PJCW-KABUM-01-KA-008: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 27: | Line 27: | ||
དཔལ་ཤཱཀྱ་སེངྒེ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་སྟོང་པ་སྤྲོས་པ་ཀུན་བྲལ་བ། །ལྷུན་གྲུབ་མི་གཡོ་རྫོགས་པའི་སངས་རྒྱས་ཏེ། །མཐའ་དག་ཡོན་ཏན་མཆོག་གི་གཏེར་གྱུར་པ། | དཔལ་ཤཱཀྱ་སེངྒེ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་སྟོང་པ་སྤྲོས་པ་ཀུན་བྲལ་བ། །ལྷུན་གྲུབ་མི་གཡོ་རྫོགས་པའི་སངས་རྒྱས་ཏེ། །མཐའ་དག་ཡོན་ཏན་མཆོག་གི་གཏེར་གྱུར་པ། །མཚུངས་མེད་སྐྱོབས་པ་དེ་ལ་ཕྱག་འཚལ་ལོ།༼༡༽།ཐུབ་པའི་གསུང་ནི་མཚན་མའི་ཡུལ་མིན་ཏེ། །བརྟགས་པར་དཀའ་བ་འདུས་མ་བྱས་པའི་ཀློང་། །བརྗོད་བྲལ་ཉག་གཅིག་བརྗོད་པ་ཀུན་གྱི་གཞི། །ནམ་མཁའི་རང་བཞིན་ཟབ༵་པར་གྱུར་པ་ལགས།༼༢༽།མིང་ཚིག་ཡི་གེ་བྱེད་རྩོལ་ཡུལ་དུ་མིན། །སྒྲིབ་གཉིས་དྲི་མ་གཞན་ཡང་མི་དམིགས་པས། །འཁོར་གསུམ་ཡོངས་དག་དག་པ་ཆེན་པོའི་གནས། །སྤྲོས་པའི་ཡུལ་མིན་ཞི༵་བ་ཆེན་པོ་ལགས།༼༣༽།རྟག་པར་མ་ཡིན་ཆད་པར་ལྟ་ཅི་ཞིག །གཉིས་དང་གཉིས་མིན་དབྱེ་བ་མི་བཟོད་པའི། །ཐུབ་པའི་གསུང་ནི་བློ་ཡི་ཡུལ་མིན་ཏེ། །ཚིག་དང་དོན་ཞེས་སྤྲོས་པ་ཀུན་དང་བྲལ།༼༤༽།འགགས་པ་མེད་པ་རྒྱལ་བའི་གསུང་ཡིན་ཕྱིར། །རྨོངས་པའི་མུན་པ་གཤིས་ལ་མི་གནས་པའི། །ལྷུན་གྲུབ་རང་བཞིན་མཚོན་བརྗོད་ཀུན་བྲལ་ལ། །ངང་གིས་འོད་གསལ་མཆོག་ཏུ་ཞི་བར་བཞུགས།༼༥༽།ལྕེ་མཆུའི་རྩོལ་བས་ཡི་གེ་སྒྲ་བྱུང་ཞིང་། །དེ་ལས་མིང་དང་ཚིག་གི་ཚོགས་འབྱུང་བའི། །ངག་གི་རང་བཞིན་རྒྱལ་བའི་གསུང་མིན་ཏེ། །འདུས༵་མ༵་བྱས༵་པ་རང་བཞིན་བབས་ཀྱིས་སྣང་།༼༦༽།ཡུལ་དང་ཡུལ་ཅན་བརྗོད་པ་ཚིག་གི་སྒྲར། །འཛིན་པའི་དུག་འདི་འཁྲུལ་པའི་ངག་ལ་སྟེ། །འཁྲུལ་མེད་ཐུབ་དབང་ཡོན་ཏན་མཆོག་གི་མཛོད། །བདུད་རྩི་རྒྱུ་ཡི་ཆོས་མཆོག་རྙོགས་པ་མེད།༼༧༽།བྱས་པའི་ཆོས་ཀུན་འཇིག་པར་འགྱུར་བ་སྟེ། །མ་བྱས་ལྷུན་གྲུབ་སྟོན་པ་མཆོག་གི་གསུང་། །བརྗོད་བྱ་ཙམ་མིན་བརྗོད་པས་མ་ཡིན་པས། །ནམ་ཡང་འགག༵ས་པ༵ར་འབྱུང་བ་དམིགས་སུ་མེ༵ད།༼༨༽།འགགས་མེད་གསུང་ནི་རྒྱུ་ཡིས་མ་བསྐྱེད་དེ། །རྐྱེན་ལས་མ་སྐྱེས་ཆོས་ཉིད་ཟབ་པའི་དབྱིངས། །དུས་གསུམ་དུས་མེད་མཉམ་པར་རོ་གཅིག་པ། །དོན་དམ་དབྱིངས་ཏེ་སྐྱེ༵་བ༵འི་ཆོས་སུ་མེ༵ད།༼༨༽།སྐྱེ་བ་མེད་པ་ཡི་གེ་ཨ་ཡི་གསུང་། །ཨ་ནི་ཡེ་ནས་སྐྱེ་མེད་མཉམ་པ་སྟེ། །མཉམ་པའི་དབྱིངས་ལས་བརྗོད་པ་ཀུན་འབྱུང་བས། །གསུང་ནི་རང་བཞིན་རྒྱུན་ཆ༵ད་ཡེ་ནས་མེ༵ད།༼༡༠༽།ཆད་པ་མེད་པ་དངོས་པོའི་ཆོས་མིན་ཏེ། །ཡོད་མིན་མེད་མིན་བློ་ཡི་ཡུལ་ལས་འདས། །བསམ་ཡུལ་བྲལ་བ་འཛིན་པའི་ཡུལ་མིན་ཕྱིར། །རྟག་པ་མ་ཡིན་རྟ༵ག་རྒྱུར་ཡེ་ནས་མེ༵ད།༼༡༡༽།ཐོག་མེད་རང་བཞིན་ཡེ་ནས་ཞི་བའི་གསུང་། །བསམ་མེད་གཉིས་མེད་རྟག་པ་མེད་པ་སྟེ། །གང་ལ་གང་དུ་སྨྲ་བའི་བློ་མེད་པ། །འོ༵ང་བ༵་མེ༵ད་པ་དུས་གསུམ་རྒྱལ་བའི་གསུང་།༼༡༢༽།ཟད་པའི་ཐ་མ་གསུང་འདིར་ཡོད་མིན་ཏེ། །སྲི༵ད་པའི་མཐར་ཡང་གསུང་གི་རྒྱུན་གཅིག་པུ། །སྟོང་པ་ཉག་གཅིག་བཟུང་དུ་མེད་པ་ཉིད། །འགྲོ༵་བ༵་མེ༵ད་པ་གསུང་གི་རང་བཞིན་ཡིན།༼༡༣༽།དོན་དུ་འཛིན་པ་ཡེ་ནས་མི་དམིགས་ཏེ། །ཤེས་བྱའི་ཆོས་ཀུན་སྟོང་པ་གཅིག་པའི་ཚུལ། །བཏགས་པའི་རྣམ་གྲངས་མཚན་མ་འདིར་ཟད་པའི། །ཐ༵་ད༵ད་དོ༵ན་མིན་མཉམ་པ་ཉིད་ཀྱི་ངང་།༼༡༤༽།གཅིག་ཏུ་འཛིན་པའི་བདག་འཛིན་ཡུལ་ཕྱུང་སྟེ། །དུ་མའི་གསུང་གིས་སྒྱུ་མའི་ཚུལ་མཚོན་པ། །བློ་དང་དབང་པོ་མོས་པའི་རྗེས་འགྲོ་བར། །ཀུན་མཁྱེན་ཉིད་དེ་བཟུང་བའི་དོ༵ན་གཅི༵ག་མི༵ན།༼༡༥༽།མཉམ་པར་བཞག་པ་རྟག་ཏུ་ཞི་བའི་ཐུགས། །རྒྱལ་བ་ཀུན་གྱི་རང་བཞིན་འདི་ཡིན་ཕྱིར། །ཐུགས་ལས་གསུང་ཞེས་དབྱེ་བའི་གཞི་མེད་པའི། །གསུང་གི་རང་བཞིན་སྨྲ༵་བར་དཀའ་བ་ལགས།༼༡༦༽།གསུང་གིས་ཡེ་ནས་མཉམ་ཉིད་གཅིག་གསུང་སྟེ། །མཉམ་པ་ཉིད་དབྱིངས་བློ་ཡི་ཡུལ་མིན་ཕྱིར། །བློ་ལས་འདས་པ་དཔགས་པར་དཀའ་བ་ཉིད། །ཟབ་པའི་ཚུལ་དེ་ཇི་ལྟར་བས༵མ་དུ་རུང་།༼༡༧༽།བརྗོད་པའི་ཚིག་གི་ཆོས་ཉིད་མི་མཚོན་ཏེ། །སྤྲོས་པའི་ཡུལ་ལས་རྒྱལ་བའི་གསུང་འདས་ཕྱིར། །ཆོས་སུ་སྣང་བའང་བཏགས་པ་ཙམ་དུ་སྟེ། །ཐུབ་པ་ཆེན་པོའི་གསུང་ནི་བརྗོ༵ད་དུ་མེ༵ད།༼༡༨༽།ཤེས་དང་ཤེས་བྱ་ཐ་དད་མ་ཡིན་ཏེ། །གཅིག་ཏུ་འཛིན་པ་ངང་གིས་མི་དམིགས་པ། །སྤྲོས་པ་གཅོད་པ་ཆུ་ཟླ་ལྟ་བུའི་ཚུལ། །རྒྱལ་བའི་གསུང་ནི་ཤེ༵ས་ར༵བ་ཕ༵་རོ༵ལ་ཕྱི༵ན།༼༡༩༽།གསུང་ཙམ་ཉིད་ནས་མ༵་སྐྱེ༵ས་མི༵་འག༵གས་ཏེ། །ན༵མ་མཁ༵འི་རང་བཞིན་ཀུན་ལ་ཁྱབ་གདལ་བ། །ཆོས་རྣམས་ཀུན་གྱི་ངོ༵་བོ༵་དེ་བཞིན་ཉི༵ད། །སངས་རྒྱས་ཀུན་གྱི་གསུང་གི་མཐར་ཐུག་ཡིན།༼༢༠༽།གཟུང་འཛིན་ཤེས་པས་དམིགས་སུ་མི་རུང་ཡང་། །སོ༵་སོ༵ར་ར༵ང་རིག་འཕགས་པ་ཆེན་པོའི་ཐུགས། །རྟོག་བྲལ་བརྗོད་པ་ལྷ་ཡི་རྔ་སྒྲ་བཞིན། །བདེ་གཤེགས་གསུང་ནི་མཚན་ཉིད་མུ་མཐའ་མེད།༼༢༡༽།ཕལ་བའི་ཡུལ་མིན་གསུང་གཅིག་ཟབ་མོའི་དབྱིངས། །དུ་མའི་ཚུལ་དུ་སྣང་བ་མི་འགོག་སྟེ། །ཇི་ལྟ་ཇི་སྙེད་ཡེ༵་ཤེ༵ས་མཆོག་གི་ཚུལ། །དོན་དམ་གཟིགས་པའི་སྤྱོ༵ད་ཡུ༵ལ་གྱུར་པ༵་ཡིན།༼༢༢༽།རྒྱལ་བའི་གསུང་གིས་རྒྱལ་བའི་ལམ་མཚོན་ཏེ། །འབྲས་བུའི་རང་བཞིན་གཞན་དུ་མི་དམིགས་པས། །དུ༵ས་གསུ༵མ་རྒྱལ་བ༵འི་རྣམ་གྲོལ་གཞིར་གྱུར་ཕྱིར། །ཡུ༵མ་གྱི་རང་བཞིན་གསུང་ལ༵་ཕྱ༵ག་འཚ༵ལ་ལོ༵།༼༢༣༽།ཟབ་མོའི་གནས་འདི་དཔག་པར་དཀའ་བ་སྟེ། །རྒྱལ་བ་དེ་ཡི་གསུང་ལས་རྗེས་སྐྱེས་ཞེས། །བསམ་པའི་བློ་ཉིད་ཡིད་ལ་དབང་བགྱིས་ནས། །བསྟོད་པའི་ཚིག་ཕྲེང་མཁས་པའི་གཞུང་བཞིན་བགྱིས།༼༢༤༽།དགེ་བ་འདི་ཡིས་རྨོངས་པའི་འགྲོ་མང་ཁམས། །ཡེ་ཤེས་མཆོག་གི་ཉི་མ་སྣང་བྱེད་ཅིང་། །འོས་པར་སྨྲ་བའི་ཨ་བུ་རྨོངས་པ་ཡང་། །རྒྱལ་བའི་གསུང་དབྱངས་ཚེ་འདིར་ཐོབ་པར་ཤོག༼༢༥༽།སྟོན་པ་བདེ་བར་གཤེགས་པའི་གསུང་གསང་བ་བསམ་གྱིས་མི་ཁྱབ་པ་ལ་བསྔགས་པའི་སྐབས་རྫོགས་སོ། ། ༈ གསུང་རྣམ་པ་ཐམས་ཅད་ལ་བསྔགས་པ། ཆུན་འཕྱང་གཉིས་པ། སྟོན་པ་བདེ་བར་གཤེགས་པའི་གསུང་རྣམ་པ་ཐམས་ཅད་པ་ལ་བསྔགས་པ་ཨུ་དུམ་ཝཱ་རའི་ཆུན་པོ་ཞེས་བྱ་བ། དཔལ་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བརྗོད་མེད་བརྗོད་པ་ཀུན་གྱི་གཞིར་བཞེངས་ནས། །སྨྲ་བ་མཆོག་གི་ཉི་མ་གཅིག་པུ་རུ། །གཉིས་སུ་མེད་པར་གསུང་གི་ཚུལ་སྟོན་པ། །ཤཱཀྱའི་ཏོག་གྱུར་དེ་ལ་ཕྱག་འཚལ་ལོ།༼༡༽།རྒྱལ་བའི་གསུང་ནི་རྣམ་པ་ཐམས་ཅད་དུ། །གསུང་གཅིག་སྒྲ་ལས་དུ་མའི་ཚུལ་གོ་སྟེ། །གང་ཡང་བརྗོད་པ་རྙོག་པ་མི་མངའ་བས། །ཟབ་པའི་ཚུལ་དེའི་རྒྱ་ཆེར་གྱུར་པ་ཡིན།༼༢༽།ལེགས་པར་སྦྱར་བས་མཁས་པའི་ཡིད་འཕྲོག་ཅིང་། །སྒྲ་དག་དབྱངས་གསལ་སྡེབ་སྦྱོར་ཉམས་པ་མེད། །ཀློག་པའི་ཚུལ་མཛེས་སྐྱེ་གནས་མ་འཁྲུལ་བར། །ཐམས་ཅད་མཁྱེན་པ་ལྷ་ཡི་སྐད་བཞིན་གསུངས།༼༣༽།ཉུང་ངུ་མ་ཡིན་རྒྱས་པར་སྟོན་པ་སྟེ། །གང་ཡང་དོན་ཟབ་བླུན་པོས་རྟོགས་པ་སླ། །སྙན་པའི་ངག་གིས་ཡིད་ནི་དགར་བགྱིད་དེ། །འགྲོ་བའི་གཙོ་བོས་ཀླུ་ཡི་སྐད་བཞིན་གསུངས།༼༤༽།དྲག་ཤུལ་ཚུལ་གྱིས་བསྒྲིམ་སྟེ་སྨྲ་བའི་སྒྲ། །ང་རོའི་གདངས་གསལ་ཟབ་ཅིང་ཡིད་འཕྲོག་པ། །འབྲུག་སྒྲ་ལྟ་བུར་ཟིལ་གནོན་དཔའ་བའི་དབྱངས། །མི་མཆོག་དེ་ནི་གནོད་སྦྱིན་སྐད་དུ་གསུངས།༼༥༽།སྒྲ་ལ་ཞེན་པ་རྟོག་གེ་སུན་འབྱིན་ཞིང་། །སྒྲ་དང་སྒྲ་མིན་དབྱེ་བ་མི་མཛད་དེ། །ལེགས་སྦྱར་དབྱངས་ལས་སྒྲུབ་པ་མ་བྱས་པས། །གྲུལ་བུམ་སྐད་དུའང་རྒྱལ་བས་ཆོས་རྣམས་སྟོན།༼༦༽།སྣ་ཚོགས་ཡུལ་དང་ཡུལ་གྱི་བྱེ་བྲག་གིས། །དུ་མར་སྨྲ་ཡང་དེ་ཚུལ་དང་མཚུངས་པའི། །རང་རང་སྐད་དུ་རྣ་བར་འཇེབས་པའི་ངག །མི་རྣམས་སྐད་དུ་ཐུབ་པས་ཆོས་ཚུལ་སྟོན།༼༧༽།ཚིགས་སུ་བཅད་པ་ཡིད་འོང་སྙན་ངག་ཕྲེང་། །ཚིག་སྙན་དོན་ཟབ་ལུས་དང་རྒྱན་དུ་འགྲེལ། །སྨྲ་བའི་སྤོབས་པ་མི་ཟད་ཐོགས་མེད་པས། །དྲང་སྲོང་མཆོག་གིས་དྲང་སྲོང་རྗེས་སུ་འཛིན།༼༨༽།སྲབ་ཅིང་རིང་ལ་ཡངས་ཤིང་བཟང་བ་སྟེ། །པདྨའི་འདབ་ལྟར་རྣམ་པར་དག་གྱུར་པ། །སྟོང་ཁམས་འདི་ཡང་རྒྱས་པར་ཁེབ་ནུས་པའི། །ལྗགས་ཀྱི་དབང་པོ་མཆོག་ཅིག་ཁྱོད་ལ་མངའ།༼༨༽།བསོད་ནམས་དུ་མས་ཡོངས་སུ་བསྐྲུན་པའི་ངག །འཁོར་གྱི་དཀྱི༵ལ་འཁོ༵ར་ཡོད་དགུར་དུས་གཅིག་ཀྱང་། །སྣ་ཚོགས་སྐད་དུ་སྣ་ཚོགས་ཆོས་སྟོན་པ། །ཐུབ་པའི་དབྱངས་ཀྱི་ཡན་ལག་རྒྱ་མཚོ་ཡིན།༼༡༠༽།ཟབ་ཅིང་ཡངས་ལ་གཏིང་དཔགས་དཀའ་བ་སྟེ། །མཐའ་ཡས་རྒྱ་ཆེ་རྒྱུན་རིང་ཟད་མེད་པར། །ཐུབ་པ་ཆེན་པོའི་གསུང་ནི་འབྲུག་སྒྲ་བཞིན། །གདངས་ཀྱི་བྱེ་བྲག་ཟིལ་གནོན་བརྗིད་པར་གསུངས།༼༡༡༽།གསུང་སྙ༵ན་དབྱངས་ནི་རང་རང་སྐད་དུ་སྟེ། །གཅུ་དང་འཛེར་བག་འདར་བའི་ཉམས་མེད་པར། །ལྡབ་ལྡིབ་མ་ཡིན་དག་གསལ་ཡིད་དུ་འོང་། །ཤིན་ཏུ་འཇེབས་ལ་རྣ་བར་སྙན་པ་ཡིན།༼༡༢༽།བརྗོད་པ་གང་གིས་བརྗོད་བྱ་གང་སྟོན་པ། །ཚི༵ག་དོ༵ན་མ་འཁྲུལ་དོན་དང་ལྡ༵ན་པ་སྟེ། །དོན་མེད་མི་གསུངས་གདུལ་བྱས་ཤེས་ནུས་པས། །ཐུབ་པའི་གསུང་ནི་བརྗོད་བྱ་ཟབ་པ་ལགས།༼༡༣༽།ཐུབ་པའི་བྱིན་རླབས་ཚངས་པའི་དབྱངས་ཀྱི་གསུང་། །གང་ལྟར་བསྟན་པ་དེ་ལྟར་གཟུ༵ང་སླ༵་སྟེ། །གསུངས་གཅིག་གིས་ཀྱང་བསྐལ་བར་དོན་བྱེད་ཅིང་། །བླུན་པོ་ཡིན་ཡང་ཤས་ནི་རྟོགས་པར་ནུས།༼༡༤༽།སུ་ཡིས་གང་ཞིག་དྲི་བའི་ཚིག་སྨྲས་པ། །དེ་དང་དེ་ཡི་འདོད་པ་ཡོངས་སྐོང་ཞིང་། །དུད་འགྲོ་ལ་སོགས་སྣ༵་ཚོ༵གས་རང་རང་གི །སྐད་ངག་ལས་ནི་ཅི༵་འདོ༵ད་ཉིད་འཆད་མཛད།༼༡༥༽།དེ་དག་གིས་ཕྱིར་འགྲོ་བ་སོ་སོ་ཡང་། །ཕྱོགས་དང་ཕྱོགས་ནས་དད་པས་འདུས་གྱུར་ཏེ། །རྨོངས་པར་སོང་བ་ཉམས་པའི་དུད་འགྲོ་ཡང་། །ཐུབ་པ་ཁྱོད་ཀྱི་གསུང་ནི་མཉན་པར་མོས།༼༡༦༽།སྙན་པའི་དཔེ་ནི་འགྲོ་བའི་ཡིད་འཛིན་ཏེ། །དེ་ལས་མི་འགྲོ་དབང་པོ་དེར་གཏོད་ཅིང་། །རྣ༵མ་པ༵ར་མི༵་གཡེ༵ངས་གཅིག་ཏུ་དགའ་བའི་ཡིད། །ཐམས་ཅད་མཁྱེན་པའི་གསུང་གིས་ངོམས་པར་གྱུར།༼༡༧༽།ཚིག་གི་དོན་ནི་རྣ༵མ་གྲོ༵ལ་ལམ་ཡིན་ཏེ། །ཚིག་གཅིག་གིས་ཀྱང་དོན་མང་མཚོན་ནུས་ཕྱིར། །ཐུབ་པ་ཁྱེད་ཀྱི་སློབ་མར་གང་གྱུར་པ། །ཐར་པའི་ལམ་ལས་ཐ་དད་སོང་བ་མེད།༼༡༨༽།རྟོག་གེ་སྨྲ་བ་གཡོ་སྒྱུའི་བསྟན་བཅོས་བཞིན། །གཟུང་བར་དཀའ་བ་རྒྱལ་བས་མི་སྟོན་ཏེ། །ཐོས་པ་ཙམ་ནས་ཁོང་དུ་ཆུད་པའི་ཕྱིར། །ཁྱེད་ཀྱི་རྗེས་འཇུག་མཁས་པར་ཆུད་པ་མང་།༼༡༩༽།མ་སྨིན་ལོག་འགྲོ་རྨོངས་པའི་སྐད་ལས་ཀྱང་། །ཆོས་ཀུན་སྟོན་ཅིང་སྨིན་པར་བྱེད་པ་སྟེ། །ཁྱོད་གསུང་ས་བོན་གང་གི་རྣར་བཏབ་པ། །དེ་ནི་བྱང་ཆུབ་སྙེ་མ་ནམ་ཡང་སྦོམ།༼༢༠༽།ལྷ་ཡི་ཡུལ་དུ་དབང་པོའི་རྔ་དག་དང་། །དྲི་ཟའི་ཡུལ་དུ་རྒྱུན་མང་བཻཌཱུརྱ། །སྐལ་པར་ལྡན་ལ་ལྗོན་ཤིང་སིལ་སྙན་དང་། །བེམ་པོའི་སྒྲ་དག་ལས་ཀྱང་ཆོས་མང་སྟོན།༼༢༡༽།མི་གཙང་འདམ་དུ་གསེར་གྱི་བུང་བ་དང་། །གཅན་གཟན་ཁྲོད་དུ་སེངྒེའི་རྒྱལ་བོ་སོགས། །གང་གིས་གང་འདུལ་དེ་ཡི་སྐད་དུ་སྟེ། །རྣམ་པ་ཐམས་ཅད་མཁྱེན་པའི་གསུང་ལས་བྱུང་།༼༢༢༽།གསུང་གི་བྱིན་རླབས་སྤྲུལ་པ་མི་ཟད་པ། །གདུལ་བྱའི་དབང་དང་སྨོན་ལམ་དབང་ལས་ཏེ། །དེ་ཕྱིར་འགགས་པ་མེད་པ་རྒྱལ་བའི་གསུང་། །གསུང་གསང་རྣམ་པར་འཕྲུལ་ལ་ཕྱག་འཚལ་ལོ།༼༢༣༽།གསུང་གི་ཡོན་ཏན་བསྐལ་པ་བྱེ་བར་ཡང་། །རྡོ་རྗེའི་ལྕེས་ཀྱང་བགྲངས་བར་མི་ནུས་ན། །མཁས་པ་མིན་པ་བདག་འདྲས་ལྟ་ཅི་སྟེ། །ཉུང་ངུའི་ངག་འདི་དད་པའི་ཡིད་ཀྱིས་ཡིན།༼༢༤༽།དགེ་བ་དེ་ཡིས་ཁམས་གསུམ་འགྲོ་བ་ཀུན། །སྐྱེ་འགགས་མེད་པ་རྒྱལ་བའི་གསུང་ཐོབ་ཅིང་། །གསུང་དེར་མོས་པའི་ཨ་བུ་བླུན་པོ་ཡང་། །འཁྲུལ་པའི་ངག་འདིའི་སྒྲིབ་པ་བྲལ་གྱུར་ཅིག༼༢༥༽།སྟོན་པ་བདེ་བར་གཤེགས་པའི་གསུང་རྣམ་པ་ཐམས་ཅད་པ་ལ་བསྔགས་པའི་སྐབས་རྫོགས་སོ། ། ༈ གསུང་དམ་པའི་ཆོས་ལ་བསྔགས་པ། ཆུན་འཕྱང་གསུམ་པ། སྟོན་པ་བདེ་བར་གཤེགས་པའི་གསུང་དམ་པའི་ཆོས་ལ་བསྔགས་པ་ཨུཏྤལ་གཞོན་ནུའི་ཆུན་འཕྱང་ཞེས་བྱ་བ། དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །གྲངས་མེད་བསྐལ་པར་ཚོགས་གཉིས་ཡོངས་རྫོགས་ཤིང་། །བདུད་བཏུལ་བྱང་ཆུབ་མཆོག་གི་སར་གཤེགས་ཏེ། །ཚངས་པའི་དབྱངས་ཀྱིས་སྣ་ཚོགས་ཆོས་སྟོན་པ། །དབུས་འགྱུར་ཚལ་བཞུགས་དེ་ལ་ཕྱག་འཚལ་ལོ།༼༡༽།ཐུབ་པའི་གསུང་ནི་རྣམ་གྲངས་མི་ཟད་པ། །བརྗོད་བྱ་དོན་གྱི་ཆོས་འཁོར་མཚོན་པའི་ངག །རྗོད་བྱེད་སྒྲ་ཚིག་ཆོས་ཀྱི་འཁོར་ལོ་སྟེ། །རྣམ་གསུམ་རིམ་པར་བྱོན་ལ་ཕྱག་འཚལ་ལོ།༼༢༽།སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་བདེན་པ། །འཁོར་དང་གཞན་ཡང་འབྲས་བུ་རྒྱུར་བཅས་ཟུང་། །ཤེས་ནས་སྤང་བླང་བགྱིད་དང་བགྱིས་ཟིན་པའི། །བཟླས་པ་བཅུ་གཉིས་ཐུབ་པས་དངོས་པོར་བསྟན།༼༣༽།གང་གི་རྒྱུད་ལ་སྒྲིབ་དང་ཉོན་མོངས་ཁམས། །ཇི་སྙེད་མཆིས་པ་ཐོགས་མེད་གཅོད་པའི་མཚོན། །ཐུབ་པའི་གསུངས་འདི་ཆོས་ཀྱི་འཁོར་ལོ་སྟེ། །འཁོར་ལོ་དེ་ཡང་རྩིབ་མང་རྣོ་བ་ལགས།༼༤༽།ཐ་བ་འདིས་གཅོད་སྒྲིབ་པ་འདིས་འབྲལ་ཏེ། །དྲི་མ་འདིས་འཁྲུད་ཤིན་ཏུ་གཙང་གྱུར་པ། །སྲིད་པའི་སྐྱོན་མང་ངེས་པར་དག་པ་ཅན། །འཁོར་ལོ་དེ་ནི་ཚངས་པའི་འཁོར་ལོ་ལགས།༼༥༽།ལྷའམ་ཀླུའམ་མི་མཆོག་གཞན་སུས་ཀྱང་། །བསྐོར་བར་མི་ནུས་རྒྱུ་འབྲས་ཟབ་མོའི་གཏམ། །ཐར་པའི་ལམ་གྱི་རྫིང་བུ་བཟང་པོ་སྟེ། །འཁོར་ལོ་དེ་ནི་ཟབ་པར་གྱུར་བ་ལགས།༼༦༽།ཁྱིམ་ན་གནས་ཀྱང་ཚངས་པའི་ལམ་སྤྱོད་ཅིང་། །ཚངས་པར་སྤྱོད་པ་ཞི་བའི་དབྱིངས་འགྲོ་བ། །བསྟན་འདིར་གང་བཞུགས་སྡུག་བསྔལ་གཡུལ་འཇོམས་ཏེ། །འཁོར་ལོ་དེ་ནི་ཐོགས་པ་མེད་པ་ཡིན།༼༧༽།ཞི་བ་བསིལ་བ་བདུད་རྩི་དམ་པའི་ལམ། །བདུད་རྩིའི་སྒོ་མོ་ཐུབ་པས་གང་དབྱེ་བ། །ལྷར་བཅས་སྲིད་པའི་སྣང་བ་གཅིག་པུ་སྟེ། །འཁོར་ལོ་དེ་ནི་གསལ་བར་བགྱི་བ་ཡིན།༼༨༽།སྤྱོད་པ་རྒྱ་ཆེ་དོན་མང་ཚུལ་མཛེས་ཤིང་། །མཐའ་གཉིས་ལས་འདས་སྒོ་གསུམ་ཉེ་བར་ཞི། །སྟོན་དང་བསྟན་པ་གཉིས་སུ་བཀའ་སྩལ་བ། །ཆོས་འདུལ་ནོར་བུའི་མཛོད་ལ་ཕྱག་འཚལ་ལོ།༼༨༽།སྣང་བའི་ཆོས་འདི་རང་བཞིན་སྟོང་བ་སྟེ། །སྟོང་བའི་དབྱིངས་ནི་བློ་ཡི་ཡུལ་མིན་ལ། །བློ་འདས་གང་ཡིན་ཁས་ལེན་ཚིག་བྲལ་བ། །ཟབ་པའི་ཚུལ་འདི་འཁོར་ལོ་བར་པར་བསྟན།༼༡༠༽།བསམ་པ་རྒྱ་ཆེ་སྤྱོད་དང་སྨོན་ལམ་དང་། །ཐབས་ལ་མཁས་པ་བསྔོ་བ་དམ་པའི་མཆོག །འགྲོ་དོན་ཕྲིན་ལས་ཀུན་ནས་རྒྱ་ཆེ་བ། །གསུང་གི་ཚུལ་འདི་ཐེག་པ་ཆེན་པོ་ཡིན།༼༡༡༽།སྟོང་པའི་རང་བཞིན་བརྟགས་པར་དཀའ་བ་སྟེ། །ཟབ་པའི་དབྱིངས་ལ་རྟེན་འབྱུང་སྒྱུ་མའི་ཚུལ། །བདེན་པ་གཉིས་ཞེས་ཚིག་གིས་མཚོན་ཙམ་སྟེ། །སྐྱེ་བ་མེད་པ་བདེན་པ་གཅིག་པུར་གསུངས།༼༡༢༽།ཤེས་བྱ་དངོས་ཀུན་བཏགས་པ་ཙམ་ཉིད་དེ། །རྨི་ལམ་སྒྱུ་མ་ཆུ་ཟླ་ལྟ་བའི་ཚུལ། །རང་བཞིན་མེད་ཀྱང་རྣམ་པ་མི་འགོགས་ཤིང་། །སྟོང་ཉིད་རྒྱུ་འབྲས་འཆར་བ་དེ་ལྟར་གསུངས།༼༡༣༽།ཚད་མས་གྲུབ་པའི་ཀུན་རྫོབ་མི་དམིགས་ཀྱང་། །བདེན་པར་ཞེན་པའི་བློ་འདིས་བཟོས་པའི་ཕྱིར། །བློ་བྲལ་དབྱིངས་ནི་དཔྱོད་པའི་ཡུལ་མིན་ཏེ། །དབུ་མའི་ལམ་འདི་ཤིན་ཏུ་ཟབ་པ་ལགས།༼༡༤༽།སྨྲ་བསམ་བརྗོད་མེད་ནམ་མཁའ་ལྟ་བུའི་ཀློང་། །ཕུང་ལྔའི་འཛིན་བྲལ་དག་པའི་མཉམ་བཞག་སྟེ། །འདུ་བྱེད་རྣམ་དག་རླུང་གིས་མི་དཀྲུགས་པས། །དབུ་མའི་ལམ་འདི་མཆོག་ཏུ་ཞི་བ་ལགས།༼༡༥༽།ཡུལ་དང་ཡུལ་ཅན་འཛིན་པ་གཉིས་མེད་ཅིང་། །མེད་དོ་སྙམ་པའི་འཛིན་རྟོག་རང་ཞིག་སྟེ། །སྙམས་བྱེད་བདག་དེ་ཡུལ་མེད་རང་སངས་པ། །དབུ་མའི་ལམ་འདི་བདག་མེད་སྟོང་པ་ཡིན།༼༡༦༽།འཕོ་མེད་རྟག་པ་དག་པ་ཆེན་པོའི་ཁམས། །མ་ལུས་སེམས་ཅན་བདེ་གཤེགས་སྙིང་པོ་ཅན། །ཡོངས་གྲུབ་ཞི་བ་འདུས་མ་བྱས་བསྟན་པ། །ཐུབ་པའི་ཚུལ་འདི་འཁོར་ལོ་ཐ་མ་ཡིན།༼༡༧༽།ཀུན་བཏགས་ཆོས་ཀུན་རང་བཞིན་སྟོང་པ་སྟེ། །གཞན་དབང་དངོས་ཀྱང་སྐྱེ་བ་མེད་པའི་ཚུལ། །འགྱུར་མེད་ཡོངས་གྲུབ་སྒྲིབ་པ་བྲལ་བའི་ཁམས། །འདི་དེ་སངས་རྒྱས་རྣམས་ཀྱི་ཆོས་སྐུར་བཞུགས།༼༡༨༽།སྒྲིབ་པས་བསྒྲིབས་ཀྱང་ངོ་བོ་དག་པའི་ཁམས། །ཤེས་ཉོན་མུན་པ་གཤིས་ལ་མི་འདྲེ་བའི། །ཆོས་ཉིད་དབྱིངས་འདི་ཉི་མའི་དཀྱིལ་འཁོར་བཞིན། །བསལ་བཞག་གཉིས་མེད་གཙང་བའི་ཕ་རོལ་ཕྱིན།༼༡༩༽།བྱིས་པས་བཟུངས་བའི་བདག་འདི་ཡོད་མིན་ཏེ། །དམ་པས་བསྟན་པའི་སྙིང་པོ་མེད་མིན་པའི། །འགྲོ་བའི་ཆོས་ཁམས་རྒྱལ་བའི་རང་བཞིན་ཅན། །མི་གཡོ་ཁྱབ་བདག་བདག་གི་ཕ་རོལ་ཕྱིན།༼༢༠༽།འཁྲུལ་བས་བསླུས་པའི་རྨོངས་པ་མནར་གྱུར་ཀྱང་། །ཡོན་ཏན་རང་བཞིན་འཛིན་མེད་རྒྱལ་བའི་ཆོས། །པདྨའི་སྦུབས་ན་སྤྲུལ་པའི་སངས་རྒྱས་བཞིན། །བདེ་གཤེགས་སྙིང་བོ་བདེ་བའི་ཕ་རོལ་ཕྱིན།༼༢༡༽།ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །འགྱུར་བ་མེད་ཕྱིར་སྲིད་ཞི་གཉིས་མེད་པ། །ལྷུན་གྱིས་གྲུབ་པ་མངོན་པར་འདུས་མ་བྱས། །ཞི་དབྱིངས་འཕོ་མེད་རྟག་པའི་ཕ་རོལ་ཕྱིན།༼༢༢༽།གཟུང་དང་འཛིན་པ་བདེན་པར་ཡོད་མིན་ཏེ། །གཉིས་མེད་ཤེས་པའང་ཀུན་རྫོབ་ཙམ་དུ་བས། །ཟབ་མོ་སྟོང་ཆེན་དཔག་པར་དཀའ་བའི་ཁམས། །རྒྱལ་བའི་སྡེ་སྣོད་ད་དུང་ཡོད་པར་ཤེས།༼༢༣༽།ཐུབ་པའི་ཆོས་ཀུན་གཏིང་དཔག་དཀའ་བ་སྟེ། །སོ་སྐྱེའི་ངག་གིས་འདོམས་པར་སླ་མིན་ཡང་། །རང་གི་བློ་ཤེས་བསྐུལ་བས་གང་འཆུན་ཙམ། །བསྔགས་པའི་ཡུལ་དུ་བརྗོད་པར་མི་རུང་མིན།༼༢༤༽།དགེ་བ་དེས་ནི་སྲིད་པའི་ཁམས་འདི་དག །ཡང་དག་དམ་ཆོས་སྣང་བས་མི་གཏོང་ཞིང་། །བརྗོད་པ་འདི་བགྱིད་ཨ་བུ་གླེན་པ་ཡང་། །ངག་ལ་ཆོས་ཀྱི་བདེན་པས་སྲུང་གྱུར་ཅིག༼༢༥༽།བདེ་བར་གཤེགས་པའི་གསུང་དམ་པའི་ཆོས་ལ་བསྔགས་པའི་སྐབས་རྫོགས་སོ། ། ༈ གསུང་ཡི་གེའི་ཕྲེང་བ་ལ་བསྔགས་པ། ཆུན་འཕྱང་བཞི་པ། སྟོན་པ་བདེ་བར་གཤེགས་པའི་གསུང་ཡི་གེའི་ཕྲེང་བ་ལ་བསྔགས་པ་ཀུ་མུད་དའི་ཆུན་འཕྱང་ཞེས་བྱ་བ། དཔལ་ལྷ་མོ་སྒྲ་དབྱངས་ལ་ཕྱག་འཚལ་ལོ། །གཏིང་མཐའ་མི་མངོན་བཻཌཱུར་བདུད་རྩིའི་ཀླུང་། །སྲིད་པའི་སྙན་བཅུད་འཛགས་པའི་ཡིད་འཛིན་མ། །ཕྲོག་པ་མེད་པའི་ཡིད་འབྱུང་ལྷའི་བུ་མོའི། །སྙིང་ལ་ཀཻ་ལ་ཤ་བཞིན་ཁྱེད་བཞེས་ཤིག༼༡༽།ལེགས་བྱས་བྱེད་པོས་བྲིས་པའི་གཟུགས་གང་ཞིག །ཚོགས་པས་བརྗོད་པའི་དོན་སྟོན་མིང་ཚིག་གཞི། །སྲིད་ན་རྒྱལ་བའི་ཆོས་ཁམས་ངེས་འཛིན་པ། །མི་འགྱུར་མིང་གི་ངེས་པས་ཁྱོད་ཅིག་བཟུང་།༼༢༽།བརྗོད་མེད་ལུས་ཀྱི་རྣམ་པ་གསལ་བྱེད་གཟུགས། །བརྗོད་པ་སྲོག་གི་འཛིན་པའི་བཅུ་དྲུག་དབྱངས། །བསྡོམ་པའི་ཤེས་བྱའི་དངོས་སུ་གང་མཆིས་པ། །སྨྲ་ལས་བས་བར་གྱུར་ཅེས་ཁྱོད་མི་མཆི།༼༣༽།བྲིས་པས་དངོས་པོའི་ཕྱོགས་ཞེས་ལམ་མཚོན་ཞིང་། །གནས་པའི་མགོ་ལུས་འབྱེད་པའི་རྒྱན་མཚོན་ལ། །བརྗོད་པ་མིང་གི་དངོས་པོ་འཁྱུད་དཀའ་བའི། །གཟུགས་དེ་དང་པོར་གནས་ཞེས་མཁས་པས་གླེང་།༼༤༽།མ་འདྲེས་བརྗོད་པའི་སྲོག་ཏུ་ཀུན་ཁྱབ་ཅིང་། །བསྲེས་ན་ཆུ་ལ་ཆུ་བཞིན་གཤིས་མཐུན་པ། །དབྱངས་ལས་རིགས་ཀྱི་དང་པོར་གྲལ་འཛིན་པའི། གཟུགས་དེ་མཚུངས་པའི་མིང་གིས་ལྷག་པར་སྙན།༼༥༽།འདྲ་མིན་འདྲེན་པར་གྱུར་ཀྱང་ཁྲོ་མེད་པར། །གཟུགས་གཅིག་སྲོག་ཐར་རིང་བའི་ངང་བསྲིངས་ཏེ། །མཐོ་བའི་བརྗོད་པར་ཆས་པའི་དབྱངས་གང་ཞིག །མཁས་པའི་འདུན་སར་མཚམས་སྦྱོར་མིང་གིས་བཞུགས།༼༦༽།ཁོང་ནས་བརྗོད་པར་ཆས་པའི་ངག་གང་ཡང་། །ཅུང་ཞིག་དྲི་འཛིན་སྐལ་བའི་ཆར་བྱས་པ། །ང་རོའི་མིང་གིས་བརྗོད་བྱར་དེ་བཞུགས་ཏེ། །དབྱིབས་སུ་ཟླ་བ་ཉ་བའི་དཀྱིལ་འཁོར་བཞིན།༼༧༽།བརྡར་བ་དཔའ་བོའི་རལ་གྲི་མ་ཡིན་ཡང་། །རྣམ་པར་བཅད་པ་མིང་ཙམ་ཁོ་ནས་ཏེ། །སྲོག་བྲལ་ས་རའི་ལུས་ལ་ཁྱོད་སྐྱེས་ཀྱང་། །བཤིགས་ན་ཕ་རོལ་རྗེས་མཐུན་ཅིར་ཡང་འགྱུར།༼༨༽།མ་སྐྱེས་དལ་གྱིས་ཆས་པ་དེའི་རང་ལམ། །འགེགས་བྱེད་ལྕེ་མཆུའི་རྩོམ་པ་མི་ཆེ་སྟེ། །ལྷོད་ལྷོད་མགྲིན་པའི་ལམ་ན་གདངས་བཟང་བ། །གང་ཞིག་མཆིས་པར་གྱུར་བ་ཀ་ཡི་སྡེ།༼༨༽།གཡོ་བའི་དབུགས་ཀྱི་བོས་པ་ལོས་ལགས་ཀྱང་། །གནས་པ་སྐན་ལ་འདི་མཆིས་རྔ་སྒྲ་ལྟར། །བྱེད་པོས་བསྐུལ་བའི་རྐྱེན་ལས་ལེགས་སྐྱེས་པ། །དེ་འདྲའི་ངེས་པ་མི་འགོང་ཙ་ཡི་སྡེ།༼༡༠༽།མཐོ་བ་སྤྱི་བོ་ལས་ལྷུང་འདར་གྱུར་པ། །བརྗོད་པ་སྲོག་དང་འཕྲད་ལས་སྡེབ་ཐོན་ཞིང་། །འཕགས་ཡུལ་མཁས་པའི་ངག་ལ་ཁྱེར་འཁྲི་སྟེ། །བྷོ་ཌར་ཁྲོས་པ་བཞིན་གནས་ཊ་ཡི་སྡེ།༼༡༡༽།སྨྲ་བྱེད་ཟླ་བ་བཀས་འདྲའི་རྩེར་སྐྱེས་ཤིང་། །རྗོད་བྱེད་དྲི་བཞོན་རྒྱུ་བའི་སྲོག་བྱས་ལས། །ལྡབ་ལྡིབ་མིག་སྨན་ཚོས་ཀྱིས་བསྒྱུར་དཀའ་བ། །ངག་གང་བརྗོད་པ་དག་སྟེ་ཏ་ཡི་སྡེ།༼༡༢༽།བྱིས་པ་པདྨའི་ཡལ་འདབ་འདིར་བཟླུམ་པ། །འོང་བ་ཁྱོད་ཅིག་ཟླ་བའི་སྤུན་ཡིན་ནམ། །ཅི་སླད་དབུགས་ཀྱི་རྒྱུ་ལ་ཁྱོད་ཁྲོ་སྟེ། །ལྕིད་བཅས་མཆུ་ལས་སྐྱེས་པ་ས་ཡི་སྡེ།༼༡༣༽།དྲུད་པ་གཙུབས་ཤིང་གཙུབས་པའི་མེ་མིན་ཡང་། །དྲོ་བ་དལ་གྱིས་འོང་བའི་དབུགས་ལས་ཏེ། །སྐྱེ་གནས་ཁམས་ཀྱི་བྱེད་པ་སོ་སོར་རང་། །མཐུན་པའི་རང་གྲལ་སྡེབ་པ་ཤ་ཥ་ས།༼༡༤༽།ཁེངས་པས་ཐོག་མའི་གྲལ་ལ་མི་སྙོགས་ཏེ། །ཁ་ཅིག་བརྗོད་རུང་སྲོག་གྱུར་ཞིག་པ་ལྟའི། །ཐོག་མ་དགྱེས་པའི་གད་མོ་དེ་འོང་བ། །མཐར་གནས་དམན་ས་འཛིན་པ་བཞི་ཞིག་ཡོད།༼༡༥༽།རྫོགས་པ་ལྔ་བཅུའི་སྤུན་གྱི་ཐ་ཆུང་བ། །འགྱུར་བཅས་ཟད་པ་མཚོན་ཕྱིར་དགག་བྱ་སྟེ། །བསྡུ་བ་ཐ་མའི་སྡུད་པོར་གང་གྱུར་བ། །གཅིག་ཅིག་ཡི་གེའི་མིང་གི་ཕྱེད་ཀྱང་ཡིན།༼༡༦༽།གཅོད་པ་རལ་གྲིས་བྱེད་པ་གང་འཛིན་པ། །རིང་པོ་རི་མོས་མཚོན་པའི་མདའ་ཡིན་ཏེ། །སྙན་ཚིག་བརྗོད་པ་བདེ་བའི་གྲལ་གཅོད་པ། །བརྗོད་མེད་བརྗོད་པའི་མཚམས་གཅོད་ཤད་ཀྱིས་བྱས།༼༡༧༽།བསྡུས་ན་བརྗོད་པའི་གཟུགས་གྱུར་ལྔ་བཅུ་སྟེ། །བཀྲལ་ན་མི་ཟད་ཤེས་བྱའི་མིང་སྟོན་པ། །དབྱིབས་སུ་དུ་མར་སྣང་བའི་སྤྲུལ་བསྒྱུར་ཅན། །ཐུབ་པའི་གསུང་གི་བྱིན་རླབས་ཁོ་ན་ལགས།༼༡༨༽།སུ་ཞིག་ཐར་ལམ་སྣང་བ་ཚོལ་བ་དང་། །གང་གི་ཞི་བའི་སྒྲོན་མེ་རྙེད་གྱུར་པ། །དེ་ལ་སྦྱིན་པ་རྩོམ་པའི་ལམ་འདིས་ཏེ། །གཞན་དུ་ཤེས་པའི་དངོས་པོ་ཇི་ལྟར་སྟེར། །༡༩དོན་དུ་མཚན་མར་གྱུར་པ་མ་ལགས་ཀྱང་། །སྣང་ཙམ་སྐལ་བཟང་སྐལ་བའི་མིག་ཡིན་ཕྱིར། །ལེགས་གསུང་བསྟན་པ་རྒྱ་མཚོའི་དེ་ཉིད་ཀྱང་། །དེང་དུ་བརྗོད་པ་ཡི་གེའི་སྒྲ་ལྟར་སྣང་།༼༢༠༽།མ་སྐྱེས་རང་བཞིན་ཡི་གེ་ཨ་ཡིན་ཏེ། །དོན་དམ་བདེན་གཅིག་སྤྲོས་པའི་ཡུལ་ལས་འདས། །སྐྱེ་བའི་ཆོ་འཕྲུལ་སྣང་བའི་གཞིར་གྱུར་བ། །བརྗོད་དུ་མེད་བཞིན་བརྗོད་པ་ཀུན་གྱི་གཞི།༼༢༡༽།རྡུལ་སྙེད་བསྐལ་པར་ཇི་སྙེད་བགྲངས་དཀའ་ཡང་། །གོམས་པར་བྱས་པ་ལེགས་མཛད་ཁོ་ན་སྟེ། །དེ་འདྲ་ལས་སྐྱེས་མགུལ་གྱི་བུམ་བཟང་ལས། །ཐུབ་པའི་གསུངས་ཀྱང་ཡི་གེའི་སྒྲ་བཞིན་སྣང་།༼༢༢༽།ཡི་གེ་འདུས་ལས་གྲགས་པའི་མིང་བྱུང་སྟེ། །མིང་ལས་ཚིག་བྱུང་དེ་ལས་ཇི་སྙེད་ཆོས། །བརྗོད་པའི་དོན་སྟོན་ཡོན་ཏན་མཛོད་འཛིན་ཕྱིར། །སྤང་བླང་ལེགས་ཉེས་དཀའ་གནས་འདི་ཡིས་སྦྱིན།༼༢༣༽།སྲིད་པའི་ཁམས་ན་ཕན་བདེའི་དངོས་གྱུར་བ། །གང་ཡང་ཐུབ་པའི་སྤྲུལ་པར་བཀའ་སྩལ་ན། །བློ་མཆོག་བློ་ལ་ཤེས་པའི་མིག་སྦྱིན་པ། །ཡི་གེའི་གཟུགས་འདི་བཟོ་ཡི་སྤྲུལ་སྐུ་ཡིན།༼༢༤༽།སྡེ་སྣོད་རིན་ཆེན་ཐུབ་པའི་ལེགས་གསུང་བཀའ། །བཀའ་ཡི་རྗེས་འབྲེལ་ཕུན་ཚོགས་བསྟན་བཅོས་གཞུང་། །ཐར་ལམ་བྱེད་པོ་གཞན་ན་ཡོད་མིན་ཏེ། །རྒྱལ་བ་དངོས་ཞེས་ཐུབ་པ་མཆོག་གིས་གསུངས།༼༢༥༽།དེ་སླད་ཆོས་ཀྱི་ཉི་མ་འདི་ཡིན་ཏེ། །རྨོངས་པས་འཁོར་བར་ལོང་ལ་འདི་དམིགས་བུ། །ཡང་དག་ཐར་ལམ་ཐེམ་པ་འདིས་བགྱིད་དེ། །མདོར་ན་ལེགས་དགུའི་བྱེད་པོ་གཅིག་ཅིག་ཡིན།༼༢༦༽།མཚུངས་མེད་ཐུབ་པའི་ལེགས་བཤད་ཡི་གེའི་གཟུགས། །རྗེས་འཇུག་འཕགས་པའི་གསུང་བཅས་མ་ལུས་པའི། །ཡོན་ཏན་ཕྲེང་བར་བསྡུ་བར་དཀའ་མོད་དེ། །མོས་པ་ཁོ་ནས་ཅུང་ཟད་ཚིག་ཏུ་སྡེབ།༼༢༧༽།དགེ་བ་དེ་ཡིས་རྒྱལ་བསྟན་ཡོངས་འདུའི་ཕྲེང་། །ཉམས་མེད་སྐལ་པའི་མཐར་ཡང་སྲོག་བརླིང་ཞིང་། །གུས་པའི་བློ་ཅན་ཨ་བུ་ཧྲུལ་པོ་ཡང་། །ལྕེ་ལ་དབྱངས་ཅན་ལྷ་མོ་བཞུགས་གྱུར་ཅིག༼༢༨༽།བདེ་བར་བཤེགས་པའི་གསུང་ཡི་གེའི་གཟུགས་བརྙན་ལ་བསྔགས་པའི་སྐབས་རྫོགས་སོ། ། ༈ གསུང་གསང་སྔགས་ཀྱི་ཚུལ་ལ་བསྔགས་པ། ཆུན་འཕྱང་ལྔ་པ། སྟོན་པ་བདེ་གཤེགས་པའི་གསུང་གསང་སྔགས་ཀྱི་ཚུལ་ལ་བསྔགས་པ་མེ་ཏོག་གི་ཆུན་འཕྱང་ཞེས་བྱ་བ། བླ་མ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་ཁམས། །སྲིད་ཞིའི་སྲོག་ཏུ་གྱུར་པའི་དེ་ཁོ་ན། །བརྗོད་མེད་བརྗོད་པའི་ཀློ༵ང་ཆེ༵ན་ན༵་དེའི་སྒྲ། །ར༵བ་འབྱ༵མས་རྒྱལ་ཀུན་གསུང་གི་རྡོ་རྗེས་སྐྱོ༵ངས།༼༡༽།དག་ཆེན་ཡེ་ཤེས་གཅིག་གི་དབྱིངས་ཁོ་ནར། །ཤེས་བྱའི་རང་ཚུལ་ཞིག་པ་ཟབ་མོའི་ངག །མིང་ཚིག་ཡི་གེའི་སྤྲོས་པས་མ་ལགས་ཏེ། །ཐུགས་ཉིད་གསུ༵ང་གི༵་གས༵ང་བར་གཉིས་སུ་མེད།༼༢༽།ཆོས་དབྱིངས་རང་བཞིན་བརྗོད་དུ་མེད་པའི་ཁམས། །འཕོ་མེད་དག་པ་སྒྲིབ་བྲལ་དོ༵ན་གྱི༵་གཤིས། །ཡུལ་དང་ཡུལ་ཅན་སྤྲོས་པས་ལྟ་ཅི་སྟེ། །འཛིན་པའི་ཁམས་ལ་གསུང་ཞེས་དམིགས་སུ་མེད་།༼༣༽།གཅིག་ཏུ་མ་ཡིན་དབྱི༵ངས་རི༵ག་མཉམ་པ་ཆེ༵། །རྟོག་མེད་རྟོགས་པས་དག་པའི་རང་བཞིན་བྱི༵ན། །སྤྲོས་པས་མ༵་རླབས་སྤྲོས་བྲལ་ཉིད་ཀྱི་ངང་། །གསུ༵ང་གི་གསང་བ་མ་འདྲེས་སོ་སོར་རྟོགས།༼༤༽།ཐ་དད་མ་ཡིན་ཐིག་ལེ་གཅིག་གི་ཀློང་། །གཉི༵ས་འཛིན་ཅི་ཞིག་ཡོད་མེ༵ད་ཡུལ་མིན་ཏེ། །མཐའ་ཡི་མི་ཕྱེད་རྡོ་རྗེ་དེ་ཁོ་ན། །གསུ༵ང་གི་དབྱིངས་ནི་རང་བཞིན་མཉམ་པ་ཉིད།༼༥༽།དག་པས་དགོ༵ངས་པ༵་གཞི་ལས་མི་གཡོ་ཡང་། །ཡེ་ཤེས་སྒྱུ་མའི་བཀོད་པ་བརྡ༵་ཡི༵་ཚུལ། །སྣང་དང་དེ་ཡུལ་ཐ་མི་དད་མཚོན་པ། །གསུ༵ང་གི་རང་བཞིན་དག་པའི་མེ་ལོང་བཞིན།༼༦༽།བརྗོད་མེད་དབྱངས་ཀུན་བརྗོད་པའི་སྤྲོས་ཤར་བ། །གདུལ་བྱའི་ཡུལ་ལ་ཚ༵ངས་པ་ཆེན་པོའི་དབྱངས། །རྩོམ་པས་མ་ཡིན་རང་བཞིན་བབས་ཀྱིས་སྣང་། །གསུ༵ང་གི་ཕྲིན་ལས་བརྗོད་པའི་བྱ་བ་གྲུབ།༼༧༽།འདོད་ཆགས་ཆེན་པོའི་བདེ་ཆེན་དག་པའི་མེས། །བསྲེགས་པའི་འོ༵ད་སྣང་དཔ༵ག་མེ༵ད་ཆོས་རྒྱལ་པོ། །དག་པས་འདུ་ཤེས་ཡེ་ཡོད་རྟག་པའི་ཁམས། །གསུང་གི་རྡོ་རྗེ་སྐུ་དང་ཡེ་ཤེས་མཛོད།༼༨༽།རྨོངས་པའི་རྩུབ་རེག་གཞན་ཡང་དམིགས་མིན་ཏེ། །འཇ༵མ་པའི་རྡོ་རྗེ་དཔ༵ལ་ལྡན་རྒྱལ་བའི་དབྱ༵ངས། །སྒྲིབ་པའི་དྲཱ་བ་ཡེ་བྲལ་བསྡུར་མེད་པ། །གསུང་གི་ཐུགས་ནི་རྣམ་ཀུན་ཟབ་པའི་དབྱིངས།༼༨༽།ལྔ་ཕྲག་རང་བཞིན་གསལ་བའི་སྤྱ༵ན་ར༵ས་ནི། །དག་པས་གཟི༵གས་པའི་སྣང་བ་རྒྱ་ཆེ་རུ། །གསུང་གཅིག་དབྱངས་ཀྱིས་ཟབ་པའི་གནས་སྟོན་པས། །གསུང་གི་གསུང་ནི་དམིགས་པའི་ཡུལ་ལས་འདས།༼༡༠༽།མཉམ་པའི་གཞི་ཀློང་ཡེ་གདལ་གཏིང་མཐའ་མེད། །བརྗོད་པའི་ངག་ཀུན་བརྗོད་མེད་གསུང་ཡིན་ཏེ། །རྣམ་གསུམ་སྒྲ་འདི་སྒྲ༵་ཡི༵་རྡོ༵་རྗེ༵་མ། །གསུང་གི་སྐུ་སྟེ་རྒྱལ་ཀུན་དགྱེས་པ་སྐོང་།༼༡༡༽།རྨོངས་པའི་མུན་ཆེན་ཟད་བྱེད་སྣང༵་བའི་ཁམས། །ཆོས་རབ་གས༵ལ་བ་ཡེ་ཤེས་ཉི་མ༵་སྟེ། །སྲིད་པའི་སྲེད་པ་གཅོད་པའི་དཔལ་གང་བ། །གསུང་གི་ཡོན་ཏན་འགྲོ་བའི་རེ་བ་སྐོང་།༼༡༢༽།སྒྲིབ་མེད་འཚེར་བའི་དབྱངས་གཅིག་དེ་ཁོ་ན། །འགྲོ་ཁམས་རྣམ་གྲོལ་ལམ་གྱི་རྟ་ཡི༵ན་ཏེ། །ཐེག་པའི་ཚུལ་ཆེན་མགྲི༵ན་པ་ལས་འཕོས་ཀླུ། །གསུང་གི་ཕྲིན་ལས་ཤེས་ཉོན་ཡུལ་ལ་ཁྲོ།༼༡༣༽།སྲིད་པའི་ལྕ༵གས་ཁམས་འཆིང་བའི་མཀྵི་ཀས། །ལས་ཉོན་འཁོར་བའི་སྒྲོགས་སུ་མི་བགྱིད་དེ། །ཡེ་ཤེས་སྒྱུ་མ༵་ཐབས་ཀྱི་རང་བཞིན་ཉིད། །གསུང་གི་རྣམ་པར་འཁོར་འདས་རོ་གཅིག་སྡོམ།༼༡༤༽།བསམ་གྱིས་མི་ཁྱབ་འོག་མིན་ཆེན་པོའི་གནས། །གཉིས་འཛིན་སྣང་བ་དབྱིངས་སུ་ནུབ༵་པའི་གཞི། །རང་སྣང་རང་བཞིན་ཕྱོགས་བྲལ་མཉམ་པའི་ཀློང་། །གསུང་གི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ།༼༡༥༽།དབང་བཅུའི་རང་བཞིན་ཡོན་ཏན་ཆ་བསགས་སྒྲོ། །ཉོན་མོངས་དུག་ཆེན་ཐབས་ཀྱིས་ཞི་བའི་གར། །བཀྲག་པའི་རྒྱན་སྣང་རྨ༵་བྱ༵འི་མགྲིན་བཏེགས་པ། །གསུང་གི་གདན་ཁྲི་རྒྱལ་བའི་རྒྱན་དུ་བཀྲམ།༼༡༦༽།འཁོར་བའི་མུན་པ་མཐར་བྱེད་ཤེས་རབ་ཅན། །རྣམ་གྲོལ་དག་ཆེན་སོ་སོར་རྟོགས་པའི་གདངས། །དྲན་པའི་གསུང་འགྲུབ་གྲུབ་པ་བཞི་ཡི་ཚུལ། །གསུང་གི་སྙིང་བོ་བརྗོད་མེད་ཀློང་ལས་ཤར།༼༡༧༽།དག་པའི་ཆ༵གས་ཆེ༵ན་ཆགས་པ་གཅོད་པའི་མཚོ༵ན། །སྐུ་ལས་ལེགས་འོང་ཡེ་ཤེས་སྣང་བའི་གདངས། །དབྱིངས་ལས་རང་ཤར་ཁ་དོག་དམ༵ར་པོ༵་སྟོན། །གསུང་གི་འོད་ཟེར་རང་སྣང་བཀོད་པའི་རྒྱན།༼༡༨༽།བདེན་ཞེན་གཉིས་འཛིན་འཆིང་བ་ལྟ་ཅི་སྟེ། །རང་བཞིན་གྲུབ་པའི་ཆོས་ཤིག་དམིགས་མི༵ན་ཕྱིར། །རྫུན་སྣང་རང་བཞིན་ཤེས་ཀྱང་དོན་སྨྲ་སྟེ། །གསུང་གི་དམ་ཚིག་འགྲོ་བློའི་ངོར་སྣང་ཙམ།༼༡༩༽།གང་ཡང་མ་གསུངས་ཅི་ཞིག་གསུང་འགྱུར་ཏེ། །གསུང་བར་མི་མཛད་ཚུལ་དེ་རྒྱལ་བའི་གསུང་། །མི་ཤིག་རང་བཞིན་རྡོ་རྗེའི་ཟ་མ་ཏོག །གསུང་བའི་དུས་ནི་བསམ་མི་ཁྱབ་པ་ཉིད།༼༢༠༽།དབྱངས་འདིའི་རང་བཞིན་བྱིས་བློས་མ་ཡིན་ཏེ། །ཡིད་ཆེས་ཚད་མ་ལུང་གིས་མི་བསླུ་བའི། །རྡོ་རྗེའི་གནས་ལ་གང་གིས་གང་བསྟན་པ། །གསུང་གི་ཟབ་དོན་སྦས་པའི་གསང་བར་བཞུགས།༼༢༡༽།ཡ་ཡིས་མཚོན་པ་ཟླ༵་ག༵མ་རྡོ་རྗེའི་ལྗགས། །དབང་ཤེས་ཡོངས་རྫོགས་དག་པའི་སེམས་དཔའ་སྟེ། །བགྲངས་བར་མི་སྤྱོད་ཡོན་ཏན་རྒྱ་མཚོའི་གཞི། །གསུང་གི་དབྱིངས་སུ་མ་བྱས་རང་བཞིན་ཤར།༼༢༢༽།འཕགས་པའི་ཡེ་ཤེས་རྣམ་པར་དག་པས་ཀྱང་། །གསུང་གི་གསང་བ་གཞལ་བའི་ཡུལ་མིན་ན། །སོ་སྐྱེས་བློ་ལས་ཡེ་ནས་འདས་མོད་དེ། །སྤྱི་བརྟོལ་ངག་མིན་གསུང་གི་དོན་བཞིན་སྨྲས།༼༢༣༽།མོས་པའི་བློ་ཡིས་བློ་ལ་རྗེས་བསྐུལ་ནས། །བློ་བྲལ་གཤིས་ལུགས་གསུང་གི་རྡོ་རྗེ་དེར། །གུས་པ་ཁོ་ནས་རྗེས་བསྔགས་ཚིག་བཅད་སྡེབ། །ཁེངས་དང་མུ་ཅོར་ནོང་ཆ་འདིར་ཡོད་མིན།༼༢༤༽།དགེ་བ་དེ་ཡིས་བརྗོད་བྲལ་ཟབ་མོའི་དོན། །འགྲོ་བའི་རྒྱུད་ལ་རང་བཞིན་སྒྲིབ་བྲལ་ཏེ། །དད་པའི་བློ་གྲོས་ཨ་བུ་ཧྲལ་པོ་ཡང་། །གསུང་གི་རྡོ་རྗེས་རྗེས་སུ་འཛིན་གྱུར་ཅིག༼༢༥༽།དེ་བཞིན་གཤེགས་པའི་གསུང་གི་གསང་བ་གསང་སྔགས་ཀྱི་ཚུལ་དུ་བསྔགས་པ་བརྗོད་པའི་སྐབས་རྫོགས་སོ། ། ༈ གསུང་ཟབ་དོན་གསང་བ་ལ་བསྔགས་པ། ཆུན་འཕྱང་དྲུག་པ། སྟོན་པ་བདེ་བར་གཤེགས་པའི་གསུང་གི་གསང་བ་གསང་སྔགས་ཀྱི་ཐོར་བུ་ལ་བསྔགས་པ་ཟླ་བ་ཐིག་ལེའི་ཆུན་འཕྱང་ཞེས་བྱ་བ། དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །འཕོ་མེད་བདེ་ཆེན་ཟླ་བ་བདུད་རྩིའི་ཆུ། །གྱེན་དུ་ནམ་མཁའི་འཁོར་ལོར་རྒྱས་བཏབ་པས། །སྒྲིབ་བྲལ་བདེ་ཆེན་དག་པའི་དཔལ་བརྙེས་ཏེ། །ཟུང་འཇུག་འཇུག་པ་མཐོར་གཤེགས་ལ་ཕྱག་འཚལ།༼༡༽།ཁ་སྦྱོར་བདེ་ཆེན་མཆོག་གི་སྟོན་པ་ལས། །ཉི་ཟླ་ཟ་བ་ཟབ་པའི་དབང་བརྙེས་ནས། །མཆེད་པའི་བག་ཆགས་ཕྲ་བའི་ཁམས་སྟོང་པས། །རྡོ་རྗེ་གསུང་གི་རང་བཞིན་བརྙེས་པ་ལགས།༼༢༽།ལྷན་སྐྱེས་བདེ་ཆེན་བརྗོད་པ་བྲལ་བའི་གསུང་། །སྲིད་དང་ཞི་བ་ཡོངས་ཡེ་ཁྱབ་པ་ཡང་། །སྒྲིབ་པའི་སྤྲིན་སྟུག་གང་དུ་བྲལ་གྱུར་པར། །ཐུབ་གསུང་ཉི་འོད་གསལ་བ་བཞིན་དུ་སྣང་།༼༣༽།མི་ཤིག་ཐིག་ལེ་བདེ་ཆེན་དག་པའི་ཡིད། །ལུས་ཅན་སྙིང་ལ་སྟོན་པ་ཉིད་བཞུགས་ནས། །མཆོག་གི་ཡེ་ཤེས་བསྟན་པ་དམ་པའི་གསུང་། །སྒྲིབ་པའི་སྒྲུབ་ནང་དག་པ་ཆེན་པོར་བཞུགས།༼༤༽།རྡོ་རྗེ་བཙུན་མོ་གསང་བའི་སྒྱུ་མ་ཡིས། །གང་དུ་དྲང་པ་སྟོན་པའི་ཐིག་ལེ་ནི། །རང་གི་རང་བཞིན་མཚོན་པ་བྲལ་བའང་། །རྡོ་རྗེ་གསུང་གིས་དེ་རུ་སྣང་བར་མཛད།༼༥༽།བདེ་ཆེན་ཡེ་ཤེས་དག་པའི་སྟོན་འཁོར་གྱིས། །སྣང་བ་གཉིས་ཟོས་མུན་པའི་ལྟོ་བྲལ་ནས། །ནམ་མཁའི་ཐིག་ལེ་གཅིག་ལ་ཞུགས་པ་ན། །སྙིང་པོའི་གསུང་ནི་ཡུལ་དང་བྲལ་བར་གསལ།༼༦༽།གང་གིས་མ་བསྟན་བརྗོད་དུ་མེད་པའི་དོན། །སྐལ་བཟང་སྙིང་ལ་བྱིན་རླབས་མཐུས་བྱིན་པས། །གསུང་གི་དེ་ཉིད་སྒྲིབ་དང་བྲལ་གྱུར་པ། །ཚིག་ལས་འདས་པ་རང་གི་རང་བཞིན་ཤེས།༼༧༽།འཁྲུལ་བའི་ངག་ནི་གསུང་གི་རྡོ་རྗེའི་རྒྱུ། །ལྕགས་ལ་རྩི་བཞིན་ཐབས་ཀྱིས་མངོན་བྱེད་པ། །ལམ་གྱི་ལམ་མཆོག་གསུང་གི་སྙིང་པོ་ནི། །གང་ལ་སྣང་བ་སྲིད་པ་ཐ་མར་བྱེད།༼༨༽།སྟོང་ལས་ངེས་པར་སྙིང་པོའི་དྲངས་པའི་གཟུགས། །སྣང་སྟོང་གཉིས་མེད་གསུང་གི་རྣམ་པ་ནི། །ཟླ་བ་བཞུ་བས་རི་མོ་བྱས་ལྟའི་མདངས། །གསལ་བརྟན་གོམས་ལས་ཡིད་ནི་འཆིང་བར་འགྱུར།༼༨༽།མ་སྐྱེས་མཚོན་པ་ཡི་གེའི་རྣམ་པ་ལས། །སྤྲོས་པས་ཐབས་མཁས་ནམ་མཁའི་ཁྱོན་འགེངས་ཤིང་། །གང་དུ་བསྡུས་པའི་ཐིག་ལེ་གཅིག་གིས་ཀྱང་། །འཕེལ་འགྲིབ་མེད་པ་གཉུག་མ་ཉིད་དུ་གནས།༼༡༠༽།གསུང་གི་རྣལ་འབྱོར་གོམས་པའི་ཕྲིན་ལས་ཀྱིས། །བཅིངས་པས་འཛིན་གཉིས་བདུད་རྩིའི་དཔལ་འཛིན་ཞིང་། །རྒྱས་དང་སྒྲིབ་འཇོམ་མཐོ་རིས་སྲོག་སྦྱིན་ལ། །སྨོན་པའི་འབྲས་བུ་དུད་པར་བྱེད་པ་ཡིན།༼༡༡༽།སྟོང་པ་སྲ་ཞིང་འབར་བ་འདིས་བསྲེགས་ཏེ། །གཤེར་གྱུར་འབབ་ལ་བརྟན་པ་འཐོར་ཞིང་གཡེངས། །འཐས་པ་བཤིག་ནས་སྟོང་ཞིང་ལྟུང་བ་སྟེ། །གསུང་གི་ཏིང་འཛིན་འཕྲིན་ལས་བསམ་མི་ཁྱབ།༼༡༢༽།རིང་ནས་དགུགས་ཤིང་གནས་ལས་སྐྲོད་པ་དང་། །འཆིང་བར་བྱེད་ཅིང་འཆིང་བ་གྲོལ་གྱུར་ལ། །ཤི་བ་སློང་དང་གསོན་པ་མཐར་བྱེད་ཅིང་། །ཕྱོགས་གཉིས་རྒྱལ་དང་ཕམ་པའང་བྱེད་པར་འགྱུར།༼༡༣༽།གང་གི་ཡིད་ལ་མཆོག་གི་དཔལ་སྦྱིན་པ། །ཤིན་ཏུ་ཡང་དག་དཀྱིལ་འཁོར་འཁོར་ལོ་ནི། །ཡི་གེ་སྤྲིན་གྱི་ཕྲེང་བ་ལས་བཀོད་དེ། །ཐ་མལ་སྣང་བ་རྡོ་རྗེའི་གྲོང་དུ་བྱེད།༼༡༤༽།གསུང་གི་སྙིང་པོ་ཕྲ་ཞིང་གཡོ་བའི་གཟུགས། །སྲོག་གི་དབུས་ན་ཡིད་ནི་དེར་འཆིང་ཞིག །རྩོལ་བས་བཟླས་པའི་ཐུགས་དམ་རྒྱུད་བསྐུལ་ཏེ། །སྐལ་བཟང་དངོས་གྲུབ་སྐལ་བ་སྦོམ་པོར་བྱེད།༼༡༥༽།གྲུབ་པ་རྣམ་བཞིས་ཡོངས་བཟུང་དག་པའི་ངག །རྡོ་རྗེའི་གསུང་ཞེས་ཅིས་ཕྱིར་འོས་མིན་ཏེ། །སྲིད་པའི་བརྗོད་པ་ཉེས་པའི་འབྲས་བདོ་བ། །འགོག་དང་ཡོངས་དག་འདི་ཡིས་བྱེད་པར་འགྱུར།༼༡༦༽།དགྱེས་དང་དྲག་ཤུལ་རྡོ་རྗེའི་གད་མོ་ནི། །དྲན་པ་ཡིས་ཀྱང་འབྱུང་པོའི་ཚོགས་བྱེར་ཞིང་། །དགོད་གཤེ་དྲག་ཤུལ་ཉམས་བརྒྱའི་ང་རོ་ཡིས། །དུག་གསུམ་རྡུལ་ཀྱང་བསྲེག་ཤིང་ཟད་པར་བྱེད།༼༡༧༽།ཟླུམ་པོའི་འགྲོས་ཀྱིས་རྟོག་པའི་དུག་སྦྱོང་ཤིང་། །ཐབས་ཤེས་འབྲེལ་བ་མགལ་མེ་ལྟར་རྒྱུ་བས། །བདེ་གསལ་སིམ་པ་སྙིང་ལ་བྱིན་པའི་མོད། །གྲགས་སྟོང་གསུང་ནི་བུང་བ་ཚང་ཞིག་བཞིན།༼༡༨༽།འཁོར་འདས་བྱིན་བཅུད་ཐབས་ཀྱི་འཕྲོ་བའི་ཁུར། །འཆི་བ་མེད་པའི་བཅུད་དུ་གནས་པའི་དཔལ། །རྣལ་འབྱོར་སྲོག་ལ་བདུད་རྩི་སྦྱིན་ནུས་པ། །སྐུ་ཡི་སྙིང་པོ་ༀ་ལས་གཞན་ན་མེད།༼༡༩༽།ཀུན་རྟོག་སྲོག་རྩ་སྐད་ཅིག་གཅིག་ཁོ་ནར། །གཅོད་པའི་རྣོ་ནུས་ཉི་ཟླའི་ཁྱིམ་བརྒྱུད་ནས། །ཁམས་གསུམ་བསད་ནས་སྒྲ་གཅན་ལྟོར་འདེབས་པ། །གཉིས་སྤང་གྲོགས་དེ་ཨཱཿཡིག་བསྟི་བར་འགྱུར།༼༢༠༽།སྤྲོས་པས་རི་མོ་ནམ་མཁའི་ཁྱོན་གང་བས། །སྣོད་བཅུད་སྣང་བ་ངེས་པར་རྒྱས་བཏབ་ནས། །སྒྱུ་མའི་གྲོང་ཁྱེར་རྣལ་འབྱོར་མངོན་སུམ་དུ། །ཆུ་ཟླ་ལྟ་བུའི་ཧཱུྃ་ཡིག་གཡོ་བས་ངོམས།༼༢༡༽།གསུང་གི་དཀྱིལ་འཁོར་བཅུ་ཕྲག་གཡོ་བའི་གསུང་། །མས་ནས་ཞུགས་པས་སྲིད་པའི་ཁྱིམ་བཅུ་གཉིས། །ངེས་པར་བཤིག་སྟེ་གཟུང་འཛིན་སྲོག་བཅད་ནས། །ཤིན་ཏུ་དག་པའི་ཡེ་ཤེས་གཅིག་ཏུ་འགྱུར།༼༢༢༽།གཡོ་བ་དེས་ནི་ཉི་མ་མཁར་སྦས་ནས། །ཟླ་བ་བཞུ་བའི་འགྲོས་བཞིའི་ཤིང་རྟ་ལས། །མཆོག་གི་སྟོན་པ་ཡིད་ཀྱི་གྲོང་དྲངས་པས། །བརྗོད་དུ་མེད་པའི་ཆོས་འཁོར་དེ་རུ་བསྐོར།༼༢༣༽།ཐབས་ཀྱིས་བཅིང་པས་འཁྲུལ་པའི་ཡི་གེ་ནི། །ལོངས་སྤྱོད་རྫོགས་པ་མཆོག་གི་གསུང་ཁོ་ནར། །ཡུད་ཀྱིས་བྱེད་པ་ལམ་གྱི་ལམ་མཆོག་ནི། །རྒྱལ་བའི་གསང་ཆེན་རྡོ་རྗེ་ཐེག་པར་ངེས།༼༢༤༽།ངེས་པའི་རང་བཞིན་མངོན་པར་བརྗོད་འདིའི་དགེས། །ཐབས་ཆེན་ལམ་འདིས་སྲིད་པའི་སྲོག་འཇོམས་ཤིང་། །ཉེས་རྟོག་མང་བ་ཨ་བུ་གདོལ་པ་ཡང་། །གཡོ་བའི་ངག་འདི་དབུ་མར་འཆིང་གྱུར་ཅིག༼༢༥༽།སྟོན་པ་བདེ་བར་གཤེགས་པའི་གསུང་ཟབ་མོའི་གསང་བ་ལ་བསྔགས་པའི་སྐབས་རྫོགས་སོ། ། ༈ གསུངས་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པ། ཆུན་འཕྱང་བདུན་པ། སྟོན་པ་བདེ་བར་གཤེགས་པའི་གསུང་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པ་མུཀྟི་ཀའི་ཆུན་འཕྱང་ཞེས་བྱ་བ། དཔལ་དོན་ཀུན་གྲུབ་པ་ལ་ཕྱག་འཚལ་ལོ། །གང་གི་སྲིད་པའི་དྲྭ་བ་གཅོད་དོན་དུ། །ཐོག་མར་ཞི་བའི་བདུད་རྩི་བརྙེས་མཛད་ནས། །གོ་འཕང་འཆི་བ་མེད་པར་འགྲོ་བ་ཀུན། །སྦྱོར་མཛད་ལེགས་གསུང་མངའ་ལ་ཕྱག་འཚལ་ལོ།༼༡༽།རྟག་ཏུ་མཉམ་བཞག་དགོངས་པ་གཡོ་མེད་པ། །ཆོས་སྐུའི་ཀློང་ནི་ཚིག་དང་ཡི་གེ་ལས། །རྣམ་པར་འདས་ཀྱང་སྣ་ཚོགས་གསུང་གི་ཚུལ། །སྲིད་པར་ཡོངས་སྣང་གསུང་གི་ཆེ་བ་ཡིན།༼༢༽།སྲིད་ཞིའི་སྒྲར་གྱུར་མ་ལུས་ཟིལ་གནོན་ཞིང་། །དུས་གཅིག་ཉིད་དུ་དུ་མར་གསུངས་མཛད་ལ། །དུས་རྣམས་ཀུན་ཏུ་རྒྱུན་ཆད་མེད་གསུང་པ། །མོས་པ་རྒྱ་མཚོའི་སྣོད་དང་མཐུན་པར་སྣང་།༼༣༽།སྙན་ཞིང་ཡིད་འོང་ཐུབ་པ་ཆེན་པོའི་གསུང་། །ཉན་པའི་ཡིད་ལ་ཀུན་དགའི་དཔལ་སྦྱིན་ཞིང་། །སྐྱོ་དང་བག་མེད་མ་གུས་མེད་གྱུར་པ། །རྒྱལ་བའི་གསུང་ནི་ཐོག་མར་དགེ་བ་ཡིན།༼༤༽།གསུང་དེས་རྗེས་སུ་གང་ཞིག་གུས་སྦྱོར་བ། །ངལ་བ་མེད་པར་མཐའ་གཉིས་རྣམ་སྤངས་ནས། །དབུ་མའི་ལམ་ལ་ཡང་དག་བརྟེན་འགྱུར་ཕྱིར། །ཐུབ་པ་ཁྱོད་གསུང་བར་དུ་དགེ་བ་ལགས།༼༥༽།ཤིན་ཏུ་དྲི་མེད་ཤིན་ཏུ་མཐར་ཕྱིན་ཞིང་། །འདོད་ཆགས་དང་བྲལ་ཆགས་བྲལ་མཐར་ཐུག་པ། །རྣམ་པ་ཀུན་ཏུ་འབྲས་བུ་མཆོག་སྦྱིན་ཕྱིར། །ཁྱེད་ཀྱི་གསུང་ནི་ཐ་མར་དགེ་བ་ཡིན།༼༦༽།མཐོ་རིས་ཡོན་ཏན་དཔལ་མང་སྦྱིན་པ་དང་། །ངན་འགྲོའི་སྡུག་བསྔལ་གཅད་ཕྱིར་ཕན་པ་སྟེ། །རྗེས་བསླབ་བདེ་ནས་བདེ་བའི་གནས་འགྲོ་བའི། །བསླུ་མེད་བརྗོད་དོན་བཟང་པོ་མངའ་བ་སྟེ།༼༧༽།ཉམས་པ་མེད་པར་ཚིག་གི་ཟུར་ཕྱིན་ཞིང་། །ལེགས་པར་སྦྱར་བས་མཁས་པ་མགུ་བ་སྐྱེད། །ཤིན་ཏུ་སྒྲོས་གཙང་སྙན་པའི་སྡེབ་མངའ་བ། །རྒྱལ་བའི་གསུང་ནི་ཚིག་འབྲུ་བཟང་པོ་ཡིན།༼༨༽།རྟག་ཆད་བདག་རྟོག་དམ་པའི་ལམ་མིན་པ། །རྟོག་གེ་ཕྱི་རོལ་གཡོ་རྒྱུའི་རྡུལ་སྤངས་ཤིང་། །ཐུབ་ཚུལ་ཡང་དག་ཀུན་ལས་ཁྱད་འཕགས་ཕྱིར། །འདྲེན་པ་ཁྱོད་གསུང་མ་འདྲེས་པ་ཉིད་ཡིན།༼༨༽།སྣ་ཚོགས་མོས་ཁམས་རྒྱ་མཚོའི་རྡུལ་ཇི་སྙེད། །དེ་སྙེད་ཡང་དག་ལམ་ལ་ཚད་མེད་ཅིང་། །ཀུན་ཀྱང་རང་འབྲས་བླ་ན་མེད་ལྡན་པ། །རྣམ་པ་ཀུན་ཏུ་ཡོངས་སུ་རྫོགས་པ་ཡིན།༼༡༠༽།ཡེ་ནས་དག་པ་གསུང་གི་རང་བཞིན་ཏེ། །འདུས་མ་བྱས་པ་ལྷུན་གྲུབ་གཡོ་མེད་པ། །རྣམ་རྟོག་སྐྱོན་གྱིས་བསྐུལ་བ་ཉིད་མིན་ཕྱིར། །ཐུབ་པའི་གསུང་ནི་ཡོངས་སུ་དག་པ་ཡིན།༼༡༡༽།ཇི་སྙེད་ཉོན་མོངས་སྲིད་པའི་སྐྱོན་མང་པོ། །སྤངས་བའི་ཡེ་ཤེས་ཐམས་ཅད་མཁྱེན་བརྙེས་པའི། །མཆོག་གི་གནས་ལས་བདུད་རྩིའི་ཚུལ་སྦྱིན་པ། །སྐྱོབ་པ་ཁྱོད་གསུང་རྣམ་པར་བྱང་བ་ཡིན།༼༡༢༽།སྲིད་ཁམས་བསོད་ནམས་ཕུང་པོ་གཞལ་བྲལ་བའི། །རྒྱལ་བའི་དཔེ་བྱད་མཚན་དང་མཚན་མཆོག་གི །བསོད་ནམས་དེས་ཀྱང་བསྒྲུན་དུ་མེད་པ་ཡི། །རྒྱུས་བསྐྱེད་ཚངས་དབྱངས་གསུང་གི་ཁྱད་ཆོས་ལགས།༼༡༣༽།ཞེན་པའི་ཀུན་དཀྲིས་མདུད་པ་ཆེས་དམ་པས། །རྣམ་པར་འཆིང་ལྡན་དགའ་བོ་ལྟ་བུ་ཡང་། །ཐུབ་པའི་གསུང་གཅིག་ཁོ་ནས་རྒྱུད་བསྡམས་པས། །སྲིད་པའི་འཆིང་བ་མ་ལུས་ཡོངས་སུ་གྲོལ།༼༡༤༽།སྡང་བའི་མཚོན་འཁོར་བསྐྱོད་ལ་མི་ངལ་བའི། །མྱོས་པའི་ནོར་སྐྱོང་སྟབ་པོར་རྒྱུག་པའང་། །ཁྱེད་གསུང་བདུད་རྩིའི་ཐིག་པ་གཅིག་བྲན་པས། །དུལ་བ་ཁོ་ནས་འཆི་མེད་གནས་སུ་སོང་།༼༡༥༽།རྨོངས་པའི་མུན་པ་ཀུན་ཏུ་གཞིག་དཀའ་བ། །རྟུལ་བའི་བློ་གྲོས་བྲམ་ཟེ་ལམ་ཆུང་ཡང་། །རྡུལ་མེད་དྲི་བྲལ་གསུང་གི་འོད་གཅིག་གིས། །ཐོག་མེད་སྒྲིབ་ཕུང་མིང་ཙམ་ཉིད་དུ་བྱས།༼༡༦༽།ང་རྒྱལ་རྒྱགས་པས་སྲིད་པའི་རྩེར་འགྱིང་བའི། །བྱེད་པོར་རློམ་ལྡན་ཚངས་དབང་བརྗིད་གྱུར་ཀྱང་། །གསུང་གཅིག་ཆོས་ཀྱིས་དྲེགས་པ་ཀུན་བཅོམ་སྟེ། །འདུད་པའི་ཐོར་གཙུག་ཞབས་ཀྱི་རྡུལ་འོག་ལྟུང་།༼༡༧༽།ཕྲག་དོག་རྒྱུས་བསྐུལ་ལུས་མེད་དྲག་པོའི་དཔུང་། །བྱེ་བ་ཁྲག་ཁྲིག་མཚོན་ཆར་འབེབ་བཞིན་པ། །ཡི་གེར་བཅས་མིན་གསུང་གི་གདངས་གཅིག་གིས། །སེན་རྩེའི་རྡུལ་ལ་སྲིད་མཐའི་རླུང་བཞིན་བྱས།༼༡༨༽།མི་གསོན་ཟོས་པའི་ཁྲག་གིས་ལུས་རྒྱས་པའི། །གདུག་པའི་འབྲོག་གནས་མཆེ་བ་དམར་གཙིག་ཀྱང་། །ཞི་བའི་གསུང་ལས་འདའ་བར་མ་ནུས་ཏེ། །སྡོམ་པའི་ཀུན་སྤྱོད་སློབ་མ་བཞིན་དུ་བླངས།༼༡༩༽།རྔམ་ཟས་ཁོ་ནར་མི་བཙས་སྲོག་འགུམ་ཞིང་། །ལྔ་བརྒྱའི་བུར་བཅས་སྲིད་པའི་ཁམས་རྒྱུ་བའི། །འཕྲོག་མ་སྲིན་མོ་ཐུབ་གསུང་གིས་བཅིངས་པས། །འདུས་པའི་གྲལ་མཐར་ཆང་བུ་ཉུལ་ཞིང་བསྣོམས།༼༢༠༽།ལམ་གོལ་གོམས་པའི་ཡུན་དུ་བསླུས་རབ་བཟང་། རྒས་པའི་འཁྱོར་གོམ་འཁར་བས་བརྟེན་པ་ལ། །གསུང་གཅིག་ཁོ་ནས་མྱ་ངན་འདས་བྱིན་པས། །ཡང་སྲིད་མེད་དང་རྫུ་འཕྲུལ་སྟོབས་བཅས་གཤེགས།༼༢༡༽།བསྟི་བ་མེད་པར་དམྱལ་གནས་ལ་སྤྱོད་པའི། །བསྲེག་གཏུབ་གཅོད་པའི་ཚོར་བས་མནར་བའང་། །གསུང་གི་འོད་ཀྱི་སྐད་ཅིག་གཅིག་རེག་པས། །ངལ་བསོའི་བདེ་བ་ལྷ་ཡུལ་ལྷ་བཞིན་མྱོང་།༼༢༢༽།ཐུབ་པའི་གསུང་ནི་རྣམ་པ་ཐམས་ཅད་དུ། །ཡོན་ཏན་རྒྱ་མཚོའི་ངེས་པར་བཟུང་བ་སྟེ། །སྲིད་ཞིའི་ཁམས་ན་ལེགས་དགུའི་ཆ་ཅི་མཆིས། །མགོན་པོ་ཁྱེད་ཀྱི་གསུང་གི་ཕྲིན་ལས་ཡིན།༼༢༣༽།གསུང་གི་ཆེ་བ་ཟབ་པས་མཐའ་སྤང་བ། །བརྗོད་པའི་ཡུལ་དུ་འཕགས་པས་ཀྱང་མིན་ན། །བླུན་པོ་བདག་ལྟས་སྨྲ་བར་ནུས་མིན་ཡང་། །མོས་པའི་ཡིད་ཀྱིས་ཅུང་ཟད་ཚིག་ཏུ་བསྡེབས།༼༢༤༽།དགེ་བ་འདི་ཡིས་དམན་པའི་འགྲོ་ཁམས་ཀུན། །ཆེ་བའི་རྒྱལ་བོ་ཐུབ་པའི་དཔལ་བརྙེས་ཤིང་། །ཉེས་པའི་ངག་ཅན་ཨ་བུ་འཆལ་བ་ཡང་། །ཚིག་བཙན་གཏམ་བཙུན་དྲང་སྲོང་བཞིན་གྱུར་ཅིག༼༢༥༽།སྟོན་པ་བདེ་བར་གཤེགས་པའི་གསུང་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པའི་སྐབས་རྫོགས་སོ། ། ༈ སྟོན་པ་བདེ་བར་གཤེགས་པའི་གསུང་ཡེ་གྲོལ་རྫོགས་ཆེན་ལ་བསྔགས་པ་བཻཌཱུརྱའི་ཆུན་འཕྱང་ཞེས་བྱ་བ། །སྙིང་གི་རྒྱ་ཅན། དཔལ་འཁོར་ལོའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ནམ་མཁའ་ལྟ་བུའི་ཀློང་། །སྲིད་དང་ཞི་བ་གཉིས་སུ་མེད་གྱུར་པ། །སྤྲོས་བྲལ་ཡོངས་གྲུབ་རྫོགས་པ་ཆེན་པོ་ནི། །མི་གནས་བསམ་ཡུལ་འདས་ལ་ཕྱག་འཚལ་ལོ།༼༡༽།གང་ཞིག་གང་གིས་ཡོད་དང་མེད་པའི་ཕྱོགས། །གཉིས་སུ་མི་འཛིན་ཆེད་དུ་མི་བཀག་པར། །གྲུབ་མཐས་མ་བསླད་དྲན་པས་མ་བཅིང་པའི། །ཐ་མལ་ཤེས་པ་རྩོལ་སྒྲུབ་གཉིས་ལས་འདས།༼༢༽།དེ་ནི་ང་ཡིན་ཡེ་ནས་མ་འཁྲུལ་ཞེས། །ཀུན་བྱེད་ཆོས་སྐུའི་སྟོན་པས་འདིར་གསུངས་ཏེ། །གསུངས་ཙམ་ཉིད་ནས་རྒྱུ་འབྲས་འདས་པའི་གནད། །སྐལ་ལྡན་རྣམས་ཀྱིས་ཤེས་ནས་རང་བཞིན་གནས། །༼༣༽།གསུང་གཅིག་གིས་ནི་བསྐལ་པའི་གསུངས་མཐའ་དག །རྫུན་དུ་བྱས་ནས་ཅི་ཡང་མི་གསུང་སྟེ། །གང་ལ་གསུང་ཞེས་ཡུལ་ཡང་མ་དམིགས་པ། །ཆོས་སྐུའི་ཀློང་དེར་འཁོར་འདས་འདྲེས་པར་གྱུར།༼༤༽།རང་བཞིན་དེ་ཤེས་འཕགས་པ་ཉིད་གྱུར་པ། །བདེན་པ་གཟིགས་ཀྱང་བདེན་ཞེས་འཛིན་མིན་པར། །ངེས་ཤེས་ཟད་ནས་གྲུབ་མཐའི་བློ་སྟོར་ཏེ། །ལྟ་སྒོམ་སྤྱོད་པའི་ཐ་སྙད་དེ་རུ་ཆད།༼༥༽།ཀྱེ་མ་མཁས་པ་རྣམས་ནི་རྟོག་དཔྱོད་དུག །མྱང་བཞིན་མྱང་བཞིན་གཅིག་ལ་གཉིས་སུ་འཁྲུལ། །ཆོས་སྐུ་རང་ལ་གནས་པ་མ་མཐོང་ནས། །སྲིད་པའི་རྡུལ་ཕྲན་བགྲངས་ནས་རྙེད་དུ་རེ།༼༦༽།དམ་པས་བསྟན་པ་རང་ལས་གང་རྙེད་པ། །སྲིད་པའི་རྙོགས་མ་རྣམས་ནི་དེས་འཁྲུད་དེ། །རང་བཞིན་བཞུགས་པས་ཆོག་པའི་གནད་ཤེས་ན། །སུ་ཡང་བྱིས་པའི་ཆོས་ཀྱིས་གཡེང་མི་བགྱིད།༼༧༽།གང་གིས་སྲིད་དང་ཞི་བ་ནམ་མཁའ་སྟེ། །ནམ་མཁའ་ལྟ་བུའི་ཆོས་ཉིད་བྱང་ཆུབ་ལ། །སྐྱེ་འཆིའི་མིང་འདོགས་ཟད་ཅེས་སུས་ཤེས་པ། །དེ་ལ་སྔ་ཕྱིའི་ཚེ་རབས་ཡོད་མི་འགྱུར།༼༨༽།དེ་ཕྱིར་སྡིག་དང་དགེ་བས་སུ་ལ་ཅི། །སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། །ས་ལམ་རྩོལ་སྒྲུབ་བྲལ་བའི་གཉུག་མ་འདི། །མཐོང་ཙམ་ཉིད་ནས་རྒྱུ་འབྲས་རྫུན་པར་འགྱུར།༼༨༽།སྔར་ཡང་སྲིད་ཅེས་སུ་ཡང་མ་འཁྲུལ་ལ། །ད་ལྟ་མི་འཁྲུལ་འཁྲུལ་པར་མི་འགྱུར་ཕྱིར། །བཅིང་གྲོལ་མེད་པ་ཀུན་གྱི་ཆོས་ཉིད་དེ། །དེ་ལ་གྲོལ་དང་ཐར་པ་ཇི་ལྟར་ཡོད་།༼༡༠༽།ཡོད་དང་མེད་པ་རྟག་ཆད་འགྲོ་འོང་ཆོས། །བློ་ཡིས་བཀག་ཀྱང་ཇི་ལྟར་ཁེག་འགྱུར་ཏེ། །བློ་འདས་ཉིད་ཅེས་བློ་ཡིས་བཟོ་བཅོས་ན། །ཆུ་ལ་ཆུ་ཡིས་རག་བྱེད་འཁྲུལ་མིན་ཅི།༼༡༡༽།ཁ་ཅིག་ཡོད་ཅེས་ཀུན་རྫོབ་ལས་བསམ་སྨྲ། །འགའ་ཞིག་མེད་ཅེས་དོན་དམ་ལ་དམིགས་ཏེ། །དམིགས་པའི་དུག་དེས་གཉིས་ཀ་ཁྱབ་གྱུར་བས། །དམིགས་སུ་མེད་པའི་ཆོས་སྐུ་ཤེས་མི་འགྱུར།༼༡༢༽།ཐབས་ཀྱིས་བཅིངས་པའི་རྨོངས་པ་ལམ་ནོར་བ། །བདེ་གནས་གསལ་བའི་ཡིད་ལ་ཆོས་སྐུར་རེ། །ཀྱེ་མ་གཉུག་མའི་ཡིད་ནི་སྒྲིབ་བྲལ་དུ། །རྟག་ཏུ་རང་ལ་གནས་པ་མ་མཐོང་ངོ་།༼༡༣༽།ཕྱལ་བ་ལྷུག་པ་རང་བཞིན་གུ་ཡངས་པ། །གླེན་པའི་ཡིད་འདི་བཅོས་སུ་ཅི་དགོས་ཏེ། །བཅོས་ཤིང་བཅོས་ཤིང་སེམས་ཀྱི་རྟོག་ལང་བ། །རང་གི་རང་བཞིན་བསྒྲིབ་པ་ཉིད་དུ་གྱུར།༼༡༤༽།དཔེ་ལས་འདས་པ་དཔེ་ཡི་མཚོན་མིན་ཏེ། །ཚིག་དང་བྲལ་ལ་ཚིག་གིས་དབང་བསྐུར་ཅི། །ཡེ་ནས་སྨིན་ཟིན་གདོད་སྨིན་བྱར་མེད་ན། །སྨིན་དང་གྲོལ་ཞེས་དེ་ལྟར་བརྫུན་དུ་སྨྲ།༼༡༥༽།སྣ་ཚོགས་གྲུབ་མཐས་བྱིས་པའི་ཡིད་བསླུས་ནས། །རིམ་རྩོལ་བྲལ་ལ་ཐེག་རིམ་འཇུག་སྒོ་བཟུང་། །ལྟ་སྒོམ་སྤྱོད་པས་རྣལ་འབྱོར་ཀུན་བསླུས་ཏེ། །ཆོས་སྐུའི་གཤིས་ལས་རིང་བ་ཉིད་དུ་གྱུར།༼༡༦༽།ཤིན་ཏུ་རྣལ་འབྱོར་ངག་ལས་འདས་མོད་ཀྱང་། །སྣ་ཚོགས་ཐེག་པའི་གཟེབ་ཀྱིས་བཅིང་བ་ལ། །གཅོད་པའི་དོན་དུ་རལ་གྲིར་འདི་སྣང་བས། །ནམ་མཁའི་མདུད་བཞིན་ད་ནི་ཅིར་མི་བརྡུག༼༡༧༽།གང་ཡང་ཡིན་ཏེ་སྣང་ཙམ་ཀུན་ཏུ་བདེན། །གང་ཡང་མིན་ཏེ་གཤིས་ལ་བསམ་བརྗོད་བྲལ། །ཡིན་མིན་མེད་དེ་ཁས་ལེན་མཁན་པོ་སྟོར། །རྟོགས་དང་མ་རྟོགས་ཡེ་ནས་ཡོད་པ་མིན།༼༡༨༽།སུས་ཀྱང་མ་བསྟན་གང་གིས་བཟུང་མིན་པ། །མཁའ་མཉམ་རྣམ་གྲོལ་རྫོགས་པ་ཆེན་པོ་ནི། །སྒྲ་ཚིག་ལས་འདས་ལམ་དང་ཡི་གེ་མེད། །ནམ་མཁའ་བཞིན་དུ་ཡེ་ནས་རང་བཞིན་སྣང་།༼༡༩༽།རྩོལ་ཞིང་སྒྲུབ་མེད་ཡེ་སངས་རྒྱས་པའི་དལ། །རང་རིག་ལྷུན་འབྱམས་བདེ་ཆེན་དག་པའི་ཞིང་། །འཁོར་འདས་འདི་ཀུན་ཡེ་ནས་དབྱིངས་གཅིག་སྟེ། །མ་བྱས་ལྷུན་གྲུབ་རྡོ་རྗེ་བཀོད་པའི་རྒྱན།༼༢༠༽།རང་བཞིན་ཤེས་ན་སངས་རྒྱས་རང་ཡིན་པས། །རྟོག་བྲལ་སེམས་འདི་ཆོས་སྐུ་ཉག་གཅིག་སྟེ། །བཟང་ངན་དགེ་སྡིག་སྤྲིན་བཞིན་ཡལ་བ་ན། །གཉུག་མའི་སེམས་ནི་དག་པའི་ཉི་བཞིན་གསལ།༼༢༡༽།ངེས་པ་འདི་ཤེས་སྙིང་པོའི་རྣལ་འབྱོར་བ། །ཆོས་སྐུའི་དབྱིངས་ནས་ཡེ་ཤེས་ཡས་བབས་ཏེ། །འཁྲུལ་རྟོག་དུག་ལྡན་བྲང་འགྲོ་བཞིན་ཟོས་ནས། །ཕྱོགས་ལྷུང་མེད་པར་ནམ་མཁའ་ལྡིང་བཞིན་གྱུར།༼༢༢༽།ཀྱེ་ཧོ་གསང་བ་ལས་ཀྱང་ཆེས་གསང་བ། །གསུང་གི་གསང་ཆེན་ཡང་གསང་རྡོ་རྗེའི་རྩེ། །བསྟན་ཡང་བསྒྲུབ་མེད་ངག་གི་ཡུལ་མིན་ན། །བསྟོད་པའི་ཡུལ་དུ་ཇི་ལྟར་བྱ་བར་རུང་།༼༢༣༽།དེ་ལྟར་ནའང་རྟོག་པས་བཅིང་པའི་ཡིད། །བྱིས་དང་ལམ་ཞུགས་ཐེག་བརྒྱད་གོལ་བའི་མཚངས། །བརྟོལ་ཙམ་ཉིད་ནས་ཐེག་རྩེའི་ཆེ་འབྱིན་ཏེ། །རང་གི་རང་བཞིན་བརྗོད་དང་བྲལ་བར་ཤོག༼༢༤༽།དགེ་བ་དེ་ཡིས་སྲིད་ཞི་མ་ལུས་པ། །མི་གནས་ས་ལ་རྫོགས་སངས་རྒྱས་འགྱུར་ཞིང་། །ནམ་མཁའི་ཡིད་ཅན་ཨ་བུ་ཧ་ཤང་ཡང་། །བརྗོད་པའི་ངག་འདི་བྲག་ཆ་བཞིན་གྱུར་ཅིག༼༢༥༽།}} | ||
༈ གསུང་རྣམ་པ་ཐམས་ཅད་ལ་བསྔགས་པ། ཆུན་འཕྱང་གཉིས་པ། སྟོན་པ་བདེ་བར་གཤེགས་པའི་གསུང་རྣམ་པ་ཐམས་ཅད་པ་ལ་བསྔགས་པ་ཨུ་དུམ་ཝཱ་རའི་ཆུན་པོ་ཞེས་བྱ་བ། | |||
དཔལ་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། | |||
༈ གསུང་དམ་པའི་ཆོས་ལ་བསྔགས་པ། ཆུན་འཕྱང་གསུམ་པ། སྟོན་པ་བདེ་བར་གཤེགས་པའི་གསུང་དམ་པའི་ཆོས་ལ་བསྔགས་པ་ཨུཏྤལ་གཞོན་ནུའི་ཆུན་འཕྱང་ཞེས་བྱ་བ། དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །གྲངས་མེད་བསྐལ་པར་ཚོགས་གཉིས་ཡོངས་རྫོགས་ཤིང་། །བདུད་བཏུལ་བྱང་ཆུབ་མཆོག་གི་སར་གཤེགས་ཏེ། །ཚངས་པའི་དབྱངས་ཀྱིས་སྣ་ཚོགས་ཆོས་སྟོན་པ། །དབུས་འགྱུར་ཚལ་བཞུགས་དེ་ལ་ཕྱག་འཚལ་ལོ།༼༡༽།ཐུབ་པའི་གསུང་ནི་རྣམ་གྲངས་མི་ཟད་པ། །བརྗོད་བྱ་དོན་གྱི་ཆོས་འཁོར་མཚོན་པའི་ངག །རྗོད་བྱེད་སྒྲ་ཚིག་ཆོས་ཀྱི་འཁོར་ལོ་སྟེ། །རྣམ་གསུམ་རིམ་པར་བྱོན་ལ་ཕྱག་འཚལ་ལོ།༼༢༽།སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་བདེན་པ། །འཁོར་དང་གཞན་ཡང་འབྲས་བུ་རྒྱུར་བཅས་ཟུང་། །ཤེས་ནས་སྤང་བླང་བགྱིད་དང་བགྱིས་ཟིན་པའི། །བཟླས་པ་བཅུ་གཉིས་ཐུབ་པས་དངོས་པོར་བསྟན།༼༣༽།གང་གི་རྒྱུད་ལ་སྒྲིབ་དང་ཉོན་མོངས་ཁམས། །ཇི་སྙེད་མཆིས་པ་ཐོགས་མེད་གཅོད་པའི་མཚོན། །ཐུབ་པའི་གསུངས་འདི་ཆོས་ཀྱི་འཁོར་ལོ་སྟེ། །འཁོར་ལོ་དེ་ཡང་རྩིབ་མང་རྣོ་བ་ལགས།༼༤༽།ཐ་བ་འདིས་གཅོད་སྒྲིབ་པ་འདིས་འབྲལ་ཏེ། །དྲི་མ་འདིས་འཁྲུད་ཤིན་ཏུ་གཙང་གྱུར་པ། །སྲིད་པའི་སྐྱོན་མང་ངེས་པར་དག་པ་ཅན། །འཁོར་ལོ་དེ་ནི་ཚངས་པའི་འཁོར་ལོ་ལགས།༼༥༽།ལྷའམ་ཀླུའམ་མི་མཆོག་གཞན་སུས་ཀྱང་། །བསྐོར་བར་མི་ནུས་རྒྱུ་འབྲས་ཟབ་མོའི་གཏམ། །ཐར་པའི་ལམ་གྱི་རྫིང་བུ་བཟང་པོ་སྟེ། | |||
༈ གསུང་ཡི་གེའི་ཕྲེང་བ་ལ་བསྔགས་པ། ཆུན་འཕྱང་བཞི་པ། སྟོན་པ་བདེ་བར་གཤེགས་པའི་གསུང་ཡི་གེའི་ཕྲེང་བ་ལ་བསྔགས་པ་ཀུ་མུད་དའི་ཆུན་འཕྱང་ཞེས་བྱ་བ། དཔལ་ལྷ་མོ་སྒྲ་དབྱངས་ལ་ཕྱག་འཚལ་ལོ། །གཏིང་མཐའ་མི་མངོན་བཻཌཱུར་བདུད་རྩིའི་ཀླུང་། །སྲིད་པའི་སྙན་བཅུད་འཛགས་པའི་ཡིད་འཛིན་མ། །ཕྲོག་པ་མེད་པའི་ཡིད་འབྱུང་ལྷའི་བུ་མོའི། །སྙིང་ལ་ཀཻ་ལ་ཤ་བཞིན་ཁྱེད་བཞེས་ཤིག༼༡༽།ལེགས་བྱས་བྱེད་པོས་བྲིས་པའི་གཟུགས་གང་ཞིག | |||
༈ གསུང་གསང་སྔགས་ཀྱི་ཚུལ་ལ་བསྔགས་པ། ཆུན་འཕྱང་ལྔ་པ། སྟོན་པ་བདེ་གཤེགས་པའི་གསུང་གསང་སྔགས་ཀྱི་ཚུལ་ལ་བསྔགས་པ་མེ་ཏོག་གི་ཆུན་འཕྱང་ཞེས་བྱ་བ། བླ་མ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་ཁམས། | |||
༈ གསུང་ཟབ་དོན་གསང་བ་ལ་བསྔགས་པ། ཆུན་འཕྱང་དྲུག་པ། སྟོན་པ་བདེ་བར་གཤེགས་པའི་གསུང་གི་གསང་བ་གསང་སྔགས་ཀྱི་ཐོར་བུ་ལ་བསྔགས་པ་ཟླ་བ་ཐིག་ལེའི་ཆུན་འཕྱང་ཞེས་བྱ་བ། དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །འཕོ་མེད་བདེ་ཆེན་ཟླ་བ་བདུད་རྩིའི་ཆུ། །གྱེན་དུ་ནམ་མཁའི་འཁོར་ལོར་རྒྱས་བཏབ་པས། །སྒྲིབ་བྲལ་བདེ་ཆེན་དག་པའི་དཔལ་བརྙེས་ཏེ། །ཟུང་འཇུག་འཇུག་པ་མཐོར་གཤེགས་ལ་ཕྱག་འཚལ།༼༡༽།ཁ་སྦྱོར་བདེ་ཆེན་མཆོག་གི་སྟོན་པ་ལས། །ཉི་ཟླ་ཟ་བ་ཟབ་པའི་དབང་བརྙེས་ནས། །མཆེད་པའི་བག་ཆགས་ཕྲ་བའི་ཁམས་སྟོང་པས། །རྡོ་རྗེ་གསུང་གི་རང་བཞིན་བརྙེས་པ་ལགས།༼༢༽།ལྷན་སྐྱེས་བདེ་ཆེན་བརྗོད་པ་བྲལ་བའི་གསུང་། །སྲིད་དང་ཞི་བ་ཡོངས་ཡེ་ཁྱབ་པ་ཡང་། །སྒྲིབ་པའི་སྤྲིན་སྟུག་གང་དུ་བྲལ་གྱུར་པར། །ཐུབ་གསུང་ཉི་འོད་གསལ་བ་བཞིན་དུ་སྣང་།༼༣༽།མི་ཤིག་ཐིག་ལེ་བདེ་ཆེན་དག་པའི་ཡིད། །ལུས་ཅན་སྙིང་ལ་སྟོན་པ་ཉིད་བཞུགས་ནས། །མཆོག་གི་ཡེ་ཤེས་བསྟན་པ་དམ་པའི་གསུང་། །སྒྲིབ་པའི་སྒྲུབ་ནང་དག་པ་ཆེན་པོར་བཞུགས།༼༤༽།རྡོ་རྗེ་བཙུན་མོ་གསང་བའི་སྒྱུ་མ་ཡིས། །གང་དུ་དྲང་པ་སྟོན་པའི་ཐིག་ལེ་ནི། །རང་གི་རང་བཞིན་མཚོན་པ་བྲལ་བའང་། །རྡོ་རྗེ་གསུང་གིས་དེ་རུ་སྣང་བར་མཛད།༼༥༽།བདེ་ཆེན་ཡེ་ཤེས་དག་པའི་སྟོན་འཁོར་གྱིས། །སྣང་བ་གཉིས་ཟོས་མུན་པའི་ལྟོ་བྲལ་ནས། །ནམ་མཁའི་ཐིག་ལེ་གཅིག་ལ་ཞུགས་པ་ན། །སྙིང་པོའི་གསུང་ནི་ཡུལ་དང་བྲལ་བར་གསལ།༼༦༽།གང་གིས་མ་བསྟན་བརྗོད་དུ་མེད་པའི་དོན། །སྐལ་བཟང་སྙིང་ལ་བྱིན་རླབས་མཐུས་བྱིན་པས། །གསུང་གི་དེ་ཉིད་སྒྲིབ་དང་བྲལ་གྱུར་པ། །ཚིག་ལས་འདས་པ་རང་གི་རང་བཞིན་ཤེས།༼༧༽།འཁྲུལ་བའི་ངག་ནི་གསུང་གི་རྡོ་རྗེའི་རྒྱུ། །ལྕགས་ལ་རྩི་བཞིན་ཐབས་ཀྱིས་མངོན་བྱེད་པ། །ལམ་གྱི་ལམ་མཆོག་གསུང་གི་སྙིང་པོ་ནི། །གང་ལ་སྣང་བ་སྲིད་པ་ཐ་མར་བྱེད།༼༨༽།སྟོང་ལས་ངེས་པར་སྙིང་པོའི་དྲངས་པའི་གཟུགས། །སྣང་སྟོང་གཉིས་མེད་གསུང་གི་རྣམ་པ་ནི། །ཟླ་བ་བཞུ་བས་རི་མོ་བྱས་ལྟའི་མདངས། | |||
༈ གསུངས་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པ། ཆུན་འཕྱང་བདུན་པ། སྟོན་པ་བདེ་བར་གཤེགས་པའི་གསུང་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པ་མུཀྟི་ཀའི་ཆུན་འཕྱང་ཞེས་བྱ་བ། དཔལ་དོན་ཀུན་གྲུབ་པ་ལ་ཕྱག་འཚལ་ལོ། །གང་གི་སྲིད་པའི་དྲྭ་བ་གཅོད་དོན་དུ། | |||
རྒས་པའི་འཁྱོར་གོམ་འཁར་བས་བརྟེན་པ་ལ། | |||
༈ སྟོན་པ་བདེ་བར་གཤེགས་པའི་གསུང་ཡེ་གྲོལ་རྫོགས་ཆེན་ལ་བསྔགས་པ་བཻཌཱུརྱའི་ཆུན་འཕྱང་ཞེས་བྱ་བ། | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> |
Latest revision as of 10:32, 3 June 2024
🚧 This website is under continued development. We appreciate your patience!
Wylie title | ston pa bde bar gshegs pa'i gsung gsang ba bsam gyis mi khyab pa la bsngags pa pad+ma dkar po'i chun 'phyang | |
---|---|---|
Location | dpal sprul bka' 'bum Volume 1, Text 8, Pages (Folios to ) | |
Author | དཔལ་སྤྲུལ་རིན་པོ་ཆེ་ | |
Less details More details | ||
Citation | ||
Genre | Verses of Praise - bstod pa |