DKYD-KABUM-05-CA-027: Difference between revisions
From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
༄༅། །པད་འབྱུང་ཐུགས་ཀྱི་ཐིག་ལེ་ལས༔ ཡིད་བཞིན་འཁོར་ལོའི་གསང་སྒྲུབ་བཞུགས༔ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=mdo mkhyen brtse bka' 'bum | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=8 | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=05 | |||
|volumeLetter=CA | |||
|textnuminvol=027 | |||
|pdflink=File:DKYD-KABUM-05-CA-027.pdf | |||
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །པད་འབྱུང་ཐུགས་ཀྱི་ཐིག་ལེ་ལས༔ ཡིད་བཞིན་འཁོར་ལོའི་གསང་སྒྲུབ་བཞུགས༔ | |||
༄༅། «།རྒྱལ་བའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མཿ འགྲོ་ལ་སྙིང་རྗེ་ཤར་བ་སྒྲོལ་མ་ཡུམ༔ ཕྲིན་ལས་ཚད་མེད་སེམས་ཅན་ཐབས་ཀྱིས་འདྲེནཿ སྐུ་གསུམ་དབང་བསྒྱུར་མ་ལ་གུས་པས་འདུདཿ བླ་མར་རྩེ་གཅིག་མོས་གུས་དད་དམ་བརྟནཿ རྩེ་གཅིག་བྱང་ཆུབ་བསྒྲུབ་པའི་རྣལ་འབྱོར་བས༔ ཌཱཀྐིའི་གསང་བའི་སྒྲུབ་པ་འདི་ལ་འབུངས༔ ཐོག་མར་རླུང་རོ་ལན་གསུམ་བསལབྱས་ནས༔ ལས་ཉོན་བག་ཆགས་སྡིག་སྒྲིབ་དག་པར་བསམཿ མདུན་མཁར་ཚོགས་ཞིང་ལྷ་ཚོགས་གསལ་བཏབ་ནས༔» ན་མོ་སྐྱེ་མེད་ཡུམ་ཆེན་འཕགས་མའི་ལྷ་ཚོགས་ལཿ འགག་མེད་དད་གུས་གདུང་བས་སྐྱབས་སུ་མཆིཿ མི་གནས་འགྲོ་རྣམས་འཕགས་མའི་སར་འགོད་ཕྱིརཿ སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ བདག་ལུས་ཞིང་རྡུལ་གྲངས་ལྡན་གུས་ཕྱག་འཚལཿ ཀུན་བཟང་མཆོད་སྦྱིན་རྒྱ་མཚོར་སྤྲུལ་ནས་འབུལཿ ཚེ་རབས་ལས་ཀྱི་སྡིག་ལྟུང་དམ་ཉམས་བཤགསཿ ཐུགས་རྗེས་སེམས་ཅན་དོན་མཛད་རྗེས་ཡི་རངསཿ འགྲོ་ཁམས་མ་སྟོངས་བར་དུ་བཞུགས་གསོལ་འདེབསཿ དུས་གསུམ་ཟག་མེད་དགེ་ཚོགས་འགྲོ་ལ་བསྔོཿ ཨཱཿ སྟོང་ཉིད་ངང་ལས་སྙིང་རྗེ་ཤརཿ རིག་པ་ཏཱཾ་ཡིག་ལྗང་གུར་གསལཿ ཕྱི་སྣོད་མི་དམིགས་གཡུ་ལོ་བཀོདཿ ནགས་ཚལ་ནེའུ་སེང་སྨན་ལྗོངས་བཀྲཿ མེ་ཏོག་ཆར་འབེབས་འཇའ་ཚོན་འཁྲིགསཿ འོད་སྣང་ལས་གྲུབ་གཞལ་ཡས་ཁང་ཿ མཚན་ཉིད་ཡོངས་སུ་རྫོགས་པའི་དབུསཿ བདུད་རྩིའི་མཚོ་དབུས་པདྨའི་སྡོང་ཿ འདབས་མ་འབུམ་དུ་ཕྱེས་པའི་དབུསཿ འཇའ་ཚོན་པད་འདབས་ཉི་ཤུའི་ནང་ཿ གེ་སར་འོད་སྟོང་ཟླ་བའི་ཁརཿ རིག་པ་ས་བོན་ཡོངས་གྱུར་པསཿ ཡིད་བཞིན་འཁོར་ལོ་ཚེ་འཕེལ་མཿ དཀར་གསལ་དུང་མདོག་གཞོན་ཚུལ་ལྡན༔ ཞལ་གཅིག་ཞི་འཛུམ་ཆགས་པའི་མདངསཿ མཛེས་པའི་སྤྱན་གསུམ་འགྲོ་ལ་བརྩེཿ ཕྱག་གཉིས་གཡས་པས་མཆོག་སྦྱིན་རྒྱསཿ ཨུཏྤལ་ལ་གནས་ནོར་བུ་འབརཿ གཡོན་པས་དཀོན་མཆོག་གསུམ་མཚོན་རྒྱསཿ ཆུ་སྐྱེས་སྡོང་པོ་ཚེ་བུམ་མཚནཿ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་ཿ པུཎྜ་རི་ཀ་རིན་ཆེན་བརྒྱནཿ དར་དཔྱངས་སྟོད་གཡོགས་སྨད་དཀྲིས་ཅནཿ ནུ་འབུར་བྷ་ག་ལང་ཚོ་རྒྱསཿ མཚན་དཔེ་གཟི་བརྗིད་འོད་ཟེར་འབརཿ སྤྱི་བོར་རིགས་བདག་སྣང་མཐའ་ཡསཿ དམར་གསལ་སྐྱིལ་ཀྲུང་མཉམ་བཞག་ཅནཿ བཅུད་ལྡན་བཻ་ཌཱུར་ལྷུང་བཟེད་བསྣམསཿ སྙིང་དབུས་འོད་ཀྱི་གུར་ཁང་ནང་ཿ ཐབས་མཆོག་དཔའ་བོ་བདེ་ཆེན་ཡབཿ དཀར་གསལ་དུང་མདོག་སྤྱན་རས་གཟིགསཿ རྒྱན་མེད་སྐྱིལ་ཀྲུང་ཐོར་ཚུགས་ཅནཿ སེམས་ཉིད་ངལ་བསོའི་སྟབས་སུ་བཞུགསཿ མདུན་གྱི་པད་འདབ་དབུས་མ་ནསཿ འཇིགས་པ་བརྒྱད་སྐྱོབ་སྒྲོལ་ལྗང་གཙོསཿ ཏཱ་རེ་ལྷ་མོ་ཉི་ཤུ་པོཿ ཆ་ལུགས་རྣམ་འགྱུར་ལས་བཞི་ཡིཿ ཚུལ་དང་མཐུན་པར་སྣ་ཚོགས་སྟོནཿ གཞན་ཡང་རིག་འཛིན་དྲང་སྲོང་དང་ཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགསཿ འབུམ་ཕྲག་བྱེ་བ་དུ་མས་བསྐོར༔ གཙོ་མོའི་ཐུགས་ཀའི་འོད་ཟེར་གྱིསཿ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམཿ ཧྲཱིཿ དབུས་མཐའ་བྲལ་བ་འོག་མིན་ཆོས་དབྱིངས་ནསཿ སྤྲོས་བྲལ་ཆོས་སྐུ་ཀུན་བཟང་ལྷ་ཚོགས་གཤེགསཿ ལྔ་ལྡན་ཞིང་ནས་ལོངས་སྐུ་རིགས་ལྔའི་ལྷཿ གཏུམ་དྲག་རོལ་པ་ཁྲག་འཐུང་ཁྲོ་མོའི་ཚོགསཿ པོ་ཊ་ལ་དང་གཡུ་ལོ་བཀོད་པའི་ཞིང་ཿ འགྲོ་འདུལ་སྤྲུལ་པ་སྐུ་ཡི་ལྷ་ཚོགས་རྣམསཿ འདིར་གཤེགས་ངོ་མཚར་རྟགས་དང་མཚན་མ་སྟོནཿ ལུས་ལ་བྱིན་ཕོབ་དག་ལ་ནུས་པ་བསྐྱེདཿ སེམས་ལ་རྟོགས་པ་སྐྱེ་བར་བྱིན་གྱིས་རློབསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ གུ་རུ་དྷེ་ཝ་ཌཱཀྐི་ནཱི་ཨཱརྱ་ཏཱ་རེ་སརྦ་ས་མ་ཡ་ཨ་ཝེ་བྷ་ཡ་ཕཻཾ་ཕཻཾ་སིདྡྷི་ཕ་ལ་ཧོཿ ཡེ་ཤེས་ལྷ་ཚོགས་ཆུ་དང་འོ་མ་བཞིནཿ དབྱེར་མེད་འདྲེས་ཤིང་བྱིན་རླབས་དངོས་གྲུབ་ཐོབཿ ཁམས་གསུམ་སྲིད་གསུམ་ལྷ་ཀླུ་མི་དྲེགས་པའིཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ན་མོ་ན་མ་ཧཱུྃཿ སྟོང་གསུམ་འཇིག་རྟེན་རབ་འབྱམས་མཆོད་པའི་རྫསཿ ཕྱི་ནང་གསང་བ་རྨད་དུ་བྱུང་བ་དང་ཿ ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེན་པོས་མཆོདཿ ཡི་དམ་འཕགས་མའི་ལྷ་ཚོགས་མཉེས་གྱུར་ཅིགཿ སརྦ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃཿ ཧྲཱིཿ འཁོར་བའི་སྐྱོན་གྱིས་མ་གོས་དཀར་གསལ་མདངསཿ འདོད་ཡོན་མ་སྤངས་པུཎྜ་རྀ་ཀས་བརྒྱནཿ ཞི་ལ་མི་ཆགས་སྲིད་ལ་མི་འཇིགས་མཿ རྒྱལ་བའི་ཡུམ་མཆོག་ཡིད་བཞིན་དཔལ་མོར་བསྟོདཿ ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་ཅིང་ཿ གང་ལ་གང་འདུལ་ཞི་ཆགས་ཁྲོ་མོའི་སྐུརཿ རྣམ་འགྱུར་མ་ངེས་སྤྲུལ་པ་ཅིར་ཡང་སྟོནཿ ལས་མཛད་ཉི་ཤུ་དཀྱིལ་འཁོར་ལྷ་ལ་བསྟོདཿ ཡེ་ནས་ལྷ་དང་རང་རིག་དབྱེར་མེད་ཀྱང་ཿ གཉིས་འཛིན་དབང་གིས་འཕགས་མའི་ཞལ་མ་མཐོང་ཿ མི་དགེ་སྡིག་ལྟུང་དམ་ཚིག་ཉམས་འགལ་རལཿ ལྷག་པའི་ལྷ་མཆོག་ཁྱོད་ཀྱི་དྲུང་དུ་བཤགསཿ རྩེ་གཅིག་བསྙེན་ཅིང་བསྒྲུབ་པར་དམ་བཅའོཿ བཛྲ་ས་མ་ཡ་ཨཱཿ «དངོས་གཞི་བཟླས་པའི་རིམ་པ་ནིཿ »ཡེ་ཤེས་སེམས་དཔའི་ཐུགས་ཀ་རུཿ པད་སྟེང་འཁོར་ལོ་རྩིབས་བརྒྱད་དབུསཿ རིག་པ་ཏཱཾ་ཡིག་ལྗང་གསལ་ལཿ རྩ་བའི་སྔགས་ཕྲེང་གཡས་སུ་བཀོདཿ རང་སྒྲ་དང་བཅས་འཁོར་བ་ཡིསཿ སྲིད་གསུམ་རྣམ་དག་ཞིང་དུ་གྱུརཿ ཀ་དག་རང་གྲོལ་ལྷུག་པའི་ངང་ཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱཿ «བསྙེན་པ་འབུ་བཅུ་ཚད་དུ་ལོངསཿ དངོས་ཉམས་རྨི་ལམ་འཕགས་མའི་ཞལཿ མཐོང་ཞིང་དབང་བསྐུར་བྱིན་གྱིས་བརླབཿ» ཨོཾ་ཏཱ་རེ་བྷྲཱུྃ་སྭཱ་ཧཱཿ «འཕགས་མར་ཐུགས་ཡིད་དབྱེར་མེད་བསྲེཿ ཉེ་བའི་བསྙེན་པ་འདི་ལ་འབདཿ སྒྲུབ་དང་ལས་སྦྱོར་རིམ་པ་ནིཿ» འཕགས་མའི་ཐུགས་ཀའི་འོད་ཟེར་གྱིསཿ ཞིང་ཁམས་རབ་འབྱམས་མཆོད་པས་མཉེསཿ འགྲོ་དྲུག་སེམས་ཅན་ལས་ཉོན་སྦྱངསཿ བྱིན་རླབས་མཁྱེན་བརྩེ་ནུས་མཐུ་དང་ཿ ཚེ་བསོད་བཀྲག་མདངས་ཤེས་རབ་བཅུདཿ བསྡུས་ཤིང་སྲོག་ཡིག་སྔགས་ཕྲེང་ལཿ ཐིམ་པས་བཀྲག་མདངས་ནུས་སྟོབས་རྒྱསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགསཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་ཡུར་ཛྙཱ་ན་པུཎྱེ་ཀུ་རུ་བྷྲཱུྃཿ «བསྙེན་སྒྲུབ་དུས་སུ་འབུམ་ཕྲག་བཟླཿ སྐབས་སུ་གང་བབས་རིག་པས་འཕྲུལཿ རྩ་བའི་སྒྲུབ་པ་རྟགས་མཐོང་ནསཿ ལས་ཚོགས་ཡིག་ཆུང་དག་ལས་ཤེསཿ ཐུན་མཐར་སྙིང་རྗེ་ཆེན་པོ་བསྒོམཿ »ཤཱིནྟཾ་པུཥྟིཾ་ཝ་ཤཾ་མཱ་ར་ཡ་ཕཊཿ ཡི་དམ་འཕགས་མའི་ལྷ་ཚོགས་འགྲུབ་པར་གྱུར་ཅིགཿ «དབྱངས་གསལ་འདོད་གསོལ་རྟེན་འབྲེལ་སྙིང་པོ་བརྗོདཿ སྟོང་ཚིག་མཆོད་བསྟོད་བཤགས་ཤིང་དངོས་གྲུབ་བླངསཿ »ཨོཾ་ཨ་ཨཱཿ ཨི་ཨཱིཿ སོགས། ཧ་ཀྵཿ ཧཱོཿ ཡི་དམ་འཕགས་མའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེཿ སྐྱོབས་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལསཿ བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངས་ལཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནསཿ མཆོག་གི་དངོས་གྲུབ་ཡི་དམ་འཕགས་མའི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིང་ཿ ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དང་ཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིས་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་རླབས་པར་མཛད་དུ་གསོལཿ ཨོཾ་ཡེ་དྷརྨ་«སོགས་ »ཡེ་སྭཱ་ཧཱཿ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལཿ ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ «རྩ་སྔགས་ཤམ་དུཿ» ཀཱ་ཡ་ཝཱཀྐ་ཙིཏྟ་གུརྞ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿ« ཕྱག་འཚལ་ཉེར་གཅིག་སྔགས་བསྟོད་གང་རུང་བྱཿ» ལྷག་པའི་ལྷ་མཆོག་འཕགས་མ་ཡིད་བཞིན་དབང་ཿ ཚེ་རབས་ཀུན་ཏུ་བདག་ཉིད་རྗེས་བཟུང་ཞིང་ཿ སྐྱེ་འདིར་ལོག་པའི་ལམ་དུ་མི་གཏོང་བརཿ ཁྲེགས་ཆོད་ཐོད་རྒལ་ས་ལམ་ཡོན་ཏན་རྫོགསཿ སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོགཿ བདག་ཉིད་མཐོང་ཐོས་དྲན་རེག་བཟང་ངན་གྱིཿ ལས་ཀྱི་འབྲེལ་བས་བསྡུས་པའི་སེམས་ཅན་ཀུནཿ རི་བོ་ཏ་ལར་མངོན་པར་སངས་རྒྱས་ནསཿ བྱང་ཆུབ་སེམས་ཀྱིས་འགྲོ་དོན་བྱེད་པར་ཤོགཿ བརྡེག་བཙོག་ལོག་ལྟ་ངན་སྨྲས་གནོད་སེམས་ལྡནཿ སྲོག་གཅོད་ནོར་འཕྲོག་ཚེ་ཆོས་བར་གཅོད་པའིཿ དམ་ཉམས་དགྲ་གདོན་རིགས་སུ་གྱུར་རྣམས་ཀྱང་ཿ མཐར་ཐུག་བདག་གི་གདུལ་བྱར་གྱུར་ནས་སུ༔ བྱམས་གཅིག་འཕགས་མའི་གོ་འཕང་ཐོབ་པར་ཤོག༔ རྩ་གསུམ་རྒྱལ་བ་སྲས་བཅས་སླཽབ་མར་བཅསཿ ཡི་དམ་ལྷ་མཆོག་ཏཱ་རེ་ཉེར་གཅིག་མཐུསཿ བདག་གི་སྨོན་པ་ཡིད་བཞིན་འགྲུབ་གྱུར་ནསཿ མཁའ་ཁྱབ་འཁོར་བ་དོང་ནས་སྤྲུགས་པར་ཤོགཿ «ཞིང་ཁམས་སྦྱོང་ཕྱིར་བསྡུ་རིམ་སྤྲོས་པ་བྲལཿ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་བལྟཿ ཨེ་མ་དྲི་མ་མེད་པའི་ཐུགས་ཀྱི་བཅུདཿ འགྲོ་བའི་དོན་དུ་བདག་ལ་གནང་ཿ སུ་ཁ་སིདྡྷིའི་ཉམས་ལེན་གནདཿ ད་ལྟ་ལྷ་ལྕམ་ཁྱོད་ལ་གཏདཿ མ་འོངས་ལྔ་བརྒྱའི་ཐ་མ་ལཿ བྱང་ཕྱོགས་ཁ་ཅན་གྱི་རིརཿ ལས་ཅན་བུ་དང་འཕྲད་པར་ཤོགཿ བྱིན་རླབས་དབྱར་སྐྱེས་ཆབ་དང་མཚུངསཿ དངོས་གྲུབ་དུས་མཐའི་མེ་ཆེན་འདྲཿ ཐུགས་རྗེ་ནམ་མཁའི་གློག་ལས་མྱུརཿ འདི་ཡི་ཡོན་ཏན་བརྗོད་མི་ལངསཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ བཀའ་འདི་དབང་ཕྱུག་ཁྱོད་ལ་གཏདཿ དམ་ཉམས་ལག་ཏུ་ཤོར་ཅིགཿ ཁས་བླངས་བཞིན་དུ་འབྲལ་མེད་འགྲོགསཿ འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཁ་ཐཾཿ ཁྲག་འཐུང་ལས་ཀྱི་དཔའ་བོར་གཉེར་འཛིན་ཌཱཀྐི་མ་ཆེན་མོས་བརྡ་བཀྲོལ་བལྟར་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་བྱིན་རླབས་ཤིན་ཏུ་ཆེ་བའི་སྡེ་ཚན་ནོ།། | ༄༅། «།རྒྱལ་བའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མཿ འགྲོ་ལ་སྙིང་རྗེ་ཤར་བ་སྒྲོལ་མ་ཡུམ༔ ཕྲིན་ལས་ཚད་མེད་སེམས་ཅན་ཐབས་ཀྱིས་འདྲེནཿ སྐུ་གསུམ་དབང་བསྒྱུར་མ་ལ་གུས་པས་འདུདཿ བླ་མར་རྩེ་གཅིག་མོས་གུས་དད་དམ་བརྟནཿ རྩེ་གཅིག་བྱང་ཆུབ་བསྒྲུབ་པའི་རྣལ་འབྱོར་བས༔ ཌཱཀྐིའི་གསང་བའི་སྒྲུབ་པ་འདི་ལ་འབུངས༔ ཐོག་མར་རླུང་རོ་ལན་གསུམ་བསལབྱས་ནས༔ ལས་ཉོན་བག་ཆགས་སྡིག་སྒྲིབ་དག་པར་བསམཿ མདུན་མཁར་ཚོགས་ཞིང་ལྷ་ཚོགས་གསལ་བཏབ་ནས༔» ན་མོ་སྐྱེ་མེད་ཡུམ་ཆེན་འཕགས་མའི་ལྷ་ཚོགས་ལཿ འགག་མེད་དད་གུས་གདུང་བས་སྐྱབས་སུ་མཆིཿ མི་གནས་འགྲོ་རྣམས་འཕགས་མའི་སར་འགོད་ཕྱིརཿ སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ བདག་ལུས་ཞིང་རྡུལ་གྲངས་ལྡན་གུས་ཕྱག་འཚལཿ ཀུན་བཟང་མཆོད་སྦྱིན་རྒྱ་མཚོར་སྤྲུལ་ནས་འབུལཿ ཚེ་རབས་ལས་ཀྱི་སྡིག་ལྟུང་དམ་ཉམས་བཤགསཿ ཐུགས་རྗེས་སེམས་ཅན་དོན་མཛད་རྗེས་ཡི་རངསཿ འགྲོ་ཁམས་མ་སྟོངས་བར་དུ་བཞུགས་གསོལ་འདེབསཿ དུས་གསུམ་ཟག་མེད་དགེ་ཚོགས་འགྲོ་ལ་བསྔོཿ ཨཱཿ སྟོང་ཉིད་ངང་ལས་སྙིང་རྗེ་ཤརཿ རིག་པ་ཏཱཾ་ཡིག་ལྗང་གུར་གསལཿ ཕྱི་སྣོད་མི་དམིགས་གཡུ་ལོ་བཀོདཿ ནགས་ཚལ་ནེའུ་སེང་སྨན་ལྗོངས་བཀྲཿ མེ་ཏོག་ཆར་འབེབས་འཇའ་ཚོན་འཁྲིགསཿ འོད་སྣང་ལས་གྲུབ་གཞལ་ཡས་ཁང་ཿ མཚན་ཉིད་ཡོངས་སུ་རྫོགས་པའི་དབུསཿ བདུད་རྩིའི་མཚོ་དབུས་པདྨའི་སྡོང་ཿ འདབས་མ་འབུམ་དུ་ཕྱེས་པའི་དབུསཿ འཇའ་ཚོན་པད་འདབས་ཉི་ཤུའི་ནང་ཿ གེ་སར་འོད་སྟོང་ཟླ་བའི་ཁརཿ རིག་པ་ས་བོན་ཡོངས་གྱུར་པསཿ ཡིད་བཞིན་འཁོར་ལོ་ཚེ་འཕེལ་མཿ དཀར་གསལ་དུང་མདོག་གཞོན་ཚུལ་ལྡན༔ ཞལ་གཅིག་ཞི་འཛུམ་ཆགས་པའི་མདངསཿ མཛེས་པའི་སྤྱན་གསུམ་འགྲོ་ལ་བརྩེཿ ཕྱག་གཉིས་གཡས་པས་མཆོག་སྦྱིན་རྒྱསཿ ཨུཏྤལ་ལ་གནས་ནོར་བུ་འབརཿ གཡོན་པས་དཀོན་མཆོག་གསུམ་མཚོན་རྒྱསཿ ཆུ་སྐྱེས་སྡོང་པོ་ཚེ་བུམ་མཚནཿ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་ཿ པུཎྜ་རི་ཀ་རིན་ཆེན་བརྒྱནཿ དར་དཔྱངས་སྟོད་གཡོགས་སྨད་དཀྲིས་ཅནཿ ནུ་འབུར་བྷ་ག་ལང་ཚོ་རྒྱསཿ མཚན་དཔེ་གཟི་བརྗིད་འོད་ཟེར་འབརཿ སྤྱི་བོར་རིགས་བདག་སྣང་མཐའ་ཡསཿ དམར་གསལ་སྐྱིལ་ཀྲུང་མཉམ་བཞག་ཅནཿ བཅུད་ལྡན་བཻ་ཌཱུར་ལྷུང་བཟེད་བསྣམསཿ སྙིང་དབུས་འོད་ཀྱི་གུར་ཁང་ནང་ཿ ཐབས་མཆོག་དཔའ་བོ་བདེ་ཆེན་ཡབཿ དཀར་གསལ་དུང་མདོག་སྤྱན་རས་གཟིགསཿ རྒྱན་མེད་སྐྱིལ་ཀྲུང་ཐོར་ཚུགས་ཅནཿ སེམས་ཉིད་ངལ་བསོའི་སྟབས་སུ་བཞུགསཿ མདུན་གྱི་པད་འདབ་དབུས་མ་ནསཿ འཇིགས་པ་བརྒྱད་སྐྱོབ་སྒྲོལ་ལྗང་གཙོསཿ ཏཱ་རེ་ལྷ་མོ་ཉི་ཤུ་པོཿ ཆ་ལུགས་རྣམ་འགྱུར་ལས་བཞི་ཡིཿ ཚུལ་དང་མཐུན་པར་སྣ་ཚོགས་སྟོནཿ གཞན་ཡང་རིག་འཛིན་དྲང་སྲོང་དང་ཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགསཿ འབུམ་ཕྲག་བྱེ་བ་དུ་མས་བསྐོར༔ གཙོ་མོའི་ཐུགས་ཀའི་འོད་ཟེར་གྱིསཿ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམཿ ཧྲཱིཿ དབུས་མཐའ་བྲལ་བ་འོག་མིན་ཆོས་དབྱིངས་ནསཿ སྤྲོས་བྲལ་ཆོས་སྐུ་ཀུན་བཟང་ལྷ་ཚོགས་གཤེགསཿ ལྔ་ལྡན་ཞིང་ནས་ལོངས་སྐུ་རིགས་ལྔའི་ལྷཿ གཏུམ་དྲག་རོལ་པ་ཁྲག་འཐུང་ཁྲོ་མོའི་ཚོགསཿ པོ་ཊ་ལ་དང་གཡུ་ལོ་བཀོད་པའི་ཞིང་ཿ འགྲོ་འདུལ་སྤྲུལ་པ་སྐུ་ཡི་ལྷ་ཚོགས་རྣམསཿ འདིར་གཤེགས་ངོ་མཚར་རྟགས་དང་མཚན་མ་སྟོནཿ ལུས་ལ་བྱིན་ཕོབ་དག་ལ་ནུས་པ་བསྐྱེདཿ སེམས་ལ་རྟོགས་པ་སྐྱེ་བར་བྱིན་གྱིས་རློབསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ གུ་རུ་དྷེ་ཝ་ཌཱཀྐི་ནཱི་ཨཱརྱ་ཏཱ་རེ་སརྦ་ས་མ་ཡ་ཨ་ཝེ་བྷ་ཡ་ཕཻཾ་ཕཻཾ་སིདྡྷི་ཕ་ལ་ཧོཿ ཡེ་ཤེས་ལྷ་ཚོགས་ཆུ་དང་འོ་མ་བཞིནཿ དབྱེར་མེད་འདྲེས་ཤིང་བྱིན་རླབས་དངོས་གྲུབ་ཐོབཿ ཁམས་གསུམ་སྲིད་གསུམ་ལྷ་ཀླུ་མི་དྲེགས་པའིཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ན་མོ་ན་མ་ཧཱུྃཿ སྟོང་གསུམ་འཇིག་རྟེན་རབ་འབྱམས་མཆོད་པའི་རྫསཿ ཕྱི་ནང་གསང་བ་རྨད་དུ་བྱུང་བ་དང་ཿ ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེན་པོས་མཆོདཿ ཡི་དམ་འཕགས་མའི་ལྷ་ཚོགས་མཉེས་གྱུར་ཅིགཿ སརྦ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃཿ ཧྲཱིཿ འཁོར་བའི་སྐྱོན་གྱིས་མ་གོས་དཀར་གསལ་མདངསཿ འདོད་ཡོན་མ་སྤངས་པུཎྜ་རྀ་ཀས་བརྒྱནཿ ཞི་ལ་མི་ཆགས་སྲིད་ལ་མི་འཇིགས་མཿ རྒྱལ་བའི་ཡུམ་མཆོག་ཡིད་བཞིན་དཔལ་མོར་བསྟོདཿ ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་ཅིང་ཿ གང་ལ་གང་འདུལ་ཞི་ཆགས་ཁྲོ་མོའི་སྐུརཿ རྣམ་འགྱུར་མ་ངེས་སྤྲུལ་པ་ཅིར་ཡང་སྟོནཿ ལས་མཛད་ཉི་ཤུ་དཀྱིལ་འཁོར་ལྷ་ལ་བསྟོདཿ ཡེ་ནས་ལྷ་དང་རང་རིག་དབྱེར་མེད་ཀྱང་ཿ གཉིས་འཛིན་དབང་གིས་འཕགས་མའི་ཞལ་མ་མཐོང་ཿ མི་དགེ་སྡིག་ལྟུང་དམ་ཚིག་ཉམས་འགལ་རལཿ ལྷག་པའི་ལྷ་མཆོག་ཁྱོད་ཀྱི་དྲུང་དུ་བཤགསཿ རྩེ་གཅིག་བསྙེན་ཅིང་བསྒྲུབ་པར་དམ་བཅའོཿ བཛྲ་ས་མ་ཡ་ཨཱཿ «དངོས་གཞི་བཟླས་པའི་རིམ་པ་ནིཿ »ཡེ་ཤེས་སེམས་དཔའི་ཐུགས་ཀ་རུཿ པད་སྟེང་འཁོར་ལོ་རྩིབས་བརྒྱད་དབུསཿ རིག་པ་ཏཱཾ་ཡིག་ལྗང་གསལ་ལཿ རྩ་བའི་སྔགས་ཕྲེང་གཡས་སུ་བཀོདཿ རང་སྒྲ་དང་བཅས་འཁོར་བ་ཡིསཿ སྲིད་གསུམ་རྣམ་དག་ཞིང་དུ་གྱུརཿ ཀ་དག་རང་གྲོལ་ལྷུག་པའི་ངང་ཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱཿ «བསྙེན་པ་འབུ་བཅུ་ཚད་དུ་ལོངསཿ དངོས་ཉམས་རྨི་ལམ་འཕགས་མའི་ཞལཿ མཐོང་ཞིང་དབང་བསྐུར་བྱིན་གྱིས་བརླབཿ» ཨོཾ་ཏཱ་རེ་བྷྲཱུྃ་སྭཱ་ཧཱཿ «འཕགས་མར་ཐུགས་ཡིད་དབྱེར་མེད་བསྲེཿ ཉེ་བའི་བསྙེན་པ་འདི་ལ་འབདཿ སྒྲུབ་དང་ལས་སྦྱོར་རིམ་པ་ནིཿ» འཕགས་མའི་ཐུགས་ཀའི་འོད་ཟེར་གྱིསཿ ཞིང་ཁམས་རབ་འབྱམས་མཆོད་པས་མཉེསཿ འགྲོ་དྲུག་སེམས་ཅན་ལས་ཉོན་སྦྱངསཿ བྱིན་རླབས་མཁྱེན་བརྩེ་ནུས་མཐུ་དང་ཿ ཚེ་བསོད་བཀྲག་མདངས་ཤེས་རབ་བཅུདཿ བསྡུས་ཤིང་སྲོག་ཡིག་སྔགས་ཕྲེང་ལཿ ཐིམ་པས་བཀྲག་མདངས་ནུས་སྟོབས་རྒྱསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགསཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་ཡུར་ཛྙཱ་ན་པུཎྱེ་ཀུ་རུ་བྷྲཱུྃཿ «བསྙེན་སྒྲུབ་དུས་སུ་འབུམ་ཕྲག་བཟླཿ སྐབས་སུ་གང་བབས་རིག་པས་འཕྲུལཿ རྩ་བའི་སྒྲུབ་པ་རྟགས་མཐོང་ནསཿ ལས་ཚོགས་ཡིག་ཆུང་དག་ལས་ཤེསཿ ཐུན་མཐར་སྙིང་རྗེ་ཆེན་པོ་བསྒོམཿ »ཤཱིནྟཾ་པུཥྟིཾ་ཝ་ཤཾ་མཱ་ར་ཡ་ཕཊཿ ཡི་དམ་འཕགས་མའི་ལྷ་ཚོགས་འགྲུབ་པར་གྱུར་ཅིགཿ «དབྱངས་གསལ་འདོད་གསོལ་རྟེན་འབྲེལ་སྙིང་པོ་བརྗོདཿ སྟོང་ཚིག་མཆོད་བསྟོད་བཤགས་ཤིང་དངོས་གྲུབ་བླངསཿ »ཨོཾ་ཨ་ཨཱཿ ཨི་ཨཱིཿ སོགས། ཧ་ཀྵཿ ཧཱོཿ ཡི་དམ་འཕགས་མའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེཿ སྐྱོབས་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལསཿ བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངས་ལཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནསཿ མཆོག་གི་དངོས་གྲུབ་ཡི་དམ་འཕགས་མའི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིང་ཿ ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དང་ཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིས་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་རླབས་པར་མཛད་དུ་གསོལཿ ཨོཾ་ཡེ་དྷརྨ་«སོགས་ »ཡེ་སྭཱ་ཧཱཿ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལཿ ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ «རྩ་སྔགས་ཤམ་དུཿ» ཀཱ་ཡ་ཝཱཀྐ་ཙིཏྟ་གུརྞ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿ« ཕྱག་འཚལ་ཉེར་གཅིག་སྔགས་བསྟོད་གང་རུང་བྱཿ» ལྷག་པའི་ལྷ་མཆོག་འཕགས་མ་ཡིད་བཞིན་དབང་ཿ ཚེ་རབས་ཀུན་ཏུ་བདག་ཉིད་རྗེས་བཟུང་ཞིང་ཿ སྐྱེ་འདིར་ལོག་པའི་ལམ་དུ་མི་གཏོང་བརཿ ཁྲེགས་ཆོད་ཐོད་རྒལ་ས་ལམ་ཡོན་ཏན་རྫོགསཿ སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོགཿ བདག་ཉིད་མཐོང་ཐོས་དྲན་རེག་བཟང་ངན་གྱིཿ ལས་ཀྱི་འབྲེལ་བས་བསྡུས་པའི་སེམས་ཅན་ཀུནཿ རི་བོ་ཏ་ལར་མངོན་པར་སངས་རྒྱས་ནསཿ བྱང་ཆུབ་སེམས་ཀྱིས་འགྲོ་དོན་བྱེད་པར་ཤོགཿ བརྡེག་བཙོག་ལོག་ལྟ་ངན་སྨྲས་གནོད་སེམས་ལྡནཿ སྲོག་གཅོད་ནོར་འཕྲོག་ཚེ་ཆོས་བར་གཅོད་པའིཿ དམ་ཉམས་དགྲ་གདོན་རིགས་སུ་གྱུར་རྣམས་ཀྱང་ཿ མཐར་ཐུག་བདག་གི་གདུལ་བྱར་གྱུར་ནས་སུ༔ བྱམས་གཅིག་འཕགས་མའི་གོ་འཕང་ཐོབ་པར་ཤོག༔ རྩ་གསུམ་རྒྱལ་བ་སྲས་བཅས་སླཽབ་མར་བཅསཿ ཡི་དམ་ལྷ་མཆོག་ཏཱ་རེ་ཉེར་གཅིག་མཐུསཿ བདག་གི་སྨོན་པ་ཡིད་བཞིན་འགྲུབ་གྱུར་ནསཿ མཁའ་ཁྱབ་འཁོར་བ་དོང་ནས་སྤྲུགས་པར་ཤོགཿ «ཞིང་ཁམས་སྦྱོང་ཕྱིར་བསྡུ་རིམ་སྤྲོས་པ་བྲལཿ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་བལྟཿ ཨེ་མ་དྲི་མ་མེད་པའི་ཐུགས་ཀྱི་བཅུདཿ འགྲོ་བའི་དོན་དུ་བདག་ལ་གནང་ཿ སུ་ཁ་སིདྡྷིའི་ཉམས་ལེན་གནདཿ ད་ལྟ་ལྷ་ལྕམ་ཁྱོད་ལ་གཏདཿ མ་འོངས་ལྔ་བརྒྱའི་ཐ་མ་ལཿ བྱང་ཕྱོགས་ཁ་ཅན་གྱི་རིརཿ ལས་ཅན་བུ་དང་འཕྲད་པར་ཤོགཿ བྱིན་རླབས་དབྱར་སྐྱེས་ཆབ་དང་མཚུངསཿ དངོས་གྲུབ་དུས་མཐའི་མེ་ཆེན་འདྲཿ ཐུགས་རྗེ་ནམ་མཁའི་གློག་ལས་མྱུརཿ འདི་ཡི་ཡོན་ཏན་བརྗོད་མི་ལངསཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ བཀའ་འདི་དབང་ཕྱུག་ཁྱོད་ལ་གཏདཿ དམ་ཉམས་ལག་ཏུ་ཤོར་ཅིགཿ ཁས་བླངས་བཞིན་དུ་འབྲལ་མེད་འགྲོགསཿ འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཁ་ཐཾཿ ཁྲག་འཐུང་ལས་ཀྱི་དཔའ་བོར་གཉེར་འཛིན་ཌཱཀྐི་མ་ཆེན་མོས་བརྡ་བཀྲོལ་བལྟར་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་བྱིན་རླབས་ཤིན་ཏུ་ཆེ་བའི་སྡེ་ཚན་ནོ།། | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 08:46, 2 June 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | mdo mkhyen brtse bka' 'bum Volume 5, Text 27, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Citation | ||
Genre |