DKYD-KABUM-07-JA-083: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅། །ཐུན་མོང་མ་ཡིན་ཆེར་གསང་བཿ དགྲ་བླ་གཏོད་སྦྱིན་ཆེན་པོའི་མཆོད་སྒྲུབ་སྲོག་གི་ཀ་བ་བཞུགསཿ
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=07
|volumeLetter=JA
|textnuminvol=083
|pdflink=File:DKYD-KABUM-07-JA-083.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། །ཐུན་མོང་མ་ཡིན་ཆེར་གསང་བཿ དགྲ་བླ་གཏོད་སྦྱིན་ཆེན་པོའི་མཆོད་སྒྲུབ་སྲོག་གི་ཀ་བ་བཞུགསཿ
« ཨཱྃཿ ྅྅྅ སྤྲོ་བསྡུའི་བྱེད་པོ་དཔལ་ཆེན་བོཿ ཧེ་རུ་ཀ་ལ་གུས་པས་འདུདཿ ཀུན་བཟང་ཐུགས་ལས་རང་ཤར་བཿ ཁྲོ་རྒྱལ་ཀུན་ཀྱི་སྤྱི་དཔལ་ཆེཿ སྟོབས་ལྡན་ནག་པོ་དྲེགས་པའི་སྐུརཿ ཡོངས་ཤར་ཧེ་རུ་ཀ་དང་འདྲེསཿ དོན་བརྒྱུད་གདམས་པ་སྤེལ་བའི་ཕྱིརཿ རྒྱ་གར་ལི་ཡུལ་ཚལ་ཆེན་དུཿ རྒྱལ་བོ་དྷརྨ་ཨ་ཤྭ་སྤྲུལཿ སྲས་མོ་རིགས་ཀྱི་མྱུ་གུ་ལཿ མཧཱ་སིདྡྷི་གདམས་པ་ཐོབཿ འགྲོ་དོན་བྱང་ཆུབ་སེམས་བསྐྱེད་ནསཿ ཟབ་གསང་གདམས་པ་འཛིན་པའི་ཕྱིར༔ སྙིང་སྟོབས་དཔའ་བའི་གོ་གྱོན་ནསཿ རྩ་བ་གསུམ་གྱི་རྗེས་སུ་བཟུངཿ དགའ་རབ་དཔའ་བོས་དབུགས་དབྱུང་ཞིངཿ གཟིངས་བསྟོད་དབང་བཞི་རྫོགས་པར་ཐོབཿ ལྡ་ཕྲག་ཐ་མའི་འགྲོ་བ་ལཿ སྡུག་བསྔལ་སྐྱོབ་པའི་སློབ་དཔོན་གསུམཿ ཁ་བ་ཅན་དུ་གདན་འཛོམས་ཚེཿ གཉེར་འཛིན་ཆེན་པོར་ཞལ་བཞེས་པའིཿ སྲིད་གསུམ་བདག་པོ་གནོད་སྦྱིན་གྱིཿ མཆོད་སྒྲུབ་དངོས་གྲུབ་འདོད་སྟེར་གསུངས༔ གཙང་སྦྱར་བཤོས་བུ་ཟས་སྣ་དངཿ འབྲུ་སྨན་ཤིང་ཏོག་དཀར་དམར་ཕུདཿ མྱོས་བྱེད་ལ་སོགས་གང་འབྱོར་བཤམསཿ སྤྲོས་བཅས་འདས་ཕྱིར་རྣམ་དག་རྫས༔ གང་ལའང་བསྟེན་དུ་རུང་བ་སྟེཿ ཚོགས་བསག་ཕྱིར་ན་ལོངས་སྤྱོ་ཀྱིཿ ཟས་ནོར་རྒྱ་ཆེར་ཕུལ་ཀྱང་ལེགས༔ དང་པོ་བྱིན་ཀྱིས་བརླབ་པ་ནིཿ» ཨོཾ་བཛྲ་ཡཀྴ་ཧུྃཿ ཨོཾ་བཛྲ་ཛྭ་ལ་ཧ་ན་ཧ་ན་ཧཱུྃ་ཕཊཿ ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཨོཾ་སྭ་བྷཱ་ཝ་ཤཱུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ་྅་ཧཾཿ སྟོང་པའི་ངང་ལས་མཆོད་གཏོར་རྫས་ཀྱི་མ་དག་པའི་དངོས་པོ་ཐམས་ཅད་རྣམ་པར་སྦྱངས་ཤིང་སྣོད་པད་གཞོང་འདབ་མ་སྟོང་ལྡན་གྱི་ནང་དུ་རྫས་རྣམས་ཤ་ལྔ་དང་བདུད་རྩི་ལྔར་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་ཡི་ཞལ་ཟས་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ༔ གཞན་ཡང་སྤྱན་གཟིགས་དཀོར་ནོར་མཆོད་པའི་བྱེ་བྲག་སྨན་རཀ་གསང་བའི་རྫས་ཀྱི་སྤྲིན་འཕྲོ་ཞིང་མྱོང་གྲོལ་གྱི་བཏུང་བཿ བཅུད་ལྡན་གྱི་དྭངས་མ་རྦ་ཀློང་འཁྲུགས་པར་གྱུརཿ ནམ་མཁའ་མཛོད་ཀྱི་སྔགས་དངཿ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་བ་ལིངྟ་པུཙྪ་ཧཱུཾ་ཧྲཱི༔ཋཿ «ལན་གསུམ་ཀྱིས་བརླབས་ཤིང་བསྐྱེད་ཅིང་གདུང་བའི་དབྱངས་གྱིས»་«སྤྱན་འདྲེན་པ་ནིཿ »ཧྲཱིཿ ངོ་མཚར་རྨད་བྱུང་སྐུ་གསུམ་ཞིང་ཁམས་ནསཿ ཀུན་བཟང་རིགས་ལྔ་གསང་བདག་རྡོ་རྗེ་འཛིནཿ དྲི་མེད་དགའ་རབ་ཨ་ཙར་དམར་པོ་སོགསཿ རྩ་གསུམ་རྒྱལ་བ་ཞི་ཁྲོས་བྱིན་ཆེན་ཕོབཿ སྣང་བ་རྣམ་དག་མདུན་གྱི་ནམ་མཁའ་ལཿ སྤྲུལ་པའི་ཞིང་ཁམས་གཞལ་ཡས་བཀོད་མཛེས་དབུསཿ རིན་ཆེན་ཁྲི་སྟེང་གཡུ་འབྲུག་འཁྱིལ་བའི་ཁརཿ སྲིད་གསུམ་དབངམཛད་དགྲ་ལྷའི་རྒྱལ་པོ་ནིཿ གནོད་སྦྱིན་མཐུ་ལྡན་བཻཌཱུརྱ་ཡི་མདོགཿ བེ་ཅོ་ན་རིན་ཆེན་གཏེར་གྱི་བུམ་པ་འཛིན༔ ཞི་མ་ཁྲོའི་ཉམས་རིན་ཆེན་པྲོག་ཞུ་དངཿ ཡིད་བཞིན་ནོར་ཟབ་བེར་ཆེན་དགུ་བརྩེགས་གསོལཿ སྤྲུལ་དང་ཡང་སྤྲུལ་བྱེ་བ་དུང་ཕྱུར་འགྱེདཿ རོལ་པའི་སྟབས་སུ་ས་གསུམ་ནོན་པར་བཞུགསཿ གཡས་སུ་སྲས་མཆོག་ལས་ལ་དབང་སྒྱུར་བཿ གསེར་མདོག་ཁྲབ་རྨོག་གོ་མཚོན་རིན་ཆེན་བརྒྱནཿ བ་དན་གཡས་ལ་ཀུན་འབྱུང་རྐྱལ་བ་གཡོནཿ རྟ་མཆོག་གསེར་ལྡན་བཅིབས་ཤིང་སྟོངགསུམ་སྐོརཿ རྒྱབ་ཏུ་སྤྲུལ་སྲས་གཏུམ་ཆེན་འབར་བ་རྩལཿ རིན་ཆེན་རྡོ་རྗེའི་གོ་ཁྲབ་ནོར་ཐོད་ཅན༔ སེང་གེ་ཆིབས་ཤིང་རྒྱལ་མཚན་ནེའུ་ལེ་འཛིནཿ གཡོན་དུ་རོལ་སྲས་གནོད་སྦྱིན་གདུག་པའི་གཤེདཿ དམར་ནག་དགྲ་སྟ་སྦྲུལ་ཞགས་དྲག་ཆས་བརྒྱནཿ མ་ཧེ་ཞོན་ཞིང་སྟོང་གསུམ་ལས་ལ་བསྐུལཿ མདུན་དུ་ལས་བྱེད་གནོད་སྦྱིན་དོམ་ཞོན་དངཿ རྒྱབ་གཡས་བཙུན་མོ་མཁའ་འགྲོ་འོད་ལྡན་དངཿ རྒྱབ་གཡོན་ལྷ་མོ་འོད་ཀྱི་ལྡེམ་འཕྲུ་ཅནཿ མདུན་གཡས་གནོད་སྦྱིན་གུ་ལང་གཡུལ་ལས་རྒྱསཿ མདུན་གཡོན་གནོད་སྦྱིན་སྲིན་རྒྱལ་དུས་མཚན་ཏེཿ གཞན་ཡང་མ་མོ་གཟའ་བདུད་དཔལ་མགོན་དངཿ ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་གནོད་སྦྱིན་བརྒྱདཿ དཔལ་མགོན་བདུན་ཅུ་རྒྱལ་ཆེན་སྡེ་བཞི་སོགསཿ བྱེ་བ་འབུམ་འབུམ་འཁོར་གྱིས་བསྐོར་བར་གྱུརཿ བདག་ཉིད་ལྷ་ཡི་ཐུགས་ཀའི་ས་བོན་ལསཿ འོད་ཟེར་འཕྲོས་པས་དགྲ་བླ་གནོད་སྦྱིན་རྗེཿ འཁོར་བཅས་ཐུགས་དམ་བསྐུལ་ནས་དགྱེས་པར་གཟིགསཿ མདུན་མཁར་སྐྱིན་ཐང་བསྐྱོད་ལྟར་གཤེགས་ནས་ཀྱངཿ ངོ་མཚར་དགྱེས་པའི་ཞལ་བཟང་ཡོངས་བསྟན་གྱུརཿ དྷེ་ཝ་ཡཀྴ་བཛྲ་ས་མ་ཡ་ཛཿཛཿ« བཞུགས་གསོལ་ཕྱག་འཚལ་དགྱེས་བསྐྱེད་ནིཿ »ཧཱུྃཿ འདུས་མ་བྱས་པའི་ཀློང་ཡངས་ནསཿ ཡོངས་ཤར་སྲིད་གསུམ་དྲེགས་ལྡན་རྗེ༔ གནོད་སྦྱིན་ཆེན་པོ་འཁོར་དང་བཅསཿ བདག་དང་འབྲལ་མེད་རྟག་ཏུ་བཞུགསཿ དམ་གཙང་གར་གྱིས་བརྡ་ཕྱག་འཚལ༔ རྣམ་པར་ཤེས་པའི་ཚོགས་བརྒྱད་དངཿ གཙོ་བོ་རིག་པའི་ཡེ་ཤེས་ལསཿ ཡོངས་གྲུབ་རང་ངོ་ཤེས་པའི་ཚེཿ དགྲ་བླ་ཁྱོད་ཀྱི་བླ་རྡོའོཿ ཁམས་གསུམ་འཛིན་པ་ཡོངས་བྲལ་བཿ ཀུན་ཀྱི་བླ་རུ་མངའ་དབང་སྒྱུར༔ ས་མ་ཡ༔ ཏིཥྛ་ལྷནཿ ན་མོ་པཱུ་རུ་ཤ་ཡ་ཨ་ལ་ལ་ཧོཿ «མཆོད་པ་འབུལ་བ་ནིཿ »ཧོཿ དྲེགས་པའི་གཙོ་བོ་གནོད་སྦྱིན་རྗེཿ ཁྱེད་ལ་མཆོད་པ་འབུལ་བ་ནིཿ མཛེས་པའི་གཟུགས་དང་སྙན་པའི་སྒྲཿ ཞིམ་པའི་དྲི་དང་རོ་བརྒྱའི་བཅུདཿ རེག་འཇམ་འདོད་པ་འཇོ་བའི་གོསཿ གཞན་ཡང་སྲིད་གསུམ་དཔལ་ཡོན་ཀུནཿ མ་ཚང་མེད་པར་ཡོངས་འབུལ་ནཿ དགྱེས་པ་ཆེན་པོར་བཞེས་སུ་གསོལཿ མ་ཧཱ་སརྦ་པཱུ་ཙ་ཧོཿ« ཐུགས་དམ་བསྐང་བ་ནིཿ» ཀྱེཿ ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས༔ སྤྲུལ་སྐུ་སྟོབས་ལྡན་ནག་པོར་ཤརཿ བསམ་བཞིན་འཇིག་རྟེན་དྲེགས་པའི་གཙོརཿ གནོད་སྦྱིན་དགྲ་ལྷའི་རྒྱལ་བོར་བྱོནཿ ཁྱོད་ལ་སྲེད་བ་མི་མངའ་ཡངཿ བདག་ཅག་རྣམ་རྟོག་བསམ་པའི་ཕྱིར༔ ལྷ་ཡི་ཞལ་ཟས་རོ་བརྒྱ་ལྡནཿ རྩི་བཅུད་འོ་མ་འབྲུ་བཅུད་ཆངཿ བཟང་དྲུག་སྨན་སྣ་ཤིང་ཏོག་དངཿ སྣ་ཚོགས་འབྲུ་སྣ་ཟས་ཀྱི་རིགསཿ བསད་པའི་ཤ་ཁྲག་སྐྱེམས་ཕུད་དང༔ སྤྱན་གཟིགས་དཀོར་ནོར་བསམ་མི་ཁྱབཿ གཞན་ཡང་སྲིད་གསུམ་དཔལ་ཡོན་ཀུནཿ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ སྨན་གཏོར་རཀྟ་གསང་བའི་རྫསཿ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགཿ རྫས་བརྒྱད་ཆོས་དང་ཕྱག་རྒྱའི་གརཿ ལྟ་སྒོམ་སྤྱོད་པའི་རོལ་གར་སོགསཿ ལྷ་ཁྱོད་ཐུགས་དམ་བསྐང་ཕྱིར་འབུལཿ རྣལ་འབྱོར་པ་ཡི་རིག་པའི་རྩལཿ སྣང་བས་གར་ཁྱབ་གནས་དང་ཞིངཿ ཕྱི་ནང་གསང་བའི་མཆོད་པའི་སྤྲིནཿ དགྱེས་དགུར་གྱུར་པའི་ལོངས་སྤྱོད་ཀུནཿ དགྲ་བླ་ཆེན་པོ་ཁྱེད་ལ་འབུལཿ གནོད་སྦྱིན་འཁོར་དང་བཅས་པ་རྣམསཿ ཐུགས་དམ་གཉེན་པོ་བསྐང་གྱུར་ཅིགཿ སྔར་བཅོལ་ལས་ཀྱི་གཏང་རག་འབུལཿ ཕྱི་བཅོལ་ལས་ཀྱི་གཉེར་ཟན་ཏེཿ ད་བཅོལ་ལས་ཀྱི་རྟགས་ཟན་དུཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐངཿ གནོད་སྦྱིན་ཡབ་ཡུམ་སྲས་བློན་འཁོརཿ སྤྲུལ་དང་ཡང་སྤྲུལ་བཅས་རྣམས་ཀྱིསཿ ཐུགས་དམ་སྐོངས་ལ་དགྱེས་པ་སྐྱེདཿ ཐུགས་ལ་རྣམ་རྟོག་མི་མངའ་ཡངཿ རྩལ་ལས་དྲེགས་པ་ཤར་བ་ཡིསཿ ཐུགས་འགལ་དམ་ཚིག་ཉམས་ཆགས་དངཿ ཁྱད་པར་གསང་སྔགས་ཟབ་མོ་ཡིཿ རྩ་བ་ཡན་ལག་དམ་ཉམས་པཿ བཟོད་གསོལ་ཚངས་པའི་དངོས་གྲུབ་སྩོལཿ བསམ་པའི་དོན་དང་གཉེར་བའི་ལསཿ ལས་བཞི་རབ་འབྱམས་ཐོགས་མེད་སྒྲུབསཿ ཁྱད་པར་ཡིད་འདོད་འབྲས་བུ་འདིཿ ལྷ་མཆོག་ཁྱོད་ཀྱིས་དུས་སྨིན་མཛོད༔ «མངའ་གསོལ་ནིཿ »རྡོ་རྗེ་འཆང་དབང་ཐུགས་ལས་རྩལ་ཤར་བཿ དཔལ་ཆེན་སྟོབས་ལྡན་ནག་པོ་མིའི་རྫུར་ཞུགསཿ ཆོས་ཀྱི་རྒྱལ་བོ་དྷ་རྨ་ཨ་ཤྭ་ཀསཿ ཐུགས་བསྐྱེད་སྨོན་ལམ་དྲག་པོས་མཚམས་སྦྱར་ཏེཿ ཧེ་རུ་ཀ་དཔལ་ཆེ་མཆོག་འདུས་པ་རྩལཿ བཟང་མོ་དབྱིངས་ཕྱུག་ཀྲོ་དྷི་ཤྭ་རི་མཿ སྐྱེ་རྒྱུད་བདག་པོ་ཡབ་ཡུམ་སྐུར་སྤྲུལ་ཏེཿ རྣམ་པར་རོལ་བའི་རིགས་ཀྱི་སྲས་པོ་མཆོགཿ གནོད་སྦྱིན་ཆེན་བོ་གཏུམ་ཆེན་དངོས་གྲུབ་སྟེརཿ རྒྱ་གར་ཡུལ་དང་ཨོ་རྒྱན་ས་མཚམས་སུཿ ལྷོ་ཕྱོགས་རི་བོ་ཀུན་འདུས་རྩེ་མོ་རུཿ གནས་བཅས་མུ་སྟེགས་སྲིན་དང་བདུད་ཀྱི་སྡེཿ ཕུང་བར་བྱས་ཤིང་སླར་ཡང་ཧེ་རུ་ཀའིཿ དྲུང་དུ་དམ་མནོས་ལྔ་ཕྲག་ཐ་མ་ལཿ ཁ་བ་ཅན་གྱི་རི་ལ་རྟེན་བཅས་ཤིངཿ དམ་སྲི་ལོག་འདྲེན་མ་རུང་བདུད་ཀྱི་སྡེཿ ཕོ་རིགས་གསོད་ཅིང་མོ་རིགས་རླག་བྱེད་ཅིངཿ དམ་ལྡན་དབང་རབ་སྐྱོང་བར་ཞལ་བཞེས་ལྟརཿ དགའ་རབ་དཔའ་བོ་ཨ་ཙར་དམར་པོ་ཡིསཿ མངའ་གསོལ་གཟེངས་བསྟོད་གསང་བའི་མཚན་བཏགས་པའིཿ དགྲ་བླ་གཉེན་པོའི་མཆོག་གྱུར་མངའ་གསོལ་ལོཿ ཏཱ་རེའི་གཟུགས་ལྡན་རིགས་ཀྱི་ཡུམ་སྤྲུལ་ཞིངཿ རིགས་གསུམ་སྒྱུ་འཕྲུལ་སྲས་ཀྱི་ཐུ་བོ་མཛདཿ སྐུ་གསུམ་ཞིང་ལ་དབང་སྒྱུར་དམ་ཚིག་བདགཿ དཔལ་ཆེན་དྲག་སྔགས་བདག་པོར་མདའ་གསོལ་ལོ༔ མ་གཟའ་དཔལ་མགོན་གྲོགས་དང་ཕོ་ཉར་བཀོདཿ ཉེར་སྲས་བརྒྱད་ཀྱང་བཀའ་ཡི་བློན་པོར་སྤྲུལཿ སྦྱོར་སྒྲོལ་སྤྱོད་པས་ཁམས་གསུམ་དབྱིངས་སུ་སྤོརཿ རྣལ་འབྱོར་རིག་པའི་ཀློང་དུ་རྣམ་པར་རོལཿ མཁའ་འགྲོ་དབང་སྒྱུར་ཆེན་པོར་མདའ་གསོལ་ལོཿ སྤྲུལ་དང་ཡང་སྤྲུལ་རྣམ་རོལ་བསམ་མི་ཁྱབཿ འདས་དང་མ་བྱོན་ད་ལྟར་བཞུགས་པ་ཀུནཿ ཉི་མ་དང་ནི་འོད་ཟེར་ཇི་བཞིན་དུཿ ཁྱོད་ལས་སྤྲུལ་ཅིང་ཁྱེད་ཀྱང་དེ་ལས་སྤྲུལཿ ཡང་སྤྲུལ་དྲེགས་པ་གཏུམ་ཆེན་སྐུར་སྤྲུལ་པའིཿ སྲིད་གསུམ་བརླག་ཅིང་གསོ་བའི་ནུས་ལྡན་དཔལ༔ ཆོས་སྐྱོང་དྲེགས་པའི་གཙོ་བོར་མངའ་གསོལ་ལོཿ ལྔ་ཕྲག་ཐ་མའི་འགྲོ་བ་ལས་ངན་གྱིསཿ དབང་གྱུར་ལོག་ལྟ་དམ་ཉམས་ལས་ངན་འཁྲུགསཿ བསྟན་སེལ་དམག་འཁྲུགས་འབྱུང་པོའི་ཚ་རག་གཏོངཿ རྒྱལ་བསྟན་མདོ་སྔགས་བསྟན་བ་ནུབ་པའི་ཚེཿ ཟབ་གསང་བསྟན་པ་གཞིར་བཞེངས་སློང་བ་ཡིསཿ བྱེད་པོ་གཉེར་འཛིན་མཆོག་ཏུ་མདའ་གསོལ་ལོཿ དབང་སྒྱུར་སྤྲུལ་པའི་དགེ་བསྙེན་ཆེན་པོ་ཁྱོདཿ གསུམ་ལྡན་བླ་མ་ལྟར་དུ་མངའ་གསོལ་ལོཿ མཆོག་གི་ཡི་དམ་ལྟར་དུ་མངའ་གསོལ་ལོཿ མ་རྒྱུད་མཁའ་འགྲོ་ལྟར་དུ་མདའ་གསོལ་ལོཿ དམ་ཅན་ཆོས་སྐྱོང་ལྟར་དུ་མངའ་གསོལ་ལོཿ འགོ་བའི་ལྷ་ལྔ་གཉེན་པོར་མདའ་གསོལ་ལོཿ དྲིན་ལྡན་ཕ་མ་མཛའ་གྲོགས་བརྩེ་བྲན་ལྟརཿ མངའ་གསོལ་བྱས་སོ་བསྟན་དང་འགྲོ་བའི་དོནཿ ལྷུན་གྱིས་གྲུབ་ནས་དམ་ལྡན་སྒྲུབ་པ་པོཿ སྲིད་གསུམ་དབང་སྒྱུར་འཁོར་བ་ཡོངས་གྲོལ་གྱིསཿ དེད་དཔོན་གྱུར་ནས་མ་དག་འགྲོ་བའི་ཁམསཿ དག་པ་སྐུ་གསུམ་ས་ལ་དབུགས་དབྱུང་ཤོགཿ «དམ་བསྲེ་ཞིང་སྲོག་སྔགས་བཟླ་བ་ནིཿ »རང་དང་གནོད་སྦྱིན་གྱི་ཐུགས་རིག་པ་མ་བཅོས་འདུས་མ་བྱས་པ་ཁྱབ་གདལ་ལྷུན་གྲུབ་བདེ་བ་ཆེན་པོའི་ངང་དུ་བསྲེ་ཞིངཿ ཧཱུྃ་ཧྲཱིཿདྷེ་ཝ་ཡཀྴ་ཏྲཱི་ཛཿཏྲི་ལང་གིང་ཤཾ་ཡ་མ་ཡ་དུང་དུང་ཙིཏྟ་ཧྲིང་ཧྲིང་ཛཿཛཿ «ཅེས་ཡིད་ཀྱིས་བཟླའོཿ བསྟོད་ཅིང་ཕྲིན་ལས་བཅོལ་བ་ནིཿ »ཀྱེཿ ཧེ་རུ་ཀ་དང་རིག་འཛིན་རྡོ་རྗེ་ཆོསཿ དགའ་རབ་དཔའ་བོ་རྡོ་རྗེ་དྲག་རྩལ་གྱིསཿ དབང་བསྐུར་གཟེངས་བསྟོད་བསྟན་སྲུང་གནོད་སྦྱིན་ཆེཿ སྐུ་ནི་མི་འགྱུར་སྤྲུལ་པ་ཅིར་ཡང་སྟོནཿ གསུང་ནི་མི་འགག་སྣ་ཚོགས་སྒྲ་སྐད་སྒྲོགསཿ ཐུགས་ནི་མི་གཡོ་ལས་བཞིའི་རྣམ་རོལ་སྒྱུརཿ སྒྱུ་མའི་རོལ་གར་སྤྲུལ་བའི་ཆོ་འཕྲུལ་འགྱེདཿ སྲས་དང་བཙུན་མོ་འཁོར་དུ་ཡོངས་ཤར་བཿ དགྲ་ལྷ་མཐུ་ལྡན་དྲེགས་པའི་རྒྱལ་ལ་བསྟོདཿ ཁྱོད་ནི་སྔོན་གྱི་ལས་ང་བག་ཆགས་མཐུསཿ མ་ཧཱ་སིནྡྷའི་ཉིན་བྱེད་གསལ་མཛད་ཅིངཿ ཐེག་བརྒྱད་བློ་ཡི་གྲུབ་མཐའ་འཆང་བར་མཁྱེནཿ ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་ཚེཿ འཁོར་བ་གཞི་ཐོག་གྲོལ་བའི་གནད་ཤེས་ལྟརཿ རང་བསྟན་ཀུན་བཟང་ཐུགས་ཀྱི་བསྟན་པ་སྲུངསཿ སྤྱོད་པ་བླ་མ་མཉེས་པའི་ཞབས་ཏོག་སྒྲུབསཿ བདག་ཅག་དབང་རབ་ལས་སྐལ་ལྡན་པ་སྐྱོངསཿ མ་དག་འགྲོ་ཁམས་སྣ་ཚོགས་སྤྱོད་པས་ཐུལཿ དགྲ་དཔུང་ཆོམས་ལ་བགེགས་དབུང་རྡུལ་དུ་རློགཿ འཛམ་གླིང་སྤྱི་དང་ཁྱད་པར་གནས་པའི་ཡུལཿ ལེགས་སྤེལ་ཉེས་སྲུང་དགྲ་གདོན་བགེགས་ལས་སྐྱོབསཿ དད་ལྡན་བརྩེ་སྐྱོང་བསྲུང་བྱར་གྱུར་པ་འདི༔ ཚེ་བསོད་ཆོས་ནོར་དབང་ཐང་རིགས་རྒྱུད་དང༔ སྙན་གྲགས་མངའ་ཐང་དབྱར་གྱི་ཆར་བཞིན་སྤེལཿ རླུང་རྟ་ཡར་བསྐྱེད་དགྲ་ཕམ་བདག་རྒྱལ་མཛོདཿ མདོར་ན་ཁྱོད་ལས་རེ་ས་གཞན་མེད་པསཿ བདག་ལ་མེ་དང་དྲོད་བཞིན་འགྲོགས་མཛོད་ལཿ ཕྱོགས་ལས་རྣམ་རྒྱལ་དཔལ་ཡོན་ཕུན་སུམ་ཚོགསཿ བཀྲ་ཤིས་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ཅིངཿ རྫོགས་ལྡན་གསར་བའི་དགའ་སྟོན་ཡོངས་ཤར་མཛོདཿ རྩ་རླུང་ཐིགལེའི་འཁྲུགས་པ་ཡོངས་དག་ཅིང༔ གཞོམ་མེད་རྡོ་རྗེའི་གོ་ཁྲབ་བརྟན་པོ་བགོསཿ ཆོས་ཉིད་རིག་པའི་ཀློང་དུ་ཏིཥྛ་ལྷནཿ ཚོགས་བརྒྱད་སྤྲུལ་སྒྱུར་ཆེན་པོ་ཨེ་མ་ཧོཿ མཐར་ཐུག་གཞི་དབྱིངས་ཆེན་པོར་ཨ་ལ་ལ་ཧོཿ «གསང་བ་ལས་ཀྱང་ཆེས་གསང་བཿ ཡང་གསང་བླ་ན་མེད་པ་ཡིཿ བཀའ་སྲུང་དགྲ་བླ་ཆེན་བོ་འདིཿ སྔོན་ཆད་གུད་དུ་སྦས་པ་སྟེཿ མ་འོངས་རྟེན་འབྲེལ་དུས་བབ་ཚེཿ གསང་བའི་བདག་པོས་བསྐུལ་བ་བཞིན༔ ལྷ་མཆོག་དངོས་ཀྱིས་བརྡ་རྟགས་སྟོནཿ དེ་ཚེ་མཆོད་སྒྲུབ་གདམས་པ་འདིཿ རྡོ་རྗེ་ཕག་མོའི་ཐུགས་ཀློང་གིཿ སྤྲུལ་པའི་བརྡ་རིས་ཆེན་མོ་ལས༔ ཁྲག་འཐུང་ཨ་ཙར་དམར་པོ་་ཡིསཿ ཕབ་ནས་ཆོས་བདག་ཡབ་ཡུམ་སྲསཿ ཚེ་ཆོས་སྲོག་གི་སྡོང་པོར་ཤོགཿ རང་ཉིད་མ་གཏོགས་གཞན་དག་ལཿ སྤེལ་ན་མཁའ་གྲོའི་བཀའ་ཆད་འབྱུངཿ མ་མགོན་གཟའ་བདུད་སྲོག་གི་རྒྱ༔ ས་མ་ཡཿ དམ་ཚིག་གི་རྒྱ༔ གུ་ཧྱཿ ན་ར་ཀ་ཀནཿ ཁ་ཐཾཿ བདག་འདྲ་རྡོ་རྗེ་དྲག་པོ་རྩལ༔ སྤྲུལ་པས་རིག་པའི་ཀློང་དུ་འདྲེས་ཿ མེ་ཕོ་རྟ་ཡོ་རྒྱལ་ཟླ་བའིཿ ཉ་ཡི་ཚེས་ལ་དག་པར་ཕབཿ ལྷ་ལྕམ་ཡུམ་མཆོག་ཁྱོད་ལ་གཏདཿ ཡི་གེའི་འདུ་བྱེད་ཐུགས་ཀྱི་སྲསཿ དམ་ལྡན་རིག་པའི་ཡེ་ཤེས་ཏེཿ ཕྱོགས་ལས་རྣམ་རྒྱལ་བརྡ་རྟགས་སུཿ དམ་ཚིག་སྲོག་ལས་གཅེས་པར་སྲུངསཿ འདི་ནི་ཇི་སྲིད་བསྐལ་མཐའི་བརཿ ཤིན་ཏུ་གསང་བ་གཅིག་བརྒྱུད་དོཿ»  དགྲ་ལྷ་གནོད་སྦྱིན་མཐུ་བོ་ཆེ༔ མཆོད་བསྡུས་གློག་གི་ཞགས་པ་ནིཿ ཀྱཻཿ རང་སྣང་སྤྲུལ་པའི་ཞིང་ཁམས་ནསཿ སྲིད་གསུམ་དབང་སྒྱུར་མཐུ་བོ་ཆེ༔ བཙུན་མོ་སྲས་དང་བཀའ་འཁོར་ཚོགསཿ འདིར་གཤེགས་དགྱེས་བཞུགས་ཕྱག་འཚལ་ལོཿ ཞལ་ཟས་ཟས་སྣ་འབྲུ་སྨན་སྐྱེམསཿ བཏུང་བའི་བྱེ་བྲག་བླ་ན་མེདཿ གཞན་ཡང་དངོས་འབྱོར་ཡིད་ལས་སྤྲུལཿ སྲིད་ཞིའི་དཔལ་ཡོན་ཕུན་ཚོགས་འབུལཿ ཡོངས་བཞེས་ཐུགས་དམ་གཉན་པོ་བསྐངསཿ ཁྱོད་ནི་འཁོར་འདས་བདག་པོ་སྟེཿ བདག་གི་བསམ་པའི་སྟོབས་དག་ཕྱིར༔ མཆོ་འབུལ་སྒྲུབ་པ་ངོ་མ་ཆུངཿ ཞི་ལས་སྲིད་དུ་སྐུར་སྤྲུལ་པཿ ཆོས་སྐྱོང་དམ་ཅན་དྲེགས་པའི་སྡེ༔ དབང་སྒྱུར་གནོད་སྦྱིན་གཏུམ་རྔམས་ལྡན༔ དགྲ་ལྷའི་རྒྱལ་བོ་འཁོར་བཅས་བསྟོདཿ ཨ་ཏིའི་བསྟན་སྲུངས་དེར་འཛིན་སྐྱོངས༔ བདག་གི་རིག་པའི་ཀློང་འདྲེས་ནསཿ ཚོགས་བརྒྱད་ཡོངས་དག་རླབས་ཆེན་སྤྱོདཿ མ་དག་ཕུང་ཁམས་སྐྱེ་མཆེད་ཀུནཿ གདན་གསུམ་ལྷ་རུ་ཡོངས་ཤར་ཞིངཿ ཟག་མེད་འདོད་ཡོན་བཅུད་ལ་རོལཿ རབ་འབྱམས་ཕྲིན་ལས་འབད་མེད་འགྲུབཿ ཁམས་གསུམ་འདྲེན་པའི་མཐུ་ལྡན་མཛོད༔ དམ་ལྡན་སྐྱོངས་ལ་དམ་མེད་སྒྲོལཿ བསྲུང་བྱར་གྱུར་ཀུན་མེལ་ཚེ་གྱིསཿ དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལཿ འདོད་དོན་འབྲས་བུ་ཡོངས་སྨིན་མཛོདཿ «ཨ་ཙར་དམར་པོའི་གསུང་འཁྲུལ་མེད༔ འདི་ཡང་ཌཱཀྐིའི་བརྡ་རིས་ལསཿ རྡོ་རྗེ་དྲག་རྩལ་རང་གིས་ཕབཿ ཚིག་ཉུང་དོན་འདུས་བྱིན་རླབས་ཆེ༔ རིག་པའི་ཡེ་ཤེས་ཀྱིས་བྲིས་སོཿ ས་མ་ཡཱཿ གུ་ཧྱཿ ཁ་ཐཾཿ དམ་ཚིག་གི་རྒྱཿ དགེ་ལེགས་སུ་གྱུར་ཅིག༔  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 08:48, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 83, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]