི་ཐབས་བཤད། །འབྱུང་རི་རོ་མིག་༢༦༧༥ལོ་ཚོགས་ལ།
ཨོཾ་སྭ་སྟི། དྲི་མེད་རྒྱལ་བའི་བསྟན་པ་དང་། །དེ་འཛིན་བླ་མ་དམ་པ་ལ། །གུས་པའི་ཕྱག་འཚལ་རྒྱུད་འགྲེལ་ལས། །ཆོས་རྒྱལ་རིགས་ལྡན་བྱོན་པའི་རབས། །རིམ་པར་ངེས་བསྟན་སྲོག་ཤིང་ལ། །བརྟེན་ནས་གནས་སྐབས་ལག་རྩིས་པར། །ཉེར་མཁོའི་རྟེན་རྩིས་རྣམ་གྲངས་འགའ། །རི་མོས་བདེ་བླག་རྩི་ཐབས་བཤད། །འབྱུང་རི་རོ་མིག་༢༦༧༥ལོ་ཚོགས་ལ། །རབ་བྱུང་བཅུ་གཉིས་པའི་ནང་གི །ཤིང་རྟ་ལ་སོགས་འདས་པ་བསྲེ། །སྟོན་མཆོག་དམ་པ་ས་ལུག་གི །ཆུ་སྟོད་ཟླ་བའི་བཅོ་ལྔ་ལ། །ལྷུམས་སུ་ཞུགས་པ་ཕྱིན་གྱི་ལོ།༢༨༤༠།དགའ་ལྡན་གྱི་གནས་ནས་ལྷའི་བུ་དམ་པ་ཏོག་དཀར་པོ་ཉིད་གླང་པོ་ཐལ་དཀར་མཆེ་བ་དྲུག་ལྡན་དུ་སྤྲུལ་ནས། དེ་ལ་གཟུགས་སྦྱངས་ལྕགས་སྤྲེའུ་ཡི། །ས་གའི་ཚེས་བདུན་བལྟམས་ནས་ལོ།༢༨༣༩།ལུམ་བུ་ནིའི་ཚལ་དུ་ཡུམ་སྒྱུ་འཕྲུལ་ཆེན་མོའི་རྩིབས་མ་གཡས་པའི་གོ་བར་ནས། ཀླུ་ལག་༢༨གིས་སྦྱངས་ས་བྱི་ལ། །ཁབ་སྤངས་མཆོད་རྟེན་རྣམ་དག་གི །དྲུང་དུ་རབ་ཏུ་བྱུང་བའི་ལོ།༢༨༡༡།ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་དཀའ་བ་སྤྱད་པ། རོས་ཕྲི་ཤིང་རྟ་ས་གའི་ཉའི། །ཐོ་རངས་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ་ནས་རྫོགས་སངས་རྒྱས་པ་དང་། ལོ་དེའི་ཆུ་སྟོད་ཚེས་བཞི་ནས། །ཡུལ་ཝ་ར་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་དང་ལྷ་བརྒྱད་ཁྲི་ལ། ཆོས་འཁོར་ཐོག་མར་བསྐོར་བའི་ལོ།༢༨༠༥།དེ་ལས་༤༦དུས་མཚོ་དམན་པའི་ལྷག །ལྕགས་འབྲུག་ནག་ཉར་རྩ་བའི་རྒྱུད། །ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་དྲུང་དུ་ཟླ་བཟང་སོགས་ལ་དུས་འཁོར། ལེགས་བསྟན་ཕྱི་ཟླ་ས་གའི་ཉར། རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་པའི་ཚེ་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་། ཤཱ་རིའི་བུ་དང་ཉམ་དུ་དགྲ་བཅོམ་པ་བརྒྱད་ཁྲི། མཽ་གལ་གྱི་བུ་དང་མཉམ་དུ་དགྲ་བཅོམ་པ་བདུན་ཁྲི་མྱ་ངན་ལས་འདས་པས། འཁོར་དགྲ་བཅོམ་པ་ཕལ་ཆེར་ཟད་ཅིང་། དགེ་སྷོང་རྣམས་སྡེ་སྣོད་གསུམ་མི་འདོན་པས། ལྷ་རྣམས་ཀྱིས་ཤཱཀྱ་ཐུབ་པའི་བསྟན་པ་ནི་མེ་ཤི་བའི་དུ་བ་བཞིན་གྱུར་ཏོ་ཞེས་འཕྱ་བ་བསལ་བ འི་ཕྱིར་ཨ་སུ་རའི་བྲག་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས། དབྱར་འབྲིང་ཟླར། །ཀུན་དགའ་བོས་མདོ་སྡེ། ཉེ་བ་འཁོར་གྱིས་འདུལ་བ། འོད་སྲུང་ཆེན་པོས་མངོན་པ་བསྡུ་བ་མཛད། བཀའ་བསྡུ་དང་པོ་བྱས་ནས་ལོ།༢༧༥༩།གཟུགས་ཕྲི་ལྕགས་སྤྲེའུ་བྱང་ཤམྦྷ་ལའི་ཆོས་རྒྱལ་བདུན་གྱི་དང་པོ། ཟླ་བཟང་གིས། །རྩ་རྒྱུད་བསྡུས་ཤིང་འགྲེལ་པས་བཀྲལ།༢༧༥༨།སླར་ཡང་མིག་སྦྱངས་ཆུ་ལུག་ལ། །གཞལ་མེད་ཁང་ཀཱ་ལ་པའི་གྲོང་དུ་དུས་འཁོར་གྱི་བློ་བསླངས། བཞེངས་གཤེགས་པའི་ལོ།༢༧༥༦།དེ་ལས་གཟུགས་དམན་ཤིང་སྤྲེལ་ལ། །ཆོས་རྒྱལ་གཉིས་པ་ལྷ་དབང་སྟོན་པར་ཕེབས་པ་དང་། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་། །སིན་ངྷུའི་མཚོ་གླིང་བལྟམས་ནས་ལོ།༢༧༥༥།མཚོ་མིག་ཕྲི་ལྷག་སྤྲེའུའི་ལོར། །རིགས་ཅན་ལྔ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ན་ལྷག་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། མི་ལི་ཙ་བི་དྲི་མེད་གྲགས་པ་ལྔ་ནང་དུ་ཡང་དག་འཇོག་ལས་བ ཞེངས་ཏེ་རང་རང་གི་རྫུ་འཕྲུལ་གྱི་རི་མ་ལ་ཡི་གནམ་ལྕགས་ཡོད་པའི་རྩེར་འདུས་ཏེ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉེར་གསུམ་བཏོན་པས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ནས་གསང་སྔགས་ཀྱི་རྒྱུད་ཐམས་ཅད་གསུངས་པ་སྲིན་པོ་བློ་གྲོས་ཐབ ས་བདུན་གྱི་བཻ་ཌཱུརྻའི་གླེགས་བུ་ལ་གསེར་ཞུན་ནས་ཡི་གེར་བྲིས་པ་ནམ་མཁའི་དབྱིངས་སུ་གཏེར་དུ་སྦས་པ་ཉིད་རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབ་པའོ། །ལ་གསང་བདག་གིས། ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས། ཞིང་རྒྱལ་པོ་ཛར། །གསང་སྔགས་གླེགས་བམ་བབས་ནས་ལོ།༢༧༡༡།མིག་ཐུབ་སྦྱངས་པའི་ལྕགས་སྤྲེལ་ལ། །ཁ་བ་ཅན་དུ་མཚོ་བྲི་ནས། །དེ་དུས་བོད་ཡུལ་འདི་མཚོ་ཡིན། སཱ་ལའི་ནགས་ཚལ་ཆགས་ནས་ལོ།༢༦༥༩།དེ་ནས་མཚོ་སྦྱངས་ཤིང་བྱི་ལ། །ཆོས་རྒྱལ་གསུམ་པ་གཟི་བརྗིད་ཅན་གྱིས་ཆོས་བསྟན་ལོ།༢༦༥༥།བྲོ་བ་སྦྱངས་ལྷག་ལྕགས་རྟ་ལ། །རྒྱ་གར་གྱི་ཡུལ་དབུས་སུ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱི་མི་རུང་བའི་བཞི་བཅུ་བསྒྲགས་པའི་ཚེ། དགྲ་བཅོམ་པ་གྲགས་པ་ལ་སོགས་པའི་བདུན་རྒྱས་ཚར་བཅད་ནས་སྡེ་སྣོད་གསུམ་ཚར་གཅིག་སྟོན་པའོ། །བཀའ་བསྡུ་བར་པ་བྱས་ནས་ལོ།༢༦༤༩།ཆུ་བུག་སྦྱངས་ལྷག་ཤིང་འབྲུག་ལོར། །ཆོས་རྒྱལ་བཞི་པ་ཟླ་བའི་བྱིན་ཕེབས་༢༥༥༥མཁའ་མཁའ་གཟུགས། །ཕྲི་ལྷག་ཤིང་སྤྲེལ་ཆོས་རྒྱལ་ལྔ་པ་ལྷའི་དབང་ཕྱུག །ཁྲིར་ཕེབས་༢༤༥༥དེ་ནས་གཟུགས་མཚོ་དམན། །ཤིང་གླང་རྫོགས་པ་ཆེན་པོའི་བསྟན་པའི་བདག་པོ་དགའ་རབ་རྡོ་རྗེ་འཁྲུངས།༢༤༡༤།དེ་ལས་འབྱུང་དབང་ཕྲི་བའི་ལྷག །ཟབ་མོ་དབུ་མའི་ཤིང་རྟའི་སྲོལ་འབྱེད་ལྕགས་སྤྲེལ་འཕགས་པ་ཀླུ་སྒྲུབ་འཁྲུངས།༢༣༥༩།བསྟན་པའི་གཏད་རབས་བདུན་ནི།༡ འོད་སྲུང་།༢ ཀུན་དགའ་བོ།༣ ཤ་ནའི་གོས་ཅན།༤ ཉེར་སྦས།༥ དྷི་དྷི་ཀ ༦ ནག་པོ། ༧ ལེགས་མཐོང་དང་བདུན་ནོ། །འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ལས། མཆོག་གཉིས་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་གཉིས་སོ། །རྒྱན་དྲུག་ནི། ཆོས་འདུལ་གཞུང་འབྱེད་པ་པོ་ཡོན་ཏན་འོད། དེའི་འགྲེལ་བ་མཛད་པ་པོ་ཤཱཀྱ་འོད། ཚད་མའི་གཞུང་འབྱེད་ཕྱོགས་ཀྱི་གླང་པོ། དེའི་འགྲེལ་བ་མཛད་པ་ཆོས་ཀྱི་གྲགས་པ། སྔར་བཤད་པའི་འཕགས་པ་ཀླུ་སྒྲུབ་ཟབ་མོ་དབུ་མའི་གཞུང་འབྱེད་པ་པོ་དང་དེའི་འབྲེལ་བ་མཛད་པ་པོ་ཨཱརྱ་དེ་ཝ། སློབ་དཔོན་ཐོགས་མེད་རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་པ་དང་དེའི་འགྲེལ་བ་མཛད་པ་པོ་དབྱིག་གཉེན་ཏེ་འགྲེལ་བྱེད་ཕྱི་མ་གཉིས་རྒྱན་དྲུག་གི་ནང་དུ་བརྩིའོ། །ཆུ་གཏེར་གྱིས་སྦྱངས་ཤིང་བྱི་དང་། །དེ་ནས་བརྒྱ་བརྒྱ་སྦྱངས་པ་ཡི། །ཤིང་འབྲུག་ཤིང་སྤྲེལ་རིམ་པ་ལྟར། །ཆོས་རྒྱལ་དྲུག་པ། སྣ་ཚོགས་༢༣༥༥གཟུགས་དང་ལྷའི་དབང་༢༢༥༥ལྡན། །ཆོས་རྒྱལ་བདུན་པ། ཤམ་བྷ་ལའི་རིགས་ལྡན་ཉེར་ལྔའི་དང་པོ་གྲགས་པ་རྣམས་ཀྱིས་ཆོས་༢༠༥༥བསྟན་ཅིང་། །སླར་ཡང་བརྒྱ་སྦྱངས་ཤིང་བྱི་ལ། །གྲགས་པས་རྒྱུད་བསྡུས་རིགས་ལྡན་གཉིས་པསྲས་པད་དཀར། །ཁྲིར་འཁོད་འགྲེལ་ཆེན་བརྩམས་ནས་ལོ།༢༠༥༥།མཁའ་འབྱུང་ཕྲི་བའི་ཤིང་སྟག་ལ། །པོད་ཀྱི་རྒྱལ་པོ་ཐོག་མ་ཡིན། གཉའ་ཁྲི་བཙན་པོ་བོད་རྗེར་བྱོན།༢༠༠༥།ཐིག་དབང་སྦྱངས་ལྷག་ཤིང་འབྲུག་ལ། །རིགས་ལྡན་གསུམ་པ་བཟང་པོ་ཁྲིར་ཕེབས་ཕྱིན་གྱི་ལོ།༡༣༥༥།རོ་བུག་སྦྱངས་པའི་ལྕགས་འབྲུག་ལ། །རྒྱ་ཆེན་སྤྱོད་པའི་ཤིང་རྟའི་སྲོལ་འབྱེད་འཕག་པ་ཐོགས་མེད་འཁྲུངས་ནས་ལོ།༡༨༥༩།དེ་ནས་མཚོ་དང་བརྒྱ་ལན་གསུམ། །རིམ་སྦྱངས་ཤིང་གི་སྤྲེལ་བྱི་འབྲུག །སྤྲེལ་ལོ་རྣམས་ལ་རིམ་པ་ལྟར། །རིགས་ལྡན་བཞི་པ་རྣམ་རྒྱལ་ལྔ་བ་བཤེས་༡༧༥༥བཟང་དྲུག་༡༦༥༥པ་རིན་ཆེན་ཕྱག །རིགས་ལྡན་བདུན་པ་ཁྱབ་འཇུག་སྦས་རྣམས་ཁྲིར་ཕེབས་ལོ།༡༥༥༥།མཁའ་དབང་སྦྱངས་ལྷག་ཤིང་ཁྱི་ལ། །གཉའ་ཁྲི་ནས་རྒྱལ་རབས་ཉེར་བདུན་འདས་པ་ན་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས།༡༥༠༥།བོད་ཁ་བ་ཅན་གྱི་རྒྱལ་ཁབ་ཏུ་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཕོ་བྲལ་ཡུམ་བུ་བླ་མཁར་གྱི་སྟེང་དུ། མདོ་སྡེ་ཟ་མ་ཏོག དཔང་སྐོང་ཕྱག་བརྒྱ་དང་། སཱཙྪའི་བསྐོར་ཕོར་བཀའ་རྟགས་ཀྱི་ཕྱག་རྒྱ་སླ་ང་ཙམ་སོགས་བབས་ཏེ་དམ་པ་ཆོས་ཀྱི་དབུ་བརྙེས། ཐིག་དབང་སྦྱངས་པའི་ཤིང་བྱི་ལ། །རིགས་ལྡན་བརྒྱད་པ་ཉི་མ་གྲགས་པ་ཁྲིར་ཕེབས་ལོ།༡༤༥༥།བུག་སྦྱངས་ཆུ་བྱར་ཡུམ་བུ་ཡི། །མཁར་སྟེང་ཚིནྡ་མ་ཎི་སོགས། །བབས་ཏེ་ཆོས་ཀྱི་དབུ་བརྙེས་ལོ།༡༤༤༦།མཁའ་རོ་ཕྲི་ལྷག་ཆུ་བྱ་ལ། །ཐོ་རི་གཉན་བཙན་གཤེགས་ནས་ལོ།༡༣༨༦།གཟུགས་མེས་སྦྱངས་པའི་ཤིང་འབྲུག་ལ། །རིགས་ལྡན་དགུ་པ་ཤིན་ཏུ་བཟང་པོ་ཁྲིར་ཕེབས་ལོ།༡༣༥༥།ཐིག་ཀླུ་དམན་ལྷག་ཤིང་བྱི་ལ། །སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་འཁྲུངས་ནས་ལོ།༡༢༧༥།མི་བདག་སྦྱངས་པའི་ལྕགས་འབྲུག་གིས། །འབྲས་དུས་ལྔ་བརྒྱ་ཕྲག་གསུམ་རྫོགས།༡༢༥༩།སྤྱིར་སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་ཁྲག་བཅུ་ལས། དང་པོ་འདྲེས་དུས་གསུམ་ལ་དགྲ་བཅོམ་ཕྱིར་མི་འོང་ཕྱིར་འོང་རྒྱུན་ཞུགས་ཏེ། འབྲས་བུ་བཞི་ཐོབ་པ་མང་། གཉིས་པ་སྒྲུབ་པའི་དུས་གསུམ་ལ་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་སྟེ་བསླབ་གསུམ་སྒྲུབ་པ་ཤས་ཆེ། གསུམ་པ་ལུང་གི་དུས་གསུམ་ལ་འདུལ་བ་མདོ་སྡེ་མངོན་པ་སྟེ། སྡེ་སྣོད་གསུམ་ལ་འཆད་ཉན་བྱེད་པ་མང་། བཞི་པ་ལྔ་བརྒྱ་ཕྲག་བཅུ་པ་ལ། བཤད་སྒྲུབ་གཉིས་ཀ་མེད་པའི་རྟགས་ཙམ་འཛིན་པའོ། །རིག་བྱེད་སྦྱངས་པའི་ཤིང་སྤྲེལ་ལ། །རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་ཅིང་། །མ་གར་ཀླ་ཀློ་ཞུགས་པ་དང་། །ཕྱི་རོལ་བྱེད་པའི་རྩིས་མགོ་གཟུགས།༡༢༥༥།དེ་ལ་ལྔས་སྦྱངས་ས་གླང་ལ། །ཆོས་རྒྱལ་སྲོང་བཙན་སྒམ་པོ་བལྟམས།༡༢༥༠།ཐོ་རི་གཉན་བཙན་ནས་རྒྱལ་རབས་ལྔ་པ་སྤྱན་རས་གཟིགས་དངོས་བོད་ཀྱི་རྒྱལ་པོར་བྱོན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཐུ་མི་སམྦྷོཊས་བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད། རྒྱ་གར་གྱི་པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་སྒྲ་དང་ཡི་གེའི་རིག་པ་བསླབ། མདོ་སྡེ་ཟ་མ་ཏོག་སོགས་བོད་སྐད་དུ་བསྒྱུར། ཕྱག་རྡོར་གྱི་སྤྲུལ་པ་བློན་པོ་མགར་དམ་པའི་བློ་ཐབས་སྣ་ཚོགས་ཀྱིས་རྒྱལ་པོའི་བཙུན་མོ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་རྒྱ་བཟའ་ཀོང་ཅོ་དང་། ལྷ་མོ་ཁྲོ་གཉེན་ཅན་གྱི་སྤྲུལ་པ་བལ་བཟའ་ཁྲི་བཙན་གཉིས་སྤྱན་དྲངས་བརྫངས་སུ་ཇོ་ཤཱཀ་རྣམ་གཉིས་བོད་དུ་ཕེབས། རྒྱལ་པོས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། ལས་དང་སྐལ་བ་ལྡན་པ་རྣམས་ལ་ཐུགས་རྗེ་ཆེན་པོའི་གདམས་སྐོར་དང་ཞལ་གདམས་མང་དུ་གསུངས་ཏེ་དམ་པ་ཆོས་ཀྱི་སྲོལ་བཏོད། ལག་མིག་ཕྲི་ལྷག་ལྕགས་ཕག་ལ། །ར་ས་འཕྲུལ་སྣང་བཏབ་ནས་ལོ།༡༢༢༨།གཟུགས་ཚེས་སྦྱངས་པའི་ཆུ་རྟ་ལ། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་འཁྲུངས།༡༠༧༧།དེ་ནས་རྒྱལ་རབས་ལྔ་པ་འཇམ་དཔལ་གྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་དང་། མཁན་པོ་བོདྷི་སཏྭ་སོགས་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས། སྐུ་རྟེན་དུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། གསུང་རྟེན་དུ་དམ་པའི་ཆོས་བཀའ་བསྟན་བཅོས་ཐམས་ཅད་བོད་དུ་བསྒྱུར། ཐུགས་རྟེན་དུ་དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་པ་དར་རྒྱས་སུ་མཛད་པའོ། །ཆུ་གཏེར་གྱིས་སྦྱངས་མེ་ཁྱི་ལ། །རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའ་ཁྲིར་ཕེབས་རང་ལུགས་ཀྱི། །བྱེད་པའི་རྩིས་མགོ་གཙུག་ནས་ལོ།༡༠༧༣།དུས་གཟུགས་སྦྱངས་པའི་ཆུ་སྟག་ལ། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་། །གངས་ཅན་ལྗོངས་འདིར་ཕེབས་པ་དང་། །བསམ་ཡས་བཏབ་པ་ཕྱིན་གྱི་ལོ།༡༠༥༧།དེ་ལ་ཆུ་སྦྱངས་མེ་རྟ་ལ། །རབ་གནས་མངའ་གསོལ་མཛད་ནས་ལོ།༡༠༥༣།གཟུགས་སྦྱངས་མེ་ལུག་སད་མི་བདུན། །བོད་ཀྱི་མི་རབ་བྱུང་། ཨེ་ཐུབ་སད་པའི་ཕྱིར། བཻ་རོ་སོགས་བདུན་རབ་ཏུ་བྱང་། །རབ་ཏུ་བྱུང་བ་ཕྱིན་གྱི་ལོ།༡༠༥༢།རི་གཟུགས་ཕྲི་བའི་ཤིང་བྱི་ལ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་མི་ཡུལ་དུ་ལོ་བརྒྱ་བཞུགས་འཁྲུངས།༡༠༣༥།སློབ་དཔོན་ཆེན་པོས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་ལས་ཅན་སྙིང་གི་བུ་དགུ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དབང་བསྐུར་བའི་ཚེ། གསེར་སྲང་རེའི་མེ་ཏོག་དཀྱིལ་འཁོར་དུ་དོར་བའི། སངས་རྒྱས་ཡེ་ཤེས་ཀྱི་མེ་ཏོག་ལྷོ་འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ་བབས། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་མེ་ཏོག་ནུབ་རྟི་མགྲིན་ལ། མཁར་ཆེན་བཟའ་མཚོ་རྒྱལ་གྱི་མེ་ཏོག་བྱང་ཕུར་བ། གནུབས་ནམ་མཁའི་སྙིང་པོའི་མེ་ཏོག་ཤར་ཡངས་དག་ལ། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་མེ་ཏོག་ཤར་ལྷོ་མ་མོ་རྦོད་གཏོང་ལ། གཉགས་ཆེན་ཛྙཱ་ན་ཀུ་མ་ར་མེ་ཏོག་ལྷོ་ནུབ་བདུད་རྩི་ཡོན་ཏན་ལ་བབས། རླངས་ཆེན་དཔལ་གྱི་སེང་གེའི་མེ་ཏོག་ནུབ་བྱང་འཇིག་རྟེན་མཆོད་བསྟོད་ལ། པ་གོར་བཻ་རོ་ཙ་ནའི་མེ་ཏོག་བྱང་ཤར་རྨོད་པ་དྲག་སྔགས། མངའ་བདག་ཆོས་རྒྱལ་ཆེན་པོའི་མེ་ཏོག་དབུས་ཆེ་མཆོག་ལ་བབས་ཏེ་སོ་སོའི་སྒོ་ནས་གྲུབ་པ་ཐོབ་པའོ། །སྤྱིར་གསང་སྔགས་རྙིང་མའི་བསྟན་པ་དང་པོ་གནུབས་ལ་བབས། བར་དུ་སོ་ལ་བབས། ཐ་མ་ཟུར་ལ་བབས། སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པ་ལས། དང་པོ་གནུབས་ཆེན་རྒྱལ་པོ་ཡེ་ཤེས་ནི། ཨོ་རྒྱན་པདྨ་འབྱུང་གནས། པཎ་ཆེན་བི་མ་མི་ཏྲ། བལ་པོ་བ་སུ་དྷ་ར་སོགས་རྒྱ་བལ་གྱི་མཁས་པ་མང་པོ་དང་། གནུབས་ཆེན་ཛྙཱ་ན་ཀུ་མ་སོགས་བོད་ཀྱི་མཁས་པ་མང་པོའི་གདམས་ངག་མངའ། འཇམ་དཔལ་གཤིན་རྗེའི་སྒོ་ནས་གྲུབ་པ་ཐོབ་སྟེ། གཉགས་ཀྱི་གྲོང་ཁྱེར་བདུན་གྱི་སོགས་ཚར་བཅད་རགྱ་གར་རྡོ་རྗེ་གདན་དུ་ནམ་མ ཁའ་ནས་རྡོ་རྗར་རྩེ་དགུ་པ་ཞིག་ཕྱག་ཏུ་བབ་སྟེ་ཕྱག་ན་རྡོ་རྗེ་དངོས་སུ་གྱུར་པ་སོགས་འགྲན་ཟླ་བྲལ་བའི་མཁས་གྲུབ་ཆེན་པོ་ཡིན། དེའི་སྲས་ཀྱི་ཐུ་བོ་ས་གསུམ་བརྙེས་པ། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་སོགས་ལས་རྒྱུད་དེ་སོའི་སྔགས་འཆང་རྣམས་ལ་བབས་ཤིང་དེ་དག་ལས་བརྒྱུད་དེ་ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེ་སྟེ་ཟུར་མེས་དབོན་རྣམ་གསུམ་ནས་བཟུང་ཟུར་བྱམས་པ་སེང་གེའི་བ ར་དུ་རྙིང་མ་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་དབག་པོ་ཡིན་ནོ། །ལག་མིག་སྦྱངས་པའི་མེ་ཁྱི་ལ། །མངའ་བདག་ཁྲི་རལ་འཁྲུངས་ནས་ལོ༡༠༡༣། །མངའ་བདག་ཁྲི་སྲོང་གི་སྲས་མུ་ཏིག་བཙན་པོ་ལ་སྲས་གཙང་མ་ད ར་མ་ལྷ་རྗེ་ལྷུན་གྲུབ་རལ་བ་ཅན་དང་ལྔ་ཡོད་པའི་ཆུང་བ་ཕྱག་རྡོར་གྱི་སྤྲུལ་པའོ། །ཕྱགས་སྦྱངས་མེ་སྤྲེལ་ཨོ་རྒྱན་རྗེ། །རྔ་ཡབ་གླིང་དུ་གཤེགས་ནས་ལོ༡༠༠༣། །རྒྱལ་པོ་སྦྱང་པའི་ཁྱི་བྱི་ལ། །བསྟན་པའི་ཉི་མ་བླ་ཆེན་འཁྲུངས༩༨༧།།བུག་སྦྱངས་ལྕགས་བྱར་གླང་དར་མས། །བསྟན་པ་སྣུབས་པ་ཕྱིན་གྱི་ལོ༩༧༨།།ཟུང་དབང་གིས་ཕྲི་ཁྱི་གླང་ལོ། །བསྟན་པ་ཕྱི་དར་ཐོག་མར་ངེས༩༢༦། །ཇོ་བོ་དྭཱི་པཾ་ཀ་ར་འདི་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་གྱི་སྲས་ཡིན། ཟབ་མོ་ལྟ་བརྒྱུད་རྒྱ་ཆེན་སྤྱོད་རྒྱུད་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་གྱི་གདམས་ངག་ཐམས་ཅད་རྫོགས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་བཞིན་དབོན་ཞི་བ་འོད་ཀྱིས་ལོ་ཙཱ་བ་མ ང་པོ་སྔ་ཕྱིར་བཏང་ནས་དཀའ་བ་ཆེན་པོས་བོད་དུ་སྤྱན་དྲངས་ནས། བྱང་ཆུབ་སེམས་ཀྱི་བསྟན་པ་སྤེལ་ཞིང་ཁྱད་པར་དུ་རྗེ་བཙུན་སྒྲོལ་མའི་ལུང་བསྟན་བཞི ན་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སྲས་ཀྱི་ཐུ་བུར་གྱུར་ཏེ་དེ་ལ་ཆོས་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་གཏད། འབྲོམ་སྟོན་གྱིས་རྭ་སྒྲེང་དཔལ་གྱི་དགོན་པ་བཏབ། དེ་ལ་སྲས་སྐུ་མཆེད་གསུམ་སོགས་ཇོ་བོ་ཡབ་སྲས་ཀྱི་སློབ་བརྒྱུད་རྣམས་ལ་བ ཀའ་གདམས་པ་ཞེས་གསར་མའི་གྲུབ་མཐའ་ཆེ་ཤོས་ཤིག་ཡིན། ད་ལྟ་དགེ་ལུགས་པ་རྣམས་རྗེ་བློ་བཟང་གྲགས་པ་མན་ལ་བཀའ་གདམས་གསར་མ་དང་། དེ་ཡན་ལ་བཀའ་གདམས་རྙིང་མ་ཞེས་ཟེར་རོ། །འབྱུང་བས་སྦྱངས་པའི་ས་རྟ་ལ། །ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས༩༢༡།།བསྟན་པ་ཕྱི་དར་གསར་མའི་ལོ་ཙཱ་བ་ཐམས་ཅད་ཀྱི་ཐོག་མ། དེ་ལ་ཚེས་སྦྱངས་ཁྱི་བྱ་དེ། །ཕྱི་དང་ཐོག་མར་བུ་སྟོན་བཞེད༩༠༦། །དེ་ལ་ལྔས་སྦྱངས་ས་སྟག་དེ། །ཕྱི་དར་ཐོག་མར་འབྲོམ་སྟོན་བཞེད། །རྒྱ་གར་གྱི་པཎ་ཆེན་ནཱ་རོ་པའི་ལྩམ་ནི་གུ་མའི་སློབ་མ་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་ཡིན། ཁྱུང་པོ་རྣལ་འབྱོར་འཁྲུངས་ལོ་ཡིན༩༡༡།།དེ་ལ་མཚོས་དམན་ཆུ་རྟ་ལ། །ཇོ་བོ་དཱི་པཾ་ཀ་ར་འཁྲུངས།༨༩༧།ལག་མིག་སྦྱངས་བའི་ཤིང་འབྲུག་ལ། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་འཁྲུངས།༨༧༥།དེ་ལ་ཀླུས་སྦྱངས་ཆུ་བྱི་ལ། །མངའ་བདག་མར་པ་ལོ་ཙཱ་དང་། །འདི་རྒྱ་གར་དུ་བྱོན་ནས་པཎ་ཆེན་ནཱ་རོ་པའི་ཐུགས་སྲས་སུ་གྱུར་ཏེ། གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་གསན། མངའ་བདག་མཻ་ཏྲི་པ་ལ་གྲུབ་ཐོབ་ས་ར་ཧ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་གདམས་ངག་གསན། བོད་དུ་བྱོན་ནས་བསྟན་པ་བསྐྱངས་པས་རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་ངེ་། གཙང་རོང་གི་མེས་སྟོན་ཚོན་པོ་རྗེ་བཙུན་མི་ལ་རས་པ་སྟེ་ཐུགས་སྲས་ཀ་བ་བཞི་ལས་རྗེ་བཙུན་མི་ལིའི་སློབ་མ་མཉམ་མེད་དྭག ས་པོ་རིན་པོ་ཆེ་དང་པོ་རྒྱ་ལྕགས་རི་བ་སོགས་ལས་བཀའ་གདམས་གསན། ཕྱི་ནས་རྗེ་བཙུན་མི་ལ་ལས་ཕྱག་ཆེན་དང་ཆོས་དྲུག་སོགས་གསན་ནས་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཟེར། འདི་རྣམས་ཀྱིས་བརྒྱུད་པ་ལ་བཀའ་བརྒྱུད་ཟེར་རོ། །དེ་ཡང་གསར་མའི་གྲུབ་མཐའ་ཆེ་ཤིས་ཤིག་ཡིན། གྲྭ་པ་མངོན་ཤེས་རྒྱུད་བཞིའི་གཏེར་སྟོན་འཁྲུངས་ནས་ལོ།༨༦༧།མིག་སྦྱངས་ཤིང་སྟག་ཟུར་ཚུང་བསྟམས།༨༦༥།དེ་ལ་འདོད་སྦྱངས་མེ་ཡོས་ནི། །རབ་བྱུང་དང་པོའི་ཐོག་མ་སྟེ། །རིགས་ལྡན་བཅུ་གཉིས་པ་ཉི་མ་ཁྲིར་ཕེབས་ཤིང་། །དུས་འཁོར་རྒྱུད་འགྲེལ་འཕགས་བོད་ཕེབས་པའི་ལོ།༨༥༢།སླར་ཡང་འདོད་སྦྱངས་ལྕགས་འབྲུག་ལ། །མི་ལ་བཞད་པ་རྡོ་རྗེ་འཁྲུངས།༨༣༩།དེ་ལ་ཉི་སྦྱངས་ཆུ་འབྲུག་ལ། །འཛེང་ཀློང་སྡེའི་བརྒྱུད་པ་ཞིག་ཡིན་སྒོམ་ངྷརྨ་བོ་ངྷི་འཁྲུངས།༨༢༧།ལྔ་ཕྲི་མེ་བྱར་འབྲོམ་སྟོན་པའི་གདན་ས་རྭ་སྒྲེང་བཏབ།༨༢༢།མིག་སྦྱངས་ས་ཕག་རྔོག་ལོ་འཁྲུངས།༨༢༠།དེ་ལ་མ་ནུ་ཕྲི་བ་ཡི། །ཆུ་མོ་གླང་ལ་གསང་ཕུ་རྔོག་ལོའི་གདན་ས་དང་། །དཔལ་ལྡན་ས་སྐྱ་བཏབ་ནས་ལོ།༨༠༦།དེ་ལ་གཟུགས་སྦྱངས་ཤིང་སྟག་ལ། །ཟུར་ཆུང་བའི་སྲས་གསང་བདག་ཤཱཀྱ་སེང་གེ་འཁྲུངས།༨༠༥།ལྔས་སྦྱངས་ས་མོ་ལུག་གི་ལོ། །དྭགས་པོ་ཟླ་འོད་གཞོན་ནུ་མི་ལའི་སློབ་མ། འཁྲུངས།༨༠༠།མི་ལའི་སློབ་མ་གདེངས་ཀས་སྦྱངས་པའི་མེ་ཡོས་དེ། །རབ་བྱུང་གཉིས་པའི་ཐོག་མ་ཡིན།༧༩༢།སློབ་དཔོན་ཆེན་པོའི་སློབ་མ་འཁོན་ཀླུ་དབང་བསྲུང་བ། དེའི་ཚ་རྒྱུད་ལ་འཁོན་རོགས་ཤེས་རབ་ཚུལ་ཁྲིམས་ཡན་རྙིང་མ་པ་ཡིན། དེའི་སྲས་འཁོན་དཀོན་མཆོག་རྒྱལ་པོའི་འབྲོག་མི་ལོ་ཙཱའི་སློབ་མ་ཞང་དཀོན་པ་ལས་ལམ་འབྲས་གསན། དེ་ཕྱིན་ཆད་གསར་མ་བར་གྱུར་དཀོན་མཆོག་རྒྱལ་པོའི་སྲས་ས་ཆེན་ཀུན་དགའ་སྙིང་པོ། དེའི་སྲས་བསོད་ནམས་རྩེ་མོ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་ཆེན་ཡོངས་རྫོགས་དགེ་བསྙེན་དང་། སྲས་གཉིས་ཚངས་སྤྱོད་དགེ་བསྙེན་མཛད་པས་འདི་གསུམ་ལས་ས་སྐྱའི་དཀར་པོ་རྣམས་གསུམ་ཟེར། རྗེ་བཙུན་གྲགས་པའི་ཚ་བོ་འཇམ་དབྱངས་ས་སྐྱ་པཎ་ཆེན། དེའི་སྐུ་མཆེད་ཟངས་ཚ་བསོད་ནམས་རྒྱལ་མཚན། དེའི་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་འདི་རྣམ་གཉིས་དགེ་སློང་ཡིན་པས་དམར་པོ་རྣམ་གཉིས་ཟེར། འདི་ལྔ་ལ་ས་སྐྱའི་རྗེ་བཙུན་གོང་མ་ལྔ་ཟེར། འདི་དག་ལས་བརྒྱུད་པ་རྣམས་ལ་དཔལ་ལྡན་ས་སྐྱ་པ་ཞེས་ཟེར་རོ། །བོད་ཀྱི་གསར་མའི་གྲུབ་མཐའ་ཆེ་ཤོས་ཤིག་ཡིན། མཚོས་སྦྱངས་ལྕགས་ལུག་བྱ་འདུལ་བལྟམས། ༧༨༨།ལོ་དེར་དམ་པ་དིང་རིར་ཕེབས། །འདི་ཡི་བརྒྱུད་པ་ལ་ཞི་བྱེད་པ་ཞེས་སྔོན་གསར་མའི་གྲུབ་མཐའ་ཞིག་ཏུ་བརྩི་ཡ ང་ད་ལྟ་འདིའི་བརྒྱུད་འཛིན་པའི་གྲུབ་མཐའ་འཛིན་པ་ལོགས་སུ་མེད། གཟུགས་སྦྱངས་ཆུ་སྤྲེལ་ས་ཆེན་འཁྲུངས། ༧༨༧།ས་སྐྱ་གོང་མ་ལྔའི་དང་པོ། དེ་ནས་མིག་སྦྱངས་ཤིང་ཁྱི་ལ། །ལྕེ་སྟོན་རྒྱ་ནག་གསང་བདག་སྒྲོ་ཕུག་པའི་སློབ་མ། འཁྲུངས་ནས་ལོ།༧༨༥།ཡོན་ཏན་གྱིས་སྦྱངས་མེ་གླང་ལ། །ཞང་སྟོན་བཀྲ་ཤིས་རྡོ་རྗེ་འཁྲུངས།༧༨༢།རྫོགས་ཆེན་མན་ངག་སྡེའི་སྙིང་ཐིག་གི་བརྒྱུད་པ་པཎ་ཆེན་བི་མ་མི་ཏྲ། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །དེའི་སློབ་མ་ཞང་སྟོན། དེ་ལ་ཁྱིམ་སྦྱངས་ས་གླང་ལ། ཆ་བ་ཆོས་ཀྱི་སེང་གེ་འཁྲུངས་ཤིང་རྔོག་ལོ་གཤེགས།༧༧༠།བསེ་རུས་སྦྱངས་པའི་ལྕགས་སྟག་ལ། །ཕག་གྲུ་དུས་མཁྱེན་རྣམ་གཉིས་འཁྲུངས།༧༦༩།དྭགས་པོའི་སློབ་མ་ཁམས་པ་མི་གསུམ་གྱི་ནང་ཚན། འདོད་སྦྱངས་ཆུ་ཡོས་ཞང་གཡུ་བྲག །དྭགས་པོའི་སློབ་མ། ༧༥༦ བལྟམས་ཤིང་གཟུགས་དམན་ཤིང་འབྲུག་ལ། །རྙིང་མའི་གཏེར་སྟོན་མཆོག་གཉིས་ཀྱི་དང་པོ་ཉང་རལ་ཉི་མ་འོད་ཟེར་འཁྲུངས།༧༥༥།ལག་ཕྲི་མེ་རྟར་དབུས་ཞིག་དང་། ལྷ་རྗེ་ཡོན་ཏན་སྲས་གཉིས་འཁྲུངས།༧༥༣།རྙིང་མ་པ་གཉིས་ཟླ་བས་དམན་པའི་མེ་ལུག་ལ། །པཎ་ཆེན་ཤཱཀྱ་ཤྲཱི་དང་། །རྒྱ་གར་ཁ་ཆེའི་པཎ་ཆེན་ཡིན་ཏེ། ད་ལྟ་བོད་ན་འདུལ་བའི་སྡོམ་རྒྱུན་གཉིས་ཡོད་པའི་གཅིག་འདི་ཡིན། དེ་ནི་བསྟམས་ཤིང་ཤམྦྷ་ལའི། །སེང་ཁྲིར་བཅུ་གསུམ་པ་སྣ་ཚོགས་གཟུགས་ཕེབས་ལོ།༧༥༢།གཟུགས་ཕྲི་ས་སྤྲེལ་གླིང་རས་པ། །འཁྲུངས་ཤིང་༧༥༡རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །ཆེ་བཞི་ཆུང་བཞི་བརྒྱུད་པར་བཅས་པ་ཡི། །བཀའ་བརྒྱུད་བླ་མ་རྣམ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་མར་མི་དྭགས་གསུམ་གྱི་བརྒྱུད་པ་ལ། ཀརྨ་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད། ཚལ་བ་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད་སོགས་མང་ཞིག་ཡོད་པ་ལས། ཀརྨ་བཀའ་བརྒྱུད་ནི་དྭགས་པོའི་སློབ་མ་ཁམས་པ་མི་གསུམ་ལས། རྗེ་དེ་གསུམ་མཁྱེན་པ། དེའི་སྤྲུལ་སྐུ་ཀརྨ་པཀྴི། དེའི་སྤྲུལ་སྐུ་རང་བྱུང་རྡོ་རྗེའི་སྐྱེ་བ་སྔ་ཕྱི་གཉིས་ཀྱི་བར་དུ་མངལ་གྱི་དྲི་མས་མ་གོས་པ། རྒྱལ་བ་ཤཀྱ་ཐུབ་དང་མཉམ་པར་གྲགས། དེའི་སྤྲུལ་སྐུ་ཀརྨ་པ་རོལ་པའི་རྡོ་རྗེ། ལྔ་པ་དེ་བཞིན་གཤེགས་པ། དྲུག་པ་མཐོང་བ་དོན་ལྡ། བདུན་པ་ཆོས་གྲགས་རྒྱ་མཚོ། བརྒྱད་པ་མི་སྐྱོད་རྡོ་རྗེ། འདི་ཡན་ལ་ཀརྨ་རབ་བརྒྱད་དུ་གྲགས་ཤིང་། དེའི་སྐུ་འཕྲེང་རིམ་པར་བྱོན་པ་རྣམས་ད་ལྟའི་བར་དུ་མཚུར་ཕུ་ན་བཞུགས་པ་རྣམས་ཡིན། ཕག་གྲུའི་སློབ་མ་འགྲོན་མགོན་གླིང་རྗེ་རས་པ། དེའི་སློབ་མ་གཙང་བ་བརྒྱ་རས་པ། དེའི་སློབ་མ་ལོ་རས་དབང་ཕྱུག་རྡོ་རྗེ། འདི་དག་གི་སློབ་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་དུ་གྲགས་ཤིང་། སྔོན་མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཏུ་གྲགས་ཤིང་། འབྲུག་པའི་བསྟན་པ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པར་གྲགས་སོ། །ཡང་འཕགས་གྲུའི་སློབ་མ་འབྲི་གུང་སྐྱོད་པ་འཇིག་རྟེན་མགོན་པོ། དེའི་སློབ་བརྒྱུད་རྣམས་འབྲི་གུང་བཀའ་བརྒྱུད་དུ་གྲགས། ཞང་གཡུ་དྲགས་འགྲོ་བའི་མགོན་པོ་ཞེས་པ་མཉམ་མེད་དྭགས་པོའི་སློབ་མ་ཡིན། དེའི་བརྒྱུད་པ་ལ་ཚལ་པ་བཀའ་བརྒྱུད་དུ་གྲགས། ཕག་གྲུའི་སློབ་མ་གཟིམ་གཡོག་སྟག་ལུང་པའི་བརྒྱུད་པ་རྣམས་ལ་སྟག་ལུང་བཀའ་བརྒྱུད་དུ་གྲགས་སོ། །ཡིད་སྦྱངས་ཆུ་ཁྱི་ལ། ས་སྐྱ་གོང་མ་གཉིས་པ་སློབ་དཔོན་བསོད་ནམས་རྩེ་མོ་དང་། ཕག་གྲུས་སློབ་མ་སྟག་ལུང་བཀའ་བརྒྱུད་ཐོག་མ་སྟག་ལུང་ཐང་བ་འཁྲུངས་ནས་ལོ།༧༣༧།དེ་ལ་གཟུགས་དམན་ཆུ་ཕག་ལ། །འབྲི་གུང་འཇིག་རྟེན་གསུམ་མགོན་འཁྲུངས།༧༣༦།ཆུས་སྦྱངས་རབ་བྱུང་གསུམ་པ་ཡི། །མེ་ཡོས་རྗེ་བཙུན་གྲགས་རྒྱལ་འཁྲུངས།༧༣༢།ས་སྐྱའི་གོང་མ་གསུམ་པ། དེ་ལ་མིག་སྦྱངས་ས་སྦྲུལ་ལ། །རྙིང་མ་བ་ཞིག་པོ་བདུད་རྩི་འཁྲུངས་ལོ་ཡིན།༧༣༠།དེ་ཡི་སྟེང་ནས་བུ་གས་སྦྱངས། །ས་སྟག་རྫོགས་ཆེན་བརྒྱུད་པ་ཞང་སྟོན་གྱི་སྲས་མཁས་པ་ཉི་འབུམ་འཁྲུངས།༧༢༡།རྩེ་མོས་སྦྱངས་པའི་ལྕགས་སྦྲུལ་ལ། །འགྲོ་མགོན་གཙང་པ་རྒྱ་རས་གླིང་རས་སློབ་མ་ཡིན་འཁྲུངས།༧༡༨།འབྱུང་བས་སྦྱངས་པའི་མེ་ཁྱི་ལ། །རོག་གི་མཁས་པ་ཤེར་འོད་འཁྲུངས།༧༡༣།རྙིང་མ་བ་ཡིན། སླར་ཡང་ལྔས་སྦྱངས་ལྕགས་ཡོས་ལ། །ཞིག་པོ་ཉི་མ་སེང་གེ་འཁྲུངས༧༡༨།རྙིང་མ་བ་ཡིན། དྲག་པོས་ཕྲི་བའི་ཆུ་སྟག་ལ། །ས་སྐྱ་གོང་མ་བཞི་པ་ས་སྐྱ་པཎ་ཆེན་འཁྲུངས་ནས་ལོ།༦༩༧།དེ་ལ་ཐུབ་སྦྱངས་ས་བྱ་ལ། །རྒོད་ཚངས་མགོན་པོ་རྡོ་རྗེ་འཁྲུངས།༦༩༠།ཕག་གྲུའི་སློབ་མ་སླར་ཡང་བདུན་སྦྱངས་མེ་འབྲུག་ལ། །རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པ་མཁས་པ་ཉི་འབུམ་གྱི་སློབ་མ་གུ་རུ་ཇོ་འབེར་བལྟམས་༦༨༣ནས་ལོ། །ཕྱོགས་སྦྱང་མེ་སྟག་པཀྴི་འཁྲུངས།༦༧༣།ཀརྨ་པ་གཉིས་པ།  དེ་ལ་གཟུགས་ཕྲི་མེ་ཡོས་དེ། །རབ་བྱུང་བཞི་བའི་ཐོག་མ་ཡིན།༦༧༢།འབྱུང་བས་སྦྱངས་པའི་ཆུ་སྤྲེལ་ལ། །གཏེར་སྟོན་མཆོག་གཉིས་པ་གུ་རུ་ཆོས་ཀྱི་དབང་ཕྱུགས་བསྟམས།༦༦༧།རིག་བྱེད་ཕྲི་བའི་མེ་བྱི་ལ། །སྙེ་མདོ་ཐམས་ཅད་མཁྱེན་པ་འཁྲུངས།༦༦༣།གསར་མ་པ། བུ་གས་སྦྱངས་པའི་ཤིང་བྱ་ལ། །བྱང་རྡོར་གཉིས་ཀྱི་ཆོས་སྡེ་བཙུགས།༦༥༤།དེ་ལས་མིག་སྦྱངས་མེ་ཕག་ལ། །བཅུ་བཞི་པ་རིགས་ལྡན་ཟླ་འོད་སྟོན་པར་ཕེབས།༦༥༢།ནོར་ལྷ་སྦྱངས་པའི་ཤིང་ལུག་ལ། །འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས།༦༤༤།ས་སྐྱའི་གོང་མ་ལྔ་པའོ། །དེ་ལས་གཟུགས་ཕྲི་མེ་སྤྲེལ་ལ། །སྐལ་ལྡན་ཡར་ཀླུང་སྤྲུལ་སྐུ་འཁྲུངས།༦༤༣།རྩེ་མོས་སྦྱངས་པའི་ས་ཕག་ལ། །གྲུབ་ཐོབ་མན་ལུང་གུ་རུ་འཁྲུངས།༦༤༠།དེའི་སློབ་མ་རིག་བྱེད་སྦྱངས་པའི་ཆུ་ཡོས་ལ། །གྲུབ་ཆེན་མེ་ལོང་རྡོ་རྗེ་དང་། །རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པ་གུ་རུ་ཇོ་འབེར་གྱི་སློབ་མ་འཁྲུལ་ཞིག་སེང་གེ་རྒྱལ་པོ། ཀུན་སྤངས་ཐུགས་རྗེ་ཇོ་ནང་པའི་བླ་བརྒྱུད་གོང་མ་ཞིག་བརྩོན་འགྲུས་བལྟམས༦༣༦། །ཕྱོགས་སྦྱངས་ཆུ་གླང་ས་སྐྱ་པས། །བོད་ཁམས་ཡོངས་ལ་ཁ་ལོ་བསྒྱུར།༦༢༦།ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་སྐུ་རིང་ལ། རྒྱ་ནག་གི་རྒྱལ་ས་ཧོར་གྱིས་ཕྲོགས་ནས། ཧོར་རྒྱལ་པོའི་དམག་དཔོན་དོར་རྟ་ནག་པོས་གཙོ་བྱས་ཧོར་དམག་བོད་དུ་འོངས་ནས། མཐོང་ཚད་གསད་ན་བྲོས་ཚད་སྐྲག །ཅེས་པའི་ལུང་བུད་དེས་བོད་དུ་བཙན་པོའི་ཐམས་ཅད་བཤིགས། སྐྱེས་པའི་མི་ཐམས་ཅད་གསད་པའི་སྐབས་ཤིག་ན་ཧོར་རྒྱལ་པོ་ཆོས་ཀྱི་བསམ་པ་སྐྱེས་ཏེ། ས་སྐྱ་པཎ་ཆེན་གདན་དྲངས་ཡང་ཆོས་མ་ཞུས་པར་ལོ་མང་དུ་འགོར་བའི་ས་པཎ་ཧོར་ཡུལ་དུ་སྐུ་གཤེགས། རྒྱལ་པོ་དེའི་སྲས་སེ་ཆེན་རྒྱལལ་པོའི་ཆོས་རྒྱལ་འཕགས་པ་གདན་དྲངས། དབང་ལན་གསུམ་ཞུས་པའི་དབང་ཡོན་དུ་དང་པོ་བོད་ཁྲི་སྐོར་བཅུ་གཉིས་ཕུལ། བར་པ་ལ་བོད་ཆོལ་ཁ་གུམ་ཞེས་པ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ། མདོ་སྨད་གྱི་ལིང་རྟའི་ཆོལ་ཁ་སྟེ་གསུམ་ཕུལ། རྗེས་མ་ལ་རྒྱ་ཡི་མི་ཡུལ་ཆེན་པོ་ཕུལ་བས། ས་སྐྱའི་དཔོན་ཆེན་བསྐོས་ཏེ། བོད་ཁ་བ་ཅན་གྱི་རྒྱལ་ཁམས་ལ་དཔལ་ལྡན་ས་སྐྱ་པས་དབང་མཛད་པ་ཡིན་ནོ། །མྱོས་བྱེད་སྦྱངས་པའི་མེ་སྟག་ལ། །རིག་འཛིན་ཀུ་མ་རཱ་ཛ་འཁྲུངས།༦༡༣།མེ་ལོང་རྡོ་རྗེའི་སློབ་མ་དེ་ལ་བསེ་རུས་སྦྱངས་པ་ཡི། །མེ་ཡོས་རབ་བྱུང་ལྔ་པར་སླེབས།༦༡༢།བུག་སྦྱངས་མེ་ཁྱི་དཔང་ལོ་འཁྲུངས།༦༠༣།སྙན་དངགས་སོགས་རིགས་གནས་སྐོར་ལ་བཀའ་དྲིན་ཆེ་བའི་ལོ་ཙཱ་བ། རི་སྦྱངས་ཆུ་ལུག་ཟུར་བྱམས་སེང་།༥༩༦།རྙིང་མའི་ཟུར་པའི་བརྒྱུད་པ་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་དང་གཡུང་སྟོན་རྡོ་རྗེ་དཔལ་བཟང་གཉིས་ཀྱི་བླ་མ་ཡིན། འཁྲུངས་ཤིང་གཟུགས་ཕྲི་ཤིང་སྤྲེལ་ལ། །ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། །ཀརྨ་པ་གསུམ་པ། གཡུང་སྟོན་རྡོ་རྗེ་དཔལ་གོང་གི་བླ་མ་འདི་གཉིས་ཀྱི་སློབ་མ་བཀའ་རྙིང་ཐུན་མོང་གི་བླ་མ་ཡིན། གཉིས་བལྟམས།༥༩༥།དེ་ནས་དུས་སྦྱངས་ལྕགས་སྟག་ལ། །ཐམས་ཅད་མཁྱེན་པ་བུ་སྟོན་འཁྲུངས།༥༨༩།གསར་མ་སྤྱིའི་ཡོངས་གྲགས་ཀྱི་མཁས་པ་ཆེན་པོ། ལག་པས་དམན་པའི་ཆུ་འབྲུག་ལ། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་འཁྲུངས།༥༨༧།དབུ་མ་གཞན་སྟོང་གི་སྲོལ་འབྱེད་ཇོ་ནང་བའི་བསྟན་པའི་བདག་པོ་ཡིན། ཡུ་མོ་མི་བསྐྱོད་རྡོ་རྗེ་ཞེས་པའི་གསར་མའི་གྲུབ་ཐོབ་ཅིག་བྱོན་པའི་སློབ་རྒྱུད་ལ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བླ་མ་ཡོན་ཏན་དཔལ་གཉིས་ཀྱི་དྲུང་ནས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་གསར་རྙིང་གི་ཆོས་མང་པོ་གསན། ཁྱད་པར་དུ་དུས་འཁོར་གྱི་སྒོ་ནས་གྲུབ་པ་ཐོབ། རིགས་ལྡན་པདྨ་དཀར་པོ་དང་སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྣམས་ཀྱི་སྤྲུལ་པར་ཞལ་གྱིས་བཞེས། མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་། རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ཞེས་པ་དུས་འཁོར་གྱི་རྫོགས་རིམ་ཡིན་ལ། འདི་དག་གི་སྒོ་ནས་བསྟན་པ་བསྐྱངས་བའི་བརྒྱུད་འཛིན་རྣམས་ལ་ཇོ་ནང་བ་ཞེས་གསར་མའི་གྲུབ་མཐའ་གཅིག་ཡིན་ཀྱང་། བསྟན་པ་ཉམས་ཉེས་ཆེ་བས་ད་ལྟ་ཤར་ཛམ་ཐང་སོགས་ཁ་ཤས་ལས་མི་བཞུགས། སླར་ཡང་མིག་སྦྱངས་ཤིང་རྟ་ལ། །སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་འཁྲུངས།༥༨༥།རྙིང་མ་པ་ཡིན། གཟུགས་སྦྱངས་ཤིང་ལུག་ཐོགས་མེད་དང་།༥༨༤།བོད་ཀྱི་དངུལ་ཆུ་ཐོགས་མེད། རི་སྦྱངས་ཆུ་སྟག་བྱང་རྩེ་བལྟམས།༥༧༧།ལོ་ཆེན་བྱང་ཆུབ་རྩེ་མོ། དེ་ལ་རོས་སྦྱངས་ས་སྤྲེལ་ལ། །ཀུན་མཁྱེན་དྲི་མེད་འོད་ཟེར་འཁྲུངས།༥༧༦།རྫོགས་ཆེན་བརྒྱུད་པ་ཀུ་མ་རཱ་ཛའི་སློབ་མ་ཡིན། རིག་བྱེད་སྦྱངས་བའི་ཆུ་བྱི་ལ། །དཔལ་ལྡན་བླ་མ་དམ་པ་འཁྲུངས།༥༦༧།ཆོས་རྒྱལ་འཕགས་པའི་ཚ་བོ་བླ་མ་བདག་ཉིད་ཆེན་པོ་བཟང་བོ་དཔལ་གྱི་སྲས་ཡིན་ནོ། །ཆོས་སྦྱངས་རབ་བྱུང་དྲུག་པ་ཡི། །ཐོག་མའི་མེ་མོ་ཡོས་དེ་ལ། །རིགས་ལྡན་མཐའ་ཡས་སེང་ཁྲིར་རིགས་ལྡན་བཅོ་ལྔ་པ་ཕེབས།༥༥༢།བུག་གཟུགས་སྦྱངས་པའི་མེ་ཁྱི་ལ། །རྡོ་རྗེ་གླིང་པ་འཁྲུངས་ནས་ལོ།༥༣༣།གཏེར་སྟོན་གླིང་པ་བརྒྱད་ཀྱི་ནང་ཚན་བཻ་རོའི་སྐྱེ་མཐའ་ཡིན། དེ་ལས་མིག་སྦྱངས་ས་བྱི་ལ། །ཀུན་མཁྱེན་གཡག་པོ་འཁྲུངས་ནས་ལོ།༥༣༡།དཔལ་ལྡན་ས་སྐྱའི་བསྟན་འཛིན་གྱི་གཙོ་བོ་བཞི། མདོ་ཕྱོགས་ཀྱི་བསྟན་འཛིན་གྱི་གཙོ་བོ་གཡ༷ག་རོ༷ང་གཉིས། སྔགས་ཕྱོགས་ཀྱི་བསྟན་འཛིན་གྱི་གཙོ་བོ་ངོར་རྫོང་གཉིས་སུ་གྲགས་པ་ལས། ཀུན་མཁྱེན་གཡ༷ག་པོ་ཞེས་པ་ནི། མཁས་པ་ཆེན་པོ་ཡིན་ཞིང་། སློབ་རྒྱུད་ཀྱང་ཡོད་ཚོད་འདུག་སྟེ་ད་ལྟ་དགོན་པ་སོགས་ཡོད་པ་མ་ཐོས་སོ། །གཟུགས་སྦྱངས་ས་གླང་ཕག་གྲུ་ཡི། །ཏཱ་སིས་བོད་ཁམས་ཁ་ལོ་བསྒྱུར།༥༣༠།ས་སྐྱའི་བླ་མ་བསོད་ནམས་རྒྱལ་མཚན་གྱི་རྗེས་སུ་ས་སྐྱའི་སྐུ་ངོ་རྣམས་ནང་མི་འདུམ་པ་སོགས་ཀྱི་རྐྱེན་དང་། ཁྱད་པར་པདྨ་བཀའ་ཐང་ལས། ཡར་ཀླུང་མཐིལ་དུ་རྣམ་སྨིན་བསྐྱེད་རྒྱལ་འབྱུངཿཞེས་དང་། ས་ནང་གྲུབ་ནས་ཕག་གིས་ས་སློག་འཇིགཿཅེས་པ་ལྟར་ལུང་བསྟན་དུས་ལ་བབས་པས། ཡར་ཀླུང་རྩིས་ཐང་གི་དཔོན་པོ་སྡེ་སྲིད་ཕག་མོ་གྲུ་པའམ། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཞེས་པའི་ཐབས་སྣ་ཚོགས་ཀྱིས་བོད་དབུས་གཙང་ཀུན་ལ་དབང་བསྒྱུར་ཞིང་། རྒྱ་ནག་ཕོ་བྲང་ནས་ཀྱང་བདག་རྐྱེན་ཆེན་པོ་གནང་ནས་ཕྱིས་སུ་གཙང་པ་རྒྱལ་པོ་ཡན་ཆད་དུ་འདིའི་བརྒྱུད་པས་བོད་ཀྱི་རྒྱལ་པོ་བྱས། འདི་རྣམས་ལྷ་རིགས་རླངས་ཀྱི་གདུང་བརྒྱུད་ཡིན། དེ་ལས་གཟུགས་དམན་ལྕགས་སྟག་ལ། །སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེའི་སྲས་སྒྲོལ་ཆེན་སངས་རྒྱས་རིན་ཆེན་འཁྲུངས།༥༢༩།དེ་ལ་རི་སྦྱངས་མེ་བྱ་ལ། །འཇམ་མགོན་བློ་བཟང་གྲགས་པ་འཁྲུངས།༥༢༢།འདིའི་རྗེས་འཇུག་རྣམས་ལ་དགེ་ལུགས་པའི་མིང་གིས་དགའ་ལྡན་པའམ་ཞྭ་སེར་བ་ཞེས་ཟེར་ཏེ། གསར་མའི་གྲུབ་མཐའ་ཆེ་ཤོས་ཤིག་ཡིན། དེ་ལས་ཕྱོགས་སྦྱངས་མེ་ལུགས་ལ། །རོང་སྟོན་ཤཱཀྱ་རྒྱལ་མཚན་འཁྲུངས།༥༡༢།རོང་སྟོན་ཤེས་བྱ་ཀུན་གཟིགས་ཀྱིས་ན་ལེནྡྲའི་དགོན་པ་བཏབ། བར་སྐབས་སུ་ཚོགས་པ་སྟོང་ཕྲག་མང་པོ་འདུ་ཞིང་ས་སྐྱ་པའི་མཚན་ཉིད་ཀྱི་གྲས་ཆེ་ཤོས་ཡིན། བྲོ་བ་ཕྲི་བའི་ཆུ་གླང་ལ། །པཎ་ཆེན་འཇིགས་མེད་གྲགས་པ་འཁྲུངས།༥༠༦།བུ་ག་སྦྱངས་པའི་ཆུ་ཁྱི་ལ། །ངོར་ཆེན་ཀུན་དགའ་བཟང་པོ་དང་། །ངོར་ཆེན་ཀུན་དགའ་བཟང་པོས་ངོར་ཨེ་ཝྃ་ཆོས་ལྡན་གྱི་དགོན་པ་བཏབ་ཅིང་། འདིའི་དགོན་པའི་མཁན་ཁག་བཞི་པོ། ཐར་རྩེ། ཀླུ་སྡིངས། ཕན་ཁང་། ཁང་སར་བཞི་ཡིན། རྫོང་པ་ཀུན་དགའ་རྒྱལ་མཚན་འཁྲུངས།༤༩༧།རྫོང་པ་ཀུན་དགའ་རྣམ་རྒྱལ་ཞེས་སོགས་མཁས་གྲུབ་མང་དུ་བྱོན་ཀྱང་མཐུ་འགྲས་འགའ་ཞིག་གི་རྐྱེན་གྱིས་ད་ལྟ་དགོན་པ་སོགས་མེད།  མིག་གིས་ཕྲི་བའི་ཤིང་བྱི་ལ། །པཎ་ཆེན་ནགས་ཀྱི་རིན་ཆེན་འཁྲུངས།༤༩༥།དེ་ལས་གཟུགས་དམན་ཤིང་གླང་ལ། །གྲུབ་ཆེན་ཐང་སྟོང་རྒྱལ་པོ་འཁྲུངས།༤༩༤།རྙིང་མ་པ་བྱང་གཏེར་གྱི་བརྒྱུད་འཛིན་ཞིག་ཡིན། ལག་པ་སྦྱངས་པའི་མེ་ཡོས་ཏེ། །རབ་བྱུང་བདུན་པའི་དང་པོ་ཡིན།༤༩༢།རིག་བྱེད་ཕྲི་ལྷག་ལྕགས་ལུག་ལ། །པཎ་ཆེན་དགེ་འདུན་གྲུབ་པ་འཁྲུངས།༤༨༨།རྗེ་ཙོང་ཁ་བའི་སློབ་པའི་གཙོ་བོ་རྒྱལ་བ་སྐུ་ཕྲེང་ཐོག་མ་ཡིན། དེ་ལས་གཅིག་དམན་ཆུ་སྤྲེལ་ལ། །འགོས་ལོ་གཞོན་ནུ་དཔལ་བ་འཁྲུངས།༤༨༧།འདི་གསར་རྙིང་རིས་མེད་ཀྱི་མཁས་པ་ཆེན་པོ་ཡིན་ཞིང་གཙོ་བོ་བཀའ་བརྒྱུད་པར་གཏོགས། གདེངས་ཀས་སྦྱངས་པའི་ལྕགས་འབྲུག་ལ། །པཎ་ཆེན་བསོད་ནམས་རྒྱལ་མཚན་འཁྲུངས།༤༧༩།རྩེ་མོས་སྦྱངས་པའི་ཆུ་ལུག་ལ། །རཏྣ་གླིང་པ་འཁྲུངས་ནས་ལོ།༤༧༦།རྙིང་མའི་གཏེར་སྟོན་ཡིན། དེ་ལས་དུས་སྦྱངས་ས་གླིང་ལ། །ལྷ་ལྡན་སྨོན་ལམ་ཆེན་མོ་བཙུག །བློ་བཟང་གྲགས་པས། རི་བོ་དགའ་ལྡན་ཆོས་གྲྭ་བཏབ།༤༧༠།ཡོན་ཏན་གྱིས་སྦྱངས་ཆུ་འབྲུག་ལ། །བྱམས་ཆེན་རབ་འབྱམས་འཁྲུངས་ནས་ལོ།༤༦༧།རྗེ་ཙོང་ཁ་པའི་སློབ་མ། བཞི་སྦྱངས་མེ་སྤྲེལ་འབྲས་སྤུངས་དང་།༤༦༢།མེ་སྦྱངས་ས་ཕག་སེ་ར་བཏབ།༤༦༣།དགེ་ལུགས་པ་ཡིན། འབྱུང་བ་སྦྱངས་པའི་ཤིང་འབྲུག་ལ། །ལོ་ཆེན་བསོད་ནམས་རྒྱལ་མཚན་འཁྲུངས།༤༥༥།རྩེ་མོས་སྦྱངས་བའི་མེ་ལུག་ལ། །རིགས་ལྡན་ས་སྐྱོང་བཅུ་དྲུག་པ། སེང་ཁྲིར་ཕེབས།༤༥༢།ཟླ་བས་ཕྲི་བའི་ས་སྤྲེལ་ལ། །པཎ་ཆེན་ཤཱཀྱ་མཆོག་ལྡན་འཁྲུངས།༤༥༡།གསེར་མདོག་ཅན་ཞེས་པ་ས་སྐྱ་བས་རྟགས་ཙམ་ཡིན། གཟུགས་ཕྲིས་ས་བྱར་གོ་རམ་པ། །ས་སྐྱའི་མཁས་པ་ཆེན་པོ། བལྟམས་ཤིང་ངོར་གྱི་ཆོས་སྡེ་བཏབ།༤༥༠།རྩེ་མོས་སྦྱངས་པའི་ཆུ་བྱི་ལ། །ས་སྐྱ་པ་ཐུབ་བསྟན་ཀུན་དགའ་རྣམ་རྒྱལ་འཁྲུངས།༤༥༧།དེ་ལས་བུག་སྦྱངས་ལྕགས་བྱ་ལ། །ལོ་ཆེན་ཆོས་སྐྱོང་བཟང་པོ་འཁྲུངས།༤༣༨།ཞྭ་ལུ་ལོ་ཙཱ་བ། རོ་སྦྱངས་རབ་བྱུང་བརྒྱད་པའི་མགོར། །བཀྲ་ཤིས་ལྷུན་པོའི་སྡེ་བཏབ་ཅིང་། །པཎ་ཆེན་དགེ་འདུན་གྲུབ་ཀྱིས་བཏབ་པས། ད་ལྟ་ཡོངས་སུ་གྲགས་པའི་གཙང་བཀྲ་ཤིས་ལྷུན་པོ། ཕུག་པ་ལྷུན་གྲུབ་རྒྱ་མཚོས་པད་དཀར་ཞལ་ལུང་བརྩམས་པའི་ལོ།༤༣༢མིག་སྦྱངས་ས་སྤྲུལ་སྐྱེད་ཚལ་བཏབ།༤༣༣།ས་སྐྱ་བའི་མཁས་པ་ཆེན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང་གི་གདན་ས་འབྲས་ཡུལ་སྐྱེད་ཚལ་ཞེས་ད་ལྟ་ས་སྐྱ་བའི་མཚན་ཉིད་ཀྱི་གྲྭ་ས་ཆེ་ཤོས་ཡིན། གཟུགས་ཕྲི་ལྕགས་རྟར་པད་གླིང་འཁྲུངས།༤༣༠།རྙིང་མའི་གཏེར་སྟོན། རྩེ་མོས་སྦྱངས་པའི་ཆུ་བྱ་ལ། །སྤྱན་སྔ་ཆོས་ཀྱི་གྲགས་པ་འབྲི་གུང་དུ་འཁྲུངས།༤༢༩།རབ་བྱུང་བརྒྱད་པའི་ཐོག་མར་གྲྭ་ཕུག་པ་ལྷུན་གྲུབ་རྒྱ་མཚོ། གྲྭ་ཆུང་ཡོན་ཏན་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ་སྟེ། རྒྱ་མཚོ་རྣམ་གསུམ་དུ་གྲགས་པས་སྐར་རྩིས་ཀྱི་བསྟན་བཅོས་པདྨ་དཀར་པོའི་ཞལ་ལུང་བརྩམས་ཤིང་། ཁྱད་པར་མཁས་གྲུབ་ནོར་བཟང་རྒྱ་མཚོས་ལྷན་ཐབས་བུ་ཡིག་སྐོར་མཛད་ཅིང་། དེ་ཕྱིན་ཆད་ཕུག་ལུགས་ཀྱི་རྩིས་ཞེས་བཻ་དཀར་དང་ཉིན་སྣང་གཉིས་སོགས་ཕལ་ཆེར་གྱི་ཁུངས་སུ་བྱེད་པ་ཡིན། དྲག་པོ་སྦྱངས་པའི་ཤིང་སྤྲེལ་ལ། །རྡོ་རྗེ་གདན་གྱི་ཆོས་གྲྭ་བཏབ།༤༡༨།གོང་དཀར་རྡོ་རྗེ་གདན་ཞེས་ས་སྐྱའི་དགོན་པ་ཆེ་ཤོས་ཡིན། ཉི་མས་སྦྱངས་བའི་མེ་སྤྲེལ་ལ། །པཎ་ཆེན་དགེ་འདུན་རྒྱ་མཚོ་བལྟམས།༤༠༣།དགེ་འདུན་གྲུབ་ཀྱི་སྤྲུལ་སྐུ་རྒྱལ་བ་གཉིས་པ། སྐྱོན་སྦྱངས་ཤིང་སྟག་ཚར་ཆེན་དང་། །ས་སྐྱའི་བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་སློབ་མ་ལམ་འབྲས་སློབ་བྱེད་ཀྱི་བརྒྱུད་པ་འཛིན་པའི་གཙོ་བོ་ཀུན་སྤངས་རྡོ་རིང་པ་ཆེན་པོ་ཞེས་བསམ་གྱིས་མི་ཁྱབ་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱི་སློབ་མ་ཚར་ཆེན་བློ་གསལ་རྒྱ་མཚོ་ཞེས་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་བྱོན། དེའི་སློབ་བརྒྱུད་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་རིམ་པར་བྱོན་ལ། ས་སྐྱའི་ཚར་ལུགས་པ་ཞེས་ཟེར་རོ། །སྣ་ཚོགས་རང་གྲོལ་འཁྲུངས་ནས་ལོ།༣༨༨།རྙིང་མ་པ། འདོད་སྦྱངས་རབ་དགུ་ཤར་བ་ཡི། །མེ་ཡོས་ཀུན་དགའ་གྲོལ་མཆོག་དང་། །ཇོ་ནང་པ། མི་བསྐྱོད་རྡོ་རྗེ་འཁྲུངས་ནས་ལོ།༣༧༥།ཀརྨ་པ་བརྒྱད་པ། མཁའ་མིག་གིས་དམན་མེ་ཕག་ལ། །རིགས་ལྡན་བཅུ་བདུན་པ་དཔལ་སྐྱོང་ཁྲིར་ཕེབས་ཤིང་། །འབྲུག་པ་པདྨ་དཀར་པོ་འཁྲུངས།༣༥༢།ད་ལྟ་འབྲུག་ཐམས་ཅད་མཁྱེན་པ་ཞེས་གྲགས་པ་འདི་འབྲུག་པའི་སྐུ་ཕྲེང་དང་པོ་ཡིན། བུག་སྦྱངས་མེ་སྤྲེལ་བསྟན་འཛིན་གྲགས།༣༤༣།སྨིན་གླིང་སྐུ་མཆེད་ཀྱི་ཡབ་མེས་གོང་མ་ཞིག་ཡིན། གཟུགས་ཕྲི་མེ་བྱར་དར་གླིང་བཏབ།༣༤༢།འདིའི་དགོན་པ་དར་རྒྱས་ཆོས་གླིང་། དུས་སྦྱངས་ཆུ་ཡོས་ཐམས་ཅད་མཁྱེན། །བསོད་ནམས་རྒྱ་མཚོ་འཁྲུངས་ནས་ལོ།༣༣༦།རྒྱལ་བ་གསུམ་པ། དེ་ལས་ཆུ་མིག་སྦྱངས་པ་ཡི། །རབ་བཅུའི་མེ་ཡོས་ཤར་བ་ཡིན།༣༡༥།བུ་ག་སྦྱངས་པའི་མེ་བྱི་ལ། །སྨྱོས་སྟོན་བསྟན་འཛིན་བཟང་པོ་འཁྲུངས།༣༠༦།བསྟན་འཛིན་གྲགས་པའི་སྲས། འདོད་པ་སྦྱང་བའི་ས་གླང་ལ། །རྒྱལ་བ་ཡོན་ཏན་རྒྱ་མཚོ་འཁྲུངས།༢༩༣།རྒྱལ་བ་བཞི་པ། བུ་ག་སྦྱང་བའི་ས་ཁྱི་ལ། །གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་འཁྲུངས།༢༨༤།གཏེར་སྟོན་པདྨ་གླིང་པའི་གསུང་གི་སྤྲུལ་པ། མེ་གཟུགས་སྦྱངས་པའི་ལྕགས་ཕག་ལ། །གསང་བདག་ཕྲིན་ལས་ལྷུན་གྲུབ་འཁྲུངས།༣༧༡།གཏེར་ཆེན་གྱི་ཡབ་བསྟན་འཛིན་བཟང་པོའི་སྲས་སྨིན་གླིང་གཏེར་ཆེན་སྐུ་མཆེད་ཀྱི་སྤུན་ཡིན། དེ་ལས་དུས་སྦྱངས་མེ་སྦྲུལ་ལ། །རྒྱལ་མཆོག་ལྔ་པ་ཐམས་ཅད་མཁྱེན། །རྒྱལ་དབང་ལྔ་པ། ངག་དབང་བློ་བཟང་རྒྱ་མཚོ་འཁྲུངས།༢༦༥།ཕྱོགས་སྦྱངས་རབ་དྲག་མེ་ཡོས་ལ། །རིགས་ལྡན་བཅོབརྒྱད་པ་སེང་གེ་སྟོན་པར་ཕེབས།༢༥༥།རིག་བྱེད་གཟུགས་སྦྱངས་ལྕགས་སྦྲུལ་ལ། །རིག་འཛིན་པདྨ་ཕྲིན་ལས་དང་། །རིག་འཛིན་ངག་གི་དབང་པོའི་སྤྲུལ་སྐུ་རྡོ་རྗེ་གྲགས་ཞབས་དྲུང་རིན་པོ་ཆེ། ཐུགས་སྲས་བསྟན་འཛིན་འགྱུར་མེད་འཁྲུངས།༢༤༡།པད་གླིང་ཐུགས་སྤྲུལ། འདི་སྐབས་གཙང་པ་སྡེ་སྲིད་ཅེས་ཤིན་ཏུ་དབང་ཆེ་བ་ཞིག་བྱུང་སྟེ། ཀརྨ་པ་དང་། ཇོ་ནང་པའི་སྦྱིན་བདག་གི་གཙོ་བོ་གྱུར། དགེ་ལུགས་པའི་ཕྱོགས་ལ་ཤིན་ཏུ་ལྡང་ཞིང་ཁྱད་པར་ས་ཐག་ཉེ་བའི་བཀྲ་ཤིས་ལྷུན་པོ་ལ་གནོད་ཚབ་ཆེ། རྒྱལ་དབང་ལྔ་པའི་ཡབ་ཀྱང་བཙོན་དུ་བཟུང་ནས་བཙོན་ཞབས་སུ་ཤི །སེམས་འབྲས་དགེ་གསུམ་ཆོས་ལུགས་བསྒྱུར་བ་སོགས་གནོད་པ་སྣ་ཚོག ས་བྱེད་སྐབ ས་སྐྱི་ཤོད་སྡེ་པ་བསོད་ནམས་རབ་བརྟན་ཞེས་རྒྱལ་བ་གོང་མའི་ཕྱག་མཛོད་ཅིག་ཡོད་པ་དེས་སོགས་དམག་བསྐུལ་ནས་སོག་པོའི་དཔོན་ཁ ག་གོ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་དམག་གིས་གཙང་པ་རྒྱལ་པོ་བཅོམ། ཀརྨ་པས་ཀོང་དམག་ཕུད་ནས་གཙང་པ་རྒྱལ་པོ་གསུང་ཤོག་བསྐུར་ཡོད་པའི་ནང་ན། སེ་འབྲས་དགེ་གསུམ་བཤིག་རྒྱལ་བ་དང་པཎ་ཆེན་གཉིས་བཟང་བཙོན་གྱིས་ལ་ཁྲིད་ཤོག་ཟེར་བ་ཡོད་པའི་ཡིག་ཁྱེར་སོག་པོའི་བཟུང་། སོག་པོའི་རྒྱལ་པོ་ཁྲོས་ནས་མིག་གིས་མཐོང་བར་བཀའ་བརྒྱད་པ་འཇོག་རེ་ཞེས་མནའ་བསྐྱལ། སོག་དམག་གིས་སྟོབ་མངའ་རིས་ཡུལ་མན་ཆད་དབང་དུ་བསྡུས་ཏེ། རྒྱལ་དབང་ལྔ་བ་ཆེན་པོ་ལ་ཕུལ་ཏེ། དེ་ཕྱིན་ཆད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་རྒྱལ་པོ་བྱེད་པ་འདི་འབྱུང་ངོ། །དེའི་ཁམས་གླིང་ཐང་སྒྲོལ་མའི་ཕྱོགས་སུ་བེ་རུ་དོན་གྲུབ་ཅེས་བོན་པོའི་སྦྱིན་བདག་གི་རྒྱལ་པོ་ཞིག་བྱུང་། དེས་ས་དགེ་རྙིང་གསུམ་གྱི་བླ་མ་མང་པོ་བཙོན་དུ་བཟུང་ནས་བསྟན་པ་ཀུན་ལ་གནོད་ཚབ་ཆེ་བའང་སོག་པོའི་རྒྱལ་པོ་འདིས་དམག་གིས་བརླགས་པ་དང་། ད་ལྟ་སོག་པོ་རྟ་ཁྲབ་ཅན་ཟེར་བ་ཡིན་ནོ། །གོ་ཤྲཱིའི་དཔུང་གིས་བོད་ཁམས་ཀུན། །དབང་བསྡུས་གཟུགས་ཕྲི་ཆུ་རྟ་ལ། །གོང་ས་ལྔ་བ་ཆེན་པོར་ཕུལ།༢༤༠།དེ་ལ་མཚོས་སྦྱངས་མེ་ཁྱི་ལ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཁྲུངས།༢༣༦།སྨིན་གླིང་གཏེར་ཆེན། ལག་པས་ཕྲི་བའི་ས་བྱི་ལ། །རྒྱལ་སྲས་བསྟན་པའི་ཉི་མ་འཁྲུངས།༢༣༤།གཏེར་ཆེན་གྱི་སྐུ་མཆེད་ཡིན། མ་ནུས་སྦྱངས་པའི་ཆུ་སྟག་ལ། །པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དང་། །གཙང་པཎ་ཆེན། གསང་བདག་ཕྲིན་ལས་ལྷུན་གྲུབ་གཤེགས།༢༢༠།དེ་ལས་གཟུགས་ཕྲི་ཆུ་ཡོས་ལ། །པཎ་ཆེན་མཆོག་གི་སྤྲུལ་སྐུ་དང་། །བསྟན་འཛིན་གཞན་ཕན་དབང་པོ་འཁྲུངས།༢༡༩།རྙིང་མ་པ་ཡིན། རི་སྦྱངས་ལྕགས་ཁྱི་སྨིན་གྲོལ་གླིང་།༢༡༢།བཙུགས་ཤིང་དུས་སྦྱངས་མེ་འབྲུག་ལ། །བཞུགས་གནས་གཙུགས་ལག་ཁང་ཆེན་བཏབ།༢༠༦།མེ་སྦྱངས་ས་ལུག་ལྷ་སྲས་ཉིད། །སླར་ཡང་བོད་རྗེར་བྱོན་པའི་ལོ།༢༠༣།སྡེ་སྲིད་སངས་རྒྱས་རྒྱ་མཚོ་བོད་རྒྱལ་པོ་བསྐོས། གཟུགས་ཕྲི་ལྕགས་སྤྲེལ་རྗེ་བླ་མས། །སྨིན་གླིང་གཏེར་ཆེན། ཤ་རུག་ཟབ་གཏེར་བཞེས་པའི་ལོ།༢༠༢།ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར། གཟུགས་སྦྱངས་ལྕགས་བྱར་རྩིས་ཀྱི་གཞུངས། །ཉིན་བྱེད་སྣང་བ་བརྩམས་ནས་ལོ།༢༠༡།དེ་ནས་གཟུགས་ཕྲི་ཆུ་ཁྱི་ལ། །རྒྱལ་མཆོག་ལྔ་པ་གཤེགས་པའི་ལོ།༢༠༠།མཚོ་སྦྱངས་མེ་སྟག་རྒྱལ་བའི་སྲས། །པདྨ་འགྱུར་མེད་རྒྱ་མཚོ་འཁྲུངས།༡༩༦།སྨིན་གླིང་གཏེར་ཆེན་གྱི་སྲས་ཆེ་བ། གཟུགས་སྦྱངས་རབ་ཉི་མེ་ཡོས་ལ། །བཻ་ཌཱུར་དཀར་པོའི་རྩིས་མགོ་གཟུགས།༡༩༥།རྒྱ་མཚོས་སྦྱངས་པའི་ལྕགས་ལུག་ལ། །སྐུ་འབུམ་མཐོང་གྲོལ་ཆེན་པོ་བཞེངས། །སྨིན་གླིང་དུ་མཆོད་རྟེན་ཞིག་བཞེངས་པའོ། །འགྱུར་མེད་ཡིད་བཞིན་ལེགས་གྲུབ་འཁྲུངས།༡༩༡།སྨིན་གླིང་རྒྱལ་སྲས། རྩེ་མོས་སྦྱངས་པའི་ཤིང་ཁྱི་ལ། །ལྷ་ལྡན་ཚོགས་མཆོད་ཆེན་མོ་བཙུགས།༡༨༨།རྒྱལ་དབང་ལྔ་པའི་འདས་མཆོད། ཉི་མས་སྦྱངས་པའི་མེ་ཁྱི་ལ། །བསྟན་འཛིན་ཇིང་གིར་རྒྱལ་པོ་ཡིས། །བོད་ཁམས་ཡོངས་ལ་ཁ་ལོ་བསྒྱུར།༡༧༦།དེ་ལ་གདེངས་ཅན་སྦྱངས་པ་ཡིས། །ཤིང་རྟ་འདི་ཡི་སྟེང་སླེབས་ཏེ། །ཉིན་བྱེད་སྣང་བའི་འདས་ལོའི་གྲངས།༡༦༨།བསྟུང་ནས་དབྲི་བསྣན་གྱིས་བཅོས་པའི། །ལོ་ཡིན་རིམ་རྩིས་མ་ཁམས་ན། །རབ་བྱུང་སྐོར་རེའི་མཚམས་བཟུང་ནས། །མཆོངས་ཏེ་མཁའ་རོས་སྦྱངས་པ་ཡིས། །ཚེགས་མེད་བདེ་བླག་རྟོགས་པར་འགྱུར། །དཔལ་སྤྲུལ་པས་སོ། །དགེའོ། །}}
རབ་བྱུང་བཅུ་གཉིས་པའི་ནང་གི །ཤིང་རྟ་ལ་སོགས་འདས་པ་བསྲེ། །སྟོན་མཆོག་དམ་པ་ས་ལུག་གི །ཆུ་སྟོད་ཟླ་བའི་བཅོ་ལྔ་ལ། །ལྷུམས་སུ་ཞུགས་པ་ཕྱིན་གྱི་ལོ།༢༨༤༠།དགའ་ལྡན་གྱི་གནས་ནས་ལྷའི་བུ་དམ་པ་ཏོག་དཀར་པོ་ཉིད་གླང་པོ་ཐལ་དཀར་མཆེ་བ་དྲུག་ལྡན་དུ་སྤྲུལ་ནས། དེ་ལ་གཟུགས་སྦྱངས་ལྕགས་སྤྲེའུ་ཡི། །ས་གའི་ཚེས་བདུན་བལྟམས་ནས་ལོ།༢༨༣༩།ལུམ་བུ་ནིའི་ཚལ་དུ་ཡུམ་སྒྱུ་འཕྲུལ་ཆེན་མོའི་རྩིབས་མ་གཡས་པའི་གོ་བར་ནས། ཀླུ་ལག་༢༨གིས་སྦྱངས་ས་བྱི་ལ། །ཁབ་སྤངས་མཆོད་རྟེན་རྣམ་དག་གི །དྲུང་དུ་རབ་ཏུ་བྱུང་བའི་ལོ།༢༨༡༡།ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་དཀའ་བ་སྤྱད་པ། རོས་ཕྲི་ཤིང་རྟ་ས་གའི་ཉའི། །ཐོ་རངས་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ་ནས་རྫོགས་སངས་རྒྱས་པ་དང་། ལོ་དེའི་ཆུ་སྟོད་ཚེས་བཞི་ནས། །ཡུལ་ཝ་ར་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་དང་ལྷ་བརྒྱད་ཁྲི་ལ། ཆོས་འཁོར་ཐོག་མར་བསྐོར་བའི་ལོ།༢༨༠༥།དེ་ལས་༤༦
</onlyinclude>
དུས་མཚོ་དམན་པའི་ལྷག །ལྕགས་འབྲུག་ནག་ཉར་རྩ་བའི་རྒྱུད། །ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་དྲུང་དུ་ཟླ་བཟང་སོགས་ལ་དུས་འཁོར། ལེགས་བསྟན་ཕྱི་ཟླ་ས་གའི་ཉར། རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་པའི་ཚེ་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་། ཤཱ་རིའི་བུ་དང་ཉམ་དུ་དགྲ་བཅོམ་པ་བརྒྱད་ཁྲི། མཽ་གལ་གྱི་བུ་དང་མཉམ་དུ་དགྲ་བཅོམ་པ་བདུན་ཁྲི་མྱ་ངན་ལས་འདས་པས། འཁོར་དགྲ་བཅོམ་པ་ཕལ་ཆེར་ཟད་ཅིང་། དགེ་སྷོང་རྣམས་སྡེ་སྣོད་གསུམ་མི་འདོན་པས། ལྷ་རྣམས་ཀྱིས་ཤཱཀྱ་ཐུབ་པའི་བསྟན་པ་ནི་མེ་ཤི་བའི་དུ་བ་བཞིན་གྱུར་ཏོ་ཞེས་འཕྱ་བ་བསལ་བ འི་ཕྱིར་ཨ་སུ་རའི་བྲག་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས། དབྱར་འབྲིང་ཟླར། །ཀུན་དགའ་བོས་མདོ་སྡེ། ཉེ་བ་འཁོར་གྱིས་འདུལ་བ། འོད་སྲུང་ཆེན་པོས་མངོན་པ་བསྡུ་བ་མཛད། བཀའ་བསྡུ་དང་པོ་བྱས་ནས་ལོ།༢༧༥༩།གཟུགས་ཕྲི་ལྕགས་སྤྲེའུ་བྱང་ཤམྦྷ་ལའི་ཆོས་རྒྱལ་བདུན་གྱི་དང་པོ། ཟླ་བཟང་གིས། །རྩ་རྒྱུད་བསྡུས་ཤིང་འགྲེལ་པས་བཀྲལ།༢༧༥༨།སླར་ཡང་མིག་སྦྱངས་ཆུ་ལུག་ལ། །གཞལ་མེད་ཁང་ཀཱ་ལ་པའི་གྲོང་དུ་དུས་འཁོར་གྱི་བློ་བསླངས། བཞེངས་གཤེགས་པའི་ལོ།༢༧༥༦།དེ་ལས་གཟུགས་དམན་ཤིང་སྤྲེལ་ལ། །ཆོས་རྒྱལ་གཉིས་པ་ལྷ་དབང་སྟོན་པར་ཕེབས་པ་དང་། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་། །སིན་ངྷུའི་མཚོ་གླིང་བལྟམས་ནས་ལོ།༢༧༥༥།
{{TsagliCall}}
མཚོ་མིག་ཕྲི་ལྷག་སྤྲེའུའི་ལོར། །རིགས་ཅན་ལྔ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ན་ལྷག་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། མི་ལི་ཙ་བི་དྲི་མེད་གྲགས་པ་ལྔ་ནང་དུ་ཡང་དག་འཇོག་ལས་བ ཞེངས་ཏེ་རང་རང་གི་རྫུ་འཕྲུལ་གྱི་རི་མ་ལ་ཡི་གནམ་ལྕགས་ཡོད་པའི་རྩེར་འདུས་ཏེ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉེར་གསུམ་བཏོན་པས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ནས་གསང་སྔགས་ཀྱི་རྒྱུད་ཐམས་ཅད་གསུངས་པ་སྲིན་པོ་བློ་གྲོས་ཐབ ས་བདུན་གྱི་བཻ་ཌཱུརྻའི་གླེགས་བུ་ལ་གསེར་ཞུན་ནས་ཡི་གེར་བྲིས་པ་ནམ་མཁའི་དབྱིངས་སུ་གཏེར་དུ་སྦས་པ་ཉིད་རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབ་པའོ། །ལ་གསང་བདག་གིས། ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས། ཞིང་རྒྱལ་པོ་ཛར། །གསང་སྔགས་གླེགས་བམ་བབས་ནས་ལོ།༢༧༡༡།མིག་ཐུབ་སྦྱངས་པའི་ལྕགས་སྤྲེལ་ལ། །ཁ་བ་ཅན་དུ་མཚོ་བྲི་ནས། །དེ་དུས་བོད་ཡུལ་འདི་མཚོ་ཡིན། སཱ་ལའི་ནགས་ཚལ་ཆགས་ནས་ལོ།༢༦༥༩།དེ་ནས་མཚོ་སྦྱངས་ཤིང་བྱི་ལ། །ཆོས་རྒྱལ་གསུམ་པ་གཟི་བརྗིད་ཅན་གྱིས་ཆོས་བསྟན་ལོ།༢༦༥༥།བྲོ་བ་སྦྱངས་ལྷག་ལྕགས་རྟ་ལ། །རྒྱ་གར་གྱི་ཡུལ་དབུས་སུ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱི་མི་རུང་བའི་བཞི་བཅུ་བསྒྲགས་པའི་ཚེ། དགྲ་བཅོམ་པ་གྲགས་པ་ལ་སོགས་པའི་བདུན་རྒྱས་ཚར་བཅད་ནས་སྡེ་སྣོད་གསུམ་ཚར་གཅིག་སྟོན་པའོ། །བཀའ་བསྡུ་བར་པ་བྱས་ནས་ལོ།༢༦༤༩།ཆུ་བུག་སྦྱངས་ལྷག་ཤིང་འབྲུག་ལོར། །ཆོས་རྒྱལ་བཞི་པ་ཟླ་བའི་བྱིན་ཕེབས་༢༥༥༥མཁའ་མཁའ་གཟུགས། །ཕྲི་ལྷག་ཤིང་སྤྲེལ་ཆོས་རྒྱལ་ལྔ་པ་ལྷའི་དབང་ཕྱུག
<headertabs/>
ཁྲིར་ཕེབས་༢༤༥༥དེ་ནས་གཟུགས་མཚོ་དམན། །ཤིང་གླང་རྫོགས་པ་ཆེན་པོའི་བསྟན་པའི་བདག་པོ་དགའ་རབ་རྡོ་རྗེ་འཁྲུངས།༢༤༡༤།དེ་ལས་འབྱུང་དབང་ཕྲི་བའི་ལྷག །ཟབ་མོ་དབུ་མའི་ཤིང་རྟའི་སྲོལ་འབྱེད་ལྕགས་སྤྲེལ་འཕགས་པ་ཀླུ་སྒྲུབ་འཁྲུངས།༢༣༥༩།བསྟན་པའི་གཏད་རབས་བདུན་ནི།༡ འོད་སྲུང་།༢ ཀུན་དགའ་བོ།༣ ཤ་ནའི་གོས་ཅན།༤ ཉེར་སྦས།༥ དྷི་དྷི་ཀ ༦ ནག་པོ། ༧ ལེགས་མཐོང་དང་བདུན་ནོ།
འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ལས། མཆོག་གཉིས་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་གཉིས་སོ། །རྒྱན་དྲུག་ནི། ཆོས་འདུལ་གཞུང་འབྱེད་པ་པོ་ཡོན་ཏན་འོད། དེའི་འགྲེལ་བ་མཛད་པ་པོ་ཤཱཀྱ་འོད། ཚད་མའི་གཞུང་འབྱེད་ཕྱོགས་ཀྱི་གླང་པོ། དེའི་འགྲེལ་བ་མཛད་པ་ཆོས་ཀྱི་གྲགས་པ། སྔར་བཤད་པའི་འཕགས་པ་ཀླུ་སྒྲུབ་ཟབ་མོ་དབུ་མའི་གཞུང་འབྱེད་པ་པོ་དང་དེའི་འབྲེལ་བ་མཛད་པ་པོ་ཨཱརྱ་དེ་ཝ། སློབ་དཔོན་ཐོགས་མེད་རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་པ་དང་དེའི་འགྲེལ་བ་མཛད་པ་པོ་དབྱིག་གཉེན་ཏེ་འགྲེལ་བྱེད་ཕྱི་མ་གཉིས་རྒྱན་དྲུག་གི་ནང་དུ་བརྩིའོ།
ཆུ་གཏེར་གྱིས་སྦྱངས་ཤིང་བྱི་དང་། །དེ་ནས་བརྒྱ་བརྒྱ་སྦྱངས་པ་ཡི། །ཤིང་འབྲུག་ཤིང་སྤྲེལ་རིམ་པ་ལྟར། །ཆོས་རྒྱལ་དྲུག་པ། སྣ་ཚོགས་༢༣༥༥གཟུགས་དང་ལྷའི་དབང་༢༢༥༥ལྡན། །ཆོས་རྒྱལ་བདུན་པ། ཤམ་བྷ་ལའི་རིགས་ལྡན་ཉེར་ལྔའི་དང་པོ་གྲགས་པ་རྣམས་ཀྱིས་ཆོས་༢༠༥༥བསྟན་ཅིང་།
སླར་ཡང་བརྒྱ་སྦྱངས་ཤིང་བྱི་ལ། །གྲགས་པས་རྒྱུད་བསྡུས་རིགས་ལྡན་གཉིས་པསྲས་པད་དཀར།
ཁྲིར་འཁོད་འགྲེལ་ཆེན་བརྩམས་ནས་ལོ།༢༠༥༥།མཁའ་འབྱུང་ཕྲི་བའི་ཤིང་སྟག་ལ། །པོད་ཀྱི་རྒྱལ་པོ་ཐོག་མ་ཡིན། གཉའ་ཁྲི་བཙན་པོ་བོད་རྗེར་བྱོན།༢༠༠༥།ཐིག་དབང་སྦྱངས་ལྷག་ཤིང་འབྲུག་ལ། །རིགས་ལྡན་གསུམ་པ་བཟང་པོ་ཁྲིར་ཕེབས་ཕྱིན་གྱི་ལོ།༡༣༥༥།རོ་བུག་སྦྱངས་པའི་ལྕགས་འབྲུག་ལ། །རྒྱ་ཆེན་སྤྱོད་པའི་ཤིང་རྟའི་སྲོལ་འབྱེད་འཕག་པ་ཐོགས་མེད་འཁྲུངས་ནས་ལོ།༡༨༥༩།
དེ་ནས་མཚོ་དང་བརྒྱ་ལན་གསུམ། །རིམ་སྦྱངས་ཤིང་གི་སྤྲེལ་བྱི་འབྲུག །སྤྲེལ་ལོ་རྣམས་ལ་རིམ་པ་ལྟར། །རིགས་ལྡན་བཞི་པ་རྣམ་རྒྱལ་ལྔ་བ་བཤེས་༡༧༥༥བཟང་དྲུག་༡༦༥༥པ་རིན་ཆེན་ཕྱག
རིགས་ལྡན་བདུན་པ་ཁྱབ་འཇུག་སྦས་རྣམས་ཁྲིར་ཕེབས་ལོ།༡༥༥༥།མཁའ་དབང་སྦྱངས་ལྷག་ཤིང་ཁྱི་ལ། །གཉའ་ཁྲི་ནས་རྒྱལ་རབས་ཉེར་བདུན་འདས་པ་ན་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས།༡༥༠༥།བོད་ཁ་བ་ཅན་གྱི་རྒྱལ་ཁབ་ཏུ་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཕོ་བྲལ་ཡུམ་བུ་བླ་མཁར་གྱི་སྟེང་དུ། མདོ་སྡེ་ཟ་མ་ཏོག དཔང་སྐོང་ཕྱག་བརྒྱ་དང་། སཱཙྪའི་བསྐོར་ཕོར་བཀའ་རྟགས་ཀྱི་ཕྱག་རྒྱ་སླ་ང་ཙམ་སོགས་བབས་ཏེ་དམ་པ་ཆོས་ཀྱི་དབུ་བརྙེས། ཐིག་དབང་སྦྱངས་པའི་ཤིང་བྱི་ལ། །རིགས་ལྡན་བརྒྱད་པ་ཉི་མ་གྲགས་པ་ཁྲིར་ཕེབས་ལོ།༡༤༥༥།བུག་སྦྱངས་ཆུ་བྱར་ཡུམ་བུ་ཡི། །མཁར་སྟེང་ཚིནྡ་མ་ཎི་སོགས།
བབས་ཏེ་ཆོས་ཀྱི་དབུ་བརྙེས་ལོ།༡༤༤༦།མཁའ་རོ་ཕྲི་ལྷག་ཆུ་བྱ་ལ། །ཐོ་རི་གཉན་བཙན་གཤེགས་ནས་ལོ།༡༣༨༦།གཟུགས་མེས་སྦྱངས་པའི་ཤིང་འབྲུག་ལ། །རིགས་ལྡན་དགུ་པ་ཤིན་ཏུ་བཟང་པོ་ཁྲིར་ཕེབས་ལོ།༡༣༥༥།ཐིག་ཀླུ་དམན་ལྷག་ཤིང་བྱི་ལ། །སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་འཁྲུངས་ནས་ལོ།༡༢༧༥།མི་བདག་སྦྱངས་པའི་ལྕགས་འབྲུག་གིས། །འབྲས་དུས་ལྔ་བརྒྱ་ཕྲག་གསུམ་རྫོགས།༡༢༥༩།སྤྱིར་སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་ཁྲག་བཅུ་ལས། དང་པོ་འདྲེས་དུས་གསུམ་ལ་དགྲ་བཅོམ་ཕྱིར་མི་འོང་ཕྱིར་འོང་རྒྱུན་ཞུགས་ཏེ། འབྲས་བུ་བཞི་ཐོབ་པ་མང་། གཉིས་པ་སྒྲུབ་པའི་དུས་གསུམ་ལ་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་སྟེ་བསླབ་གསུམ་སྒྲུབ་པ་ཤས་ཆེ། གསུམ་པ་ལུང་གི་དུས་གསུམ་ལ་འདུལ་བ་མདོ་སྡེ་མངོན་པ་སྟེ། སྡེ་སྣོད་གསུམ་ལ་འཆད་ཉན་བྱེད་པ་མང་། བཞི་པ་ལྔ་བརྒྱ་ཕྲག་བཅུ་པ་ལ། བཤད་སྒྲུབ་གཉིས་ཀ་མེད་པའི་རྟགས་ཙམ་འཛིན་པའོ། །རིག་བྱེད་སྦྱངས་པའི་ཤིང་སྤྲེལ་ལ། །རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་ཅིང་། །མ་གར་ཀླ་ཀློ་ཞུགས་པ་དང་། །ཕྱི་རོལ་བྱེད་པའི་རྩིས་མགོ་གཟུགས།༡༢༥༥།
དེ་ལ་ལྔས་སྦྱངས་ས་གླང་ལ། །ཆོས་རྒྱལ་སྲོང་བཙན་སྒམ་པོ་བལྟམས།༡༢༥༠།ཐོ་རི་གཉན་བཙན་ནས་རྒྱལ་རབས་ལྔ་པ་སྤྱན་རས་གཟིགས་དངོས་བོད་ཀྱི་རྒྱལ་པོར་བྱོན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཐུ་མི་སམྦྷོཊས་བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད། རྒྱ་གར་གྱི་པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་སྒྲ་དང་ཡི་གེའི་རིག་པ་བསླབ། མདོ་སྡེ་ཟ་མ་ཏོག་སོགས་བོད་སྐད་དུ་བསྒྱུར། ཕྱག་རྡོར་གྱི་སྤྲུལ་པ་བློན་པོ་མགར་དམ་པའི་བློ་ཐབས་སྣ་ཚོགས་ཀྱིས་རྒྱལ་པོའི་བཙུན་མོ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་རྒྱ་བཟའ་ཀོང་ཅོ་དང་། ལྷ་མོ་ཁྲོ་གཉེན་ཅན་གྱི་སྤྲུལ་པ་བལ་བཟའ་ཁྲི་བཙན་གཉིས་སྤྱན་དྲངས་བརྫངས་སུ་ཇོ་ཤཱཀ་རྣམ་གཉིས་བོད་དུ་ཕེབས། རྒྱལ་པོས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། ལས་དང་སྐལ་བ་ལྡན་པ་རྣམས་ལ་ཐུགས་རྗེ་ཆེན་པོའི་གདམས་སྐོར་དང་ཞལ་གདམས་མང་དུ་གསུངས་ཏེ་དམ་པ་ཆོས་ཀྱི་སྲོལ་བཏོད། ལག་མིག་ཕྲི་ལྷག་ལྕགས་ཕག་ལ། །ར་ས་འཕྲུལ་སྣང་བཏབ་ནས་ལོ།༡༢༢༨།གཟུགས་ཚེས་སྦྱངས་པའི་ཆུ་རྟ་ལ། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་འཁྲུངས།༡༠༧༧།དེ་ནས་རྒྱལ་རབས་ལྔ་པ་འཇམ་དཔལ་གྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་དང་། མཁན་པོ་བོདྷི་སཏྭ་སོགས་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས། སྐུ་རྟེན་དུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། གསུང་རྟེན་དུ་དམ་པའི་ཆོས་བཀའ་བསྟན་བཅོས་ཐམས་ཅད་བོད་དུ་བསྒྱུར། ཐུགས་རྟེན་དུ་དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་པ་དར་རྒྱས་སུ་མཛད་པའོ། །ཆུ་གཏེར་གྱིས་སྦྱངས་མེ་ཁྱི་ལ། །རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའ་ཁྲིར་ཕེབས་རང་ལུགས་ཀྱི།
བྱེད་པའི་རྩིས་མགོ་གཙུག་ནས་ལོ།༡༠༧༣།དུས་གཟུགས་སྦྱངས་པའི་ཆུ་སྟག་ལ། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་། །གངས་ཅན་ལྗོངས་འདིར་ཕེབས་པ་དང་། །བསམ་ཡས་བཏབ་པ་ཕྱིན་
གྱི་ལོ།༡༠༥༧།དེ་ལ་ཆུ་སྦྱངས་མེ་རྟ་ལ། །རབ་གནས་མངའ་གསོལ་མཛད་ནས་ལོ།༡༠༥༣།
གཟུགས་སྦྱངས་མེ་ལུག་སད་མི་བདུན། །བོད་ཀྱི་མི་རབ་བྱུང་། ཨེ་ཐུབ་སད་པའི་ཕྱིར། བཻ་རོ་སོགས་བདུན་རབ་ཏུ་བྱང་། །རབ་ཏུ་བྱུང་བ་ཕྱིན་གྱི་ལོ།༡༠༥༢།རི་གཟུགས་ཕྲི་བའི་ཤིང་བྱི་ལ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་མི་ཡུལ་དུ་ལོ་བརྒྱ་བཞུགས་འཁྲུངས།༡༠༣༥།སློབ་དཔོན་ཆེན་པོས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་ལས་ཅན་སྙིང་གི་བུ་དགུ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དབང་བསྐུར་བའི་ཚེ། གསེར་སྲང་རེའི་མེ་ཏོག་དཀྱིལ་འཁོར་དུ་དོར་བའི། སངས་རྒྱས་ཡེ་ཤེས་ཀྱི་མེ་ཏོག་ལྷོ་འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ་བབས། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་མེ་ཏོག་ནུབ་རྟི་མགྲིན་ལ། མཁར་ཆེན་བཟའ་མཚོ་རྒྱལ་གྱི་མེ་ཏོག་བྱང་ཕུར་བ། གནུབས་ནམ་མཁའི་སྙིང་པོའི་མེ་ཏོག་ཤར་ཡངས་དག་ལ། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་མེ་ཏོག་ཤར་ལྷོ་མ་མོ་རྦོད་གཏོང་ལ། གཉགས་ཆེན་ཛྙཱ་ན་ཀུ་མ་ར་མེ་ཏོག་ལྷོ་ནུབ་བདུད་རྩི་ཡོན་ཏན་ལ་བབས། རླངས་ཆེན་དཔལ་གྱི་སེང་གེའི་མེ་ཏོག་ནུབ་བྱང་འཇིག་རྟེན་མཆོད་བསྟོད་ལ། པ་གོར་བཻ་རོ་ཙ་ནའི་མེ་ཏོག་བྱང་ཤར་རྨོད་པ་དྲག་སྔགས། མངའ་བདག་ཆོས་རྒྱལ་ཆེན་པོའི་མེ་ཏོག་དབུས་ཆེ་མཆོག་ལ་བབས་ཏེ་སོ་སོའི་སྒོ་ནས་གྲུབ་པ་ཐོབ་པའོ། །སྤྱིར་གསང་སྔགས་རྙིང་མའི་བསྟན་པ་དང་པོ་གནུབས་ལ་བབས། བར་དུ་སོ་ལ་བབས། ཐ་མ་ཟུར་ལ་བབས། སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པ་ལས། དང་པོ་གནུབས་ཆེན་རྒྱལ་པོ་ཡེ་ཤེས་ནི། ཨོ་རྒྱན་པདྨ་འབྱུང་གནས། པཎ་ཆེན་བི་མ་མི་ཏྲ། བལ་པོ་བ་སུ་དྷ་ར་སོགས་རྒྱ་བལ་གྱི་མཁས་པ་མང་པོ་དང་། གནུབས་ཆེན་ཛྙཱ་ན་ཀུ་མ་སོགས་བོད་ཀྱི་མཁས་པ་མང་པོའི་གདམས་ངག་མངའ། འཇམ་དཔལ་གཤིན་རྗེའི་སྒོ་ནས་གྲུབ་པ་ཐོབ་སྟེ། གཉགས་ཀྱི་གྲོང་ཁྱེར་བདུན་གྱི་སོགས་ཚར་བཅད་རགྱ་གར་རྡོ་རྗེ་གདན་དུ་ནམ་མ ཁའ་ནས་རྡོ་རྗར་རྩེ་དགུ་པ་ཞིག་ཕྱག་ཏུ་བབ་སྟེ་ཕྱག་ན་རྡོ་རྗེ་དངོས་སུ་གྱུར་པ་སོགས་འགྲན་ཟླ་བྲལ་བའི་མཁས་གྲུབ་ཆེན་པོ་ཡིན། དེའི་སྲས་ཀྱི་ཐུ་བོ་ས་གསུམ་བརྙེས་པ། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་སོགས་ལས་རྒྱུད་དེ་སོའི་སྔགས་འཆང་རྣམས་ལ་བབས་ཤིང་དེ་དག་ལས་བརྒྱུད་དེ་ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེ་སྟེ་ཟུར་མེས་དབོན་རྣམ་གསུམ་ནས་བཟུང་ཟུར་བྱམས་པ་སེང་གེའི་བ ར་དུ་རྙིང་མ་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་དབག་པོ་ཡིན་ནོ། །ལག་མིག་སྦྱངས་པའི་མེ་ཁྱི་ལ། །མངའ་བདག་ཁྲི་རལ་འཁྲུངས་ནས་ལོ༡༠༡༣། །མངའ་བདག་ཁྲི་སྲོང་གི་སྲས་མུ་ཏིག་བཙན་པོ་ལ་སྲས་གཙང་མ་ད ར་མ་ལྷ་རྗེ་ལྷུན་གྲུབ་རལ་བ་ཅན་དང་ལྔ་ཡོད་པའི་ཆུང་བ་ཕྱག་རྡོར་གྱི་སྤྲུལ་པའོ། །ཕྱགས་སྦྱངས་མེ་སྤྲེལ་ཨོ་རྒྱན་རྗེ། །རྔ་ཡབ་གླིང་དུ་གཤེགས་ནས་ལོ༡༠༠༣།
རྒྱལ་པོ་སྦྱང་པའི་ཁྱི་བྱི་ལ། །བསྟན་པའི་ཉི་མ་བླ་ཆེན་འཁྲུངས༩༨༧།།བུག་སྦྱངས་ལྕགས་བྱར་གླང་དར་མས། །བསྟན་པ་སྣུབས་པ་ཕྱིན་གྱི་ལོ༩༧༨།།ཟུང་དབང་གིས་ཕྲི་ཁྱི་གླང་ལོ།
བསྟན་པ་ཕྱི་དར་ཐོག་མར་ངེས༩༢༦། །ཇོ་བོ་དྭཱི་པཾ་ཀ་ར་འདི་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་གྱི་སྲས་ཡིན། ཟབ་མོ་ལྟ་བརྒྱུད་རྒྱ་ཆེན་སྤྱོད་རྒྱུད་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་གྱི་གདམས་ངག་ཐམས་ཅད་རྫོགས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་བཞིན་དབོན་ཞི་བ་འོད་ཀྱིས་ལོ་ཙཱ་བ་མ ང་པོ་སྔ་ཕྱིར་བཏང་ནས་དཀའ་བ་ཆེན་པོས་བོད་དུ་སྤྱན་དྲངས་ནས། བྱང་ཆུབ་སེམས་ཀྱི་བསྟན་པ་སྤེལ་ཞིང་ཁྱད་པར་དུ་རྗེ་བཙུན་སྒྲོལ་མའི་ལུང་བསྟན་བཞི ན་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སྲས་ཀྱི་ཐུ་བུར་གྱུར་ཏེ་དེ་ལ་ཆོས་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་གཏད། འབྲོམ་སྟོན་གྱིས་རྭ་སྒྲེང་དཔལ་གྱི་དགོན་པ་བཏབ། དེ་ལ་སྲས་སྐུ་མཆེད་གསུམ་སོགས་ཇོ་བོ་ཡབ་སྲས་ཀྱི་སློབ་བརྒྱུད་རྣམས་ལ་བ ཀའ་གདམས་པ་ཞེས་གསར་མའི་གྲུབ་མཐའ་ཆེ་ཤོས་ཤིག་ཡིན། ད་ལྟ་དགེ་ལུགས་པ་རྣམས་རྗེ་བློ་བཟང་གྲགས་པ་མན་ལ་བཀའ་གདམས་གསར་མ་དང་། དེ་ཡན་ལ་བཀའ་གདམས་རྙིང་མ་ཞེས་ཟེར་རོ། །འབྱུང་བས་སྦྱངས་པའི་ས་རྟ་ལ། །ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས༩༢༡།།བསྟན་པ་ཕྱི་དར་གསར་མའི་ལོ་ཙཱ་བ་ཐམས་ཅད་ཀྱི་ཐོག་མ། དེ་ལ་ཚེས་སྦྱངས་ཁྱི་བྱ་དེ། །ཕྱི་དང་ཐོག་མར་བུ་སྟོན་བཞེད༩༠༦། །དེ་ལ་ལྔས་སྦྱངས་ས་སྟག་དེ། །ཕྱི་དར་ཐོག་མར་འབྲོམ་སྟོན་བཞེད། །རྒྱ་གར་གྱི་པཎ་ཆེན་ནཱ་རོ་པའི་ལྩམ་ནི་གུ་མའི་སློབ་མ་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་ཡིན། ཁྱུང་པོ་རྣལ་འབྱོར་འཁྲུངས་ལོ་ཡིན༩༡༡།།དེ་ལ་མཚོས་དམན་ཆུ་རྟ་
ལ། །ཇོ་བོ་དཱི་པཾ་ཀ་ར་འཁྲུངས།༨༩༧།ལག་མིག་སྦྱངས་བའི་ཤིང་འབྲུག་ལ། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་འཁྲུངས།༨༧༥།དེ་ལ་ཀླུས་སྦྱངས་ཆུ་བྱི་ལ། །མངའ་བདག་མར་པ་
ལོ་ཙཱ་དང་། །འདི་རྒྱ་གར་དུ་བྱོན་ནས་པཎ་ཆེན་ནཱ་རོ་པའི་ཐུགས་སྲས་སུ་གྱུར་ཏེ། གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་གསན། མངའ་བདག་མཻ་ཏྲི་པ་ལ་གྲུབ་ཐོབ་ས་ར་ཧ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་གདམས་ངག་གསན། བོད་དུ་བྱོན་
ནས་བསྟན་པ་བསྐྱངས་པས་རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་ངེ་། གཙང་རོང་གི་མེས་སྟོན་ཚོན་པོ་རྗེ་བཙུན་མི་ལ་རས་པ་སྟེ་ཐུགས་སྲས་ཀ་བ་བཞི་ལས་རྗེ་བཙུན་མི་ལིའི་སློབ་མ་མཉམ་མེད་དྭག ས་པོ་རིན་པོ་ཆེ་དང་པོ་རྒྱ་ལྕགས་རི་བ་སོགས་
ལས་བཀའ་གདམས་གསན། ཕྱི་ནས་རྗེ་བཙུན་མི་ལ་ལས་ཕྱག་ཆེན་དང་ཆོས་དྲུག་སོགས་གསན་ནས་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཟེར། འདི་རྣམས་ཀྱིས་བརྒྱུད་པ་ལ་བཀའ་བརྒྱུད་ཟེར་རོ། །དེ་ཡང་གསར་མའི་གྲུབ་མཐའ་ཆེ་ཤིས་ཤིག་ཡིན། གྲྭ་པ་མངོན་ཤེས་རྒྱུད་བཞིའི་གཏེར་སྟོན་འཁྲུངས་ནས་ལོ།༨༦༧།མིག་སྦྱངས་ཤིང་སྟག་ཟུར་ཚུང་བསྟམས།༨༦༥།དེ་ལ་འདོད་སྦྱངས་མེ་ཡོས་ནི། །རབ་བྱུང་དང་པོའི་ཐོག་མ་སྟེ། །རིགས་ལྡན་བཅུ་གཉིས་པ་ཉི་མ་ཁྲིར་ཕེབས་ཤིང་། །དུས་འཁོར་རྒྱུད་འགྲེལ་འཕགས་བོད་ཕེབས་པའི་ལོ།༨༥༢།
སླར་ཡང་འདོད་སྦྱངས་ལྕགས་འབྲུག་ལ། །མི་ལ་བཞད་པ་རྡོ་རྗེ་འཁྲུངས།༨༣༩།དེ་ལ་ཉི་སྦྱངས་ཆུ་འབྲུག་ལ། །འཛེང་ཀློང་སྡེའི་བརྒྱུད་པ་ཞིག་ཡིན་སྒོམ་ངྷརྨ་བོ་ངྷི་འཁྲུངས།༨༢༧།ལྔ་ཕྲི་མེ་བྱར་འབྲོམ་སྟོན་པའི་གདན་ས་རྭ་སྒྲེང་བཏབ།༨༢༢།མིག་སྦྱངས་ས་ཕག་རྔོག་ལོ་འཁྲུངས།༨༢༠།
དེ་ལ་མ་ནུ་ཕྲི་བ་ཡི། །ཆུ་མོ་གླང་ལ་གསང་ཕུ་རྔོག་ལོའི་གདན་ས་དང་། །དཔལ་ལྡན་ས་སྐྱ་བཏབ་ནས་ལོ།༨༠༦།དེ་ལ་གཟུགས་སྦྱངས་ཤིང་སྟག་ལ། །ཟུར་ཆུང་བའི་སྲས་གསང་བདག་ཤཱཀྱ་སེང་གེ་འཁྲུངས།༨༠༥།ལྔས་སྦྱངས་ས་མོ་ལུག་གི་ལོ། །དྭགས་པོ་ཟླ་འོད་གཞོན་ནུ་མི་ལའི་སློབ་མ། འཁྲུངས།༨༠༠།མི་ལའི་སློབ་མ་གདེངས་ཀས་སྦྱངས་པའི་མེ་ཡོས་དེ། །རབ་བྱུང་གཉིས་པའི་ཐོག་མ་ཡིན།༧༩༢།སློབ་དཔོན་ཆེན་པོའི་སློབ་མ་འཁོན་ཀླུ་དབང་བསྲུང་བ། དེའི་ཚ་རྒྱུད་ལ་འཁོན་རོགས་ཤེས་རབ་ཚུལ་ཁྲིམས་ཡན་རྙིང་མ་པ་ཡིན། དེའི་སྲས་འཁོན་དཀོན་མཆོག་རྒྱལ་པོའི་འབྲོག་མི་ལོ་ཙཱའི་སློབ་མ་ཞང་དཀོན་པ་ལས་ལམ་འབྲས་གསན། དེ་ཕྱིན་ཆད་གསར་མ་བར་གྱུར་དཀོན་མཆོག་རྒྱལ་པོའི་སྲས་ས་ཆེན་ཀུན་དགའ་སྙིང་པོ། དེའི་སྲས་བསོད་ནམས་རྩེ་མོ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་ཆེན་ཡོངས་རྫོགས་དགེ་བསྙེན་དང་། སྲས་གཉིས་ཚངས་སྤྱོད་དགེ་བསྙེན་མཛད་པས་འདི་གསུམ་ལས་ས་སྐྱའི་དཀར་པོ་རྣམས་གསུམ་ཟེར། རྗེ་བཙུན་གྲགས་པའི་ཚ་བོ་འཇམ་དབྱངས་ས་སྐྱ་པཎ་ཆེན། དེའི་སྐུ་མཆེད་ཟངས་ཚ་བསོད་ནམས་རྒྱལ་མཚན། དེའི་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་འདི་རྣམ་གཉིས་དགེ་སློང་ཡིན་པས་དམར་པོ་རྣམ་གཉིས་ཟེར། འདི་ལྔ་ལ་ས་སྐྱའི་རྗེ་བཙུན་གོང་མ་ལྔ་ཟེར། འདི་དག་ལས་བརྒྱུད་པ་
རྣམས་ལ་དཔལ་ལྡན་ས་སྐྱ་པ་ཞེས་ཟེར་རོ། །བོད་ཀྱི་གསར་མའི་གྲུབ་མཐའ་ཆེ་ཤོས་ཤིག་ཡིན། མཚོས་སྦྱངས་ལྕགས་
ལུག་བྱ་འདུལ་བལྟམས། ༧༨༨།ལོ་དེར་དམ་པ་དིང་རིར་ཕེབས། །འདི་ཡི་བརྒྱུད་པ་ལ་ཞི་བྱེད་པ་
ཞེས་སྔོན་གསར་མའི་གྲུབ་མཐའ་ཞིག་ཏུ་བརྩི་ཡ ང་ད་ལྟ་འདིའི་བརྒྱུད་འཛིན་པའི་གྲུབ་མཐའ་འཛིན་པ་ལོགས་སུ་མེད། གཟུགས་སྦྱངས་ཆུ་སྤྲེལ་ས་ཆེན་འཁྲུངས། ༧༨༧།ས་སྐྱ་གོང་མ་ལྔའི་དང་པོ། དེ་ནས་མིག་སྦྱངས་ཤིང་ཁྱི་ལ། །ལྕེ་སྟོན་རྒྱ་ནག་གསང་བདག་སྒྲོ་ཕུག་པའི་སློབ་མ། འཁྲུངས་ནས་ལོ།༧༨༥།ཡོན་ཏན་གྱིས་སྦྱངས་མེ་གླང་ལ། །ཞང་སྟོན་བཀྲ་ཤིས་རྡོ་རྗེ་འཁྲུངས།༧༨༢།རྫོགས་ཆེན་མན་ངག་སྡེའི་སྙིང་ཐིག་གི་བརྒྱུད་པ་པཎ་ཆེན་བི་མ་མི་ཏྲ། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །དེའི་སློབ་མ་ཞང་སྟོན། དེ་ལ་ཁྱིམ་སྦྱངས་ས་གླང་ལ། ཆ་བ་ཆོས་ཀྱི་སེང་གེ་འཁྲུངས་ཤིང་རྔོག་ལོ་གཤེགས།༧༧༠།བསེ་རུས་སྦྱངས་པའི་ལྕགས་སྟག་ལ། །ཕག་གྲུ་དུས་མཁྱེན་རྣམ་གཉིས་འཁྲུངས།༧༦༩།དྭགས་པོའི་སློབ་
མ་ཁམས་པ་མི་གསུམ་གྱི་ནང་ཚན། འདོད་སྦྱངས་ཆུ་ཡོས་ཞང་གཡུ་བྲག །དྭགས་པོའི་སློབ་མ། ༧༥༦
བལྟམས་ཤིང་གཟུགས་དམན་ཤིང་འབྲུག་ལ། །རྙིང་མའི་གཏེར་སྟོན་མཆོག་གཉིས་ཀྱི་དང་པོ་ཉང་རལ་ཉི་མ་འོད་ཟེར་འཁྲུངས།༧༥༥།ལག་ཕྲི་མེ་རྟར་དབུས་ཞིག་དང་། ལྷ་རྗེ་ཡོན་ཏན་སྲས་གཉིས་འཁྲུངས།༧༥༣།རྙིང་མ་པ་གཉིས་ཟླ་བས་དམན་པའི་མེ་ལུག་ལ། །པཎ་ཆེན་ཤཱཀྱ་ཤྲཱི་དང་། །རྒྱ་གར་ཁ་ཆེའི་པཎ་ཆེན་ཡིན་ཏེ། ད་ལྟ་བོད་ན་འདུལ་བའི་སྡོམ་རྒྱུན་གཉིས་ཡོད་པའི་གཅིག་འདི་ཡིན། དེ་ནི་བསྟམས་ཤིང་ཤམྦྷ་ལའི། །སེང་ཁྲིར་བཅུ་གསུམ་པ་སྣ་ཚོགས་གཟུགས་ཕེབས་ལོ།༧༥༢།གཟུགས་ཕྲི་ས་སྤྲེལ་གླིང་རས་པ། །འཁྲུངས་ཤིང་༧༥༡རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །ཆེ་བཞི་ཆུང་བཞི་བརྒྱུད་པར་བཅས་པ་ཡི། །བཀའ་བརྒྱུད་བླ་མ་རྣམ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་མར་མི་དྭགས་གསུམ་གྱི་བརྒྱུད་པ་ལ། ཀརྨ་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད། ཚལ་བ་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད་སོགས་མང་ཞིག་ཡོད་པ་ལས། ཀརྨ་བཀའ་བརྒྱུད་ནི་དྭགས་པོའི་སློབ་མ་ཁམས་པ་མི་གསུམ་ལས། རྗེ་དེ་གསུམ་མཁྱེན་པ། དེའི་སྤྲུལ་སྐུ་ཀརྨ་པཀྴི། དེའི་སྤྲུལ་སྐུ་རང་བྱུང་རྡོ་རྗེའི་སྐྱེ་བ་སྔ་ཕྱི་གཉིས་ཀྱི་བར་དུ་མངལ་གྱི་དྲི་མས་མ་གོས་པ། རྒྱལ་བ་ཤཀྱ་ཐུབ་དང་མཉམ་པར་གྲགས། དེའི་སྤྲུལ་སྐུ་ཀརྨ་པ་རོལ་པའི་རྡོ་རྗེ། ལྔ་པ་དེ་བཞིན་གཤེགས་པ། དྲུག་པ་མཐོང་བ་དོན་ལྡ། བདུན་པ་ཆོས་གྲགས་རྒྱ་མཚོ། བརྒྱད་པ་མི་སྐྱོད་རྡོ་རྗེ། འདི་ཡན་ལ་ཀརྨ་རབ་བརྒྱད་དུ་གྲགས་ཤིང་།  
དེའི་སྐུ་འཕྲེང་རིམ་པར་བྱོན་པ་རྣམས་ད་ལྟའི་བར་དུ་མཚུར་ཕུ་ན་བཞུགས་པ་རྣམས་ཡིན། ཕག་གྲུའི་སློབ་མ་འགྲོན་མགོན་གླིང་རྗེ་རས་པ། དེའི་སློབ་མ་གཙང་བ་བརྒྱ་རས་པ། དེའི་སློབ་མ་ལོ་རས་དབང་ཕྱུག་རྡོ་རྗེ། འདི་དག་གི་སློབ་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་དུ་གྲགས་ཤིང་། སྔོན་མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཏུ་གྲགས་ཤིང་། འབྲུག་པའི་བསྟན་པ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པར་གྲགས་སོ།
ཡང་འཕགས་གྲུའི་སློབ་མ་འབྲི་གུང་སྐྱོད་པ་འཇིག་རྟེན་མགོན་པོ། དེའི་སློབ་བརྒྱུད་རྣམས་འབྲི་གུང་བཀའ་བརྒྱུད་དུ་གྲགས། ཞང་གཡུ་དྲགས་འགྲོ་བའི་མགོན་པོ་ཞེས་པ་མཉམ་མེད་དྭགས་པོའི་སློབ་མ་ཡིན། དེའི་བརྒྱུད་པ་ལ་ཚལ་པ་བཀའ་བརྒྱུད་དུ་གྲགས། ཕག་གྲུའི་སློབ་མ་གཟིམ་གཡོག་སྟག་ལུང་པའི་བརྒྱུད་པ་རྣམས་ལ་སྟག་ལུང་བཀའ་བརྒྱུད་དུ་གྲགས་སོ།
ཡིད་སྦྱངས་ཆུ་ཁྱི་ལ། ས་སྐྱ་གོང་མ་གཉིས་པ་སློབ་དཔོན་བསོད་ནམས་རྩེ་མོ་དང་། ཕག་གྲུས་སློབ་མ་སྟག་ལུང་བཀའ་བརྒྱུད་ཐོག་མ་སྟག་ལུང་ཐང་བ་འཁྲུངས་ནས་ལོ།༧༣༧།དེ་ལ་གཟུགས་དམན་ཆུ་ཕག་ལ། །འབྲི་གུང་འཇིག་རྟེན་གསུམ་མགོན་འཁྲུངས།༧༣༦།ཆུས་སྦྱངས་རབ་བྱུང་གསུམ་པ་ཡི། །མེ་ཡོས་རྗེ་བཙུན་གྲགས་རྒྱལ་འཁྲུངས།༧༣༢།ས་སྐྱའི་གོང་མ་གསུམ་པ། དེ་ལ་མིག་སྦྱངས་ས་སྦྲུལ་ལ། །རྙིང་མ་བ་ཞིག་པོ་བདུད་རྩི་འཁྲུངས་ལོ་ཡིན།༧༣༠།དེ་ཡི་སྟེང་ནས་བུ་གས་སྦྱངས།
ས་སྟག་རྫོགས་ཆེན་བརྒྱུད་པ་ཞང་སྟོན་གྱི་སྲས་མཁས་པ་ཉི་འབུམ་འཁྲུངས།༧༢༡།རྩེ་མོས་སྦྱངས་པའི་ལྕགས་སྦྲུལ་ལ། །འགྲོ་མགོན་གཙང་པ་རྒྱ་རས་གླིང་རས་སློབ་མ་ཡིན་འཁྲུངས།༧༡༨།འབྱུང་བས་སྦྱངས་པའི་མེ་ཁྱི་ལ། །རོག་གི་མཁས་པ་ཤེར་འོད་འཁྲུངས།༧༡༣།རྙིང་མ་བ་ཡིན། སླར་ཡང་ལྔས་སྦྱངས་ལྕགས་ཡོས་ལ། །ཞིག་པོ་ཉི་མ་སེང་གེ་འཁྲུངས༧༡༨།རྙིང་མ་བ་ཡིན། དྲག་པོས་ཕྲི་བའི་ཆུ་སྟག་ལ། །ས་སྐྱ་གོང་མ་བཞི་པ་ས་སྐྱ་པཎ་ཆེན་འཁྲུངས་ནས་ལོ།༦༩༧།དེ་ལ་ཐུབ་སྦྱངས་ས་བྱ་ལ། །རྒོད་ཚངས་མགོན་པོ་རྡོ་རྗེ་འཁྲུངས།༦༩༠།ཕག་གྲུའི་སློབ་མ་སླར་ཡང་བདུན་སྦྱངས་མེ་འབྲུག་ལ། །རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པ་མཁས་པ་ཉི་འབུམ་གྱི་སློབ་མ་གུ་རུ་ཇོ་འབེར་བལྟམས་༦༨༣
ནས་ལོ། །ཕྱོགས་སྦྱང་མེ་སྟག་པཀྴི་འཁྲུངས།༦༧༣།ཀརྨ་པ་གཉིས་པ།  དེ་ལ་གཟུགས་ཕྲི་མེ་ཡོས་དེ། །རབ་བྱུང་བཞི་བའི་ཐོག་མ་ཡིན།༦༧༢།འབྱུང་བས་སྦྱངས་པའི་ཆུ་སྤྲེལ་ལ། །གཏེར་སྟོན་མཆོག་གཉིས་པ་གུ་རུ་ཆོས་ཀྱི་དབང་ཕྱུགས་བསྟམས།༦༦༧།རིག་བྱེད་ཕྲི་བའི་མེ་བྱི་ལ། །སྙེ་མདོ་ཐམས་ཅད་མཁྱེན་པ་འཁྲུངས།༦༦༣།གསར་མ་པ། བུ་གས་སྦྱངས་པའི་ཤིང་བྱ་ལ། །བྱང་རྡོར་གཉིས་ཀྱི་ཆོས་སྡེ་བཙུགས།༦༥༤།དེ་ལས་མིག་སྦྱངས་མེ་ཕག་ལ། །བཅུ་བཞི་པ་རིགས་ལྡན་ཟླ་འོད་སྟོན་པར་ཕེབས།༦༥༢།ནོར་ལྷ་སྦྱངས་པའི་ཤིང་ལུག་ལ། །འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས།༦༤༤།ས་སྐྱའི་གོང་མ་ལྔ་པའོ། །དེ་ལས་གཟུགས་ཕྲི་མེ་སྤྲེལ་ལ། །སྐལ་ལྡན་ཡར་ཀླུང་སྤྲུལ་སྐུ་འཁྲུངས།༦༤༣།རྩེ་མོས་སྦྱངས་པའི་ས་ཕག་ལ། །གྲུབ་ཐོབ་མན་ལུང་གུ་རུ་འཁྲུངས།༦༤༠།དེའི་སློབ་མ་རིག་བྱེད་སྦྱངས་པའི་ཆུ་ཡོས་ལ། །གྲུབ་ཆེན་མེ་ལོང་རྡོ་རྗེ་དང་།
རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པ་གུ་རུ་ཇོ་འབེར་གྱི་སློབ་མ་འཁྲུལ་ཞིག་སེང་གེ་རྒྱལ་པོ། ཀུན་སྤངས་ཐུགས་རྗེ་ཇོ་ནང་པའི་བླ་བརྒྱུད་གོང་མ་ཞིག་བརྩོན་འགྲུས་བལྟམས༦༣༦། །ཕྱོགས་སྦྱངས་ཆུ་གླང་ས་སྐྱ་པས།
བོད་ཁམས་ཡོངས་ལ་ཁ་ལོ་བསྒྱུར།༦༢༦།ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་སྐུ་རིང་ལ། རྒྱ་ནག་གི་རྒྱལ་ས་ཧོར་གྱིས་ཕྲོགས་ནས། ཧོར་རྒྱལ་པོའི་དམག་དཔོན་དོར་རྟ་ནག་པོས་གཙོ་བྱས་ཧོར་དམག་བོད་དུ་འོངས་ནས། མཐོང་ཚད་གསད་ན་བྲོས་ཚད་སྐྲག །ཅེས་པའི་ལུང་བུད་དེས་བོད་དུ་བཙན་པོའི་ཐམས་ཅད་བཤིགས། སྐྱེས་པའི་མི་ཐམས་ཅད་གསད་པའི་སྐབས་ཤིག་ན་ཧོར་རྒྱལ་པོ་ཆོས་ཀྱི་བསམ་པ་སྐྱེས་ཏེ། ས་སྐྱ་པཎ་ཆེན་གདན་དྲངས་ཡང་ཆོས་མ་ཞུས་པར་ལོ་མང་དུ་འགོར་བའི་ས་པཎ་ཧོར་ཡུལ་དུ་སྐུ་གཤེགས། རྒྱལ་པོ་དེའི་སྲས་སེ་ཆེན་རྒྱལལ་པོའི་ཆོས་རྒྱལ་འཕགས་པ་གདན་དྲངས། དབང་ལན་གསུམ་ཞུས་པའི་དབང་ཡོན་དུ་དང་པོ་བོད་ཁྲི་སྐོར་བཅུ་གཉིས་ཕུལ། བར་པ་ལ་བོད་ཆོལ་ཁ་གུམ་ཞེས་པ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ། མདོ་སྨད་གྱི་ལིང་རྟའི་ཆོལ་ཁ་སྟེ་གསུམ་ཕུལ། རྗེས་མ་ལ་རྒྱ་ཡི་མི་ཡུལ་ཆེན་པོ་ཕུལ་བས། ས་སྐྱའི་དཔོན་ཆེན་བསྐོས་ཏེ། བོད་ཁ་བ་ཅན་གྱི་རྒྱལ་ཁམས་ལ་དཔལ་ལྡན་ས་སྐྱ་པས་དབང་མཛད་པ་ཡིན་ནོ། །མྱོས་བྱེད་སྦྱངས་པའི་མེ་སྟག་ལ། །རིག་འཛིན་ཀུ་མ་རཱ་ཛ་འཁྲུངས།༦༡༣།མེ་ལོང་རྡོ་རྗེའི་སློབ་མ་དེ་ལ་བསེ་རུས་སྦྱངས་པ་ཡི། །མེ་ཡོས་རབ་བྱུང་ལྔ་པར་སླེབས།༦༡༢།བུག་སྦྱངས་མེ་ཁྱི་དཔང་ལོ་འཁྲུངས།༦༠༣།སྙན་དངགས་སོགས་རིགས་གནས་སྐོར་ལ་བཀའ་དྲིན་ཆེ་བའི་ལོ་ཙཱ་བ། རི་སྦྱངས་ཆུ་ལུག་ཟུར་བྱམས་སེང་།༥༩༦།རྙིང་མའི་ཟུར་པའི་བརྒྱུད་པ་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་དང་གཡུང་སྟོན་རྡོ་རྗེ་དཔལ་བཟང་གཉིས་ཀྱི་བླ་མ་ཡིན། འཁྲུངས་ཤིང་གཟུགས་ཕྲི་ཤིང་སྤྲེལ་ལ། །ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། །ཀརྨ་པ་གསུམ་པ། གཡུང་སྟོན་རྡོ་རྗེ་དཔལ་གོང་གི་བླ་མ་འདི་གཉིས་ཀྱི་སློབ་མ་བཀའ་རྙིང་ཐུན་མོང་གི་བླ་མ་ཡིན། གཉིས་བལྟམས།༥༩༥།དེ་ནས་དུས་སྦྱངས་ལྕགས་སྟག་ལ། །ཐམས་ཅད་མཁྱེན་པ་བུ་སྟོན་འཁྲུངས།༥༨༩།གསར་མ་སྤྱིའི་ཡོངས་གྲགས་ཀྱི་མཁས་པ་ཆེན་པོ། ལག་པས་དམན་པའི་ཆུ་འབྲུག་ལ། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་འཁྲུངས།༥༨༧།དབུ་མ་གཞན་སྟོང་གི་སྲོལ་འབྱེད་ཇོ་ནང་བའི་བསྟན་པའི་བདག་པོ་ཡིན། ཡུ་མོ་མི་བསྐྱོད་རྡོ་རྗེ་ཞེས་པའི་གསར་མའི་གྲུབ་ཐོབ་ཅིག་བྱོན་པའི་སློབ་རྒྱུད་ལ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བླ་མ་ཡོན་ཏན་དཔལ་གཉིས་ཀྱི་དྲུང་ནས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་གསར་རྙིང་གི་ཆོས་མང་པོ་གསན། ཁྱད་པར་དུ་དུས་འཁོར་གྱི་སྒོ་ནས་གྲུབ་པ་ཐོབ། རིགས་ལྡན་པདྨ་དཀར་པོ་དང་སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྣམས་ཀྱི་སྤྲུལ་པར་ཞལ་གྱིས་བཞེས། མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་། རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ཞེས་པ་དུས་འཁོར་གྱི་རྫོགས་རིམ་ཡིན་ལ། འདི་དག་གི་སྒོ་ནས་བསྟན་པ་བསྐྱངས་བའི་བརྒྱུད་འཛིན་རྣམས་ལ་ཇོ་ནང་བ་ཞེས་གསར་མའི་གྲུབ་མཐའ་གཅིག་ཡིན་ཀྱང་། བསྟན་པ་ཉམས་ཉེས་ཆེ་བས་ད་ལྟ་ཤར་ཛམ་ཐང་སོགས་ཁ་ཤས་ལས་མི་བཞུགས། སླར་ཡང་མིག་སྦྱངས་ཤིང་རྟ་ལ། །སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་འཁྲུངས།༥༨༥།རྙིང་མ་པ་ཡིན། གཟུགས་སྦྱངས་ཤིང་ལུག་ཐོགས་མེད་དང་།༥༨༤།བོད་ཀྱི་དངུལ་ཆུ་ཐོགས་མེད། རི་སྦྱངས་ཆུ་སྟག་བྱང་རྩེ་བལྟམས།༥༧༧།ལོ་ཆེན་བྱང་ཆུབ་རྩེ་མོ། དེ་ལ་རོས་སྦྱངས་ས་སྤྲེལ་ལ། །ཀུན་མཁྱེན་དྲི་མེད་འོད་ཟེར་འཁྲུངས།༥༧༦།རྫོགས་ཆེན་བརྒྱུད་པ་ཀུ་མ་རཱ་ཛའི་སློབ་མ་ཡིན། རིག་བྱེད་སྦྱངས་བའི་ཆུ་བྱི་ལ། །དཔལ་ལྡན་བླ་མ་དམ་པ་འཁྲུངས།༥༦༧།
ཆོས་རྒྱལ་འཕགས་པའི་ཚ་བོ་བླ་མ་བདག་ཉིད་ཆེན་པོ་བཟང་བོ་དཔལ་གྱི་སྲས་ཡིན་ནོ། །ཆོས་སྦྱངས་རབ་བྱུང་དྲུག་པ་ཡི། །ཐོག་མའི་མེ་མོ་ཡོས་དེ་ལ། །རིགས་ལྡན་མཐའ་ཡས་སེང་ཁྲིར་རིགས་ལྡན་བཅོ་ལྔ་པ་ཕེབས།༥༥༢།བུག་གཟུགས་སྦྱངས་པའི་མེ་ཁྱི་ལ། །རྡོ་རྗེ་གླིང་པ་འཁྲུངས་ནས་ལོ།༥༣༣།
གཏེར་སྟོན་གླིང་པ་བརྒྱད་ཀྱི་ནང་ཚན་བཻ་རོའི་སྐྱེ་མཐའ་ཡིན། དེ་ལས་མིག་སྦྱངས་ས་བྱི་ལ། །ཀུན་མཁྱེན་གཡག་པོ་འཁྲུངས་ནས་ལོ།༥༣༡།དཔལ་ལྡན་ས་སྐྱའི་བསྟན་འཛིན་གྱི་གཙོ་བོ་བཞི། མདོ་ཕྱོགས་ཀྱི་བསྟན་འཛིན་གྱི་གཙོ་བོ་གཡ༷ག་རོ༷ང་གཉིས། སྔགས་ཕྱོགས་ཀྱི་བསྟན་འཛིན་གྱི་གཙོ་བོ་ངོར་རྫོང་གཉིས་སུ་གྲགས་པ་ལས། ཀུན་མཁྱེན་གཡ༷ག་པོ་ཞེས་པ་ནི། མཁས་པ་ཆེན་པོ་ཡིན་ཞིང་། སློབ་རྒྱུད་ཀྱང་ཡོད་ཚོད་འདུག་སྟེ་ད་ལྟ་དགོན་པ་སོགས་ཡོད་པ་མ་ཐོས་སོ། །གཟུགས་སྦྱངས་ས་གླང་ཕག་གྲུ་ཡི། །ཏཱ་སིས་བོད་ཁམས་ཁ་ལོ་བསྒྱུར།༥༣༠།ས་སྐྱའི་བླ་མ་བསོད་ནམས་རྒྱལ་མཚན་གྱི་རྗེས་སུ་ས་སྐྱའི་སྐུ་ངོ་རྣམས་ནང་མི་འདུམ་པ་སོགས་ཀྱི་རྐྱེན་དང་། ཁྱད་པར་པདྨ་བཀའ་ཐང་ལས། ཡར་ཀླུང་མཐིལ་དུ་རྣམ་སྨིན་བསྐྱེད་རྒྱལ་འབྱུངཿཞེས་དང་། ས་ནང་གྲུབ་ནས་ཕག་གིས་ས་སློག་འཇིགཿཅེས་པ་ལྟར་ལུང་བསྟན་དུས་ལ་བབས་པས། ཡར་ཀླུང་རྩིས་ཐང་གི་དཔོན་པོ་སྡེ་སྲིད་ཕག་མོ་གྲུ་པའམ། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཞེས་པའི་ཐབས་སྣ་ཚོགས་ཀྱིས་བོད་དབུས་གཙང་ཀུན་ལ་དབང་བསྒྱུར་ཞིང་། རྒྱ་ནག་ཕོ་བྲང་ནས་ཀྱང་བདག་རྐྱེན་ཆེན་པོ་གནང་ནས་ཕྱིས་སུ་གཙང་པ་རྒྱལ་པོ་ཡན་ཆད་དུ་འདིའི་བརྒྱུད་པས་བོད་ཀྱི་རྒྱལ་པོ་བྱས། འདི་རྣམས་ལྷ་རིགས་རླངས་ཀྱི་གདུང་བརྒྱུད་ཡིན། དེ་ལས་གཟུགས་དམན་ལྕགས་སྟག་ལ། །སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེའི་སྲས་སྒྲོལ་ཆེན་སངས་རྒྱས་རིན་ཆེན་འཁྲུངས།༥༢༩།དེ་ལ་རི་སྦྱངས་མེ་བྱ་ལ། །འཇམ་མགོན་བློ་བཟང་གྲགས་པ་འཁྲུངས།༥༢༢།འདིའི་རྗེས་འཇུག་རྣམས་ལ་དགེ་ལུགས་པའི་མིང་གིས་དགའ་ལྡན་པའམ་ཞྭ་སེར་བ་ཞེས་ཟེར་ཏེ། གསར་མའི་གྲུབ་མཐའ་ཆེ་ཤོས་ཤིག་ཡིན། དེ་ལས་ཕྱོགས་སྦྱངས་མེ་ལུགས་ལ། །རོང་སྟོན་ཤཱཀྱ་རྒྱལ་མཚན་འཁྲུངས།༥༡༢།རོང་སྟོན་ཤེས་བྱ་ཀུན་གཟིགས་ཀྱིས་ན་ལེནྡྲའི་དགོན་པ་བཏབ། བར་སྐབས་སུ་ཚོགས་པ་སྟོང་ཕྲག་མང་པོ་འདུ་ཞིང་ས་སྐྱ་པའི་མཚན་ཉིད་ཀྱི་གྲས་ཆེ་ཤོས་ཡིན། བྲོ་བ་ཕྲི་བའི་ཆུ་གླང་ལ། །པཎ་ཆེན་འཇིགས་མེད་གྲགས་པ་འཁྲུངས།༥༠༦།བུ་ག་སྦྱངས་པའི་ཆུ་ཁྱི་ལ། །ངོར་ཆེན་ཀུན་དགའ་བཟང་པོ་དང་། །ངོར་ཆེན་ཀུན་དགའ་བཟང་པོས་ངོར་ཨེ་ཝྃ་ཆོས་ལྡན་གྱི་དགོན་པ་བཏབ་ཅིང་། འདིའི་དགོན་པའི་མཁན་ཁག་བཞི་པོ། ཐར་རྩེ། ཀླུ་སྡིངས། ཕན་ཁང་། ཁང་སར་བཞི་ཡིན། རྫོང་པ་ཀུན་དགའ་རྒྱལ་མཚན་འཁྲུངས།༤༩༧།རྫོང་པ་ཀུན་དགའ་རྣམ་རྒྱལ་ཞེས་སོགས་མཁས་གྲུབ་མང་དུ་བྱོན་ཀྱང་མཐུ་འགྲས་འགའ་ཞིག་གི་རྐྱེན་གྱིས་ད་ལྟ་དགོན་པ་སོགས་མེད།  མིག་གིས་ཕྲི་བའི་ཤིང་བྱི་ལ། །པཎ་ཆེན་ནགས་ཀྱི་རིན་ཆེན་འཁྲུངས།༤༩༥།དེ་ལས་གཟུགས་དམན་ཤིང་གླང་ལ།
གྲུབ་ཆེན་ཐང་སྟོང་རྒྱལ་པོ་འཁྲུངས།༤༩༤།རྙིང་མ་པ་བྱང་གཏེར་གྱི་བརྒྱུད་འཛིན་ཞིག་ཡིན། ལག་པ་སྦྱངས་པའི་མེ་ཡོས་ཏེ། །རབ་བྱུང་བདུན་པའི་དང་པོ་ཡིན།༤༩༢།རིག་བྱེད་ཕྲི་ལྷག་ལྕགས་ལུག་ལ། །པཎ་ཆེན་དགེ་འདུན་གྲུབ་པ་འཁྲུངས།༤༨༨།རྗེ་ཙོང་ཁ་བའི་སློབ་པའི་གཙོ་བོ་རྒྱལ་བ་སྐུ་ཕྲེང་ཐོག་མ་ཡིན། དེ་ལས་གཅིག་དམན་ཆུ་སྤྲེལ་ལ། །འགོས་ལོ་གཞོན་ནུ་དཔལ་བ་འཁྲུངས།༤༨༧།
འདི་གསར་རྙིང་རིས་མེད་ཀྱི་མཁས་པ་ཆེན་པོ་ཡིན་ཞིང་གཙོ་བོ་བཀའ་བརྒྱུད་པར་གཏོགས། གདེངས་ཀས་སྦྱངས་པའི་ལྕགས་འབྲུག་ལ། །པཎ་ཆེན་བསོད་ནམས་རྒྱལ་མཚན་འཁྲུངས།༤༧༩།རྩེ་མོས་སྦྱངས་པའི་ཆུ་ལུག་ལ། །རཏྣ་གླིང་པ་འཁྲུངས་ནས་ལོ།༤༧༦།རྙིང་མའི་གཏེར་སྟོན་ཡིན། དེ་ལས་དུས་སྦྱངས་ས་གླིང་ལ། །ལྷ་ལྡན་སྨོན་ལམ་ཆེན་མོ་བཙུག །བློ་བཟང་གྲགས་པས། རི་བོ་དགའ་ལྡན་ཆོས་གྲྭ་བཏབ།༤༧༠།ཡོན་ཏན་གྱིས་སྦྱངས་ཆུ་འབྲུག་ལ། །བྱམས་ཆེན་རབ་འབྱམས་འཁྲུངས་
ནས་ལོ།༤༦༧།རྗེ་ཙོང་ཁ་པའི་སློབ་མ། བཞི་སྦྱངས་མེ་སྤྲེལ་འབྲས་སྤུངས་དང་།༤༦༢།མེ་སྦྱངས་ས་ཕག་སེ་ར་བཏབ།༤༦༣།དགེ་ལུགས་པ་ཡིན། འབྱུང་བ་སྦྱངས་པའི་ཤིང་འབྲུག་ལ། །ལོ་ཆེན་བསོད་ནམས་རྒྱལ་མཚན་འཁྲུངས།༤༥༥།རྩེ་མོས་སྦྱངས་བའི་མེ་ལུག་ལ། །རིགས་ལྡན་ས་སྐྱོང་བཅུ་དྲུག་པ། སེང་ཁྲིར་ཕེབས།༤༥༢།ཟླ་བས་ཕྲི་བའི་ས་སྤྲེལ་ལ། །པཎ་ཆེན་ཤཱཀྱ་མཆོག་ལྡན་འཁྲུངས།༤༥༡།གསེར་མདོག་ཅན་ཞེས་པ་ས་སྐྱ་བས་རྟགས་ཙམ་ཡིན། གཟུགས་ཕྲིས་ས་བྱར་གོ་རམ་པ། །ས་སྐྱའི་མཁས་པ་ཆེན་པོ། བལྟམས་ཤིང་ངོར་གྱི་ཆོས་སྡེ་བཏབ།༤༥༠།རྩེ་མོས་སྦྱངས་པའི་ཆུ་བྱི་ལ། །ས་སྐྱ་པ་ཐུབ་བསྟན་ཀུན་དགའ་རྣམ་རྒྱལ་འཁྲུངས།༤༥༧།དེ་ལས་བུག་སྦྱངས་ལྕགས་བྱ་ལ། །ལོ་ཆེན་ཆོས་སྐྱོང་བཟང་པོ་འཁྲུངས།༤༣༨།ཞྭ་ལུ་ལོ་ཙཱ་བ། རོ་སྦྱངས་རབ་བྱུང་བརྒྱད་པའི་མགོར། །བཀྲ་ཤིས་ལྷུན་པོའི་སྡེ་བཏབ་ཅིང་། །པཎ་ཆེན་དགེ་འདུན་གྲུབ་ཀྱིས་བཏབ་པས། ད་ལྟ་ཡོངས་སུ་གྲགས་པའི་གཙང་བཀྲ་ཤིས་ལྷུན་པོ། ཕུག་པ་ལྷུན་གྲུབ་རྒྱ་མཚོས་པད་དཀར་ཞལ་ལུང་བརྩམས་པའི་ལོ།༤༣༢
མིག་སྦྱངས་ས་སྤྲུལ་སྐྱེད་ཚལ་བཏབ།༤༣༣།ས་སྐྱ་བའི་མཁས་པ་ཆེན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང་གི་གདན་ས་འབྲས་ཡུལ་སྐྱེད་ཚལ་ཞེས་ད་ལྟ་ས་སྐྱ་བའི་མཚན་ཉིད་ཀྱི་གྲྭ་ས་ཆེ་ཤོས་ཡིན། གཟུགས་ཕྲི་ལྕགས་རྟར་པད་གླིང་འཁྲུངས།༤༣༠།རྙིང་མའི་གཏེར་སྟོན། རྩེ་མོས་སྦྱངས་པའི་ཆུ་བྱ་ལ། །སྤྱན་སྔ་ཆོས་ཀྱི་གྲགས་པ་འབྲི་གུང་དུ་འཁྲུངས།༤༢༩།རབ་བྱུང་བརྒྱད་པའི་ཐོག་མར་གྲྭ་ཕུག་པ་ལྷུན་གྲུབ་རྒྱ་མཚོ། གྲྭ་ཆུང་ཡོན་ཏན་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ་སྟེ། རྒྱ་མཚོ་རྣམ་གསུམ་དུ་གྲགས་པས་སྐར་རྩིས་ཀྱི་བསྟན་བཅོས་པདྨ་དཀར་པོའི་ཞལ་ལུང་བརྩམས་ཤིང་། ཁྱད་པར་མཁས་གྲུབ་ནོར་བཟང་རྒྱ་མཚོས་ལྷན་ཐབས་བུ་ཡིག་སྐོར་མཛད་ཅིང་། དེ་ཕྱིན་ཆད་ཕུག་ལུགས་ཀྱི་རྩིས་ཞེས་བཻ་དཀར་དང་ཉིན་སྣང་གཉིས་སོགས་ཕལ་ཆེར་གྱི་ཁུངས་སུ་བྱེད་པ་ཡིན། དྲག་པོ་སྦྱངས་པའི་ཤིང་སྤྲེལ་ལ། །རྡོ་རྗེ་གདན་གྱི་ཆོས་གྲྭ་བཏབ།༤༡༨།གོང་དཀར་རྡོ་རྗེ་གདན་ཞེས་ས་སྐྱའི་དགོན་པ་ཆེ་ཤོས་ཡིན། ཉི་མས་སྦྱངས་བའི་མེ་སྤྲེལ་ལ། །པཎ་ཆེན་དགེ་འདུན་རྒྱ་མཚོ་བལྟམས།༤༠༣།དགེ་འདུན་གྲུབ་ཀྱི་སྤྲུལ་སྐུ་རྒྱལ་བ་གཉིས་པ། སྐྱོན་སྦྱངས་ཤིང་སྟག་ཚར་ཆེན་དང་། །ས་སྐྱའི་བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་སློབ་མ་ལམ་འབྲས་སློབ་བྱེད་ཀྱི་བརྒྱུད་པ་འཛིན་པའི་གཙོ་བོ་ཀུན་སྤངས་རྡོ་རིང་པ་ཆེན་པོ་ཞེས་བསམ་གྱིས་མི་ཁྱབ་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱི་སློབ་མ་ཚར་ཆེན་བློ་གསལ་རྒྱ་མཚོ་ཞེས་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་བྱོན། དེའི་སློབ་བརྒྱུད་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་རིམ་པར་བྱོན་ལ། ས་སྐྱའི་ཚར་ལུགས་པ་ཞེས་ཟེར་རོ། །སྣ་ཚོགས་རང་གྲོལ་འཁྲུངས་ནས་ལོ།༣༨༨།རྙིང་མ་པ། འདོད་སྦྱངས་རབ་དགུ་ཤར་བ་ཡི། །མེ་ཡོས་ཀུན་དགའ་གྲོལ་མཆོག་དང་། །ཇོ་ནང་པ། མི་བསྐྱོད་རྡོ་རྗེ་འཁྲུངས་ནས་ལོ།༣༧༥།ཀརྨ་པ་བརྒྱད་པ། མཁའ་མིག་གིས་དམན་མེ་ཕག་ལ། །རིགས་ལྡན་བཅུ་བདུན་པ་དཔལ་སྐྱོང་ཁྲིར་ཕེབས་ཤིང་།
འབྲུག་པ་པདྨ་དཀར་པོ་འཁྲུངས།༣༥༢།ད་ལྟ་འབྲུག་ཐམས་ཅད་མཁྱེན་པ་ཞེས་གྲགས་པ་འདི་འབྲུག་པའི་སྐུ་ཕྲེང་དང་པོ་ཡིན། བུག་སྦྱངས་མེ་སྤྲེལ་བསྟན་འཛིན་གྲགས།༣༤༣།སྨིན་གླིང་སྐུ་མཆེད་ཀྱི་ཡབ་མེས་གོང་མ་ཞིག་ཡིན། གཟུགས་ཕྲི་མེ་བྱར་དར་གླིང་བཏབ།༣༤༢།འདིའི་དགོན་པ་དར་རྒྱས་ཆོས་གླིང་། དུས་སྦྱངས་ཆུ་ཡོས་ཐམས་ཅད་མཁྱེན། །བསོད་ནམས་རྒྱ་མཚོ་འཁྲུངས་ནས་ལོ།༣༣༦།རྒྱལ་བ་གསུམ་པ། དེ་ལས་ཆུ་མིག་སྦྱངས་པ་ཡི། །རབ་བཅུའི་མེ་ཡོས་ཤར་བ་ཡིན།༣༡༥།བུ་ག་སྦྱངས་པའི་མེ་བྱི་ལ།
སྨྱོས་སྟོན་བསྟན་འཛིན་བཟང་པོ་འཁྲུངས།༣༠༦།བསྟན་འཛིན་གྲགས་པའི་སྲས། འདོད་པ་སྦྱང་བའི་ས་གླང་ལ། །རྒྱལ་བ་ཡོན་ཏན་རྒྱ་མཚོ་འཁྲུངས།༢༩༣།རྒྱལ་བ་བཞི་པ། བུ་ག་སྦྱང་བའི་ས་ཁྱི་
ལ། །གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་འཁྲུངས།༢༨༤།གཏེར་སྟོན་པདྨ་གླིང་པའི་གསུང་གི་སྤྲུལ་པ། མེ་གཟུགས་སྦྱངས་པའི་ལྕགས་ཕག་ལ། །གསང་བདག་ཕྲིན་ལས་ལྷུན་གྲུབ་འཁྲུངས།༣༧༡།
གཏེར་ཆེན་གྱི་ཡབ་བསྟན་འཛིན་བཟང་པོའི་སྲས་སྨིན་གླིང་གཏེར་ཆེན་སྐུ་མཆེད་ཀྱི་སྤུན་ཡིན། དེ་ལས་དུས་སྦྱངས་མེ་སྦྲུལ་ལ། །རྒྱལ་མཆོག་ལྔ་པ་ཐམས་ཅད་མཁྱེན། །རྒྱལ་དབང་ལྔ་པ། ངག་དབང་བློ་བཟང་རྒྱ་མཚོ་འཁྲུངས།༢༦༥།ཕྱོགས་སྦྱངས་རབ་དྲག་མེ་ཡོས་ལ། །རིགས་ལྡན་བཅོ་བརྒྱད་པ་སེང་གེ་སྟོན་པར་ཕེབས།༢༥༥།རིག་བྱེད་གཟུགས་སྦྱངས་ལྕགས་སྦྲུལ་ལ། །རིག་འཛིན་པདྨ་ཕྲིན་ལས་དང་།
རིག་འཛིན་ངག་གི་དབང་པོའི་སྤྲུལ་སྐུ་རྡོ་རྗེ་གྲགས་ཞབས་དྲུང་རིན་པོ་ཆེ། ཐུགས་སྲས་བསྟན་འཛིན་འགྱུར་མེད་འཁྲུངས།༢༤༡།པད་གླིང་ཐུགས་སྤྲུལ། འདི་སྐབས་གཙང་པ་སྡེ་སྲིད་ཅེས་ཤིན་ཏུ་དབང་ཆེ་བ་ཞིག་བྱུང་སྟེ། ཀརྨ་པ་དང་། ཇོ་ནང་པའི་སྦྱིན་བདག་གི་གཙོ་བོ་གྱུར། དགེ་ལུགས་པའི་ཕྱོགས་ལ་ཤིན་ཏུ་ལྡང་ཞིང་ཁྱད་པར་ས་ཐག་ཉེ་བའི་བཀྲ་ཤིས་ལྷུན་པོ་ལ་གནོད་ཚབ་ཆེ། རྒྱལ་དབང་ལྔ་པའི་ཡབ་ཀྱང་བཙོན་དུ་བཟུང་ནས་བཙོན་ཞབས་སུ་ཤི །སེམས་འབྲས་དགེ་གསུམ་ཆོས་ལུགས་བསྒྱུར་བ་སོགས་གནོད་པ་སྣ་ཚོག ས་བྱེད་སྐབ ས་སྐྱི་ཤོད་སྡེ་པ་བསོད་ནམས་རབ་བརྟན་ཞེས་རྒྱལ་བ་གོང་མའི་ཕྱག་མཛོད་ཅིག་ཡོད་པ་དེས་སོགས་དམག་བསྐུལ་ནས་སོག་པོའི་དཔོན་ཁ ག་གོ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་དམག་གིས་གཙང་
པ་རྒྱལ་པོ་བཅོམ། ཀརྨ་པས་ཀོང་དམག་ཕུད་ནས་གཙང་པ་རྒྱལ་པོ་གསུང་ཤོག་བསྐུར་ཡོད་པའི་ནང་ན། སེ་འབྲས་དགེ་གསུམ་བཤིག་རྒྱལ་བ་དང་པཎ་ཆེན་གཉིས་བཟང་བཙོན་གྱིས་ལ་ཁྲིད་ཤོག་ཟེར་བ་ཡོད་པའི་ཡིག་ཁྱེར་སོག་པོའི་བཟུང་། སོག་པོའི་རྒྱལ་པོ་ཁྲོས་ནས་མིག་གིས་མཐོང་བར་བཀའ་བརྒྱད་པ་འཇོག་རེ་ཞེས་མནའ་བསྐྱལ། སོག་དམག་གིས་སྟོབ་མངའ་
རིས་ཡུལ་མན་ཆད་དབང་དུ་བསྡུས་ཏེ། རྒྱལ་དབང་ལྔ་བ་ཆེན་པོ་ལ་ཕུལ་ཏེ། དེ་ཕྱིན་ཆད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་རྒྱལ་པོ་བྱེད་པ་འདི་འབྱུང་ངོ། །དེའི་ཁམས་གླིང་ཐང་སྒྲོལ་མའི་ཕྱོགས་སུ་བེ་རུ་དོན་གྲུབ་ཅེས་བོན་པོའི་སྦྱིན་བདག་གི་རྒྱལ་པོ་ཞིག་བྱུང་། དེས་ས་དགེ་རྙིང་གསུམ་གྱི་བླ་མ་མང་པོ་བཙོན་དུ་བཟུང་ནས་བསྟན་པ་ཀུན་ལ་གནོད་ཚབ་ཆེ་བའང་སོག་པོའི་རྒྱལ་པོ་འདིས་དམག་གིས་བརླགས་པ་དང་། ད་ལྟ་སོག་པོ་རྟ་ཁྲབ་ཅན་ཟེར་བ་ཡིན་ནོ། །གོ་ཤྲཱིའི་དཔུང་གིས་བོད་ཁམས་ཀུན། །དབང་བསྡུས་གཟུགས་ཕྲི་ཆུ་རྟ་ལ། །གོང་ས་ལྔ་བ་ཆེན་པོར་ཕུལ།༢༤༠།དེ་ལ་མཚོས་སྦྱངས་མེ་ཁྱི་ལ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཁྲུངས།༢༣༦།སྨིན་གླིང་གཏེར་ཆེན། ལག་པས་ཕྲི་བའི་ས་བྱི་ལ། །རྒྱལ་སྲས་བསྟན་པའི་ཉི་མ་འཁྲུངས།༢༣༤།གཏེར་ཆེན་གྱི་སྐུ་མཆེད་ཡིན། མ་ནུས་སྦྱངས་པའི་ཆུ་སྟག་ལ། །པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དང་། །གཙང་པཎ་ཆེན། གསང་བདག་ཕྲིན་ལས་ལྷུན་གྲུབ་གཤེགས།༢༢༠།དེ་ལས་གཟུགས་ཕྲི་ཆུ་ཡོས་ལ། །པཎ་ཆེན་མཆོག་གི་སྤྲུལ་སྐུ་དང་། །བསྟན་འཛིན་གཞན་ཕན་དབང་པོ་འཁྲུངས།༢༡༩།རྙིང་མ་པ་ཡིན། རི་སྦྱངས་ལྕགས་ཁྱི་སྨིན་གྲོལ་གླིང་།༢༡༢།བཙུགས་ཤིང་དུས་སྦྱངས་མེ་འབྲུག་ལ། །བཞུགས་གནས་གཙུགས་ལག་ཁང་ཆེན་བཏབ།༢༠༦།མེ་སྦྱངས་ས་ལུག་ལྷ་སྲས་ཉིད། །སླར་ཡང་བོད་རྗེར་བྱོན་པའི་ལོ།༢༠༣།སྡེ་སྲིད་སངས་རྒྱས་རྒྱ་མཚོ་བོད་རྒྱལ་པོ་བསྐོས། གཟུགས་ཕྲི་ལྕགས་སྤྲེལ་རྗེ་བླ་མས། །སྨིན་གླིང་གཏེར་ཆེན། ཤ་རུག་ཟབ་གཏེར་བཞེས་པའི་ལོ།༢༠༢།ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར། གཟུགས་སྦྱངས་ལྕགས་བྱར་རྩིས་ཀྱི་གཞུངས། །ཉིན་བྱེད་སྣང་བ་བརྩམས་ནས་ལོ།༢༠༡།དེ་ནས་གཟུགས་ཕྲི་ཆུ་ཁྱི་ལ། །རྒྱལ་མཆོག་ལྔ་པ་གཤེགས་པའི་ལོ།༢༠༠།མཚོ་སྦྱངས་མེ་སྟག་རྒྱལ་བའི་སྲས། །པདྨ་འགྱུར་མེད་རྒྱ་མཚོ་འཁྲུངས།༡༩༦།སྨིན་གླིང་གཏེར་ཆེན་གྱི་སྲས་ཆེ་བ། གཟུགས་སྦྱངས་རབ་ཉི་མེ་ཡོས་ལ། །བཻ་ཌཱུར་དཀར་པོའི་རྩིས་མགོ་གཟུགས།༡༩༥།རྒྱ་མཚོས་སྦྱངས་པའི་ལྕགས་ལུག་ལ། །སྐུ་འབུམ་མཐོང་གྲོལ་ཆེན་པོ་བཞེངས། །སྨིན་གླིང་དུ་མཆོད་རྟེན་ཞིག་བཞེངས་པའོ། །འགྱུར་མེད་ཡིད་བཞིན་ལེགས་གྲུབ་འཁྲུངས།༡༩༡།
སྨིན་གླིང་རྒྱལ་སྲས། རྩེ་མོས་སྦྱངས་པའི་ཤིང་ཁྱི་ལ། །ལྷ་ལྡན་ཚོགས་མཆོད་ཆེན་མོ་བཙུགས།༡༨༨།
རྒྱལ་དབང་ལྔ་པའི་འདས་མཆོད། ཉི་མས་སྦྱངས་པའི་མེ་ཁྱི་ལ། །བསྟན་འཛིན་ཇིང་གིར་རྒྱལ་པོ་ཡིས། །བོད་ཁམས་ཡོངས་ལ་ཁ་ལོ་བསྒྱུར།༡༧༦།དེ་ལ་གདེངས་ཅན་སྦྱངས་པ་ཡིས། །ཤིང་རྟ་འདི་ཡི་སྟེང་སླེབས་ཏེ། །ཉིན་བྱེད་སྣང་བའི་འདས་ལོའི་གྲངས།༡༦༨།བསྟུང་ནས་དབྲི་བསྣན་གྱིས་བཅོས་པའི། །ལོ་ཡིན་རིམ་རྩིས་མ་ཁམས་ན། །རབ་བྱུང་སྐོར་རེའི་མཚམས་བཟུང་ནས། །མཆོངས་ཏེ་མཁའ་རོས་སྦྱངས་པ་ཡིས། །ཚེགས་མེད་བདེ་བླག་རྟོགས་པར་འགྱུར། །དཔལ་སྤྲུལ་པས་སོ། །དགེའོ། །[[Category:Wyckibaat]]

Latest revision as of 16:46, 3 June 2024

Wylie title rtsis gzhung nyin byed snang ba'i lag len bu yig ngo mtshar phreng ba
Location dpal sprul bka' 'bum
Volume 1, Text 23, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Annotations- mchan  ·  Chronologies- bstan rtsis
Colophon

དཔལ་སྤྲུལ་པས་སོ། །དགེའོ།

dpal sprul pas so/_/dge'o/

[edit]
༄༅། །རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །


ཨོཾ་སྭ་སྟི། དྲི་མེད་རྒྱལ་བའི་བསྟན་པ་དང་། །དེ་འཛིན་བླ་མ་དམ་པ་ལ། །གུས་པའི་ཕྱག་འཚལ་རྒྱུད་འགྲེལ་ལས། །ཆོས་རྒྱལ་རིགས་ལྡན་བྱོན་པའི་རབས། །རིམ་པར་ངེས་བསྟན་སྲོག་ཤིང་ལ། །བརྟེན་ནས་གནས་སྐབས་ལག་རྩིས་པར། །ཉེར་མཁོའི་རྟེན་རྩིས་རྣམ་གྲངས་འགའ། །རི་མོས་བདེ་བླག་རྩི་ཐབས་བཤད། །འབྱུང་རི་རོ་མིག་༢༦༧༥ལོ་ཚོགས་ལ། །རབ་བྱུང་བཅུ་གཉིས་པའི་ནང་གི །ཤིང་རྟ་ལ་སོགས་འདས་པ་བསྲེ། །སྟོན་མཆོག་དམ་པ་ས་ལུག་གི །ཆུ་སྟོད་ཟླ་བའི་བཅོ་ལྔ་ལ། །ལྷུམས་སུ་ཞུགས་པ་ཕྱིན་གྱི་ལོ།༢༨༤༠།དགའ་ལྡན་གྱི་གནས་ནས་ལྷའི་བུ་དམ་པ་ཏོག་དཀར་པོ་ཉིད་གླང་པོ་ཐལ་དཀར་མཆེ་བ་དྲུག་ལྡན་དུ་སྤྲུལ་ནས། དེ་ལ་གཟུགས་སྦྱངས་ལྕགས་སྤྲེའུ་ཡི། །ས་གའི་ཚེས་བདུན་བལྟམས་ནས་ལོ།༢༨༣༩།ལུམ་བུ་ནིའི་ཚལ་དུ་ཡུམ་སྒྱུ་འཕྲུལ་ཆེན་མོའི་རྩིབས་མ་གཡས་པའི་གོ་བར་ནས། ཀླུ་ལག་༢༨གིས་སྦྱངས་ས་བྱི་ལ། །ཁབ་སྤངས་མཆོད་རྟེན་རྣམ་དག་གི །དྲུང་དུ་རབ་ཏུ་བྱུང་བའི་ལོ།༢༨༡༡།ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་དཀའ་བ་སྤྱད་པ། རོས་ཕྲི་ཤིང་རྟ་ས་གའི་ཉའི། །ཐོ་རངས་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ་ནས་རྫོགས་སངས་རྒྱས་པ་དང་། ལོ་དེའི་ཆུ་སྟོད་ཚེས་བཞི་ནས། །ཡུལ་ཝ་ར་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་དང་ལྷ་བརྒྱད་ཁྲི་ལ། ཆོས་འཁོར་ཐོག་མར་བསྐོར་བའི་ལོ།༢༨༠༥།དེ་ལས་༤༦དུས་མཚོ་དམན་པའི་ལྷག །ལྕགས་འབྲུག་ནག་ཉར་རྩ་བའི་རྒྱུད། །ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་དྲུང་དུ་ཟླ་བཟང་སོགས་ལ་དུས་འཁོར། ལེགས་བསྟན་ཕྱི་ཟླ་ས་གའི་ཉར། རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་པའི་ཚེ་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་། ཤཱ་རིའི་བུ་དང་ཉམ་དུ་དགྲ་བཅོམ་པ་བརྒྱད་ཁྲི། མཽ་གལ་གྱི་བུ་དང་མཉམ་དུ་དགྲ་བཅོམ་པ་བདུན་ཁྲི་མྱ་ངན་ལས་འདས་པས། འཁོར་དགྲ་བཅོམ་པ་ཕལ་ཆེར་ཟད་ཅིང་། དགེ་སྷོང་རྣམས་སྡེ་སྣོད་གསུམ་མི་འདོན་པས། ལྷ་རྣམས་ཀྱིས་ཤཱཀྱ་ཐུབ་པའི་བསྟན་པ་ནི་མེ་ཤི་བའི་དུ་བ་བཞིན་གྱུར་ཏོ་ཞེས་འཕྱ་བ་བསལ་བ འི་ཕྱིར་ཨ་སུ་རའི་བྲག་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས། དབྱར་འབྲིང་ཟླར། །ཀུན་དགའ་བོས་མདོ་སྡེ། ཉེ་བ་འཁོར་གྱིས་འདུལ་བ། འོད་སྲུང་ཆེན་པོས་མངོན་པ་བསྡུ་བ་མཛད། བཀའ་བསྡུ་དང་པོ་བྱས་ནས་ལོ།༢༧༥༩།གཟུགས་ཕྲི་ལྕགས་སྤྲེའུ་བྱང་ཤམྦྷ་ལའི་ཆོས་རྒྱལ་བདུན་གྱི་དང་པོ། ཟླ་བཟང་གིས། །རྩ་རྒྱུད་བསྡུས་ཤིང་འགྲེལ་པས་བཀྲལ།༢༧༥༨།སླར་ཡང་མིག་སྦྱངས་ཆུ་ལུག་ལ། །གཞལ་མེད་ཁང་ཀཱ་ལ་པའི་གྲོང་དུ་དུས་འཁོར་གྱི་བློ་བསླངས། བཞེངས་གཤེགས་པའི་ལོ།༢༧༥༦།དེ་ལས་གཟུགས་དམན་ཤིང་སྤྲེལ་ལ། །ཆོས་རྒྱལ་གཉིས་པ་ལྷ་དབང་སྟོན་པར་ཕེབས་པ་དང་། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་། །སིན་ངྷུའི་མཚོ་གླིང་བལྟམས་ནས་ལོ།༢༧༥༥།མཚོ་མིག་ཕྲི་ལྷག་སྤྲེའུའི་ལོར། །རིགས་ཅན་ལྔ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ན་ལྷག་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། མི་ལི་ཙ་བི་དྲི་མེད་གྲགས་པ་ལྔ་ནང་དུ་ཡང་དག་འཇོག་ལས་བ ཞེངས་ཏེ་རང་རང་གི་རྫུ་འཕྲུལ་གྱི་རི་མ་ལ་ཡི་གནམ་ལྕགས་ཡོད་པའི་རྩེར་འདུས་ཏེ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉེར་གསུམ་བཏོན་པས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ནས་གསང་སྔགས་ཀྱི་རྒྱུད་ཐམས་ཅད་གསུངས་པ་སྲིན་པོ་བློ་གྲོས་ཐབ ས་བདུན་གྱི་བཻ་ཌཱུརྻའི་གླེགས་བུ་ལ་གསེར་ཞུན་ནས་ཡི་གེར་བྲིས་པ་ནམ་མཁའི་དབྱིངས་སུ་གཏེར་དུ་སྦས་པ་ཉིད་རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབ་པའོ། །ལ་གསང་བདག་གིས། ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས། ཞིང་རྒྱལ་པོ་ཛར། །གསང་སྔགས་གླེགས་བམ་བབས་ནས་ལོ།༢༧༡༡།མིག་ཐུབ་སྦྱངས་པའི་ལྕགས་སྤྲེལ་ལ། །ཁ་བ་ཅན་དུ་མཚོ་བྲི་ནས། །དེ་དུས་བོད་ཡུལ་འདི་མཚོ་ཡིན། སཱ་ལའི་ནགས་ཚལ་ཆགས་ནས་ལོ།༢༦༥༩།དེ་ནས་མཚོ་སྦྱངས་ཤིང་བྱི་ལ། །ཆོས་རྒྱལ་གསུམ་པ་གཟི་བརྗིད་ཅན་གྱིས་ཆོས་བསྟན་ལོ།༢༦༥༥།བྲོ་བ་སྦྱངས་ལྷག་ལྕགས་རྟ་ལ། །རྒྱ་གར་གྱི་ཡུལ་དབུས་སུ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱི་མི་རུང་བའི་བཞི་བཅུ་བསྒྲགས་པའི་ཚེ། དགྲ་བཅོམ་པ་གྲགས་པ་ལ་སོགས་པའི་བདུན་རྒྱས་ཚར་བཅད་ནས་སྡེ་སྣོད་གསུམ་ཚར་གཅིག་སྟོན་པའོ། །བཀའ་བསྡུ་བར་པ་བྱས་ནས་ལོ།༢༦༤༩།ཆུ་བུག་སྦྱངས་ལྷག་ཤིང་འབྲུག་ལོར། །ཆོས་རྒྱལ་བཞི་པ་ཟླ་བའི་བྱིན་ཕེབས་༢༥༥༥མཁའ་མཁའ་གཟུགས། །ཕྲི་ལྷག་ཤིང་སྤྲེལ་ཆོས་རྒྱལ་ལྔ་པ་ལྷའི་དབང་ཕྱུག །ཁྲིར་ཕེབས་༢༤༥༥དེ་ནས་གཟུགས་མཚོ་དམན། །ཤིང་གླང་རྫོགས་པ་ཆེན་པོའི་བསྟན་པའི་བདག་པོ་དགའ་རབ་རྡོ་རྗེ་འཁྲུངས།༢༤༡༤།དེ་ལས་འབྱུང་དབང་ཕྲི་བའི་ལྷག །ཟབ་མོ་དབུ་མའི་ཤིང་རྟའི་སྲོལ་འབྱེད་ལྕགས་སྤྲེལ་འཕགས་པ་ཀླུ་སྒྲུབ་འཁྲུངས།༢༣༥༩།བསྟན་པའི་གཏད་རབས་བདུན་ནི།༡ འོད་སྲུང་།༢ ཀུན་དགའ་བོ།༣ ཤ་ནའི་གོས་ཅན།༤ ཉེར་སྦས།༥ དྷི་དྷི་ཀ ༦ ནག་པོ། ༧ ལེགས་མཐོང་དང་བདུན་ནོ། །འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ལས། མཆོག་གཉིས་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་གཉིས་སོ། །རྒྱན་དྲུག་ནི། ཆོས་འདུལ་གཞུང་འབྱེད་པ་པོ་ཡོན་ཏན་འོད། དེའི་འགྲེལ་བ་མཛད་པ་པོ་ཤཱཀྱ་འོད། ཚད་མའི་གཞུང་འབྱེད་ཕྱོགས་ཀྱི་གླང་པོ། དེའི་འགྲེལ་བ་མཛད་པ་ཆོས་ཀྱི་གྲགས་པ། སྔར་བཤད་པའི་འཕགས་པ་ཀླུ་སྒྲུབ་ཟབ་མོ་དབུ་མའི་གཞུང་འབྱེད་པ་པོ་དང་དེའི་འབྲེལ་བ་མཛད་པ་པོ་ཨཱརྱ་དེ་ཝ། སློབ་དཔོན་ཐོགས་མེད་རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་པ་དང་དེའི་འགྲེལ་བ་མཛད་པ་པོ་དབྱིག་གཉེན་ཏེ་འགྲེལ་བྱེད་ཕྱི་མ་གཉིས་རྒྱན་དྲུག་གི་ནང་དུ་བརྩིའོ། །ཆུ་གཏེར་གྱིས་སྦྱངས་ཤིང་བྱི་དང་། །དེ་ནས་བརྒྱ་བརྒྱ་སྦྱངས་པ་ཡི། །ཤིང་འབྲུག་ཤིང་སྤྲེལ་རིམ་པ་ལྟར། །ཆོས་རྒྱལ་དྲུག་པ། སྣ་ཚོགས་༢༣༥༥གཟུགས་དང་ལྷའི་དབང་༢༢༥༥ལྡན། །ཆོས་རྒྱལ་བདུན་པ། ཤམ་བྷ་ལའི་རིགས་ལྡན་ཉེར་ལྔའི་དང་པོ་གྲགས་པ་རྣམས་ཀྱིས་ཆོས་༢༠༥༥བསྟན་ཅིང་། །སླར་ཡང་བརྒྱ་སྦྱངས་ཤིང་བྱི་ལ། །གྲགས་པས་རྒྱུད་བསྡུས་རིགས་ལྡན་གཉིས་པསྲས་པད་དཀར། །ཁྲིར་འཁོད་འགྲེལ་ཆེན་བརྩམས་ནས་ལོ།༢༠༥༥།མཁའ་འབྱུང་ཕྲི་བའི་ཤིང་སྟག་ལ། །པོད་ཀྱི་རྒྱལ་པོ་ཐོག་མ་ཡིན། གཉའ་ཁྲི་བཙན་པོ་བོད་རྗེར་བྱོན།༢༠༠༥།ཐིག་དབང་སྦྱངས་ལྷག་ཤིང་འབྲུག་ལ། །རིགས་ལྡན་གསུམ་པ་བཟང་པོ་ཁྲིར་ཕེབས་ཕྱིན་གྱི་ལོ།༡༣༥༥།རོ་བུག་སྦྱངས་པའི་ལྕགས་འབྲུག་ལ། །རྒྱ་ཆེན་སྤྱོད་པའི་ཤིང་རྟའི་སྲོལ་འབྱེད་འཕག་པ་ཐོགས་མེད་འཁྲུངས་ནས་ལོ།༡༨༥༩།དེ་ནས་མཚོ་དང་བརྒྱ་ལན་གསུམ། །རིམ་སྦྱངས་ཤིང་གི་སྤྲེལ་བྱི་འབྲུག །སྤྲེལ་ལོ་རྣམས་ལ་རིམ་པ་ལྟར། །རིགས་ལྡན་བཞི་པ་རྣམ་རྒྱལ་ལྔ་བ་བཤེས་༡༧༥༥བཟང་དྲུག་༡༦༥༥པ་རིན་ཆེན་ཕྱག །རིགས་ལྡན་བདུན་པ་ཁྱབ་འཇུག་སྦས་རྣམས་ཁྲིར་ཕེབས་ལོ།༡༥༥༥།མཁའ་དབང་སྦྱངས་ལྷག་ཤིང་ཁྱི་ལ། །གཉའ་ཁྲི་ནས་རྒྱལ་རབས་ཉེར་བདུན་འདས་པ་ན་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས།༡༥༠༥།བོད་ཁ་བ་ཅན་གྱི་རྒྱལ་ཁབ་ཏུ་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཕོ་བྲལ་ཡུམ་བུ་བླ་མཁར་གྱི་སྟེང་དུ། མདོ་སྡེ་ཟ་མ་ཏོག དཔང་སྐོང་ཕྱག་བརྒྱ་དང་། སཱཙྪའི་བསྐོར་ཕོར་བཀའ་རྟགས་ཀྱི་ཕྱག་རྒྱ་སླ་ང་ཙམ་སོགས་བབས་ཏེ་དམ་པ་ཆོས་ཀྱི་དབུ་བརྙེས། ཐིག་དབང་སྦྱངས་པའི་ཤིང་བྱི་ལ། །རིགས་ལྡན་བརྒྱད་པ་ཉི་མ་གྲགས་པ་ཁྲིར་ཕེབས་ལོ།༡༤༥༥།བུག་སྦྱངས་ཆུ་བྱར་ཡུམ་བུ་ཡི། །མཁར་སྟེང་ཚིནྡ་མ་ཎི་སོགས། །བབས་ཏེ་ཆོས་ཀྱི་དབུ་བརྙེས་ལོ།༡༤༤༦།མཁའ་རོ་ཕྲི་ལྷག་ཆུ་བྱ་ལ། །ཐོ་རི་གཉན་བཙན་གཤེགས་ནས་ལོ།༡༣༨༦།གཟུགས་མེས་སྦྱངས་པའི་ཤིང་འབྲུག་ལ། །རིགས་ལྡན་དགུ་པ་ཤིན་ཏུ་བཟང་པོ་ཁྲིར་ཕེབས་ལོ།༡༣༥༥།ཐིག་ཀླུ་དམན་ལྷག་ཤིང་བྱི་ལ། །སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་འཁྲུངས་ནས་ལོ།༡༢༧༥།མི་བདག་སྦྱངས་པའི་ལྕགས་འབྲུག་གིས། །འབྲས་དུས་ལྔ་བརྒྱ་ཕྲག་གསུམ་རྫོགས།༡༢༥༩།སྤྱིར་སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་ཁྲག་བཅུ་ལས། དང་པོ་འདྲེས་དུས་གསུམ་ལ་དགྲ་བཅོམ་ཕྱིར་མི་འོང་ཕྱིར་འོང་རྒྱུན་ཞུགས་ཏེ། འབྲས་བུ་བཞི་ཐོབ་པ་མང་། གཉིས་པ་སྒྲུབ་པའི་དུས་གསུམ་ལ་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་སྟེ་བསླབ་གསུམ་སྒྲུབ་པ་ཤས་ཆེ། གསུམ་པ་ལུང་གི་དུས་གསུམ་ལ་འདུལ་བ་མདོ་སྡེ་མངོན་པ་སྟེ། སྡེ་སྣོད་གསུམ་ལ་འཆད་ཉན་བྱེད་པ་མང་། བཞི་པ་ལྔ་བརྒྱ་ཕྲག་བཅུ་པ་ལ། བཤད་སྒྲུབ་གཉིས་ཀ་མེད་པའི་རྟགས་ཙམ་འཛིན་པའོ། །རིག་བྱེད་སྦྱངས་པའི་ཤིང་སྤྲེལ་ལ། །རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་ཅིང་། །མ་གར་ཀླ་ཀློ་ཞུགས་པ་དང་། །ཕྱི་རོལ་བྱེད་པའི་རྩིས་མགོ་གཟུགས།༡༢༥༥།དེ་ལ་ལྔས་སྦྱངས་ས་གླང་ལ། །ཆོས་རྒྱལ་སྲོང་བཙན་སྒམ་པོ་བལྟམས།༡༢༥༠།ཐོ་རི་གཉན་བཙན་ནས་རྒྱལ་རབས་ལྔ་པ་སྤྱན་རས་གཟིགས་དངོས་བོད་ཀྱི་རྒྱལ་པོར་བྱོན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཐུ་མི་སམྦྷོཊས་བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད། རྒྱ་གར་གྱི་པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་སྒྲ་དང་ཡི་གེའི་རིག་པ་བསླབ། མདོ་སྡེ་ཟ་མ་ཏོག་སོགས་བོད་སྐད་དུ་བསྒྱུར། ཕྱག་རྡོར་གྱི་སྤྲུལ་པ་བློན་པོ་མགར་དམ་པའི་བློ་ཐབས་སྣ་ཚོགས་ཀྱིས་རྒྱལ་པོའི་བཙུན་མོ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་རྒྱ་བཟའ་ཀོང་ཅོ་དང་། ལྷ་མོ་ཁྲོ་གཉེན་ཅན་གྱི་སྤྲུལ་པ་བལ་བཟའ་ཁྲི་བཙན་གཉིས་སྤྱན་དྲངས་བརྫངས་སུ་ཇོ་ཤཱཀ་རྣམ་གཉིས་བོད་དུ་ཕེབས། རྒྱལ་པོས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། ལས་དང་སྐལ་བ་ལྡན་པ་རྣམས་ལ་ཐུགས་རྗེ་ཆེན་པོའི་གདམས་སྐོར་དང་ཞལ་གདམས་མང་དུ་གསུངས་ཏེ་དམ་པ་ཆོས་ཀྱི་སྲོལ་བཏོད། ལག་མིག་ཕྲི་ལྷག་ལྕགས་ཕག་ལ། །ར་ས་འཕྲུལ་སྣང་བཏབ་ནས་ལོ།༡༢༢༨།གཟུགས་ཚེས་སྦྱངས་པའི་ཆུ་རྟ་ལ། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་འཁྲུངས།༡༠༧༧།དེ་ནས་རྒྱལ་རབས་ལྔ་པ་འཇམ་དཔལ་གྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་དང་། མཁན་པོ་བོདྷི་སཏྭ་སོགས་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས། སྐུ་རྟེན་དུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། གསུང་རྟེན་དུ་དམ་པའི་ཆོས་བཀའ་བསྟན་བཅོས་ཐམས་ཅད་བོད་དུ་བསྒྱུར། ཐུགས་རྟེན་དུ་དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་པ་དར་རྒྱས་སུ་མཛད་པའོ། །ཆུ་གཏེར་གྱིས་སྦྱངས་མེ་ཁྱི་ལ། །རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའ་ཁྲིར་ཕེབས་རང་ལུགས་ཀྱི། །བྱེད་པའི་རྩིས་མགོ་གཙུག་ནས་ལོ།༡༠༧༣།དུས་གཟུགས་སྦྱངས་པའི་ཆུ་སྟག་ལ། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་། །གངས་ཅན་ལྗོངས་འདིར་ཕེབས་པ་དང་། །བསམ་ཡས་བཏབ་པ་ཕྱིན་གྱི་ལོ།༡༠༥༧།དེ་ལ་ཆུ་སྦྱངས་མེ་རྟ་ལ། །རབ་གནས་མངའ་གསོལ་མཛད་ནས་ལོ།༡༠༥༣།གཟུགས་སྦྱངས་མེ་ལུག་སད་མི་བདུན། །བོད་ཀྱི་མི་རབ་བྱུང་། ཨེ་ཐུབ་སད་པའི་ཕྱིར། བཻ་རོ་སོགས་བདུན་རབ་ཏུ་བྱང་། །རབ་ཏུ་བྱུང་བ་ཕྱིན་གྱི་ལོ།༡༠༥༢།རི་གཟུགས་ཕྲི་བའི་ཤིང་བྱི་ལ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་མི་ཡུལ་དུ་ལོ་བརྒྱ་བཞུགས་འཁྲུངས།༡༠༣༥།སློབ་དཔོན་ཆེན་པོས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་ལས་ཅན་སྙིང་གི་བུ་དགུ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དབང་བསྐུར་བའི་ཚེ། གསེར་སྲང་རེའི་མེ་ཏོག་དཀྱིལ་འཁོར་དུ་དོར་བའི། སངས་རྒྱས་ཡེ་ཤེས་ཀྱི་མེ་ཏོག་ལྷོ་འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ་བབས། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་མེ་ཏོག་ནུབ་རྟི་མགྲིན་ལ། མཁར་ཆེན་བཟའ་མཚོ་རྒྱལ་གྱི་མེ་ཏོག་བྱང་ཕུར་བ། གནུབས་ནམ་མཁའི་སྙིང་པོའི་མེ་ཏོག་ཤར་ཡངས་དག་ལ། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་མེ་ཏོག་ཤར་ལྷོ་མ་མོ་རྦོད་གཏོང་ལ། གཉགས་ཆེན་ཛྙཱ་ན་ཀུ་མ་ར་མེ་ཏོག་ལྷོ་ནུབ་བདུད་རྩི་ཡོན་ཏན་ལ་བབས། རླངས་ཆེན་དཔལ་གྱི་སེང་གེའི་མེ་ཏོག་ནུབ་བྱང་འཇིག་རྟེན་མཆོད་བསྟོད་ལ། པ་གོར་བཻ་རོ་ཙ་ནའི་མེ་ཏོག་བྱང་ཤར་རྨོད་པ་དྲག་སྔགས། མངའ་བདག་ཆོས་རྒྱལ་ཆེན་པོའི་མེ་ཏོག་དབུས་ཆེ་མཆོག་ལ་བབས་ཏེ་སོ་སོའི་སྒོ་ནས་གྲུབ་པ་ཐོབ་པའོ། །སྤྱིར་གསང་སྔགས་རྙིང་མའི་བསྟན་པ་དང་པོ་གནུབས་ལ་བབས། བར་དུ་སོ་ལ་བབས། ཐ་མ་ཟུར་ལ་བབས། སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པ་ལས། དང་པོ་གནུབས་ཆེན་རྒྱལ་པོ་ཡེ་ཤེས་ནི། ཨོ་རྒྱན་པདྨ་འབྱུང་གནས། པཎ་ཆེན་བི་མ་མི་ཏྲ། བལ་པོ་བ་སུ་དྷ་ར་སོགས་རྒྱ་བལ་གྱི་མཁས་པ་མང་པོ་དང་། གནུབས་ཆེན་ཛྙཱ་ན་ཀུ་མ་སོགས་བོད་ཀྱི་མཁས་པ་མང་པོའི་གདམས་ངག་མངའ། འཇམ་དཔལ་གཤིན་རྗེའི་སྒོ་ནས་གྲུབ་པ་ཐོབ་སྟེ། གཉགས་ཀྱི་གྲོང་ཁྱེར་བདུན་གྱི་སོགས་ཚར་བཅད་རགྱ་གར་རྡོ་རྗེ་གདན་དུ་ནམ་མ ཁའ་ནས་རྡོ་རྗར་རྩེ་དགུ་པ་ཞིག་ཕྱག་ཏུ་བབ་སྟེ་ཕྱག་ན་རྡོ་རྗེ་དངོས་སུ་གྱུར་པ་སོགས་འགྲན་ཟླ་བྲལ་བའི་མཁས་གྲུབ་ཆེན་པོ་ཡིན། དེའི་སྲས་ཀྱི་ཐུ་བོ་ས་གསུམ་བརྙེས་པ། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་སོགས་ལས་རྒྱུད་དེ་སོའི་སྔགས་འཆང་རྣམས་ལ་བབས་ཤིང་དེ་དག་ལས་བརྒྱུད་དེ་ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེ་སྟེ་ཟུར་མེས་དབོན་རྣམ་གསུམ་ནས་བཟུང་ཟུར་བྱམས་པ་སེང་གེའི་བ ར་དུ་རྙིང་མ་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་དབག་པོ་ཡིན་ནོ། །ལག་མིག་སྦྱངས་པའི་མེ་ཁྱི་ལ། །མངའ་བདག་ཁྲི་རལ་འཁྲུངས་ནས་ལོ༡༠༡༣། །མངའ་བདག་ཁྲི་སྲོང་གི་སྲས་མུ་ཏིག་བཙན་པོ་ལ་སྲས་གཙང་མ་ད ར་མ་ལྷ་རྗེ་ལྷུན་གྲུབ་རལ་བ་ཅན་དང་ལྔ་ཡོད་པའི་ཆུང་བ་ཕྱག་རྡོར་གྱི་སྤྲུལ་པའོ། །ཕྱགས་སྦྱངས་མེ་སྤྲེལ་ཨོ་རྒྱན་རྗེ། །རྔ་ཡབ་གླིང་དུ་གཤེགས་ནས་ལོ༡༠༠༣། །རྒྱལ་པོ་སྦྱང་པའི་ཁྱི་བྱི་ལ། །བསྟན་པའི་ཉི་མ་བླ་ཆེན་འཁྲུངས༩༨༧།།བུག་སྦྱངས་ལྕགས་བྱར་གླང་དར་མས། །བསྟན་པ་སྣུབས་པ་ཕྱིན་གྱི་ལོ༩༧༨།།ཟུང་དབང་གིས་ཕྲི་ཁྱི་གླང་ལོ། །བསྟན་པ་ཕྱི་དར་ཐོག་མར་ངེས༩༢༦། །ཇོ་བོ་དྭཱི་པཾ་ཀ་ར་འདི་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་གྱི་སྲས་ཡིན། ཟབ་མོ་ལྟ་བརྒྱུད་རྒྱ་ཆེན་སྤྱོད་རྒྱུད་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་གྱི་གདམས་ངག་ཐམས་ཅད་རྫོགས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་བཞིན་དབོན་ཞི་བ་འོད་ཀྱིས་ལོ་ཙཱ་བ་མ ང་པོ་སྔ་ཕྱིར་བཏང་ནས་དཀའ་བ་ཆེན་པོས་བོད་དུ་སྤྱན་དྲངས་ནས། བྱང་ཆུབ་སེམས་ཀྱི་བསྟན་པ་སྤེལ་ཞིང་ཁྱད་པར་དུ་རྗེ་བཙུན་སྒྲོལ་མའི་ལུང་བསྟན་བཞི ན་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སྲས་ཀྱི་ཐུ་བུར་གྱུར་ཏེ་དེ་ལ་ཆོས་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་གཏད། འབྲོམ་སྟོན་གྱིས་རྭ་སྒྲེང་དཔལ་གྱི་དགོན་པ་བཏབ། དེ་ལ་སྲས་སྐུ་མཆེད་གསུམ་སོགས་ཇོ་བོ་ཡབ་སྲས་ཀྱི་སློབ་བརྒྱུད་རྣམས་ལ་བ ཀའ་གདམས་པ་ཞེས་གསར་མའི་གྲུབ་མཐའ་ཆེ་ཤོས་ཤིག་ཡིན། ད་ལྟ་དགེ་ལུགས་པ་རྣམས་རྗེ་བློ་བཟང་གྲགས་པ་མན་ལ་བཀའ་གདམས་གསར་མ་དང་། དེ་ཡན་ལ་བཀའ་གདམས་རྙིང་མ་ཞེས་ཟེར་རོ། །འབྱུང་བས་སྦྱངས་པའི་ས་རྟ་ལ། །ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས༩༢༡།།བསྟན་པ་ཕྱི་དར་གསར་མའི་ལོ་ཙཱ་བ་ཐམས་ཅད་ཀྱི་ཐོག་མ། དེ་ལ་ཚེས་སྦྱངས་ཁྱི་བྱ་དེ། །ཕྱི་དང་ཐོག་མར་བུ་སྟོན་བཞེད༩༠༦། །དེ་ལ་ལྔས་སྦྱངས་ས་སྟག་དེ། །ཕྱི་དར་ཐོག་མར་འབྲོམ་སྟོན་བཞེད། །རྒྱ་གར་གྱི་པཎ་ཆེན་ནཱ་རོ་པའི་ལྩམ་ནི་གུ་མའི་སློབ་མ་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་ཡིན། ཁྱུང་པོ་རྣལ་འབྱོར་འཁྲུངས་ལོ་ཡིན༩༡༡།།དེ་ལ་མཚོས་དམན་ཆུ་རྟ་ལ། །ཇོ་བོ་དཱི་པཾ་ཀ་ར་འཁྲུངས།༨༩༧།ལག་མིག་སྦྱངས་བའི་ཤིང་འབྲུག་ལ། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་འཁྲུངས།༨༧༥།དེ་ལ་ཀླུས་སྦྱངས་ཆུ་བྱི་ལ། །མངའ་བདག་མར་པ་ལོ་ཙཱ་དང་། །འདི་རྒྱ་གར་དུ་བྱོན་ནས་པཎ་ཆེན་ནཱ་རོ་པའི་ཐུགས་སྲས་སུ་གྱུར་ཏེ། གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་གསན། མངའ་བདག་མཻ་ཏྲི་པ་ལ་གྲུབ་ཐོབ་ས་ར་ཧ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་གདམས་ངག་གསན། བོད་དུ་བྱོན་ནས་བསྟན་པ་བསྐྱངས་པས་རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་ངེ་། གཙང་རོང་གི་མེས་སྟོན་ཚོན་པོ་རྗེ་བཙུན་མི་ལ་རས་པ་སྟེ་ཐུགས་སྲས་ཀ་བ་བཞི་ལས་རྗེ་བཙུན་མི་ལིའི་སློབ་མ་མཉམ་མེད་དྭག ས་པོ་རིན་པོ་ཆེ་དང་པོ་རྒྱ་ལྕགས་རི་བ་སོགས་ལས་བཀའ་གདམས་གསན། ཕྱི་ནས་རྗེ་བཙུན་མི་ལ་ལས་ཕྱག་ཆེན་དང་ཆོས་དྲུག་སོགས་གསན་ནས་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཟེར། འདི་རྣམས་ཀྱིས་བརྒྱུད་པ་ལ་བཀའ་བརྒྱུད་ཟེར་རོ། །དེ་ཡང་གསར་མའི་གྲུབ་མཐའ་ཆེ་ཤིས་ཤིག་ཡིན། གྲྭ་པ་མངོན་ཤེས་རྒྱུད་བཞིའི་གཏེར་སྟོན་འཁྲུངས་ནས་ལོ།༨༦༧།མིག་སྦྱངས་ཤིང་སྟག་ཟུར་ཚུང་བསྟམས།༨༦༥།དེ་ལ་འདོད་སྦྱངས་མེ་ཡོས་ནི། །རབ་བྱུང་དང་པོའི་ཐོག་མ་སྟེ། །རིགས་ལྡན་བཅུ་གཉིས་པ་ཉི་མ་ཁྲིར་ཕེབས་ཤིང་། །དུས་འཁོར་རྒྱུད་འགྲེལ་འཕགས་བོད་ཕེབས་པའི་ལོ།༨༥༢།སླར་ཡང་འདོད་སྦྱངས་ལྕགས་འབྲུག་ལ། །མི་ལ་བཞད་པ་རྡོ་རྗེ་འཁྲུངས།༨༣༩།དེ་ལ་ཉི་སྦྱངས་ཆུ་འབྲུག་ལ། །འཛེང་ཀློང་སྡེའི་བརྒྱུད་པ་ཞིག་ཡིན་སྒོམ་ངྷརྨ་བོ་ངྷི་འཁྲུངས།༨༢༧།ལྔ་ཕྲི་མེ་བྱར་འབྲོམ་སྟོན་པའི་གདན་ས་རྭ་སྒྲེང་བཏབ།༨༢༢།མིག་སྦྱངས་ས་ཕག་རྔོག་ལོ་འཁྲུངས།༨༢༠།དེ་ལ་མ་ནུ་ཕྲི་བ་ཡི། །ཆུ་མོ་གླང་ལ་གསང་ཕུ་རྔོག་ལོའི་གདན་ས་དང་། །དཔལ་ལྡན་ས་སྐྱ་བཏབ་ནས་ལོ།༨༠༦།དེ་ལ་གཟུགས་སྦྱངས་ཤིང་སྟག་ལ། །ཟུར་ཆུང་བའི་སྲས་གསང་བདག་ཤཱཀྱ་སེང་གེ་འཁྲུངས།༨༠༥།ལྔས་སྦྱངས་ས་མོ་ལུག་གི་ལོ། །དྭགས་པོ་ཟླ་འོད་གཞོན་ནུ་མི་ལའི་སློབ་མ། འཁྲུངས།༨༠༠།མི་ལའི་སློབ་མ་གདེངས་ཀས་སྦྱངས་པའི་མེ་ཡོས་དེ། །རབ་བྱུང་གཉིས་པའི་ཐོག་མ་ཡིན།༧༩༢།སློབ་དཔོན་ཆེན་པོའི་སློབ་མ་འཁོན་ཀླུ་དབང་བསྲུང་བ། དེའི་ཚ་རྒྱུད་ལ་འཁོན་རོགས་ཤེས་རབ་ཚུལ་ཁྲིམས་ཡན་རྙིང་མ་པ་ཡིན། དེའི་སྲས་འཁོན་དཀོན་མཆོག་རྒྱལ་པོའི་འབྲོག་མི་ལོ་ཙཱའི་སློབ་མ་ཞང་དཀོན་པ་ལས་ལམ་འབྲས་གསན། དེ་ཕྱིན་ཆད་གསར་མ་བར་གྱུར་དཀོན་མཆོག་རྒྱལ་པོའི་སྲས་ས་ཆེན་ཀུན་དགའ་སྙིང་པོ། དེའི་སྲས་བསོད་ནམས་རྩེ་མོ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་ཆེན་ཡོངས་རྫོགས་དགེ་བསྙེན་དང་། སྲས་གཉིས་ཚངས་སྤྱོད་དགེ་བསྙེན་མཛད་པས་འདི་གསུམ་ལས་ས་སྐྱའི་དཀར་པོ་རྣམས་གསུམ་ཟེར། རྗེ་བཙུན་གྲགས་པའི་ཚ་བོ་འཇམ་དབྱངས་ས་སྐྱ་པཎ་ཆེན། དེའི་སྐུ་མཆེད་ཟངས་ཚ་བསོད་ནམས་རྒྱལ་མཚན། དེའི་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་འདི་རྣམ་གཉིས་དགེ་སློང་ཡིན་པས་དམར་པོ་རྣམ་གཉིས་ཟེར། འདི་ལྔ་ལ་ས་སྐྱའི་རྗེ་བཙུན་གོང་མ་ལྔ་ཟེར། འདི་དག་ལས་བརྒྱུད་པ་རྣམས་ལ་དཔལ་ལྡན་ས་སྐྱ་པ་ཞེས་ཟེར་རོ། །བོད་ཀྱི་གསར་མའི་གྲུབ་མཐའ་ཆེ་ཤོས་ཤིག་ཡིན། མཚོས་སྦྱངས་ལྕགས་ལུག་བྱ་འདུལ་བལྟམས། ༧༨༨།ལོ་དེར་དམ་པ་དིང་རིར་ཕེབས། །འདི་ཡི་བརྒྱུད་པ་ལ་ཞི་བྱེད་པ་ཞེས་སྔོན་གསར་མའི་གྲུབ་མཐའ་ཞིག་ཏུ་བརྩི་ཡ ང་ད་ལྟ་འདིའི་བརྒྱུད་འཛིན་པའི་གྲུབ་མཐའ་འཛིན་པ་ལོགས་སུ་མེད། གཟུགས་སྦྱངས་ཆུ་སྤྲེལ་ས་ཆེན་འཁྲུངས། ༧༨༧།ས་སྐྱ་གོང་མ་ལྔའི་དང་པོ། དེ་ནས་མིག་སྦྱངས་ཤིང་ཁྱི་ལ། །ལྕེ་སྟོན་རྒྱ་ནག་གསང་བདག་སྒྲོ་ཕུག་པའི་སློབ་མ། འཁྲུངས་ནས་ལོ།༧༨༥།ཡོན་ཏན་གྱིས་སྦྱངས་མེ་གླང་ལ། །ཞང་སྟོན་བཀྲ་ཤིས་རྡོ་རྗེ་འཁྲུངས།༧༨༢།རྫོགས་ཆེན་མན་ངག་སྡེའི་སྙིང་ཐིག་གི་བརྒྱུད་པ་པཎ་ཆེན་བི་མ་མི་ཏྲ། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །དེའི་སློབ་མ་ཞང་སྟོན། དེ་ལ་ཁྱིམ་སྦྱངས་ས་གླང་ལ། ཆ་བ་ཆོས་ཀྱི་སེང་གེ་འཁྲུངས་ཤིང་རྔོག་ལོ་གཤེགས།༧༧༠།བསེ་རུས་སྦྱངས་པའི་ལྕགས་སྟག་ལ། །ཕག་གྲུ་དུས་མཁྱེན་རྣམ་གཉིས་འཁྲུངས།༧༦༩།དྭགས་པོའི་སློབ་མ་ཁམས་པ་མི་གསུམ་གྱི་ནང་ཚན། འདོད་སྦྱངས་ཆུ་ཡོས་ཞང་གཡུ་བྲག །དྭགས་པོའི་སློབ་མ། ༧༥༦ བལྟམས་ཤིང་གཟུགས་དམན་ཤིང་འབྲུག་ལ། །རྙིང་མའི་གཏེར་སྟོན་མཆོག་གཉིས་ཀྱི་དང་པོ་ཉང་རལ་ཉི་མ་འོད་ཟེར་འཁྲུངས།༧༥༥།ལག་ཕྲི་མེ་རྟར་དབུས་ཞིག་དང་། ལྷ་རྗེ་ཡོན་ཏན་སྲས་གཉིས་འཁྲུངས།༧༥༣།རྙིང་མ་པ་གཉིས་ཟླ་བས་དམན་པའི་མེ་ལུག་ལ། །པཎ་ཆེན་ཤཱཀྱ་ཤྲཱི་དང་། །རྒྱ་གར་ཁ་ཆེའི་པཎ་ཆེན་ཡིན་ཏེ། ད་ལྟ་བོད་ན་འདུལ་བའི་སྡོམ་རྒྱུན་གཉིས་ཡོད་པའི་གཅིག་འདི་ཡིན། དེ་ནི་བསྟམས་ཤིང་ཤམྦྷ་ལའི། །སེང་ཁྲིར་བཅུ་གསུམ་པ་སྣ་ཚོགས་གཟུགས་ཕེབས་ལོ།༧༥༢།གཟུགས་ཕྲི་ས་སྤྲེལ་གླིང་རས་པ། །འཁྲུངས་ཤིང་༧༥༡རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །ཆེ་བཞི་ཆུང་བཞི་བརྒྱུད་པར་བཅས་པ་ཡི། །བཀའ་བརྒྱུད་བླ་མ་རྣམ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་མར་མི་དྭགས་གསུམ་གྱི་བརྒྱུད་པ་ལ། ཀརྨ་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད། ཚལ་བ་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད་སོགས་མང་ཞིག་ཡོད་པ་ལས། ཀརྨ་བཀའ་བརྒྱུད་ནི་དྭགས་པོའི་སློབ་མ་ཁམས་པ་མི་གསུམ་ལས། རྗེ་དེ་གསུམ་མཁྱེན་པ། དེའི་སྤྲུལ་སྐུ་ཀརྨ་པཀྴི། དེའི་སྤྲུལ་སྐུ་རང་བྱུང་རྡོ་རྗེའི་སྐྱེ་བ་སྔ་ཕྱི་གཉིས་ཀྱི་བར་དུ་མངལ་གྱི་དྲི་མས་མ་གོས་པ། རྒྱལ་བ་ཤཀྱ་ཐུབ་དང་མཉམ་པར་གྲགས། དེའི་སྤྲུལ་སྐུ་ཀརྨ་པ་རོལ་པའི་རྡོ་རྗེ། ལྔ་པ་དེ་བཞིན་གཤེགས་པ། དྲུག་པ་མཐོང་བ་དོན་ལྡ། བདུན་པ་ཆོས་གྲགས་རྒྱ་མཚོ། བརྒྱད་པ་མི་སྐྱོད་རྡོ་རྗེ། འདི་ཡན་ལ་ཀརྨ་རབ་བརྒྱད་དུ་གྲགས་ཤིང་། དེའི་སྐུ་འཕྲེང་རིམ་པར་བྱོན་པ་རྣམས་ད་ལྟའི་བར་དུ་མཚུར་ཕུ་ན་བཞུགས་པ་རྣམས་ཡིན། ཕག་གྲུའི་སློབ་མ་འགྲོན་མགོན་གླིང་རྗེ་རས་པ། དེའི་སློབ་མ་གཙང་བ་བརྒྱ་རས་པ། དེའི་སློབ་མ་ལོ་རས་དབང་ཕྱུག་རྡོ་རྗེ། འདི་དག་གི་སློབ་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་དུ་གྲགས་ཤིང་། སྔོན་མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཏུ་གྲགས་ཤིང་། འབྲུག་པའི་བསྟན་པ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པར་གྲགས་སོ། །ཡང་འཕགས་གྲུའི་སློབ་མ་འབྲི་གུང་སྐྱོད་པ་འཇིག་རྟེན་མགོན་པོ། དེའི་སློབ་བརྒྱུད་རྣམས་འབྲི་གུང་བཀའ་བརྒྱུད་དུ་གྲགས། ཞང་གཡུ་དྲགས་འགྲོ་བའི་མགོན་པོ་ཞེས་པ་མཉམ་མེད་དྭགས་པོའི་སློབ་མ་ཡིན། དེའི་བརྒྱུད་པ་ལ་ཚལ་པ་བཀའ་བརྒྱུད་དུ་གྲགས། ཕག་གྲུའི་སློབ་མ་གཟིམ་གཡོག་སྟག་ལུང་པའི་བརྒྱུད་པ་རྣམས་ལ་སྟག་ལུང་བཀའ་བརྒྱུད་དུ་གྲགས་སོ། །ཡིད་སྦྱངས་ཆུ་ཁྱི་ལ། ས་སྐྱ་གོང་མ་གཉིས་པ་སློབ་དཔོན་བསོད་ནམས་རྩེ་མོ་དང་། ཕག་གྲུས་སློབ་མ་སྟག་ལུང་བཀའ་བརྒྱུད་ཐོག་མ་སྟག་ལུང་ཐང་བ་འཁྲུངས་ནས་ལོ།༧༣༧།དེ་ལ་གཟུགས་དམན་ཆུ་ཕག་ལ། །འབྲི་གུང་འཇིག་རྟེན་གསུམ་མགོན་འཁྲུངས།༧༣༦།ཆུས་སྦྱངས་རབ་བྱུང་གསུམ་པ་ཡི། །མེ་ཡོས་རྗེ་བཙུན་གྲགས་རྒྱལ་འཁྲུངས།༧༣༢།ས་སྐྱའི་གོང་མ་གསུམ་པ། དེ་ལ་མིག་སྦྱངས་ས་སྦྲུལ་ལ། །རྙིང་མ་བ་ཞིག་པོ་བདུད་རྩི་འཁྲུངས་ལོ་ཡིན།༧༣༠།དེ་ཡི་སྟེང་ནས་བུ་གས་སྦྱངས། །ས་སྟག་རྫོགས་ཆེན་བརྒྱུད་པ་ཞང་སྟོན་གྱི་སྲས་མཁས་པ་ཉི་འབུམ་འཁྲུངས།༧༢༡།རྩེ་མོས་སྦྱངས་པའི་ལྕགས་སྦྲུལ་ལ། །འགྲོ་མགོན་གཙང་པ་རྒྱ་རས་གླིང་རས་སློབ་མ་ཡིན་འཁྲུངས།༧༡༨།འབྱུང་བས་སྦྱངས་པའི་མེ་ཁྱི་ལ། །རོག་གི་མཁས་པ་ཤེར་འོད་འཁྲུངས།༧༡༣།རྙིང་མ་བ་ཡིན། སླར་ཡང་ལྔས་སྦྱངས་ལྕགས་ཡོས་ལ། །ཞིག་པོ་ཉི་མ་སེང་གེ་འཁྲུངས༧༡༨།རྙིང་མ་བ་ཡིན། དྲག་པོས་ཕྲི་བའི་ཆུ་སྟག་ལ། །ས་སྐྱ་གོང་མ་བཞི་པ་ས་སྐྱ་པཎ་ཆེན་འཁྲུངས་ནས་ལོ།༦༩༧།དེ་ལ་ཐུབ་སྦྱངས་ས་བྱ་ལ། །རྒོད་ཚངས་མགོན་པོ་རྡོ་རྗེ་འཁྲུངས།༦༩༠།ཕག་གྲུའི་སློབ་མ་སླར་ཡང་བདུན་སྦྱངས་མེ་འབྲུག་ལ། །རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པ་མཁས་པ་ཉི་འབུམ་གྱི་སློབ་མ་གུ་རུ་ཇོ་འབེར་བལྟམས་༦༨༣ནས་ལོ། །ཕྱོགས་སྦྱང་མེ་སྟག་པཀྴི་འཁྲུངས།༦༧༣།ཀརྨ་པ་གཉིས་པ། དེ་ལ་གཟུགས་ཕྲི་མེ་ཡོས་དེ། །རབ་བྱུང་བཞི་བའི་ཐོག་མ་ཡིན།༦༧༢།འབྱུང་བས་སྦྱངས་པའི་ཆུ་སྤྲེལ་ལ། །གཏེར་སྟོན་མཆོག་གཉིས་པ་གུ་རུ་ཆོས་ཀྱི་དབང་ཕྱུགས་བསྟམས།༦༦༧།རིག་བྱེད་ཕྲི་བའི་མེ་བྱི་ལ། །སྙེ་མདོ་ཐམས་ཅད་མཁྱེན་པ་འཁྲུངས།༦༦༣།གསར་མ་པ། བུ་གས་སྦྱངས་པའི་ཤིང་བྱ་ལ། །བྱང་རྡོར་གཉིས་ཀྱི་ཆོས་སྡེ་བཙུགས།༦༥༤།དེ་ལས་མིག་སྦྱངས་མེ་ཕག་ལ། །བཅུ་བཞི་པ་རིགས་ལྡན་ཟླ་འོད་སྟོན་པར་ཕེབས།༦༥༢།ནོར་ལྷ་སྦྱངས་པའི་ཤིང་ལུག་ལ། །འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས།༦༤༤།ས་སྐྱའི་གོང་མ་ལྔ་པའོ། །དེ་ལས་གཟུགས་ཕྲི་མེ་སྤྲེལ་ལ། །སྐལ་ལྡན་ཡར་ཀླུང་སྤྲུལ་སྐུ་འཁྲུངས།༦༤༣།རྩེ་མོས་སྦྱངས་པའི་ས་ཕག་ལ། །གྲུབ་ཐོབ་མན་ལུང་གུ་རུ་འཁྲུངས།༦༤༠།དེའི་སློབ་མ་རིག་བྱེད་སྦྱངས་པའི་ཆུ་ཡོས་ལ། །གྲུབ་ཆེན་མེ་ལོང་རྡོ་རྗེ་དང་། །རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པ་གུ་རུ་ཇོ་འབེར་གྱི་སློབ་མ་འཁྲུལ་ཞིག་སེང་གེ་རྒྱལ་པོ། ཀུན་སྤངས་ཐུགས་རྗེ་ཇོ་ནང་པའི་བླ་བརྒྱུད་གོང་མ་ཞིག་བརྩོན་འགྲུས་བལྟམས༦༣༦། །ཕྱོགས་སྦྱངས་ཆུ་གླང་ས་སྐྱ་པས། །བོད་ཁམས་ཡོངས་ལ་ཁ་ལོ་བསྒྱུར།༦༢༦།ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་སྐུ་རིང་ལ། རྒྱ་ནག་གི་རྒྱལ་ས་ཧོར་གྱིས་ཕྲོགས་ནས། ཧོར་རྒྱལ་པོའི་དམག་དཔོན་དོར་རྟ་ནག་པོས་གཙོ་བྱས་ཧོར་དམག་བོད་དུ་འོངས་ནས། མཐོང་ཚད་གསད་ན་བྲོས་ཚད་སྐྲག །ཅེས་པའི་ལུང་བུད་དེས་བོད་དུ་བཙན་པོའི་ཐམས་ཅད་བཤིགས། སྐྱེས་པའི་མི་ཐམས་ཅད་གསད་པའི་སྐབས་ཤིག་ན་ཧོར་རྒྱལ་པོ་ཆོས་ཀྱི་བསམ་པ་སྐྱེས་ཏེ། ས་སྐྱ་པཎ་ཆེན་གདན་དྲངས་ཡང་ཆོས་མ་ཞུས་པར་ལོ་མང་དུ་འགོར་བའི་ས་པཎ་ཧོར་ཡུལ་དུ་སྐུ་གཤེགས། རྒྱལ་པོ་དེའི་སྲས་སེ་ཆེན་རྒྱལལ་པོའི་ཆོས་རྒྱལ་འཕགས་པ་གདན་དྲངས། དབང་ལན་གསུམ་ཞུས་པའི་དབང་ཡོན་དུ་དང་པོ་བོད་ཁྲི་སྐོར་བཅུ་གཉིས་ཕུལ། བར་པ་ལ་བོད་ཆོལ་ཁ་གུམ་ཞེས་པ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ། མདོ་སྨད་གྱི་ལིང་རྟའི་ཆོལ་ཁ་སྟེ་གསུམ་ཕུལ། རྗེས་མ་ལ་རྒྱ་ཡི་མི་ཡུལ་ཆེན་པོ་ཕུལ་བས། ས་སྐྱའི་དཔོན་ཆེན་བསྐོས་ཏེ། བོད་ཁ་བ་ཅན་གྱི་རྒྱལ་ཁམས་ལ་དཔལ་ལྡན་ས་སྐྱ་པས་དབང་མཛད་པ་ཡིན་ནོ། །མྱོས་བྱེད་སྦྱངས་པའི་མེ་སྟག་ལ། །རིག་འཛིན་ཀུ་མ་རཱ་ཛ་འཁྲུངས།༦༡༣།མེ་ལོང་རྡོ་རྗེའི་སློབ་མ་དེ་ལ་བསེ་རུས་སྦྱངས་པ་ཡི། །མེ་ཡོས་རབ་བྱུང་ལྔ་པར་སླེབས།༦༡༢།བུག་སྦྱངས་མེ་ཁྱི་དཔང་ལོ་འཁྲུངས།༦༠༣།སྙན་དངགས་སོགས་རིགས་གནས་སྐོར་ལ་བཀའ་དྲིན་ཆེ་བའི་ལོ་ཙཱ་བ། རི་སྦྱངས་ཆུ་ལུག་ཟུར་བྱམས་སེང་།༥༩༦།རྙིང་མའི་ཟུར་པའི་བརྒྱུད་པ་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་དང་གཡུང་སྟོན་རྡོ་རྗེ་དཔལ་བཟང་གཉིས་ཀྱི་བླ་མ་ཡིན། འཁྲུངས་ཤིང་གཟུགས་ཕྲི་ཤིང་སྤྲེལ་ལ། །ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། །ཀརྨ་པ་གསུམ་པ། གཡུང་སྟོན་རྡོ་རྗེ་དཔལ་གོང་གི་བླ་མ་འདི་གཉིས་ཀྱི་སློབ་མ་བཀའ་རྙིང་ཐུན་མོང་གི་བླ་མ་ཡིན། གཉིས་བལྟམས།༥༩༥།དེ་ནས་དུས་སྦྱངས་ལྕགས་སྟག་ལ། །ཐམས་ཅད་མཁྱེན་པ་བུ་སྟོན་འཁྲུངས།༥༨༩།གསར་མ་སྤྱིའི་ཡོངས་གྲགས་ཀྱི་མཁས་པ་ཆེན་པོ། ལག་པས་དམན་པའི་ཆུ་འབྲུག་ལ། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་འཁྲུངས།༥༨༧།དབུ་མ་གཞན་སྟོང་གི་སྲོལ་འབྱེད་ཇོ་ནང་བའི་བསྟན་པའི་བདག་པོ་ཡིན། ཡུ་མོ་མི་བསྐྱོད་རྡོ་རྗེ་ཞེས་པའི་གསར་མའི་གྲུབ་ཐོབ་ཅིག་བྱོན་པའི་སློབ་རྒྱུད་ལ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བླ་མ་ཡོན་ཏན་དཔལ་གཉིས་ཀྱི་དྲུང་ནས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་གསར་རྙིང་གི་ཆོས་མང་པོ་གསན། ཁྱད་པར་དུ་དུས་འཁོར་གྱི་སྒོ་ནས་གྲུབ་པ་ཐོབ། རིགས་ལྡན་པདྨ་དཀར་པོ་དང་སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྣམས་ཀྱི་སྤྲུལ་པར་ཞལ་གྱིས་བཞེས། མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་། རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ཞེས་པ་དུས་འཁོར་གྱི་རྫོགས་རིམ་ཡིན་ལ། འདི་དག་གི་སྒོ་ནས་བསྟན་པ་བསྐྱངས་བའི་བརྒྱུད་འཛིན་རྣམས་ལ་ཇོ་ནང་བ་ཞེས་གསར་མའི་གྲུབ་མཐའ་གཅིག་ཡིན་ཀྱང་། བསྟན་པ་ཉམས་ཉེས་ཆེ་བས་ད་ལྟ་ཤར་ཛམ་ཐང་སོགས་ཁ་ཤས་ལས་མི་བཞུགས། སླར་ཡང་མིག་སྦྱངས་ཤིང་རྟ་ལ། །སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་འཁྲུངས།༥༨༥།རྙིང་མ་པ་ཡིན། གཟུགས་སྦྱངས་ཤིང་ལུག་ཐོགས་མེད་དང་།༥༨༤།བོད་ཀྱི་དངུལ་ཆུ་ཐོགས་མེད། རི་སྦྱངས་ཆུ་སྟག་བྱང་རྩེ་བལྟམས།༥༧༧།ལོ་ཆེན་བྱང་ཆུབ་རྩེ་མོ། དེ་ལ་རོས་སྦྱངས་ས་སྤྲེལ་ལ། །ཀུན་མཁྱེན་དྲི་མེད་འོད་ཟེར་འཁྲུངས།༥༧༦།རྫོགས་ཆེན་བརྒྱུད་པ་ཀུ་མ་རཱ་ཛའི་སློབ་མ་ཡིན། རིག་བྱེད་སྦྱངས་བའི་ཆུ་བྱི་ལ། །དཔལ་ལྡན་བླ་མ་དམ་པ་འཁྲུངས།༥༦༧།ཆོས་རྒྱལ་འཕགས་པའི་ཚ་བོ་བླ་མ་བདག་ཉིད་ཆེན་པོ་བཟང་བོ་དཔལ་གྱི་སྲས་ཡིན་ནོ། །ཆོས་སྦྱངས་རབ་བྱུང་དྲུག་པ་ཡི། །ཐོག་མའི་མེ་མོ་ཡོས་དེ་ལ། །རིགས་ལྡན་མཐའ་ཡས་སེང་ཁྲིར་རིགས་ལྡན་བཅོ་ལྔ་པ་ཕེབས།༥༥༢།བུག་གཟུགས་སྦྱངས་པའི་མེ་ཁྱི་ལ། །རྡོ་རྗེ་གླིང་པ་འཁྲུངས་ནས་ལོ།༥༣༣།གཏེར་སྟོན་གླིང་པ་བརྒྱད་ཀྱི་ནང་ཚན་བཻ་རོའི་སྐྱེ་མཐའ་ཡིན། དེ་ལས་མིག་སྦྱངས་ས་བྱི་ལ། །ཀུན་མཁྱེན་གཡག་པོ་འཁྲུངས་ནས་ལོ།༥༣༡།དཔལ་ལྡན་ས་སྐྱའི་བསྟན་འཛིན་གྱི་གཙོ་བོ་བཞི། མདོ་ཕྱོགས་ཀྱི་བསྟན་འཛིན་གྱི་གཙོ་བོ་གཡ༷ག་རོ༷ང་གཉིས། སྔགས་ཕྱོགས་ཀྱི་བསྟན་འཛིན་གྱི་གཙོ་བོ་ངོར་རྫོང་གཉིས་སུ་གྲགས་པ་ལས། ཀུན་མཁྱེན་གཡ༷ག་པོ་ཞེས་པ་ནི། མཁས་པ་ཆེན་པོ་ཡིན་ཞིང་། སློབ་རྒྱུད་ཀྱང་ཡོད་ཚོད་འདུག་སྟེ་ད་ལྟ་དགོན་པ་སོགས་ཡོད་པ་མ་ཐོས་སོ། །གཟུགས་སྦྱངས་ས་གླང་ཕག་གྲུ་ཡི། །ཏཱ་སིས་བོད་ཁམས་ཁ་ལོ་བསྒྱུར།༥༣༠།ས་སྐྱའི་བླ་མ་བསོད་ནམས་རྒྱལ་མཚན་གྱི་རྗེས་སུ་ས་སྐྱའི་སྐུ་ངོ་རྣམས་ནང་མི་འདུམ་པ་སོགས་ཀྱི་རྐྱེན་དང་། ཁྱད་པར་པདྨ་བཀའ་ཐང་ལས། ཡར་ཀླུང་མཐིལ་དུ་རྣམ་སྨིན་བསྐྱེད་རྒྱལ་འབྱུངཿཞེས་དང་། ས་ནང་གྲུབ་ནས་ཕག་གིས་ས་སློག་འཇིགཿཅེས་པ་ལྟར་ལུང་བསྟན་དུས་ལ་བབས་པས། ཡར་ཀླུང་རྩིས་ཐང་གི་དཔོན་པོ་སྡེ་སྲིད་ཕག་མོ་གྲུ་པའམ། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཞེས་པའི་ཐབས་སྣ་ཚོགས་ཀྱིས་བོད་དབུས་གཙང་ཀུན་ལ་དབང་བསྒྱུར་ཞིང་། རྒྱ་ནག་ཕོ་བྲང་ནས་ཀྱང་བདག་རྐྱེན་ཆེན་པོ་གནང་ནས་ཕྱིས་སུ་གཙང་པ་རྒྱལ་པོ་ཡན་ཆད་དུ་འདིའི་བརྒྱུད་པས་བོད་ཀྱི་རྒྱལ་པོ་བྱས། འདི་རྣམས་ལྷ་རིགས་རླངས་ཀྱི་གདུང་བརྒྱུད་ཡིན། དེ་ལས་གཟུགས་དམན་ལྕགས་སྟག་ལ། །སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེའི་སྲས་སྒྲོལ་ཆེན་སངས་རྒྱས་རིན་ཆེན་འཁྲུངས།༥༢༩།དེ་ལ་རི་སྦྱངས་མེ་བྱ་ལ། །འཇམ་མགོན་བློ་བཟང་གྲགས་པ་འཁྲུངས།༥༢༢།འདིའི་རྗེས་འཇུག་རྣམས་ལ་དགེ་ལུགས་པའི་མིང་གིས་དགའ་ལྡན་པའམ་ཞྭ་སེར་བ་ཞེས་ཟེར་ཏེ། གསར་མའི་གྲུབ་མཐའ་ཆེ་ཤོས་ཤིག་ཡིན། དེ་ལས་ཕྱོགས་སྦྱངས་མེ་ལུགས་ལ། །རོང་སྟོན་ཤཱཀྱ་རྒྱལ་མཚན་འཁྲུངས།༥༡༢།རོང་སྟོན་ཤེས་བྱ་ཀུན་གཟིགས་ཀྱིས་ན་ལེནྡྲའི་དགོན་པ་བཏབ། བར་སྐབས་སུ་ཚོགས་པ་སྟོང་ཕྲག་མང་པོ་འདུ་ཞིང་ས་སྐྱ་པའི་མཚན་ཉིད་ཀྱི་གྲས་ཆེ་ཤོས་ཡིན། བྲོ་བ་ཕྲི་བའི་ཆུ་གླང་ལ། །པཎ་ཆེན་འཇིགས་མེད་གྲགས་པ་འཁྲུངས།༥༠༦།བུ་ག་སྦྱངས་པའི་ཆུ་ཁྱི་ལ། །ངོར་ཆེན་ཀུན་དགའ་བཟང་པོ་དང་། །ངོར་ཆེན་ཀུན་དགའ་བཟང་པོས་ངོར་ཨེ་ཝྃ་ཆོས་ལྡན་གྱི་དགོན་པ་བཏབ་ཅིང་། འདིའི་དགོན་པའི་མཁན་ཁག་བཞི་པོ། ཐར་རྩེ། ཀླུ་སྡིངས། ཕན་ཁང་། ཁང་སར་བཞི་ཡིན། རྫོང་པ་ཀུན་དགའ་རྒྱལ་མཚན་འཁྲུངས།༤༩༧།རྫོང་པ་ཀུན་དགའ་རྣམ་རྒྱལ་ཞེས་སོགས་མཁས་གྲུབ་མང་དུ་བྱོན་ཀྱང་མཐུ་འགྲས་འགའ་ཞིག་གི་རྐྱེན་གྱིས་ད་ལྟ་དགོན་པ་སོགས་མེད། མིག་གིས་ཕྲི་བའི་ཤིང་བྱི་ལ། །པཎ་ཆེན་ནགས་ཀྱི་རིན་ཆེན་འཁྲུངས།༤༩༥།དེ་ལས་གཟུགས་དམན་ཤིང་གླང་ལ། །གྲུབ་ཆེན་ཐང་སྟོང་རྒྱལ་པོ་འཁྲུངས།༤༩༤།རྙིང་མ་པ་བྱང་གཏེར་གྱི་བརྒྱུད་འཛིན་ཞིག་ཡིན། ལག་པ་སྦྱངས་པའི་མེ་ཡོས་ཏེ། །རབ་བྱུང་བདུན་པའི་དང་པོ་ཡིན།༤༩༢།རིག་བྱེད་ཕྲི་ལྷག་ལྕགས་ལུག་ལ། །པཎ་ཆེན་དགེ་འདུན་གྲུབ་པ་འཁྲུངས།༤༨༨།རྗེ་ཙོང་ཁ་བའི་སློབ་པའི་གཙོ་བོ་རྒྱལ་བ་སྐུ་ཕྲེང་ཐོག་མ་ཡིན། དེ་ལས་གཅིག་དམན་ཆུ་སྤྲེལ་ལ། །འགོས་ལོ་གཞོན་ནུ་དཔལ་བ་འཁྲུངས།༤༨༧།འདི་གསར་རྙིང་རིས་མེད་ཀྱི་མཁས་པ་ཆེན་པོ་ཡིན་ཞིང་གཙོ་བོ་བཀའ་བརྒྱུད་པར་གཏོགས། གདེངས་ཀས་སྦྱངས་པའི་ལྕགས་འབྲུག་ལ། །པཎ་ཆེན་བསོད་ནམས་རྒྱལ་མཚན་འཁྲུངས།༤༧༩།རྩེ་མོས་སྦྱངས་པའི་ཆུ་ལུག་ལ། །རཏྣ་གླིང་པ་འཁྲུངས་ནས་ལོ།༤༧༦།རྙིང་མའི་གཏེར་སྟོན་ཡིན། དེ་ལས་དུས་སྦྱངས་ས་གླིང་ལ། །ལྷ་ལྡན་སྨོན་ལམ་ཆེན་མོ་བཙུག །བློ་བཟང་གྲགས་པས། རི་བོ་དགའ་ལྡན་ཆོས་གྲྭ་བཏབ།༤༧༠།ཡོན་ཏན་གྱིས་སྦྱངས་ཆུ་འབྲུག་ལ། །བྱམས་ཆེན་རབ་འབྱམས་འཁྲུངས་ནས་ལོ།༤༦༧།རྗེ་ཙོང་ཁ་པའི་སློབ་མ། བཞི་སྦྱངས་མེ་སྤྲེལ་འབྲས་སྤུངས་དང་།༤༦༢།མེ་སྦྱངས་ས་ཕག་སེ་ར་བཏབ།༤༦༣།དགེ་ལུགས་པ་ཡིན། འབྱུང་བ་སྦྱངས་པའི་ཤིང་འབྲུག་ལ། །ལོ་ཆེན་བསོད་ནམས་རྒྱལ་མཚན་འཁྲུངས།༤༥༥།རྩེ་མོས་སྦྱངས་བའི་མེ་ལུག་ལ། །རིགས་ལྡན་ས་སྐྱོང་བཅུ་དྲུག་པ། སེང་ཁྲིར་ཕེབས།༤༥༢།ཟླ་བས་ཕྲི་བའི་ས་སྤྲེལ་ལ། །པཎ་ཆེན་ཤཱཀྱ་མཆོག་ལྡན་འཁྲུངས།༤༥༡།གསེར་མདོག་ཅན་ཞེས་པ་ས་སྐྱ་བས་རྟགས་ཙམ་ཡིན། གཟུགས་ཕྲིས་ས་བྱར་གོ་རམ་པ། །ས་སྐྱའི་མཁས་པ་ཆེན་པོ། བལྟམས་ཤིང་ངོར་གྱི་ཆོས་སྡེ་བཏབ།༤༥༠།རྩེ་མོས་སྦྱངས་པའི་ཆུ་བྱི་ལ། །ས་སྐྱ་པ་ཐུབ་བསྟན་ཀུན་དགའ་རྣམ་རྒྱལ་འཁྲུངས།༤༥༧།དེ་ལས་བུག་སྦྱངས་ལྕགས་བྱ་ལ། །ལོ་ཆེན་ཆོས་སྐྱོང་བཟང་པོ་འཁྲུངས།༤༣༨།ཞྭ་ལུ་ལོ་ཙཱ་བ། རོ་སྦྱངས་རབ་བྱུང་བརྒྱད་པའི་མགོར། །བཀྲ་ཤིས་ལྷུན་པོའི་སྡེ་བཏབ་ཅིང་། །པཎ་ཆེན་དགེ་འདུན་གྲུབ་ཀྱིས་བཏབ་པས། ད་ལྟ་ཡོངས་སུ་གྲགས་པའི་གཙང་བཀྲ་ཤིས་ལྷུན་པོ། ཕུག་པ་ལྷུན་གྲུབ་རྒྱ་མཚོས་པད་དཀར་ཞལ་ལུང་བརྩམས་པའི་ལོ།༤༣༢མིག་སྦྱངས་ས་སྤྲུལ་སྐྱེད་ཚལ་བཏབ།༤༣༣།ས་སྐྱ་བའི་མཁས་པ་ཆེན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང་གི་གདན་ས་འབྲས་ཡུལ་སྐྱེད་ཚལ་ཞེས་ད་ལྟ་ས་སྐྱ་བའི་མཚན་ཉིད་ཀྱི་གྲྭ་ས་ཆེ་ཤོས་ཡིན། གཟུགས་ཕྲི་ལྕགས་རྟར་པད་གླིང་འཁྲུངས།༤༣༠།རྙིང་མའི་གཏེར་སྟོན། རྩེ་མོས་སྦྱངས་པའི་ཆུ་བྱ་ལ། །སྤྱན་སྔ་ཆོས་ཀྱི་གྲགས་པ་འབྲི་གུང་དུ་འཁྲུངས།༤༢༩།རབ་བྱུང་བརྒྱད་པའི་ཐོག་མར་གྲྭ་ཕུག་པ་ལྷུན་གྲུབ་རྒྱ་མཚོ། གྲྭ་ཆུང་ཡོན་ཏན་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ་སྟེ། རྒྱ་མཚོ་རྣམ་གསུམ་དུ་གྲགས་པས་སྐར་རྩིས་ཀྱི་བསྟན་བཅོས་པདྨ་དཀར་པོའི་ཞལ་ལུང་བརྩམས་ཤིང་། ཁྱད་པར་མཁས་གྲུབ་ནོར་བཟང་རྒྱ་མཚོས་ལྷན་ཐབས་བུ་ཡིག་སྐོར་མཛད་ཅིང་། དེ་ཕྱིན་ཆད་ཕུག་ལུགས་ཀྱི་རྩིས་ཞེས་བཻ་དཀར་དང་ཉིན་སྣང་གཉིས་སོགས་ཕལ་ཆེར་གྱི་ཁུངས་སུ་བྱེད་པ་ཡིན། དྲག་པོ་སྦྱངས་པའི་ཤིང་སྤྲེལ་ལ། །རྡོ་རྗེ་གདན་གྱི་ཆོས་གྲྭ་བཏབ།༤༡༨།གོང་དཀར་རྡོ་རྗེ་གདན་ཞེས་ས་སྐྱའི་དགོན་པ་ཆེ་ཤོས་ཡིན། ཉི་མས་སྦྱངས་བའི་མེ་སྤྲེལ་ལ། །པཎ་ཆེན་དགེ་འདུན་རྒྱ་མཚོ་བལྟམས།༤༠༣།དགེ་འདུན་གྲུབ་ཀྱི་སྤྲུལ་སྐུ་རྒྱལ་བ་གཉིས་པ། སྐྱོན་སྦྱངས་ཤིང་སྟག་ཚར་ཆེན་དང་། །ས་སྐྱའི་བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་སློབ་མ་ལམ་འབྲས་སློབ་བྱེད་ཀྱི་བརྒྱུད་པ་འཛིན་པའི་གཙོ་བོ་ཀུན་སྤངས་རྡོ་རིང་པ་ཆེན་པོ་ཞེས་བསམ་གྱིས་མི་ཁྱབ་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱི་སློབ་མ་ཚར་ཆེན་བློ་གསལ་རྒྱ་མཚོ་ཞེས་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་བྱོན། དེའི་སློབ་བརྒྱུད་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་རིམ་པར་བྱོན་ལ། ས་སྐྱའི་ཚར་ལུགས་པ་ཞེས་ཟེར་རོ། །སྣ་ཚོགས་རང་གྲོལ་འཁྲུངས་ནས་ལོ།༣༨༨།རྙིང་མ་པ། འདོད་སྦྱངས་རབ་དགུ་ཤར་བ་ཡི། །མེ་ཡོས་ཀུན་དགའ་གྲོལ་མཆོག་དང་། །ཇོ་ནང་པ། མི་བསྐྱོད་རྡོ་རྗེ་འཁྲུངས་ནས་ལོ།༣༧༥།ཀརྨ་པ་བརྒྱད་པ། མཁའ་མིག་གིས་དམན་མེ་ཕག་ལ། །རིགས་ལྡན་བཅུ་བདུན་པ་དཔལ་སྐྱོང་ཁྲིར་ཕེབས་ཤིང་། །འབྲུག་པ་པདྨ་དཀར་པོ་འཁྲུངས།༣༥༢།ད་ལྟ་འབྲུག་ཐམས་ཅད་མཁྱེན་པ་ཞེས་གྲགས་པ་འདི་འབྲུག་པའི་སྐུ་ཕྲེང་དང་པོ་ཡིན། བུག་སྦྱངས་མེ་སྤྲེལ་བསྟན་འཛིན་གྲགས།༣༤༣།སྨིན་གླིང་སྐུ་མཆེད་ཀྱི་ཡབ་མེས་གོང་མ་ཞིག་ཡིན། གཟུགས་ཕྲི་མེ་བྱར་དར་གླིང་བཏབ།༣༤༢།འདིའི་དགོན་པ་དར་རྒྱས་ཆོས་གླིང་། དུས་སྦྱངས་ཆུ་ཡོས་ཐམས་ཅད་མཁྱེན། །བསོད་ནམས་རྒྱ་མཚོ་འཁྲུངས་ནས་ལོ།༣༣༦།རྒྱལ་བ་གསུམ་པ། དེ་ལས་ཆུ་མིག་སྦྱངས་པ་ཡི། །རབ་བཅུའི་མེ་ཡོས་ཤར་བ་ཡིན།༣༡༥།བུ་ག་སྦྱངས་པའི་མེ་བྱི་ལ། །སྨྱོས་སྟོན་བསྟན་འཛིན་བཟང་པོ་འཁྲུངས།༣༠༦།བསྟན་འཛིན་གྲགས་པའི་སྲས། འདོད་པ་སྦྱང་བའི་ས་གླང་ལ། །རྒྱལ་བ་ཡོན་ཏན་རྒྱ་མཚོ་འཁྲུངས།༢༩༣།རྒྱལ་བ་བཞི་པ། བུ་ག་སྦྱང་བའི་ས་ཁྱི་ལ། །གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་འཁྲུངས།༢༨༤།གཏེར་སྟོན་པདྨ་གླིང་པའི་གསུང་གི་སྤྲུལ་པ། མེ་གཟུགས་སྦྱངས་པའི་ལྕགས་ཕག་ལ། །གསང་བདག་ཕྲིན་ལས་ལྷུན་གྲུབ་འཁྲུངས།༣༧༡།གཏེར་ཆེན་གྱི་ཡབ་བསྟན་འཛིན་བཟང་པོའི་སྲས་སྨིན་གླིང་གཏེར་ཆེན་སྐུ་མཆེད་ཀྱི་སྤུན་ཡིན། དེ་ལས་དུས་སྦྱངས་མེ་སྦྲུལ་ལ། །རྒྱལ་མཆོག་ལྔ་པ་ཐམས་ཅད་མཁྱེན། །རྒྱལ་དབང་ལྔ་པ། ངག་དབང་བློ་བཟང་རྒྱ་མཚོ་འཁྲུངས།༢༦༥།ཕྱོགས་སྦྱངས་རབ་དྲག་མེ་ཡོས་ལ། །རིགས་ལྡན་བཅོབརྒྱད་པ་སེང་གེ་སྟོན་པར་ཕེབས།༢༥༥།རིག་བྱེད་གཟུགས་སྦྱངས་ལྕགས་སྦྲུལ་ལ། །རིག་འཛིན་པདྨ་ཕྲིན་ལས་དང་། །རིག་འཛིན་ངག་གི་དབང་པོའི་སྤྲུལ་སྐུ་རྡོ་རྗེ་གྲགས་ཞབས་དྲུང་རིན་པོ་ཆེ། ཐུགས་སྲས་བསྟན་འཛིན་འགྱུར་མེད་འཁྲུངས།༢༤༡།པད་གླིང་ཐུགས་སྤྲུལ། འདི་སྐབས་གཙང་པ་སྡེ་སྲིད་ཅེས་ཤིན་ཏུ་དབང་ཆེ་བ་ཞིག་བྱུང་སྟེ། ཀརྨ་པ་དང་། ཇོ་ནང་པའི་སྦྱིན་བདག་གི་གཙོ་བོ་གྱུར། དགེ་ལུགས་པའི་ཕྱོགས་ལ་ཤིན་ཏུ་ལྡང་ཞིང་ཁྱད་པར་ས་ཐག་ཉེ་བའི་བཀྲ་ཤིས་ལྷུན་པོ་ལ་གནོད་ཚབ་ཆེ། རྒྱལ་དབང་ལྔ་པའི་ཡབ་ཀྱང་བཙོན་དུ་བཟུང་ནས་བཙོན་ཞབས་སུ་ཤི །སེམས་འབྲས་དགེ་གསུམ་ཆོས་ལུགས་བསྒྱུར་བ་སོགས་གནོད་པ་སྣ་ཚོག ས་བྱེད་སྐབ ས་སྐྱི་ཤོད་སྡེ་པ་བསོད་ནམས་རབ་བརྟན་ཞེས་རྒྱལ་བ་གོང་མའི་ཕྱག་མཛོད་ཅིག་ཡོད་པ་དེས་སོགས་དམག་བསྐུལ་ནས་སོག་པོའི་དཔོན་ཁ ག་གོ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་དམག་གིས་གཙང་པ་རྒྱལ་པོ་བཅོམ། ཀརྨ་པས་ཀོང་དམག་ཕུད་ནས་གཙང་པ་རྒྱལ་པོ་གསུང་ཤོག་བསྐུར་ཡོད་པའི་ནང་ན། སེ་འབྲས་དགེ་གསུམ་བཤིག་རྒྱལ་བ་དང་པཎ་ཆེན་གཉིས་བཟང་བཙོན་གྱིས་ལ་ཁྲིད་ཤོག་ཟེར་བ་ཡོད་པའི་ཡིག་ཁྱེར་སོག་པོའི་བཟུང་། སོག་པོའི་རྒྱལ་པོ་ཁྲོས་ནས་མིག་གིས་མཐོང་བར་བཀའ་བརྒྱད་པ་འཇོག་རེ་ཞེས་མནའ་བསྐྱལ། སོག་དམག་གིས་སྟོབ་མངའ་རིས་ཡུལ་མན་ཆད་དབང་དུ་བསྡུས་ཏེ། རྒྱལ་དབང་ལྔ་བ་ཆེན་པོ་ལ་ཕུལ་ཏེ། དེ་ཕྱིན་ཆད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་རྒྱལ་པོ་བྱེད་པ་འདི་འབྱུང་ངོ། །དེའི་ཁམས་གླིང་ཐང་སྒྲོལ་མའི་ཕྱོགས་སུ་བེ་རུ་དོན་གྲུབ་ཅེས་བོན་པོའི་སྦྱིན་བདག་གི་རྒྱལ་པོ་ཞིག་བྱུང་། དེས་ས་དགེ་རྙིང་གསུམ་གྱི་བླ་མ་མང་པོ་བཙོན་དུ་བཟུང་ནས་བསྟན་པ་ཀུན་ལ་གནོད་ཚབ་ཆེ་བའང་སོག་པོའི་རྒྱལ་པོ་འདིས་དམག་གིས་བརླགས་པ་དང་། ད་ལྟ་སོག་པོ་རྟ་ཁྲབ་ཅན་ཟེར་བ་ཡིན་ནོ། །གོ་ཤྲཱིའི་དཔུང་གིས་བོད་ཁམས་ཀུན། །དབང་བསྡུས་གཟུགས་ཕྲི་ཆུ་རྟ་ལ། །གོང་ས་ལྔ་བ་ཆེན་པོར་ཕུལ།༢༤༠།དེ་ལ་མཚོས་སྦྱངས་མེ་ཁྱི་ལ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཁྲུངས།༢༣༦།སྨིན་གླིང་གཏེར་ཆེན། ལག་པས་ཕྲི་བའི་ས་བྱི་ལ། །རྒྱལ་སྲས་བསྟན་པའི་ཉི་མ་འཁྲུངས།༢༣༤།གཏེར་ཆེན་གྱི་སྐུ་མཆེད་ཡིན། མ་ནུས་སྦྱངས་པའི་ཆུ་སྟག་ལ། །པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དང་། །གཙང་པཎ་ཆེན། གསང་བདག་ཕྲིན་ལས་ལྷུན་གྲུབ་གཤེགས།༢༢༠།དེ་ལས་གཟུགས་ཕྲི་ཆུ་ཡོས་ལ། །པཎ་ཆེན་མཆོག་གི་སྤྲུལ་སྐུ་དང་། །བསྟན་འཛིན་གཞན་ཕན་དབང་པོ་འཁྲུངས།༢༡༩།རྙིང་མ་པ་ཡིན། རི་སྦྱངས་ལྕགས་ཁྱི་སྨིན་གྲོལ་གླིང་།༢༡༢།བཙུགས་ཤིང་དུས་སྦྱངས་མེ་འབྲུག་ལ། །བཞུགས་གནས་གཙུགས་ལག་ཁང་ཆེན་བཏབ།༢༠༦།མེ་སྦྱངས་ས་ལུག་ལྷ་སྲས་ཉིད། །སླར་ཡང་བོད་རྗེར་བྱོན་པའི་ལོ།༢༠༣།སྡེ་སྲིད་སངས་རྒྱས་རྒྱ་མཚོ་བོད་རྒྱལ་པོ་བསྐོས། གཟུགས་ཕྲི་ལྕགས་སྤྲེལ་རྗེ་བླ་མས། །སྨིན་གླིང་གཏེར་ཆེན། ཤ་རུག་ཟབ་གཏེར་བཞེས་པའི་ལོ།༢༠༢།ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར། གཟུགས་སྦྱངས་ལྕགས་བྱར་རྩིས་ཀྱི་གཞུངས། །ཉིན་བྱེད་སྣང་བ་བརྩམས་ནས་ལོ།༢༠༡།དེ་ནས་གཟུགས་ཕྲི་ཆུ་ཁྱི་ལ། །རྒྱལ་མཆོག་ལྔ་པ་གཤེགས་པའི་ལོ།༢༠༠།མཚོ་སྦྱངས་མེ་སྟག་རྒྱལ་བའི་སྲས། །པདྨ་འགྱུར་མེད་རྒྱ་མཚོ་འཁྲུངས།༡༩༦།སྨིན་གླིང་གཏེར་ཆེན་གྱི་སྲས་ཆེ་བ། གཟུགས་སྦྱངས་རབ་ཉི་མེ་ཡོས་ལ། །བཻ་ཌཱུར་དཀར་པོའི་རྩིས་མགོ་གཟུགས།༡༩༥།རྒྱ་མཚོས་སྦྱངས་པའི་ལྕགས་ལུག་ལ། །སྐུ་འབུམ་མཐོང་གྲོལ་ཆེན་པོ་བཞེངས། །སྨིན་གླིང་དུ་མཆོད་རྟེན་ཞིག་བཞེངས་པའོ། །འགྱུར་མེད་ཡིད་བཞིན་ལེགས་གྲུབ་འཁྲུངས།༡༩༡།སྨིན་གླིང་རྒྱལ་སྲས། རྩེ་མོས་སྦྱངས་པའི་ཤིང་ཁྱི་ལ། །ལྷ་ལྡན་ཚོགས་མཆོད་ཆེན་མོ་བཙུགས།༡༨༨།རྒྱལ་དབང་ལྔ་པའི་འདས་མཆོད། ཉི་མས་སྦྱངས་པའི་མེ་ཁྱི་ལ། །བསྟན་འཛིན་ཇིང་གིར་རྒྱལ་པོ་ཡིས། །བོད་ཁམས་ཡོངས་ལ་ཁ་ལོ་བསྒྱུར།༡༧༦།དེ་ལ་གདེངས་ཅན་སྦྱངས་པ་ཡིས། །ཤིང་རྟ་འདི་ཡི་སྟེང་སླེབས་ཏེ། །ཉིན་བྱེད་སྣང་བའི་འདས་ལོའི་གྲངས།༡༦༨།བསྟུང་ནས་དབྲི་བསྣན་གྱིས་བཅོས་པའི། །ལོ་ཡིན་རིམ་རྩིས་མ་ཁམས་ན། །རབ་བྱུང་སྐོར་རེའི་མཚམས་བཟུང་ནས། །མཆོངས་ཏེ་མཁའ་རོས་སྦྱངས་པ་ཡིས། །ཚེགས་མེད་བདེ་བླག་རྟོགས་པར་འགྱུར། །དཔལ་སྤྲུལ་པས་སོ། །དགེའོ། །