DKYD-KABUM-05-CA-038: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅། །ཡང་གསང་མཁའ་འགྲོ་ཐུགས་ཐིག་ལསཿ དྲག་སྒྲུབ་མཚོན་ཆའི་འཁོར་ལོ་བཞུགས༔
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=05
|volumeLetter=CA
|textnuminvol=038
|pdflink=File:DKYD-KABUM-05-CA-038.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། །ཡང་གསང་མཁའ་འགྲོ་ཐུགས་ཐིག་ལསཿ དྲག་སྒྲུབ་མཚོན་ཆའི་འཁོར་ལོ་བཞུགས༔
༄༅། «།ཀུན་ཏུ་བཟང་མ»ོ་«སྤྲུལ་པའི་གརཿ ཝ་ར་ཧི་ཡི་ལས་བསྒྱུར་བཿ དབྱིངས་ཕྱུག་བདུད་འདུལ་དྲག་མོ་ལཿ རྟག་ཏུ་གུས་པས་ཡིད་ཀྱིས་འདུདཿ དེ་ཡི་ཐུགས་སྒྲུབ་ཟབ་མོ་ནིཿ མཁའ་འགྲོའི་སྙིང་བཅུད་རྒྱུད་ཀྱི་དོནཿ པདྨའི་རང་ལུགས་མ་ནོར་བཿ གཅིག་ཆོག་ནོར་བུའི་ལུགས་སུ་བཀོདཿ སྤྲོས་མེད་དོན་གྱི་རྣལ་འབྱོར་པསཿ སྣང་བ་རྣམ་དག་གཞལ་ཡས་སུཿ རང་རིག་ལྷ་ལ་སྒྲར་གྲགས་སྔགསཿ དྲན་རྟོག་ཡེ་ནས་ཐུགས་སུ་ཤརཿ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ »ཧོཿ དུག་ལྔ་རྣམ་དག་ཡེ་ཤེས་ལྷཿ རྩ་གསུམ་ལྷ་ལ་སྐྱབས་སུ་མཆིཿ རིགས་དྲུག་སྡུག་བསྔལ་མཚོར་གྲོལ་ཞིངཿ གདུག་པ་བསྒྲལ་བར་སེམས་བསྐྱེད་དོཿ« ཚོགས་བསགས་ཡན་ལག་བདུན་པ་ནིཿ» དྲག་རྩལ་དབྱིངས་ཀྱི་ལྷ་ཚོགས་ལཿ གུས་པས་ཡིད་ཀྱི་ཕྱག་འཚལ་ལོཿ བདེ་བ་ཆེན་པོའི་མཆོད་པ་འབུལཿ གཟུང་འཛིན་ཨ་འཐས་འཁྲུལ་སྣང་བཤགསཿ སྦྱོར་བ་ཆེན་པོར་རྗེས་ཡི་རངསཿ སྒྲོལ་བ་སྙིང་རྗེས་ཐུགས་དམ་བསྐུལཿ རྗེས་སུ་འཛིན་པར་གསོལ་བ་འདེབསཿ དགེ་ཚོགས་བླ་མེད་རྒྱུ་རུ་བསྔོཿ« དངོས་གཞི་ལྷ་བསྐྱེད་རིམ་པ་ནིཿ» ཧཱུྃ་ཧཱུྃ་ཧཱུྃཿ སྟོང་ཉིད་སྤྲོས་དང་བྲལ་བ་ལསཿ ཀུན་སྣང་སྙིང་རྗེ་སྒྱུ་མའི་ངང་ཿ རང་རིག་ཆུ་ལ་ཉ་འཕར་ལྟརཿ ཕྱི་སྣོད་དུར་ཁྲོད་གཞལ་ཡས་ཁང་ཿ རྒྱན་དང་བཀོད་པ་ལྷུན་རྫོགས་དབུསཿ པདྨ་ཉི་ཟླ་རོའི་གདན་ཁརཿ ཆོས་ཉིད་འགྱུར་མེད་མཁའ་འགྲོ་མཿ སེང་ཧ་མུ་ཁ་མཐུ་མོ་ཆེཿ མཐིང་ནག་ཞལ་གཅིག་ཕྱག་གཉིས་མཿ ང་རྒྱལ་སེང་གེའི་མགོ་བོ་ཅནཿ གཟུང་འཛིན་གཅོད་པའི་གྲི་གུག་གཡསཿ ཆགས་སྡང་ཐོད་ཁྲག་ཞལ་དུ་རྔུབཿ མགོ་ཕྲེང་སྟག་ཤམ་གཡང་གཞི་དངཿ ཕྱག་རྒྱ་ལྔ་ཡིས་སྐུ་ལ་བརྒྱནཿ གཡས་བསྐུམ་གཡོན་བརྐྱངས་བཾ་རོར་བརྫིསཿ གྲུ་མོར་ཁ་ཊྭཱཾ་རྩེ་གསུམ་འཆང་ཿ ནུ་འབུར་བྷ་ག་ལང་ཚོ་རྒྱསཿ འདོད་ཆགས་དབའ་ཀློང་རབ་ཏུ་འཁྲུགསཿ ཁྲོ་གཏུམ་བཟོད་པར་དཀའ་བའི་ཉམསཿ འཁོར་དུ་སེང་ཧ་རིགས་བཞི་ནིཿ དཀར་སེར་དམར་དང་ལྗང་གུའི་མདོགཿ རྒྱན་དང་ཆ་ལུགས་གཙོ་མོར་མཐུནཿ རང་རང་རིགས་ཀྱི་ས་འཚམས་འཛིནཿ ཡེ་ཤེས་དམ་ཚིག་ཤ་ཟ་ཡིཿ མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོརཿ གཙོ་མོའི་གནས་གསུམ་འབྲུ་གསུམ་ལསཿ འོད་འཕྲོས་ཡེ་ཤེས་ལྷ་ཡི་ཚོགསཿ སྤྲིན་གྱི་ཕུང་པོ་གཏིབ་བཞིན་དྲངསཿ «སྤྱན་འདྲེན་པ་ནིཿ »ཧཱུྃཿ ཀུན་ཁྱབ་འདུས་མ་བྱས་པའི་ཀློང་ཿ བདེ་བ་ཆེན་པོའི་ཕོ་བྲང་ནསཿ རིག་པའི་ཡེ་ཤེས་དོན་གྱི་ལྷཿ སེང་ཧ་མུ་ཁ་གཙོ་དང་འཁོརཿ ཆུ་འཛིན་འཐོར་རླུང་གིས་བསྐྱོད་བཞིནཿ བསྐྱེད་པའི་གནས་འདིར་ས་མ་ཛཿ སེང་ཧ་མུུ་ཁ་ཨེ་ཨ་ར་ལི་ཕེམ་ཕེམཿ «བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་ནིཿ» ཧོཿ བསྐྱེད་པའི་ལྷ་དང་ཡེ་ཤེས་པཿ ཆུ་ལ་ཆུ་བཞག་ཇི་བཞིན་བཞུགསཿ དགའ་བཞི་འདུ་འབྲལ་མེད་པའི་ངངཿ རོ་སྙོམས་ཆེན་པོར་བརྡ་ཕྱག་འཚལཿ ཏིཥྛ་ལྷནཿ ན་མ་པྲ་ཏིཙྪ་ཧོཿ དབང་དྲུག་ཡུལ་ལ་འཆར་བ་ཡིཿ སྲིད་ཞིའི་འབྱོར་ཚོགས་དཔག་མེད་པཿ ཡེ་ནས་རྣམ་དག་མཆོད་པའི་སྤྲིནཿ སེང་ཧ་མུ་ཁའི་ལྷ་ཚོགས་ལཿ འབུལ་ལོ་དགྱེས་བཞེས་དངོས་གྲུབ་སྩོལཿ རཱུ་པ་ཤཔྟ་གྷནྡྷེ་ར་ས་སྤརྴེ་མ་ཧཱ་སརྦ་པཱུ་ཙ་ཧོཿ «བསྟོད་བཤགས་དམ་བཅའ་རྒྱུད་བསྐུལ་ནིཿ »ཧཱུྃཿ སྐུ་མཆོག་འགྱུར་མེད་མཐིང་གསལ་ནམ་མཁའི་མདོགཿ གསུང་མཆོག་འགགས་མེད་སེང་གེའི་ང་རོ་སྒྲོགསཿ ཐུགས་མཆོག་གཡོ་མེད་ཆགས་སྡང་མ་རིག་འཇོམསཿ སེང་ཧ་མུ་ཁའི་དཀྱིལ་འཁོར་ལྷ་ལ་བསྟོདཿ ཡེ་ནས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ལཿ གཟུང་འཛིན་དབང་གྱུར་ཐེ་ཚོམ་རྣམ་རྟོག་རྒྱུསཿ རིག་པ་ཡེ་ཤེས་ལྷ་དང་མ་མཇལ་ཞིང་ཿ བདེ་སྟོང་དོན་དང་འགལ་བ་མཐོལ་ལོ་བཤགསཿ ས་མ་ཡ་ཧོཿ རིག་རྩལ་དབྱིངས་ཀྱི་མཁའ་འགྲོ་མཿ ཁྱོད་དང་མི་འབྲལ་འགྲོགས་པ་ཡིསཿ བསྙེན་ཅིང་བསྒྲུབ་པར་དམ་བཅས་ནཿ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ ཧཱུྃཿ མཐུ་ལྡན་སེང་ཧ་མུ་ཁ་མཿ འཁོར་བཅས་སྔོན་གྱི་ཐུགས་དམ་དགོངསཿ དྲག་གཏུམ་རོལ་བའི་སྐུར་བཞེངས་ལཿ མ་རིག་རྒྱུ་ལས་བྱུང་བ་ཡིསཿ གཟུང་འཛིན་ཆགས་སྡང་མཐུས་བསྐྱེད་པའིཿ དགྲ་གདོན་བྱད་ཕུར་དམ་སྲི་སྒྲོལཿ རྣམ་ཤེས་སྐྱེ་མེད་དབྱིངས་སུ་དྲོངསཿ «བསྙེན་ཅིང་བསྒྲུབ་པའི་རིམ་པ་ནིཿ »གཙོ་མོའི་ཐུགས་ཁར་ཉི་དཀྱིལ་དབུསཿ ཧཱུྃ་མཐིང་སྔགས་ཀྱི་ཕྲེང་བས་བསྐོརཿ གཙོ་འཁོར་གསལ་བརྟན་གཟི་བརྗིད་འབརཿ ཆོས་ཉིད་ཁྱབ་བརྡལ་ཆེན་པོའི་ངང་ཿ བཾ་ཛྙཱ་ན་ཌཱཀྐི་ནི་སེང་ཧ་མུ་ཁ་ཧ་ཧེ་ཧཱུྃཿ ཐུགས་ཀའི་འོད་ཀྱིས་རྒྱལ་བ་མཆོདཿ བྱིན་རླབ་དབང་དང་དངོས་གྲུབ་བསྡུཿ ཡང་འཕྲོས་འགྲོ་བའི་ལས་ཉོན་སྦྱང་ཿ སྣོད་བཅུད་བཀྲག་མདངས་གཟི་བརྗིད་བསྡུཿ གདུག་པ་ཅན་གྱི་བླ་ཚེ་འཕྲོགཿ འཁོར་འདས་ཀུན་ལ་དབང་བསྒྱུར་མོཿ གཙོ་འཁོར་ང་རྒྱལ་བརྟན་པའི་ངང་ཿ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ« དོ་གལ་ཚེ་ན་ལས་སྦྱོར་ནིཿ »བདུད་འདུལ་དྲག་མོ་འཁོར་བཅས་ཀྱིཿ སྐུ་ལས་ཁྲོ་མཚོན་མེ་དཔུང་འཕྲོསཿ གདུག་པ་ཅན་རྣམས་སྲེག་ཅིང་བརླགཿ བྱད་ཕུར་རྦོད་གཏོང་རང་གཤེད་དབབཿ ཐལ་བའི་རྡུལ་དུ་བརླག་ནས་ཀྱངཿ རྣམ་ཤེས་དམིགས་མེད་ཀློང་དུ་ཨཱཿ ཕཊཿཡཿརཿམཿསཿརཿདཿཤཿཙཿརཿམཿསཿཀཿཨཿ «ཏིང་འཛིན་དམིགས་པའི་འཁྲུལ་འཁོར་གནདཿ ལས་ཀུན་འགྲུབ་པར་ཐེ་ཚོམ་མེདཿ ཐུན་མཐར་སྟོང་ཚིག་མཆོད་བསྟོད་དང་ཿ ཡི་གེ་བརྒྱ་པས་བཤགས་པ་བྱཿ བསྐྱེད་རིམ་བསྡུ་བའི་རིམ་པ་ནིཿ »ཧོཿ ཆོས་ཉིད་སྐྱེ་བ་མེད་པ་ལསཿ འགགས་མེད་ཁྲོ་མོའི་གཙོ་འཁོར་ལྷཿ མི་གནས་རྟེན་དང་བརྟེན་པའི་ཁམསཿ སྤྲོས་བྲལ་ཐིག་ལེ་ཉག་ཅིང་ངང་ཿ སླར་ཡང་ལྷུན་གྲུབ་སྣང་བའི་ཆཿ གཙོ་མོའི་ང་རྒྱལ་བརྟན་པའི་ངངཿ ཉལ་ཚེ་ཆུ་ལ་ལང་ན་མེཿ འགྲོ་ན་རླུང་ལ་འདུག་ཚེ་བྲགཿ སྒྲོལ་བ་ཆེན་པོའི་ལམ་ཁྱེར་སྒོམཿ ཨ་ཨཱཿ ཧཱུཾ་ཧཱུཾ་ཧཱུཾཿ «བསྔོ་སྨོན་བཀྲ་ཤིས་སྤྱི་ལྟར་རོཿ བདག་འདྲ་པདྨ་འབྱུང་གནས་ཀྱིཿ ཟ་བྱེད་སེང་ཧ་མུ་ཁ་མའིཿ སྒྲུབ་ཐབས་མཁའ་འགྲོའི་ཐུགས་བཅུད་འདིཿ ཡང་གསང་མཁའ་འགྲོ་ཐུགས་ཐིག་གིཿ སྒྲོལ་བ་སྙིང་རྗེ་ཆེན་པོའི་ལམཿ བྱིན་རླབས་དངོས་གྲུབ་ཚན་ཆེ་ཞིང་ཿ མཐུ་རྩལ་རྣོ་མྱུར་ཐོག་དང་འདྲཿ ཉམས་སུ་བླང་ཚད་བདེ་སྟེར་མའིཿ ཐུགས་ཀློང་འདྲེས་པར་གདོན་མི་ཟཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ སྙིང་ལ་འཆོངས་ཤིག་ས་མ་ཡཱཿ ཁ་ཐཾཿ གུ་ཧྱཿ རྒྱ་རྒྱཿ ཡང་གསང་མཁའ་འགྲོ་ཐུགས་ཐིག་གི་ཆ་ལག་དྲག་གཏུམ་སེང་ཧ་མུ་ཁའི་སྒྲུབ་ཐབས་དངོས་གྲུབ་གཏེར་མཛོད་གླང་སྨྱོན་སྣ་རྩེར་གདགས་པའི་མཚོན་འཁོར་འདི་ཉིད་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་བདེ་བའི་རྡོ་རྗེས་ཕབ་པ་བཞིནཿ ཡི་གེའི་རིས་སུའབེབ་མཁན་བདེ་ཆེན་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་གསངབའི་བཀའ་རྒྱ་ཅན་ནོཿ »ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལཿ ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་མ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤབྟ་པཉྩ་རཀྟ་བ་ལིངྟ་པཱུཙྪ་ཧོ༔  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 08:46, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 5, Text 38, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]