DKR-KABUM-17-TSA-019: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-17-TSA-019
No edit summary
No edit summary
Line 1: Line 1:
{{Khyentse Metadata
{{WyliePageHeader}}
|classification=Tibetan Publications
 
|subclass=Tibetan Texts
<div class="wylie-content"
|collectiontitle=dil mgo mkhyen brtse bka' 'bum
 
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|language=Tibetan
|pagestatus=Temporary stub only
|volumenumber=TSA
|textnuminvol=019
|pdflink=File:DKR-KABUM-17-TSA-019.pdf
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅། །རྩ་གསུམ་གཏོར་བསྔོ་ཉུང་བསྡུས་ཕྲིན་ལས་ནོར་བུའི་རོལ་མཚོ་བཞུགས།།
 
༄༅།  །བྱིན་རླབས་མ་ལུས་འབྱུང་བའི་གཏེར། །བླ་མ་རྩ་གསུམ་ཀུན་འདུས་ལ། །གུས་བཏུད་དྲིལ་སྒྲུབ་སྙིང་ནོར་ལས། །བྱུང་བའི་གཏོར་བསྔོ་ཅུང་ཟད་དབྱེ། །གཏེར་ཆེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ལས་བྱང་དང་མ་འབྲེལ་བར་གཏོར་བསྔོ་སྒེར་དུ་ཅུང་ཟད་རྒྱས་པར་བྱ་བར་འདོད་པས། ཆོས་སྐྱོང་སྤྱིའི་གཏོར་མ་དམར་གཏོར་སྤུངས་རོང་ལ་འཁོར་རང་འདྲ་བཅུ་གསུམ་དང༌། གཡས་སུ་ནོར་ལྷ་སྤྱི་དང༌། གཡོན་དུ་གཞི་བདག་ལ་དཀར་གཏོར། དེ་དག་གི་བར་མཚམས་རྣམས་སུ་ཐེབས་ཀྱུ་གྲངས་མང་བརྩེགས། གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་རྣམས་བཤམས་ལ་རང་གང་མོས་པའི་ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། གཏོར་མ་བདུད་རྩིས་བྲན། རྃ་ཡྃ་ཁྃ་གིས་བསང་སྦྱངས། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༌། །བྷནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །བཀོལ་ཞིང་འོད་ཞུ་ཟག་མེད་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ་ཧོ་ལན་གསུམ་གྱིས་བརླབས། ཧཱུྃ་ཧྲཱིཿ རབ་འབྱམས་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །གནོད་སྦྱིན་ནོར་ལྷ་གཏེར་དང་གཞི་ཡི་བདག །ཐམས་ཅད་ཐུགས་རྗེའི་དབང་གིས་འདིར་གཤེགས་ཤིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་སརྦ་དྷརྨ་པཱ་ལ་བཱ་སུ་དེ་ཝ་ནི་དྷཱི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཧཱུྃ་ཧྲཱིཿ སྣོད་བཅུད་རྣམ་དག་རྡོ་རྗེའི་འོག་མིན་ཆེར། །དབྱིངས་ནས་སྤྱན་དྲངས་ཡེ་ཤེས་སེམས་དཔའི་ཚོགས། །དམ་ཡེ་དབྱེར་མེད་བརྟན་པར་རབ་བཞུགས་ནས། །བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཛཿཧཱུྃ་བྃ་ཧོ་ས་མ་ཡ་ཏིཥྛནྟུ། ཞེས་བཞུགས་སུ་གསོལ། བྱིན་རླབས་མཁའ་ལ་དངོས་གྲུབ་སྤྲིན་ལྟར་འཁྲིགས། །ཕྲིན་ལས་ཆར་འབེབས་བླ་མ་ཡི་དམ་དང༌། །མཁའ་འགྲོ་དམ་ཅན་ནོར་ལྷ་འཇིག་རྟེན་སྐྱོང༌། །གཉིས་མེད་མཉམ་པའི་ངང་ནས་ཕྱག་བགྱིའོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། ཞེས་ཕྱག་འཚལ་ཞིང་ལན་གནང་བར་བསམ་ལ་མཆོད་པ་འབུལ་བ་ནི། ཧཱུྃ། དངོས་སུ་འབྱོར་དང་ཏིང་འཛིན་ལས་བྱུང་བའི། །ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར་ཚོགས་སོགས། །ནམ་མཁའ་རབ་འབྱམས་གང་བའི་མཆོད་པའི་སྤྲིན། །འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་ཤྲཱི་དྷརྨ་པཱ་ལ་བཱ་སུ་དེ་ཝ་ནི་དྷཱི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཐུན་མོང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་ཁྱད་པར་སྨན་རཀ་གིས་སྤྱིར་མཆོད། བྱེ་བྲག་ཏུ་གཏོར་མ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་སྦུ་གུའི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར་པར་བསམ་ལ་རྡོ་རྗེའི་ཐལ་མོ་ཁ་གྱེན་དུ་ཕྱེ་ཞིང་སེ་གོལ་གཏོགས་པ་དང་བཅས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་བཱ་སུ་དེ་ཝ་ནི་དྷཱི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རྩ་གསུམ་སྤྱི་དང༌། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ་ས་པ་རི་ཝཱ་ར་སོགས་གཏོར་སྔགས་སྦྱར་བ་འགྲེ། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། རྣམས་ཀྱི་བླ་མ་སྐུ་གསུམ། ཨོཾ་ཨཱཿཧཱུྃ་ཨརྩིཀ་ནིརྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ྄། ཨ་ཧཱུྃ་ཧཱུྃ་ཕཊ྄། ཅེས་གུ་རུ་དྲག་པོ། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་ལྷུན་གྲུབ་ཞི་བ་རྡོར་དབྱིངས་སྤྱི་དྲིལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཧ་ཧེ་ཕཊ྄་བྷྱོཿ ཞེས་ཁྲོ་བོ་ཀུན་འདུས། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དེ་ཝ་ཌཱ་ཀི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བླ་མ་དགོངས་འདུས། ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་མདོ་ཚོགས་ཆེན་འདུས་པ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཡ་མཱནྟ་ཀ་པདྨཱནྟ་ཀྲྀ་ཏ་བཛྲ་ཧེ་རུ་ཀ་ཀཱི་ལ་ཡ་མ་མ་ཀྲོ་དྷཱི་མ་ཧཱ་གུ་རུ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ ཅེས་བཀའ་བརྒྱད་སྤྱི་འདུས་དང༌། འདི་སྒོས་བཀའ་བྱེ་བྲག་པ་གང་མོས་སྦྱར་འདོད་ནའང་རུང་ལ། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ྄། ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ། འདིར་དྲིལ་སྒྲུབ་རང་གཞུང་གི་ཡི་དམ་ཡོངས་འདུས། རྟ་མགྲིན་དང་དཔའ་བོ་རིགས་བཞི། ཨོཾ་བྃ་བཛྲ་བྷཱ་ར་ཧེ་ཀྲོ་དྷཱི་ཀཱ་ལི་ཧཱུྃ་ཕཊ྄། ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཞེས་ཁྲོས་ནག་འཁོར་བཅས་དང༌། ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛྙཱ་ན་ལོ་ཀ་ཌཱ་ཀི་ནི་ས་པ་རི་ཝཱ་ར་སོགས་ཀྱིས་མཁའ་འགྲོ་ཀུན་འདུས། ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མཚོ་རྒྱལ་སྒྲོལ་མ་གཉིས་མེད། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ྄ཿ ཅེས་སེང་གདོང༌། ཨོཾ་མ་རི་ཙྱཻ་མཾ་སྭཱ་ཧཱ༔ འོད་ཟེར་ཅན་མ། ཨོཾ་པདྨ་ཌཱ་ཀི་ནི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱཿ རིགས་བྱེད་མ་དང༌། ཨོཾ་སི་ཏཱ་ཏ་པ་ཏྲེ་མཎྜལ་བྷྱཿས་པ་རི་ཝཱ་ར་སོགས་གདུགས་དཀར་གྱིས་མཚོན་རྩ་གསུམ་སྤྱི་བྱེ་བྲག་དང༌། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ྄ཿ ལེགས་ལྡན། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ྄༔ ཨོཾ་ཡཀྵ་བེ་ཏཱ་ལི་ཧཱུྃ༔ ཞེས་སྲས་མཆོག་མ་མགོན་ཞལ་སྦྱོར། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲི་ད་ཧཱུྃ་ཕཊ྄༔ ཕྱག་བཞི་པ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ྄། གུར་མགོན། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ྄༔ ཕྱག་དྲུག་པ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རྃ་སིདྡྷི་ཧཱུྃ་ཕཊ྄༔ མ་ནིང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཡཾ་ཛཿཛཿདགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ྄། སྟག་ཞོན། ཨོཾ་མ་ཧཱ་ཀཱ་ལ་རཀྵ་དུ་བིང་ནྲྀ་ཛཿ བིང་དམར། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་སིདྡྷི་ཏྲི་ཡཾ་ཛཿཛཿ ཏྲག་ཤད། ཨོཾ་མ་ཧཱ་ཀཱ་ལ་བི་ཀ་ལ་ཏྲི་ཡཾ་ཛཿཧཱུྃ་ཧཱུྃ་ཕཊ྄༔ ཞལ་བཞི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་ཡོ་གཱི་ཤྭ་རི་ས་མ་ཡ་ཧཱུྃ་ཛཿཛཿ བྱང་གཏེར་བསྟན་སྲུང་ཡོངས་རྫོགས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་ཀཱ་མ་ལ་ཤྲཱི་ནག་མོ་ཏི་ལ་བྷྱོ༔ མགོན་པོ་ཚོགས་བདག །ཨོཾ་མ་ཧཱ་དེ་ཝ་ཛཿ ཨུ་མ་དེ་ཝི་ཧྲཱིཾཿ ཧ་རི་ནི་ས་ཝཱ་ཤཾ་ཀུ་རུ་ཧཱུྃ༔ ལྷ་ཆེན། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧཱ་གྷ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀ་རམ་ཀ་ར་ཡེ་སྭཱ་ཧཱ། ཕུར་སྲུང་ཤྭ་ན་ཆེན་པོ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ྄ཿ མཆོག་གླིང་ཆོས་སྐྱོང་དགོངས་འདུས། ཨོཾ་མ་ཧཱ་ཀཱ་ལ་དེ་ཝི་ཤྲཱི་ནཱ་ཐ་ར་ཀེ་ཀ་ཀ་ཏ་རི་ས་པ་རི་སོགས་དཔལ་མགོན་བདུན་ཅུ། ཨོཾ་རོ་རུ་ཨེ་ཀ་ཙ་ཏི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ སྔགས་སྲུང༌། ཨོཾ་ཨེ་ཀ་ཛ་ཏི་མ་ཧཱ་ཀཱ་ལ་རེ་མ་ཏི་ཁྱི་ཁ་ལེ་རཱ་ཧུ་ལ་ཨེ་ཧེ་མ་རུ་ཙེ་བཛྲ་སཱ་དྷུ་ས་པ་རི་ཝ་ར་ སྙིང་ཐིག་གི་སྡེ་བདུན་དང༌། ཨོཾ་ཏྲག་རཀྴ་མ་ཧི་དུན་བྷྱོ་མ་ཧཱ་ཡཀྴ་ཏཱིཀྵ་ཀ་ལི་དུན་བྷྱོ༔ རེ་མ་ཏི། ཏདྱ་ཐཱ། རུ་རུ་བི་ཏིཥྛ་མ་དྷོ་མ་མོ་རཀྨོ་ཙིཏྟ་ཁ་རཀྨོ་བྷྱོ་བྷྱོ་སྭཱ་ཧཱ། གཤོག་རྒོད་མ། ཨོཾ་ཡ་མ་རཱ་ཙ་སྭཱ་ཧཱ༔ ཨ་ཕྱི། ཨོཾ་བཛྲ་པྲ་མོ་ཧ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ། གཡུ་སྒྲོན་མ། ཨོཾ་ཁྱི་ཁ་ལེ་ནག་མོ་ཧཱུྃ་ཕཊ྄། སྲོག་སྒྲུབ་མ། ཧྲཱི་ཤག་རུ་རག་རྃ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ གཟའ་བདུད། ཨེ་ཧེ་མ་རུ་ཙེ་གྷུ་ཎ་ཧྲི་ཏྲི་ཧཱུྃ་ཛཿ ཤན་པ་དམར་ནག །ཨ་ལི་ཨ་ལུ་མ་ཛཿཤཾ་ཤཾ་ལི་ཤི་དེད་ཨ་ཤྭ་དེད་མུ་རྨུགས་སུ་ཏྲ་ཨ་ལི་མ་ཛ་ཛཿ ནག་མོ་ཤ་ལ་རུབ་ཛཿ ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ། ཨ་ཤུགྨེ་མ་ཧཱུྃ་མ་བྷྱོ་ཛཿཛཿ པུ་ཏྲ་མིང་སྲིང༌། ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་ཨེ་ཀ་ཛཱ་ཊི་ཀེ་ཏ་ཌཱ་ཀི་ནི་ཙརྨ་རཀྴ་ཡཀྴ་ཙིཏྟ་བཛྲ་སཱ་དྷུ་རཀྴ་ཤནྟིང་གིང་ཀ་ར་ཛཿཛཿ སྨན་སྲུང་ཞང་བློན་སྡེ་དགུ། ཨོཾ་བཛྲ་ཤནྟིང་པདྨ་ཀུ་རུ་ཏིཾ་བྷྱོ་ཨོཾ་སརྦ་མཱ་ར་ཀྲྀཥྞ་ཀ་པཱ་ལ་མཱ་ལ་དྷཱ་ར་ཧཱུྃ་ཕཊ྄༔ ཕུར་སྲུང་དཀར་བདུད། ཨོཾ་ཡ་མ་རཱ་ཛཿས་མ་ཡ་ཧཱུྃ་ཕཊ྄༔ ལས་གཤིན། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བྷག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བྃ་ཧོཿ དམ་ཅན། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་ཧཱུྃ་ཏྲི་ཧྲིཾ་ཛཿམ་རཱ་ཛཿདུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ྄༔ ཞིང་སྐྱོང་སེང་གདོང༌། ཧཱུྃ་བཛྲ་ཕེ་ལཾ་ཡ་མ་རཱ་ཛ་ཏྲཀ་རཀྴ་སཱ་དྷུ་ས་མ་ཡ་ཛཿཛཿ རིག་འཛིན་སྲོག་སྒྲུབ་བཀའ་སྲུང་དྲག་པོ་སྡེ་བཞི། ཨོཾ་མ་མ་རཱ་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛཿ ཞིང་སྐྱོང་དུར་ཁྲོད་མ་མོ། བྷྱོ་ཤ་ཟ་ཌཱ་ཀི་ཁ་མོ་ཆེ་མ་མ་ཧྲཱིང་ཧྲཱིང་ཛཿཛཿ ཤ་ཟ་ཁ་མོ་ཆེ། ཨོཾ་མ་མ་དུ་ཏྲི་རཀྴ་སི་བཛྲ་ཡཀྴ་སི་ཨ་མྲྀ་ཏ་དེ་ཝི་སིདྡྷི་ཧཱུྃ༔ བརྟན་མ། ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། རྣམ་སྲས་སེར་ཆེན། ཨོཾ་མ་ཧཱ་རཱ་ཛ་ཡཀྴ་ས་མ་ཡ་བཻ་ཤྲ་མ་ཎ་ཡེ་སརྦ་ཙིཏྟ་རཏྣ་ཧྲཱིཾ་ཧྲཱིཾ་ཛཿཛཿ མདུང་དམར་ཅན། ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ་ཏྲཀ་རཀྴ་བྷྱོཿ རྟ་སྔོན་ཅན། ཨོཾ་བཛྲ་རཏྣ་ཙིཏྟ་རཱ་ག་རཱ་གེ་ཧཱུྃ་ཕཊ྄་སྭཱ་ཧཱ༔ ཞང་བློན། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་བཱ་སུ་དྷཱ་རི་ཎི་སྭཱ་ཧཱ༔ བྱང་གཏེར་ནོར་ལྷ་ཡོངས་རྫོགས། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛཾ་བྷ་ལ་ཧྲྀ་དཱ་ཡ་ཧཱུྃ་ཕཊ྄༔ ཧ་རི་ནི་ས་ཨཱ་ཡུ་པུཎྱེ་དྷ་ནཾ་མེ་དྷི་བཱ་སུ་སརྦ་སིདྡྷི་ཧཱུྃ༔ ཛཾ་དཀར། ཨོཾ་རཏྣ་ཛཾ་བྷ་ལ་ཏྲཱྃ་སྭཱ་ཧཱ༔ ཛཾ་སེར། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ཛཾ་དམར། ཨོཾ་ཀརྨ་ཛཾ་བྷ་ལ་ཨཱ་སྭཱ་ཧཱ༔ ཛཾ་ལྗང༌། ཨོཾ་ཡཀྵ་ཀཱ་ལ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ ཛཾ་ནག །ཨོཾ་བྃ་བཱ་སུ་དྷཱ་རི་ནི་སྭཱ་ཧཱ༔ ནོར་རྒྱུན་མ། ཨོཾ་བཛྲ་ཨ་པ་ར་ཛི་ཏ་ཧྲཱིང་ཧྲཱིང་ཛཿཛཿསིདྡྷི་ཕ་ལ་ཧཱུྃ༔ གནོད་སྦྱིན་ཨ་པ་ར་ཙིཏྟ། ཨོཾ་གྃ་ག་ན་པ་ཏི་སྭཱ་ཧཱ༔ ལྷ་ཆེན་ཚོགས་བདག །ཨོཾ་ཨརྻ་རེ་མཱནྟ་སྭཱ་ཧཱ༔ཧྲཱིཾ་ཧྲཱིཾ་ཛཿཛཿཕེཾ་ཕེཾ། རེ་མནྟ། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་བཻ་ཧྲཱིཾ་སྭཱ་ཧཱ༔ ཟས་གོས་ཀྱི་ནོར་བདག་གནོད་སྦྱིན་དམར་པོ། ཨོཾ་ཀུ་བཻ་ར་ཡ་སྭཱ་ཧཱ༔ ཀུ་བེ་ར། ཨོཾ་ཨི་ལིང་གི་པི་ལིང་གི་ཀི་ལིང་གི་སྭཱ་ཧཱ༔ གོས་ཀྱི་ལྷ་མོ། ཨོཾ་ན་མོ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤ་ཙི་ན་ཡེ་སྭཱ་ཧཱ༔ ནོར། ཨོཾ་ཨ་ན་ལེ་ཀུནྡྷ་ལེ་གྷྲྀ་ཧྣ་པི་ན་དྷ་པི་ཤ་ཙི་ན་ཡེ་སྭཱ་ཧཱ༔ ཟས་ལྷ་སྟེ་ཀུན་འཁྱིལ་མཆེད་གསུམ། ཨོཾ་ནཱ་ག་ར་ཙ་ཨ་ཏི་སྭཱ་ཧཱ༔ ཀླུ་མི་མགོན་དཀར་པོ། ཨོཾ་ནཱ་ག་ར་ཙ་བཱ་སུ་ཀི་མཾ་སིདྡྷི་ཧཱུྃ་ཛཿ ཀླུ་ནོར་རྒྱས། ཨོཾ་སརྦ་བཱ་སུ་དེ་ཝ་པུཎྱེ་བཱ་སུ་སིདྡྷི་ཧཱུྃ༔ ནོར་ལྷ་སྤྱི། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཨཥྚ་ན་ཡ་ཨེ་ཛ་བྷྱོ༔ དྲེགས་པའི་སྡེ་དཔོན་སུམ་ཅུ། ཨོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོ༔ སྔགས་བདག་དྲེགས་པ་བཅོ་བརྒྱད། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ཀིང་ཀ་ར་ཨ་ཡ་མ་དུ་རུ་ཙ་ཤ་ན་ཛཿཛཿ ཆོས་སྐྱོང་སྡེ་བརྒྱད་སྤྱི་སྔགས། ཨོཾ་ནི་དྷཱི་པ་ཏི་བྷཱུ་མི་པ་ཏི་ལོ་ཀ་པཱ་ལ་ཛཿ གཏེར་གཞི་འཇིག་རྟེན་སྐྱོང་བ་སྤྱི། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ། ཐང་ལྷ། ཨོཾ་རཱ་ཛ་སིདྡྷི་ས་མ་ཡ་ཛཿ རྒྱལ་ཆེན་སྐུ་ལྔ་དང༌། ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ་ཤུ་ལ་གྲཱྀ་ཝ་ཏྲི་ཤུ་ལ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཙིའུ་དམར་པོ། ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་སྭཱ་ཧཱ༔ སྤོམ་ར། ཨོཾ་བཛྲ་དྷཱ་ཀི་ནི་ཨཱ་ཡུ་ཥེ་ཤྭ་རི་ས་མ་ཡ་ཛཿཨཱ་ཡུ་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནི་མཱཾ་ལཱཾ་ཨཱཾ་ཏཱཾ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ བཀྲ་ཤིས་ཚེ་རིང་མཆེད་ལྔ་བཅས་སོ་སོར་ལན་གསུམ་མམ་བདུན་གྱིས་ཕུལ། བསྡུ་ན་རྩ་གསུམ་སྤྱི་དྲིལ་དང༌། བསྟོད་པའི་སྐབས་དངོས་བསྟན་དུ་འབྱུང་བ་རྣམས་ཀྱི་ཆོས་སྐྱོང་གི་གཏོར་སྔགས་ཙམ་སྦྱར་ཡང་རུང་ལ་གང་ལྟར་ཡང་འཇུག་ཏུ། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བདུད་དཔུང་སྒྲོལ་བའི་དཔའ་བོ་བསྟན་པའི་བཀའ་སྲུང་ཆེན་པོ། བདེ་ཆེན་ཐབས་ཀྱི་དཔའ་བོ། ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ་ལ་སོགས་པ་མགོན་པོ་ཕོ་རྒྱུད། ཤེས་རབ་དབྱིངས་ཀྱི་རྒྱལ་མོ་སྔགས་སྲུང་རྡོ་རྗེ་རལ་གཅིག་མ་ལ་སོགས་པ་སྲིད་པ་མོ་རྒྱུད། དཔལ་མགོན་མ་ནིང་ནག་པོ་ལ་སོགས་པ་སྣང་སྲིད་དྲེགས་པ་སྡེ་བརྒྱད། རྒྱལ་ཆེན་རྣམ་མང་ཐོས་སྲས་ལ་སོགས་པ་གནོད་སྦྱིན་ནོར་ལྷ་གཏེར་བདག །བཀྲ་ཤིས་ཚེ་རིང་མཆེད་ལྔ་སོགས་དཀར་ཕྱོགས་གཏེར་གཞི་འཇིག་རྟེན་སྐྱོང་བ་འཁོར་གཡོག་སྡེ་དཔོན་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། སོགས་ཀྱི་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ་ཧྲཱིཿ བྱིན་རླབས་སྤྲིན་ཕུང་རིག་འཛིན་བླ་མ་དང༌། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །ཕྲིན་ལས་རྨད་བྱུང་དཔའ་བོ་མཁའ་འགྲོ་ལ། གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། ཧཱུྃ། བདེ་ཆེན་ཐབས་མཆོག་དཔའ་བོ་ལེགས་ལྡན་ནག །ཕྱག་བཞི་ཕྱག་དྲུག་ཞལ་བཞི་དབང་ཕྱུག་ཆེ། །དཔལ་མགོན་སྡེ་ལྔ་ཁྱབ་འཇུག་ཆེན་པོ་སོགས། །མགོན་པོ་ཕོ་རྒྱུད་གཙོ་ལ་ཕྱག་འཚལ་བསྟོད། །ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་རལ་གཅིག་མ། །རང་བྱུང་རྒྱལ་མོ་དུར་ཁྲོད་མ་མོ་དང༌། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་བརྟན་མ་སོགས། །སྣང་སྲིད་མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །གཉིས་མེད་ཡེ་ཤེས་མ་ནིང་སྟོབས་པོ་ཆེ། །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང༌། །གནོད་སྦྱིན་ནོར་ལྷ་གཏེར་དང་གཞི་ཡི་བདག །དཀར་ཕྱོགས་སྐྱོང་བ་ཀུན་ལ་ཕྱག་འཚལ་བསྟོད། །སོ་སོའི་ཐུགས་དང་མཐུན་པའི་གཏོར་མ་དང༌། །མཁོ་རྒུའི་འདོད་ཡོན་རྒྱ་མཚོ་འདི་བཞེས་ལ། །རྩ་བརྒྱུད་བླ་མས་བཀའ་བསྒོས་དམ་བཞག་ལྟར། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ལ། །ཞི་བའི་མཆོག་སྩོལ་རྒྱས་པའི་གཟི་མདངས་བསྐྱེད། །དབང་གིས་ཟིལ་ནོན་དྲག་པོས་དགྲ་བགེགས་ཐུལ། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་བདེ་སྐྱིད་འཕེལ་བའི་ཕྲིན་ལས་མཛོད། །སྐབས་འདིར་གསོལ་བསྐང་བྱེ་བྲག་གང་འདོད་སྦྱར་ཡང་རུང་ཞིང་བསྡུ་ན་གསེར་སྐྱེམས་བསྐང་བཤགས་སོགས་མ་སྦྱར་ཀྱང་འགལ་བ་མེད་ཅིང༌། ཞར་བྱུང་གསེར་སྐྱེམས་འབུལ་བར་འདོད་ན། རིན་པོ་ཆེའི་འབྲུ་བཅུད་ཀྱི་ཕུད་གཙང་མ་བླུགས། རྃ་ཡྃ་ཁྃ་གིས་བསང་སྦྱངས། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབས་ལ། དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི། །རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་དང༌། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་པ་གསུམ། །གསོལ་ལོ་མཆོད་དོ་བྱིན་རླབས་ཆར་ཆེན་ཕོབ། །འོད་གསལ་དབྱིངས་ལས་ཟུང་འཇུག་ཡེ་ཤེས་སྐུ། །རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུ་རྣམས་ཀྱི། །རབ་འབྱམས་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས། །གསོལ་ལོ་མཆོད་དོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་བཟུང་བའི། །དཔའ་བོ་མཁའ་འགྲོ་རྒྱུད་གསུམ་དྲེགས་པའི་སྡེ། །གནོད་སྦྱིན་ནོར་ལྷ་གཏེར་དང་གཞི་ཡི་བདག །གསོལ་ལོ་མཆོད་དོ་ཕྲིན་ལས་རྣམ་བཞི་སྒྲུབས། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དཀོན་མཆོག་སྲི་ཞུ་ཡོན་ཏན་མགྲོན་རྣམས་ཀུན། །ཟག་མེད་བདེ་ཆེན་མཆོག་གིས་རབ་མཉེས་ནས། །དངོས་གྲུབ་གཡང་དུ་འཁྱིལ་བའི་བཀྲ་ཤིས་སྩོལ། །ཞེས་མཆོད་ཅིང་ཕྲིན་ལས་གསོལ། སྐོང་བ་ནི། སྐོང་རྫས་རྣམས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། སྐོང་རྫས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པའི་རང་བཞིན་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམ། བཛྲ་སྥ་ར་ཎ་ཁཾ་གིས་རྒྱས་པར་སྤེལ། ཧཱུྃ་ཧྲཱིཿ འོད་གསལ་སྟོང་ཉིད་དབྱིངས་ལས་སྒྱུ་མའི་འཕྲུལ། །སྣོད་བཅུད་རྣམ་དག་པདྨོ་བརྩེགས་པའི་གཞིར། །དགོས་འབྱུང་ནོར་བུའི་གཞལ་མེད་ཁང་ཆེན་པོ། །ཡངས་ཤིང་རྒྱ་ཆེ་བཀོད་པ་ཕུན་ཚོགས་དབུས། །རི་རབ་གླིང་བཞི་ལྷ་མིའི་འབྱོར་བའི་ཕུལ། །ཕྱི་ནང་ཉེར་སྤྱོད་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །བཅུ་དྲུག་རིག་མས་བདེ་བའི་གླུ་གར་བསྒྱུར། །སྨན་རཀ་མཚོར་བསྐྱིལ་གཏོར་མ་ལྷུན་པོར་སྤུངས། །སོ་སོའི་བཞེད་རྒུར་འཆར་བའི་ལོངས་སྤྱོད་མཆོག །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པ། །མི་ཟད་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་འདིས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༌། །བྱིན་རླབས་དབང་བསྐུར་རྡོ་རྗེའི་ཡེ་ཤེས་སྐྱེད། །ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༌། །རྣལ་འབྱོར་གྲོགས་མཛོད་ལས་བཞིའི་ཕྲིན་ལས་སྤེལ། །རྡོ་རྗེའི་ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང༌། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབ། །གནོད་སྦྱིན་ནོར་ལྷ་གཏེར་བདག་ཐུགས་དམ་བསྐང༌། །ཚེ་བསོད་དཔལ་འབྱོར་སྙན་པའི་གྲགས་པ་སྤེལ། །མདོར་ན་སྣང་སྲིད་དག་པ་རབ་འབྱམས་ཞིང༌། །སྐུ་དང་ཡེ་ཤེས་རྨད་བྱུང་རྡོ་རྗེའི་སྤྲིན། །འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོ་ཆེས། །ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་ཐུགས་དམ་བསྐང་ཞིང་ཕྲིན་ལས་གསོལ། ཆོས་སྲུང་གི་བསྐང་བ་དམིགས་བསལ་བགྱིད་པར་སྤྲོ་ན། ཧཱུྃ། རྔམས་བརྗིད་དུར་ཁྲོད་འབར་བའི་གཞལ་ཡས་དབུས། །དགྲ་བགེགས་བསྒྲལ་བའི་དྲག་པོའི་ཉེར་སྤྱོད་དང༌། །མཆོད་རྫས་རྟེན་རྫས་བསྐང་རྫས་སྒྲུབ་པའི་རྫས། །འདོད་དགུའི་འབྱོར་བ་ཟད་མི་ཤེས་པ་འདིས། །ལེགས་ལྡན་ཕྱག་བཞི་ཕྱག་དྲུག་ཞལ་བཞི་པ། དཔལ་མགོན་སྡེ་ལྔ་དྲག་པོ་ཁྱབ་འཇུག་སོགས། །ཕོ་རྒྱུད་མགོན་པོའི་ཚོགས་ཀྱི་ཐུགས་དམ་བསྐང༌། །རྡོ་རྗེ་སྲིན་པོའི་མཐུ་ཡིས་བདུད་དཔུང་ཐུལ། །ཨེ་ཀ་ཛ་ཊཱི་རང་བྱུང་དཔལ་འབར་མ། །དུར་ཁྲོད་ལྷ་མོ་ཚེ་རིང་མཆེད་ལྔ་སོགས། །སྣང་སྲིད་མ་མོ་བྱེ་བའི་ཐུགས་དམ་བསྐང༌། །ཐུགས་རྗེ་ཆགས་པའི་ཤུགས་ཀྱིས་དགྲ་བགེགས་སྒྲོལ། །དཔལ་མགོན་མ་ནིང་སྡེ་དཔོན་སུམ་ཅུ་དང༌། །དྲེགས་ཆེན་བཅོ་བརྒྱད་སྣང་སྲིད་འབྱུང་པོའི་ཚོགས། །དཀར་ཕྱོགས་སྐྱོང་བ་ཡོངས་ཀྱི་ཐུགས་དམ་བསྐང༌། །སངས་རྒྱས་བསྟན་སྲུང་བསྟན་དགྲ་ཆམ་ལ་ཕོབ། །རྣམ་སྲས་ཛཾ་ལ་ཡབ་ཡུམ་ཚོགས་ཀྱི་བདག །རྡོ་རྗེ་བདུད་འདུལ་གནོད་སྦྱིན་འབུམ་ཕྲག་དང༌། །རིན་ཆེན་གཏེར་འཆང་རྒྱ་མཚོའི་ཐུགས་དམ་བསྐང༌། །ཚེ་སྲིངས་དཔལ་སྐྱེད་འདོད་རྒུའི་འབྱོར་བ་སྤེལ། །མདོར་ན་བརྒྱུད་གསུམ་རིག་འཛིན་བླ་མ་ཡི། །སྤྱན་སྔར་ཁས་བླངས་ཆོས་སྲུང་ནོར་ལྷའི་ཚོགས། །ཐུགས་དམ་དགྱེས་བསྐང་རྣལ་འབྱོར་བདག་ཅག་གི །རེ་བའི་འབྲས་བུ་དུས་འདིར་མཆིས་པར་མཛོད། །ལྔ་པ་ནི། ཐལ་མོ་སྦྱར་ཏེ། ཧོ། ཡེ་ཤེས་སྤྱན་མངའ་དམིགས་མེད་ཐུགས་རྗེའི་གཏེར། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །གནོད་སྦྱིན་ནོར་ལྷ་གཏེར་འཆང་འཁོར་བཅས་ཀུན། །མཁྱེན་བརྩེའི་གཟིགས་པས་བདག་ལ་དགོངས་སུ་གསོལ། །བདག་ཅག་ཐོག་མེད་དུས་ནས་ད་ལྟའི་བར། །མི་ཤེས་ཉོན་མོངས་བག་མེད་མ་གུས་པས། །ལུས་ངག་ཡིད་ཀྱིས་སྡིག་པ་བགྱིས་པ་དང༌། །བགྱིད་དུ་བསྩལ་དང་རྗེས་སུ་ཡི་རང་དང༌། །ངེས་འབྱུང་སོ་སོར་ཐར་བའི་སྡོམ་པ་དང༌། །གཞན་ཕན་བྱང་ཆུབ་སེམས་དཔའི་བསླབ་པ་དང༌། །ཐབས་ཆེན་གསང་བ་སྔགས་ཀྱི་དམ་ཚིག་ལས། །ཉམས་ཤིང་འགལ་བར་གྱུར་པ་ཅི་མཆིས་ཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་བགྱིད་ན། །ཚངས་པར་མཛད་ནས་སྡིག་སྒྲིབ་ཀུན་བྱང་ཞིང༌། །རྩ་གསུམ་ཆོས་སྐྱོང་རྒྱ་མཚོ་རབ་དགྱེས་པས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ཚོགས་ཞིང་རྣམས་ཀྱི་གནས་གསུམ་ནས་བདུད་རྩི་དཀར་དམར་མཐིང་གསུམ་འོད་ཟེར་དང་བཅས་བྱུང༌། རང་གི་གནས་གསུམ་དུ་ཞུགས་ཤིང་ཐིམ། སྒོ་གསུམ་གྱི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་བྱང་ཞིང་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར་པའི་མོས་པས་ཡི་གེ་བརྒྱ་པ་ཅི་ནུས་བཟླའོ། །དེ་ནས་གཏོར་མ་འབུལ་དགོས་ན་འབུལ་གཏོར་ལ་བདུད་རྩིས་བྲན། ཨོཾ་ཨཱཿཧཱུྃཿ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ཡེ་ཤེས་བདུད་རྩིའི་རང་བཞིན་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར་པར་བསམ། ཧཱུྃ། བདེ་ཆེན་ཐབས་མཆོག་དཔའ་བོ་ཧེ་རུ་ཀ །ཤེས་རབ་དབྱིངས་ཀྱི་ཐིག་ལེ་རལ་གཅིག་མ། །ཟུང་འཇུག་དབུ་མར་ཤར་བའི་མ་ནིང་ནག །བརྒྱུད་གསུམ་དྲེགས་ཚོགས་འཁོར་བཅས་འདིར་གཤེགས་ཤིག །དགྲ་བགེགས་ཤ་རི་ཁྲག་མཚོའི་གཏོར་མ་ནི། ཡེ་ཤེས་བདུད་རྩིའི་རང་བཞིན་འདོད་ཡོན་གཏེར། །དགྱེས་རྒུར་འཆར་བའི་རྨད་བྱུང་མཆོད་པའི་སྤྲིན། །སྔར་མཛད་ལེགས་པའི་གཏང་རག་ཆེན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །སངས་རྒྱས་བསྟན་སྲུངས་བསྟན་འཛིན་སྐུ་ཚེ་སྲིངས། །དགེ་འདུན་སྡེ་སྐྱོངས་འཇིག་རྟེན་ཕན་བདེ་སྤེལ། །ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་ལ། །བྱང་ཆུབ་བར་དུ་སྲུང་སྐྱོབ་མི་གཡེལ་བར། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཆར་བཞིན་ཕོབ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པ། །གང་བཅོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་བརྗོད་ཅིང་སྤོས་དང་རོལ་མོས་མཚོན་པས་གཙང་སར་འབུལ། རྗེས་གཏང་རག་གི་མཆོད་བསྟོད་ནི། ཨོཾ་ཨཱཿཧཱུྃ། དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཡོན་ཏན་རྗེས་དྲན་རྡོ་རྗེའི་གླུ་ཡིས་བསྟོད། །ཆོ་ག་ལྷག་ཆད་འགལ་འཁྲུལ་ཉམས་ཆག་ཀུན། །སྙིང་ནས་བཤགས་སོ་བྱང་ཞིང་དག་པ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་སརྦ་དྷརྨ་པཱ་ལ་བཱ་སུ་དེ་ཝ་ནི་དྷཱི་པ་ཏི་བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་སརྦ་པཱུ་ཛ་ཧོ། ཡི་གེ་བརྒྱ་པ་མང་དུ་བརྗོད། ཡེ་ཤེས་པ་རྣམས་རྟེན་ཡོད་ན་བརྟན་བཞུགས་དང༌། འཇིག་རྟེན་པ་རྣམས། གཙྪ་གཙྪ་སྭ་བྷཱ་ཝ་ནཾ་གྱིས་རང་གནས་སུ་གཤེགས། རྟེན་མེད་ན། ཧཱུྃ། བསྐྱེད་ཅིང་སྤྱན་དྲངས་ཆོས་སྐྱོང་སྲུང་མའི་ཚོགས། །གནས་ཡུལ་ལྷན་སྐྱེས་གྲུབ་པའི་གྲོང་དུ་གཤེགས། །སྣང་ཆར་ཤར་བའི་ལྷ་སྐུའི་རོལ་པ་ཀུན། །སྐྱེ་མེད་བརྗོད་བྲལ་གཉུག་མའི་དབྱིངས་སུ་ཡལ། །ཞེས་བརྗོད། བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས་སོགས། བཀྲ་ཤིས་བརྗོད་པ་ནི། བྱིན་རླབས་ཆར་འབེབས་དངོས་གྲུབ་རྒྱ་མཚོའི་གཏེར། །ཕྲིན་ལས་ཐོགས་མེད་རྩ་གསུམ་ལྷ་ཚོགས་ཀྱིས། །འགྲོ་ཀུན་སྲིད་ཞིའི་རྒུད་པ་ཞི་བ་དང༌། །ཕན་བདེའི་དགེ་མཚན་འཕེལ་བའི་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་འབར་བས་གདུག་ཅན་སྒྲོལ། །སྣང་སྲིད་ཌཱ་ཀི་དགྱེས་པས་བདེ་ཆེན་བསྐྱེད། །རིན་ཆེན་གཏེར་འཆང་འདོད་དགུའི་མཆོག་བསྐྱེད་དེ། །ས་གསུམ་དགེ་ལེགས་ཁྱབ་པའི་བཀྲ་ཤིས་ཤོག །མཁས་གྲུབ་རིག་འཛིན་སྐྱེས་བུ་ས་སྟེང་ཁྱབ། །བཤད་སྒྲུབ་ལས་ཀྱི་འཁོར་ལོས་ལུང་རྟོགས་སྤེལ། །སྐལ་བཟང་གདུལ་བྱའི་རྣམ་གྲོལ་དགའ་སྟོན་གྱིས། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་དེ་མེ་ཏོག་གི་ཆར་དང་རོལ་མོ་བཅས་པས་དགེ་ལེགས་སུ་བྱའོ། །རྡོ་རྗེའི་གསུང་གི་ཕྲེང་བ་ལ། །མཛེས་རྒྱན་གྲུབ་པའི་ཕྱག་བཞེས་ལྟར། །སྤེལ་འདིས་ཕྲིན་ལས་ནོར་བུའི་ཆར། །ས་གསུམ་དཔྱིད་དུ་འཇོ་གྱུར་ཅིག །ཅེས་པའང་བཀའ་གཏེར་ཆོས་ཀྱི་ཤིང་རྟ་ཀུན་གཟིགས་འཇམ་དབྱངས་བླ་མ་གཙུག་ལག་ལུང་རིགས་སྨྲ་བའི་ཉི་མ་མཆོག་གི་ཞལ་སྔ་ནས་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་གཏན་པ་མེད་པའི་མཛོད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བས་སྐལ་བཟང་ངེས་གྲོལ་གྱི་དགའ་སྟོན་རྨད་དུ་བྱུང་བའི་དགེ་མཚན་དང་པོའི་ཚེ་རྡོ་རྗེའི་ཆོས་སྐྱོང་བའི་དམ་ཅན་སྲུང་མའི་དབང་པོ་འདི་དག་གི་དབང་དང་རྗེས་གནང་བཀའ་གཏད་རྣམས་ཐོབ་ནས་གསོལ་བསྐང་གི་རིམ་པ་རྒྱུན་ཆགས་སུ་བརྩོན་པ་བྱུང་ན་གལ་ཆེ་བས་རྩ་གསུམ་དྲིལ་སྒྲུབ་ཀྱི་གཏོར་བསྔོས་ལྟ་བུ་ལའང་འདི་ལྟར་སྦྱར་དུ་རུང་ཞེས་བཀའ་བསྩལ་བའི་ཚེ་ཐོག་མཐའི་མཚམས་སྦྱོར་རྣམས་རྗེ་བླ་མ་ཉིད་ལ་མཛད་པར་གསོལ་བ་བཏབ་ནས་ཁོལ་ཕྱུང་བཀླག་ཆོག་ཏུ་བཀོད་པའང་རྡོ་རྗེའི་སློབ་བུའི་ཐ་ཆུང་བཀྲ་ཤིས་དཔལ་འབྱོར་གྱིས་འོག་མིན་བླ་མའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གུས་པས་བྲིས་པ་འདིས་ཀྱང་ངེས་གསང་བླ་མེད་རྡོ་རྗེ་རྩེ་མོའི་རིང་ལུགས་ཀྱི་བཤད་སྒྲུབ་བསྟན་པའི་མངའ་ཐང་མཁའ་མཐར་ཁྱབ་པར་བརྡལ་བའི་དཔལ་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།  །དགེའོ།།  །།}}
@#/__/rtsa gsum gtor bsngo nyung bsdus phrin las nor bu'i rol mtsho bzhugs//
@#/__/byin rlabs ma lus 'byung ba'i gter/_/bla ma rtsa gsum kun 'dus la/_/gus btud dril sgrub snying nor las/_/byung ba'i gtor bsngo cung zad dbye/_/gter chen bla ma pad+ma 'od gsal mdo sngags gling pa'i yang gter rtsa gsum dril sgrub kyi las byang dang ma 'brel bar gtor bsngo sger du cung zad rgyas par bya bar 'dod pas/_chos skyong spyi'i gtor ma dmar gtor spungs rong la 'khor rang 'dra bcu gsum dang*/_g.yas su nor lha spyi dang*/_g.yon du gzhi bdag la dkar gtor/_de dag gi bar mtshams rnams su thebs kyu grangs mang brtsegs/_g.yas g.yon du sman raka_/chu gnyis nyer spyod rnams bshams la rang gang mos pa'i yi dam gyi bdag bskyed sngon du 'gro bas/_gtor ma bdud rtsis bran/_ra~M ya~M kha~M gis bsang sbyangs/_stong pa'i ngang las rlung me thod sgyed steng*/_/b+han+d+ha'i snod du sha lnga bdud rtsi lnga/_/bkol zhing 'od zhu zag med bdud rtsi'i bcud/_/'dod yon rgya mtsho'i sprin phung 'phro bar gyur/_/oM AHhU~M ho lan gsum gyis brlabs/_hU~M hrIH_rab 'byams sku gsum rgyal ba'i zhing khams nas/_/bla ma yi dam mkha' 'gro chos skyong dang*/_/gnod sbyin nor lha gter dang gzhi yi bdag_/thams cad thugs rje'i dbang gis 'dir gshegs shig_/oM AHhU~M badz+ra gu ru pad+ma d+he wa d+hA ki ni sarba d+harma pA la bA su de wa ni d+hI pa ti b+hU mi pa ti sa pa ri wA ra badz+ra sa mA dzaH_zhes pas spyan drangs/_hU~M hrIH_snod bcud rnam dag rdo rje'i 'og min cher/_/dbyings nas spyan drangs ye shes sems dpa'i tshogs/_/dam ye dbyer med brtan par rab bzhugs nas/_/byin rlabs dbang dang dngos grub bstsal du gsol/_/dzaHhU~M ba~M ho sa ma ya tiSh+Than+tu/_zhes bzhugs su gsol/_byin rlabs mkha' la dngos grub sprin ltar 'khrigs/_/phrin las char 'bebs bla ma yi dam dang*/_/mkha' 'gro dam can nor lha 'jig rten skyong*/_/gnyis med mnyam pa'i ngang nas phyag bgyi'o/_/a ti pU ho/_pra tIts+tsha ho/_zhes phyag 'tshal zhing lan gnang bar bsam la mchod pa 'bul ba ni/_hU~M/_dngos su 'byor dang ting 'dzin las byung ba'i/_/nyer spyod 'dod yon sman raka gtor tshogs sogs/_/nam mkha' rab 'byams gang ba'i mchod pa'i sprin/_/'bul lo bzhes nas mchog thun dngos grub stsol/_/oM AHhU~M badz+ra gu ru pad+ma d+he wa d+hA ki ni shrI d+harma pA la bA su de wa ni d+hI pa ti b+hU mi pa ti sa pa ri wA ra ar+g+haM nas/_shab+da pra tIts+tsha swA hA/_zhes thun mong*/_ma hA pany+tsa a mr-i ta khA hi/_ma hA rak+ta khA hi/_zhes khyad par sman raka gis spyir mchod/_bye brag tu gtor ma 'bul ba ni/_lha rnams kyi ljags sbu gu'i 'od zer gyis gtor ma'i bcud drangs te gsol bar gyur par bsam la rdo rje'i thal mo kha gyen du phye zhing se gol gtogs pa dang bcas/_oM AHhU~M badz+ra gu ru pad+ma d+he wa d+hA ki nI sarba d+harma pA la bA su de wa ni d+hI pa ti b+hU mi pa ti sa pa ri wA ra i dam ba liM ta kha kha khA hi khA hi/_zhes rtsa gsum spyi dang*/_oM a mA ra Ni dzI wan+ti ye swA hA sa pa ri wA ra sogs gtor sngags sbyar ba 'gre/_oM AHhU~M hrIHoM ma Ni pad+me hU~M hrIH_oM AHhU~M badz+ra gu ru pad+ma sid+d+hi hU~M/_rnams kyi bla ma sku gsum/_oM AHhU~M artsika nirtsika na mo b+ha ga wa te hU~M hU~M phaTa?/_a hU~M hU~M phaTa?/_ces gu ru drag po/_oM AHhU~M bo d+hi tsit+ta ma hA su kha dz+nyA na d+hA tu AH_zhes lhun grub zhi ba rdor dbyings spyi dril/_oM ru lu ru lu hU~M b+h+yo hU~M ha he phaTa? b+h+yoH_zhes khro bo kun 'dus/_oM AHhU~M hrIHbadz+ra gu ru de wa DA ki ni sarba sid+d+hi pha la hU~M AH_zhes bla ma dgongs 'dus/_oM gu h+ya dz+nyA na bo d+hi tsit+ta ma hA su kha ru lu ru lu hU~M b+h+yo hU~M:_zhes mdo tshogs chen 'dus pa/_oM badz+ra kro d+ha ma hA shrI he ru ka ya mAn+ta ka pad+mAn+ta kr-i ta badz+ra he ru ka kI la ya ma ma kro d+hI ma hA gu ru badz+ra tsaN+Da sarba duSh+Tan ta ka ha na da ha pa tsa hU~M phaTa?:_ces bka' brgyad spyi 'dus dang*/_'di sgos bka' bye brag pa gang mos sbyar 'dod na'ang rung la/_oM hrIHbadz+ra kro d+ha ha ya gr-I wa hU~M phaTa?/_ra tsa hri ya sarba sid+d+hi hU~M/_'dir dril sgrub rang gzhung gi yi dam yongs 'dus/_rta mgrin dang dpa' bo rigs bzhi/_oM ba~M badz+ra b+hA ra he kro d+hI kA li hU~M phaTa?/_ha ri ni sa sarba sid+d+hi hU~M/_zhes khros nag 'khor bcas dang*/_oM bud+d+ha badz+ra rat+na pad+ma karma dz+nyA na lo ka DA ki ni sa pa ri wA ra sogs kyis mkha' 'gro kun 'dus/_oM pad+mo yo gi ni tA re tut+tA re tu re swA hA/_mtsho rgyal sgrol ma gnyis med/_aHkaHsaHmaHraHtsaHshaHdaHraHsaHmaHraHyaHphaTa?H_ces seng gdong*/_oM ma ri ts+yai maM swA hA:_'od zer can ma/_oM pad+ma DA ki ni ku ru kul+le hrIHswA hAH_rigs byed ma dang*/_oM si tA ta pa tre maN+Dal b+h+yaHsa pa ri wA ra sogs gdugs dkar gyis mtshon rtsa gsum spyi bye brag dang*/_oM b+hu ru ku ru i tsi ki byi u tsuSh+ma kro d+ha hU~M phaTa?H_legs ldan/_oM shrI ma hA kA la hU~M hU~M phaTa?:_oM yak+Sha be tA li hU~M:_zhes sras mchog ma mgon zhal sbyor/_oM ma hA kA la e ka dzA Ti gu Na hri da hU~M phaTa?:_phyag bzhi pa/_oM ma hA kA la hU~M phaTa?/_gur mgon/_oM badz+ra ma hA kA la k+ShiM k+She tra big+h+nAn bi nA ya ka hU~M hU~M phaTa?:_phyag drug pa/_oM shrI ma hA kA la ga Na gu h+ya ra~M sid+d+hi hU~M phaTa?:_ma ning*/_oM shrI ma hA kA la tri yaM yaM dzaHdzaHdgra bo mA ra ya hU~M phaTa?/_stag zhon/_oM ma hA kA la rak+Sha du bing nr-i dzaH_bing dmar/_oM ma hA kA la trak+shad ma hA kA la sid+d+hi tri yaM dzaHdzaH_trag shad/_oM ma hA kA la bi ka la tri yaM dzaHhU~M hU~M phaTa?:_zhal bzhi/_oM shrI ma hA kA la ga Na gu ti yo gI shwa ri sa ma ya hU~M dzaHdzaH_byang gter bstan srung yongs rdzogs/_oM shrI ma hA kA la ga Na gu ti kA ma la shrI nag mo ti la b+h+yo:_mgon po tshogs bdag_/oM ma hA de wa dzaH_u ma de wi hrIMH_ha ri ni sa wA shaM ku ru hU~M:_lha chen/_oM badz+ra kI li kI la ya mo hA g+ha ta ya ma ma shrI g+h+raM ka ram ka ra ye swA hA/_phur srung shwa na chen po/_oM ma hA kA la hU~M hU~M phaTa?H_mchog gling chos skyong dgongs 'dus/_oM ma hA kA la de wi shrI nA tha ra ke ka ka ta ri sa pa ri sogs dpal mgon bdun cu/_oM ro ru e ka tsa ti snying kha rak+mo ru lu ru lu hU~M b+h+yo hU~M dzaHdzaH_sngags srung*/_oM e ka dza ti ma hA kA la re ma ti khyi kha le rA hu la e he ma ru tse badz+ra sA d+hu sa pa ri wa ra _snying thig gi sde bdun dang*/_oM trag rak+sha ma hi dun b+h+yo ma hA yak+sha tIk+Sha ka li dun b+h+yo:_re ma ti/_tad+ya thA/_ru ru bi tiSh+Tha ma d+ho ma mo rak+mo tsit+ta kha rak+mo b+h+yo b+h+yo swA hA/_gshog rgod ma/_oM ya ma rA tsa swA hA:_a phyi/_oM badz+ra pra mo ha hrIM hrIM swA hA/_g.yu sgron ma/_oM khyi kha le nag mo hU~M phaTa?/_srog sgrub ma/_hrI shag ru rag ra~M nA ge tsit+ta traM ma ma yo za 'gram ha ha ga sha la dzaHdzaH_gza' bdud/_e he ma ru tse g+hu Na hri tri hU~M dzaH_shan pa dmar nag_/a li a lu ma dzaHshaM shaM li shi ded a shwa ded mu rmugs su tra a li ma dza dzaH_nag mo sha la rub dzaH_oM ro ru ro ru tri tsa pa la/_a shug+me ma hU~M ma b+h+yo dzaHdzaH_pu tra ming sring*/_oM ma hA kA la yak+Sha e ka dzA Ti ke ta DA ki ni tsarma rak+sha yak+sha tsit+ta badz+ra sA d+hu rak+sha shan+ting ging ka ra dzaHdzaH_sman srung zhang blon sde dgu/_oM badz+ra shan+ting pad+ma ku ru tiM b+h+yo oM sarba mA ra kr-iSh+Na ka pA la mA la d+hA ra hU~M phaTa?:_phur srung dkar bdud/_oM ya ma rA dzaHsa ma ya hU~M phaTa?:_las gshin/_oM badz+ra sA d+hu sa ma ya b+hag traM she ni kra ma ni sa ma ya sA d+hu tri dzaHdzaHhU~M ba~M hoH_dam can/_oM ma hA kA la siM ha hU~M tri hriM dzaHma rA dzaHdu tri phu tri hU~M phaTa?:_zhing skyong seng gdong*/_hU~M badz+ra phe laM ya ma rA dza traka rak+sha sA d+hu sa ma ya dzaHdzaH_rig 'dzin srog sgrub bka' srung drag po sde bzhi/_oM ma ma rA li pra ma ya kA li ye dzaHdzaH_zhing skyong dur khrod ma mo/_b+h+yo sha za DA ki kha mo che ma ma hrIng hrIng dzaHdzaH_sha za kha mo che/_oM ma ma du tri rak+sha si badz+ra yak+sha si a mr-i ta de wi sid+d+hi hU~M:_brtan ma/_oM bai shra ma Na ya swA hA/_rnam sras ser chen/_oM ma hA rA dza yak+sha sa ma ya bai shra ma Na ye sarba tsit+ta rat+na hrIM hrIM dzaHdzaH_mdung dmar can/_oM bai shra ma Na ya swA hA traka rak+sha b+h+yoH_rta sngon can/_oM badz+ra rat+na tsit+ta rA ga rA ge hU~M phaTa? swA hA:_zhang blon/_oM dzaM b+ha la dza len+d+ra ya bA su d+hA ri Ni swA hA:_byang gter nor lha yongs rdzogs/_oM pad+ma kro d+ha Ar+Ya dzaM b+ha la hr-i dA ya hU~M phaTa?:_ha ri ni sa A yu puN+ye d+ha naM me d+hi bA su sarba sid+d+hi hU~M:_dzaM dkar/_oM rat+na dzaM b+ha la trA~M swA hA:_dzaM ser/_oM dzam+b+ha la dza len+d+rA ye d+ha na me d+hi hrIHswA hA:_dzaM dmar/_oM karma dzaM b+ha la A swA hA:_dzaM ljang*/_oM yak+Sha kA la dzaM b+ha la dza len+d+rA ya swA hA:_dzaM nag_/oM ba~M bA su d+hA ri ni swA hA:_nor rgyun ma/_oM badz+ra a pa ra dzi ta hrIng hrIng dzaHdzaHsid+d+hi pha la hU~M:_gnod sbyin a pa ra tsit+ta/_oM ga~M ga na pa ti swA hA:_lha chen tshogs bdag_/oM ar+Ya re mAn+ta swA hA:hrIM hrIM dzaHdzaHpheM pheM/_re man+ta/_oM ma hA rA dza yak+Sha bai hrIM swA hA:_zas gos kyi nor bdag gnod sbyin dmar po/_oM ku bai ra ya swA hA:_ku be ra/_oM i ling gi pi ling gi ki ling gi swA hA:_gos kyi lha mo/_oM na mo shu tra mu tri ma hA pi sha tsi na ye swA hA:_nor/_oM a na le kun+d+ha le g+hr-i h+na pi na d+ha pi sha tsi na ye swA hA:_zas lha ste kun 'khyil mched gsum/_oM nA ga ra tsa a ti swA hA:_klu mi mgon dkar po/_oM nA ga ra tsa bA su ki maM sid+d+hi hU~M dzaH_klu nor rgyas/_oM sarba bA su de wa puN+ye bA su sid+d+hi hU~M:_nor lha spyi/_oM badz+ra tsaN+Da sarba duSh+TaM aSh+Ta na ya e dza b+h+yo:_dregs pa'i sde dpon sum cu/_oM badz+ra sarba duSh+TaM e dza b+h+yo:_sngags bdag dregs pa bco brgyad/_oM shrI badz+ra d+harma pA la king ka ra a ya ma du ru tsa sha na dzaHdzaH_chos skyong sde brgyad spyi sngags/_oM ni d+hI pa ti b+hU mi pa ti lo ka pA la dzaH_gter gzhi 'jig rten skyong ba spyi/_oM badz+ra thang ka ra mun nyid khu sha li swA hA/_thang lha/_oM rA dza sid+d+hi sa ma ya dzaH_rgyal chen sku lnga dang*/_oM rak+sha rak+sha snying la hU~M hU~M shu la gr-I wa tri shu la hrIM hrIM dzaHdzaH_tsi'u dmar po/_oM AHbadz+ra ku li mil man swA hA:_spom ra/_oM badz+ra d+hA ki ni A yu She shwa ri sa ma ya dzaHA yu puN+ye puSh+TiM ku ru swA hA:_oM dz+nyA na d+hA ki ni mAM lAM AM tAM sarba sid+d+hi hU~M hU~M:_bkra shis tshe ring mched lnga bcas so sor lan gsum mam bdun gyis phul/_bsdu na rtsa gsum spyi dril dang*/_bstod pa'i skabs dngos bstan du 'byung ba rnams kyi chos skyong gi gtor sngags tsam sbyar yang rung la gang ltar yang 'jug tu/_dpal ma hA kA la khrag 'thung gi rgyal po/_gtsug lag khang dang dkyil 'khor gyi srung ma/_dug gsum nad kyi sman pa/_rnal 'byor yongs kyi dgra lha/_bdud dpung sgrol ba'i dpa' bo bstan pa'i bka' srung chen po/_bde chen thabs kyi dpa' bo/_legs ldan rdo rje srin po tshogs kyi bdag po la sogs pa mgon po pho rgyud/_shes rab dbyings kyi rgyal mo sngags srung rdo rje ral gcig ma la sogs pa srid pa mo rgyud/_dpal mgon ma ning nag po la sogs pa snang srid dregs pa sde brgyad/_rgyal chen rnam mang thos sras la sogs pa gnod sbyin nor lha gter bdag_/bkra shis tshe ring mched lnga sogs dkar phyogs gter gzhi 'jig rten skyong ba 'khor g.yog sde dpon dang bcas pas mchod sbyin gyi gtor ma rgya chen po 'di bzhes la sangs rgyas kyi bstan pa srungs/_sogs kyi phrin las bcol/_bstod pa ni/_hU~M hrIH_byin rlabs sprin phung rig 'dzin bla ma dang*/_/dngos grub char 'bebs yi dam zhi khro'i lha/_/phrin las rmad byung dpa' bo mkha' 'gro la/_gus pas bstod do mchog thun dngos grub stsol/_hU~M/_bde chen thabs mchog dpa' bo legs ldan nag_/phyag bzhi phyag drug zhal bzhi dbang phyug che/_/dpal mgon sde lnga khyab 'jug chen po sogs/_/mgon po pho rgyud gtso la phyag 'tshal bstod/_/shes rab dbyings kyi phyag rgya ral gcig ma/_/rang byung rgyal mo dur khrod ma mo dang*/_/tshe ring mched lnga g.yu sgron brtan ma sogs/_/snang srid ma mo'i tshogs la phyag 'tshal bstod/_/gnyis med ye shes ma ning stobs po che/_/sde dpon sum cu dregs chen bco brgyad dang*/_/gnod sbyin nor lha gter dang gzhi yi bdag_/dkar phyogs skyong ba kun la phyag 'tshal bstod/_/so so'i thugs dang mthun pa'i gtor ma dang*/_/mkho rgu'i 'dod yon rgya mtsho 'di bzhes la/_/rtsa brgyud bla mas bka' bsgos dam bzhag ltar/_/rnal 'byor bdag cag 'khor dang bcas rnams la/_/zhi ba'i mchog stsol rgyas pa'i gzi mdangs bskyed/_/dbang gis zil non drag pos dgra bgegs thul/_/bstan 'dzin zhabs brtan bshad sgrub bstan pa dar/_/'gro kun bde skyid 'phel ba'i phrin las mdzod/_/skabs 'dir gsol bskang bye brag gang 'dod sbyar yang rung zhing bsdu na gser skyems bskang bshags sogs ma sbyar kyang 'gal ba med cing*/_zhar byung gser skyems 'bul bar 'dod na/_rin po che'i 'bru bcud kyi phud gtsang ma blugs/_ra~M ya~M kha~M gis bsang sbyangs/_gser skyems zag pa med pa ye shes kyi bdud rtsi'i rgya mtsho chen por gyur/_oM AHhU~M/_lan gsum gyis brlabs la/_dgongs pa brda dang snyan nas brgyud pa yi/_/rig 'dzin rtsal 'chang rtsa brgyud bla ma dang*/_/skyabs gnas bslu med dkon mchog rnam pa gsum/_/gsol lo mchod do byin rlabs char chen phob/_/'od gsal dbyings las zung 'jug ye shes sku/_/rgyud sde bzhi drug theg rim dgu rnams kyi/_/rab 'byams yi dam zhi khro'i lha tshogs rnams/_/gsol lo mchod do dngos grub rnam gnyis stsol/_/ye shes las dang 'jig rten tshul bzung ba'i/_/dpa' bo mkha' 'gro rgyud gsum dregs pa'i sde/_/gnod sbyin nor lha gter dang gzhi yi bdag_/gsol lo mchod do phrin las rnam bzhi sgrubs/_/gser skyems gtsang ma phud kyi mchod pa 'dis/_/dkon mchog sri zhu yon tan mgron rnams kun/_/zag med bde chen mchog gis rab mnyes nas/_/dngos grub g.yang du 'khyil ba'i bkra shis stsol/_/zhes mchod cing phrin las gsol/_skong ba ni/_skong rdzas rnams/_na maHsarba ta thA ga ta b+h+yo bi shwa mu khe sogs nam mkha' mdzod kyi sngags rgyas brlabs/_skong rdzas 'dod pa'i yon tan rnam pa thams cad pa'i rang bzhin nam mkha' mdzod kyi 'khor lo'i sprin chen por gyur par bsam/_badz+ra s+pha ra Na khaM gis rgyas par spel/_hU~M hrIH_'od gsal stong nyid dbyings las sgyu ma'i 'phrul/_/snod bcud rnam dag pad+mo brtsegs pa'i gzhir/_/dgos 'byung nor bu'i gzhal med khang chen po/_/yangs shing rgya che bkod pa phun tshogs dbus/_/ri rab gling bzhi lha mi'i 'byor ba'i phul/_/phyi nang nyer spyod 'dod pa'i yon tan lnga/_/bkra shis rdzas rtags rgyal srid rin chen bdun/_/bcu drug rig mas bde ba'i glu gar bsgyur/_/sman raka mtshor bskyil gtor ma lhun por spungs/_/so so'i bzhed rgur 'char ba'i longs spyod mchog_/ting 'dzin sngags dang phyag rgyas byin brlabs pa/_/mi zad nam mkha' mdzod kyi mchod sprin 'dis/_/rig 'dzin rtsa brgyud bla ma'i thugs dam bskang*/_/byin rlabs dbang bskur rdo rje'i ye shes skyed/_/yi dam zhi khro rab 'byams thugs dam bskang*/_/mchog dang thun mong dngos grub char ltar phob/_/gnas gsum dpa' bo mkha' 'gro'i thugs dam bskang*/_/rnal 'byor grogs mdzod las bzhi'i phrin las spel/_/rdo rje'i chos srung rgya mtsho'i thugs dam bskang*/_/'gal rkyen kun sol mthun rkyen yid bzhin sgrub/_/gnod sbyin nor lha gter bdag thugs dam bskang*/_/tshe bsod dpal 'byor snyan pa'i grags pa spel/_/mdor na snang srid dag pa rab 'byams zhing*/_/sku dang ye shes rmad byung rdo rje'i sprin/_/'dod yon mi zad rgyan gyi 'khor lo ches/_/thugs dam bskang gyur dbang dang dngos grub stsol/_/zhes thugs dam bskang zhing phrin las gsol/_chos srung gi bskang ba dmigs bsal bgyid par spro na/_hU~M/_rngams brjid dur khrod 'bar ba'i gzhal yas dbus/_/dgra bgegs bsgral ba'i drag po'i nyer spyod dang*/_/mchod rdzas rten rdzas bskang rdzas sgrub pa'i rdzas/_/'dod dgu'i 'byor ba zad mi shes pa 'dis/_/legs ldan phyag bzhi phyag drug zhal bzhi pa/_dpal mgon sde lnga drag po khyab 'jug sogs/_/pho rgyud mgon po'i tshogs kyi thugs dam bskang*/_/rdo rje srin po'i mthu yis bdud dpung thul/_/e ka dza TI rang byung dpal 'bar ma/_/dur khrod lha mo tshe ring mched lnga sogs/_/snang srid ma mo bye ba'i thugs dam bskang*/_/thugs rje chags pa'i shugs kyis dgra bgegs sgrol/_/dpal mgon ma ning sde dpon sum cu dang*/_/dregs chen bco brgyad snang srid 'byung po'i tshogs/_/dkar phyogs skyong ba yongs kyi thugs dam bskang*/_/sangs rgyas bstan srung bstan dgra cham la phob/_/rnam sras dzaM la yab yum tshogs kyi bdag_/rdo rje bdud 'dul gnod sbyin 'bum phrag dang*/_/rin chen gter 'chang rgya mtsho'i thugs dam bskang*/_/tshe srings dpal skyed 'dod rgu'i 'byor ba spel/_/mdor na brgyud gsum rig 'dzin bla ma yi/_/spyan sngar khas blangs chos srung nor lha'i tshogs/_/thugs dam dgyes bskang rnal 'byor bdag cag gi_/re ba'i 'bras bu dus 'dir mchis par mdzod/_/lnga pa ni/_thal mo sbyar te/_ho/_ye shes spyan mnga' dmigs med thugs rje'i gter/_/bla ma yi dam mkha' 'gro chos skyong dang*/_/gnod sbyin nor lha gter 'chang 'khor bcas kun/_/mkhyen brtse'i gzigs pas bdag la dgongs su gsol/_/bdag cag thog med dus nas da lta'i bar/_/mi shes nyon mongs bag med ma gus pas/_/lus ngag yid kyis sdig pa bgyis pa dang*/_/bgyid du bstsal dang rjes su yi rang dang*/_/nges 'byung so sor thar ba'i sdom pa dang*/_/gzhan phan byang chub sems dpa'i bslab pa dang*/_/thabs chen gsang ba sngags kyi dam tshig las/_/nyams shing 'gal bar gyur pa ci mchis kun/_/snying nas 'gyod pas bshags shing sdom bgyid na/_/tshangs par mdzad nas sdig sgrib kun byang zhing*/_/rtsa gsum chos skyong rgya mtsho rab dgyes pas/_/sku gsung thugs kyi dngos grub bstsal du gsol/_/zhes gsol ba btab pas tshogs zhing rnams kyi gnas gsum nas bdud rtsi dkar dmar mthing gsum 'od zer dang bcas byung*/_rang gi gnas gsum du zhugs shing thim/_sgo gsum gyi sdig sgrib nyes ltung bag chags dang bcas pa byang zhing dag_/sku gsung thugs kyi byin rlabs dang dngos grub ma lus pa thob par gyur pa'i mos pas yi ge brgya pa ci nus bzla'o/_/de nas gtor ma 'bul dgos na 'bul gtor la bdud rtsis bran/_oM AHhU~MH_gtor ma dgra bgegs kyi sha khrag ye shes bdud rtsi'i rang bzhin 'dod yon rgya mtsho'i sprin phung 'phro bar gyur par bsam/_hU~M/_bde chen thabs mchog dpa' bo he ru ka_/shes rab dbyings kyi thig le ral gcig ma/_/zung 'jug dbu mar shar ba'i ma ning nag_/brgyud gsum dregs tshogs 'khor bcas 'dir gshegs shig_/dgra bgegs sha ri khrag mtsho'i gtor ma ni/_ye shes bdud rtsi'i rang bzhin 'dod yon gter/_/dgyes rgur 'char ba'i rmad byung mchod pa'i sprin/_/sngar mdzad legs pa'i gtang rag chen por 'bul/_/da bcol las kyi gsol 'debs gnyan por bzhes/_/sangs rgyas bstan srungs bstan 'dzin sku tshe srings/_/dge 'dun sde skyongs 'jig rten phan bde spel/_/khyad par bdag cag dpon slob yon mchod la/_/byang chub bar du srung skyob mi g.yel bar/_/'gal rkyen kun sol mthun rkyen char bzhin phob/_/zhi rgyas dbang dang mngon spyod la sogs pa/_/gang bcol phrin las myur du 'grub par mdzod/_/ces brjod cing spos dang rol mos mtshon pas gtsang sar 'bul/_rjes gtang rag gi mchod bstod ni/_oM AHhU~M/_dngos 'byor yid sprul mchod sprin rgya mtshos mchod/_/yon tan rjes dran rdo rje'i glu yis bstod/_/cho ga lhag chad 'gal 'khrul nyams chag kun/_/snying nas bshags so byang zhing dag pa stsol/_/oM AHhU~M badz+ra gu ru pad+ma d+he wa d+hA ki ni sarba d+harma pA la bA su de wa ni d+hI pa ti b+hU mi pa ti sa pA ri wA ra ar+g+haM nas/_shab+da sarba pany+tsa a mr-i ta rak+ta ba ling ta sarba pU dza ho/_yi ge brgya pa mang du brjod/_ye shes pa rnams rten yod na brtan bzhugs dang*/_'jig rten pa rnams/_gats+tsha gats+tsha swa b+hA wa naM gyis rang gnas su gshegs/_rten med na/_hU~M/_bskyed cing spyan drangs chos skyong srung ma'i tshogs/_/gnas yul lhan skyes grub pa'i grong du gshegs/_/snang char shar ba'i lha sku'i rol pa kun/_/skye med brjod bral gnyug ma'i dbyings su yal/_/zhes brjod/_bsngo smon ni/_dge ba 'di yis myur du bdag_/he ru ka dpal 'grub gyur nas sogs/_bkra shis brjod pa ni/_byin rlabs char 'bebs dngos grub rgya mtsho'i gter/_/phrin las thogs med rtsa gsum lha tshogs kyis/_/'gro kun srid zhi'i rgud pa zhi ba dang*/_/phan bde'i dge mtshan 'phel ba'i bkra shis shog_/he ru ka dpal 'bar bas gdug can sgrol/_/snang srid DA ki dgyes pas bde chen bskyed/_/rin chen gter 'chang 'dod dgu'i mchog bskyed de/_/sa gsum dge legs khyab pa'i bkra shis shog_/mkhas grub rig 'dzin skyes bu sa steng khyab/_/bshad sgrub las kyi 'khor los lung rtogs spel/_/skal bzang gdul bya'i rnam grol dga' ston gyis/_/thub bstan phyogs bcur rgyas pa'i bkra shis shog_/ces brjod de me tog gi char dang rol mo bcas pas dge legs su bya'o/_/rdo rje'i gsung gi phreng ba la/_/mdzes rgyan grub pa'i phyag bzhes ltar/_/spel 'dis phrin las nor bu'i char/_/sa gsum dpyid du 'jo gyur cig_/ces pa'ang bka' gter chos kyi shing rta kun gzigs 'jam dbyangs bla ma gtsug lag lung rigs smra ba'i nyi ma mchog gi zhal snga nas rin po che gter gyi mdzod chen po'i smin grol rgyab brten dang bcas pa gtan pa med pa'i mdzod kyi sgo 'phar yangs por phye bas skal bzang nges grol gyi dga' ston rmad du byung ba'i dge mtshan dang po'i tshe rdo rje'i chos skyong ba'i dam can srung ma'i dbang po 'di dag gi dbang dang rjes gnang bka' gtad rnams thob nas gsol bskang gi rim pa rgyun chags su brtson pa byung na gal che bas rtsa gsum dril sgrub kyi gtor bsngos lta bu la'ang 'di ltar sbyar du rung zhes bka' bstsal ba'i tshe thog mtha'i mtshams sbyor rnams rje bla ma nyid la mdzad par gsol ba btab nas khol phyung bklag chog tu bkod pa'ang rdo rje'i slob bu'i tha chung bkra shis dpal 'byor gyis 'og min bla ma'i gdan sa rdzong sar bkra shis lha rtse'i gzim spyil bkra shis 'chi med grub pa'i dga' tshal du gus pas bris pa 'dis kyang nges gsang bla med rdo rje rtse mo'i ring lugs kyi bshad sgrub bstan pa'i mnga' thang mkha' mthar khyab par brdal ba'i dpal du gyur cig_/sarba dA mang+ga laM/__/dge'o//__//
 
</onlyinclude>
</onlyinclude>
{{TsagliCall}}
 
<headertabs/>
</div>
== Footnotes ==
<references/>
==Other Information==
{{Footer}}
[[Category:DKR-KABUM-Volume-17-TSA]]
[[Category:DKR-KABUM-Volume-17-TSA]]
[[Category:DKR-KABUM-Volume-17-TSA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:Text Pages in Wylie]]

Revision as of 12:20, 4 November 2022

Template:WyliePageHeader

<div class="wylie-content"


@#/__/rtsa gsum gtor bsngo nyung bsdus phrin las nor bu'i rol mtsho bzhugs// @#/__/byin rlabs ma lus 'byung ba'i gter/_/bla ma rtsa gsum kun 'dus la/_/gus btud dril sgrub snying nor las/_/byung ba'i gtor bsngo cung zad dbye/_/gter chen bla ma pad+ma 'od gsal mdo sngags gling pa'i yang gter rtsa gsum dril sgrub kyi las byang dang ma 'brel bar gtor bsngo sger du cung zad rgyas par bya bar 'dod pas/_chos skyong spyi'i gtor ma dmar gtor spungs rong la 'khor rang 'dra bcu gsum dang*/_g.yas su nor lha spyi dang*/_g.yon du gzhi bdag la dkar gtor/_de dag gi bar mtshams rnams su thebs kyu grangs mang brtsegs/_g.yas g.yon du sman raka_/chu gnyis nyer spyod rnams bshams la rang gang mos pa'i yi dam gyi bdag bskyed sngon du 'gro bas/_gtor ma bdud rtsis bran/_ra~M ya~M kha~M gis bsang sbyangs/_stong pa'i ngang las rlung me thod sgyed steng*/_/b+han+d+ha'i snod du sha lnga bdud rtsi lnga/_/bkol zhing 'od zhu zag med bdud rtsi'i bcud/_/'dod yon rgya mtsho'i sprin phung 'phro bar gyur/_/oM AHhU~M ho lan gsum gyis brlabs/_hU~M hrIH_rab 'byams sku gsum rgyal ba'i zhing khams nas/_/bla ma yi dam mkha' 'gro chos skyong dang*/_/gnod sbyin nor lha gter dang gzhi yi bdag_/thams cad thugs rje'i dbang gis 'dir gshegs shig_/oM AHhU~M badz+ra gu ru pad+ma d+he wa d+hA ki ni sarba d+harma pA la bA su de wa ni d+hI pa ti b+hU mi pa ti sa pa ri wA ra badz+ra sa mA dzaH_zhes pas spyan drangs/_hU~M hrIH_snod bcud rnam dag rdo rje'i 'og min cher/_/dbyings nas spyan drangs ye shes sems dpa'i tshogs/_/dam ye dbyer med brtan par rab bzhugs nas/_/byin rlabs dbang dang dngos grub bstsal du gsol/_/dzaHhU~M ba~M ho sa ma ya tiSh+Than+tu/_zhes bzhugs su gsol/_byin rlabs mkha' la dngos grub sprin ltar 'khrigs/_/phrin las char 'bebs bla ma yi dam dang*/_/mkha' 'gro dam can nor lha 'jig rten skyong*/_/gnyis med mnyam pa'i ngang nas phyag bgyi'o/_/a ti pU ho/_pra tIts+tsha ho/_zhes phyag 'tshal zhing lan gnang bar bsam la mchod pa 'bul ba ni/_hU~M/_dngos su 'byor dang ting 'dzin las byung ba'i/_/nyer spyod 'dod yon sman raka gtor tshogs sogs/_/nam mkha' rab 'byams gang ba'i mchod pa'i sprin/_/'bul lo bzhes nas mchog thun dngos grub stsol/_/oM AHhU~M badz+ra gu ru pad+ma d+he wa d+hA ki ni shrI d+harma pA la bA su de wa ni d+hI pa ti b+hU mi pa ti sa pa ri wA ra ar+g+haM nas/_shab+da pra tIts+tsha swA hA/_zhes thun mong*/_ma hA pany+tsa a mr-i ta khA hi/_ma hA rak+ta khA hi/_zhes khyad par sman raka gis spyir mchod/_bye brag tu gtor ma 'bul ba ni/_lha rnams kyi ljags sbu gu'i 'od zer gyis gtor ma'i bcud drangs te gsol bar gyur par bsam la rdo rje'i thal mo kha gyen du phye zhing se gol gtogs pa dang bcas/_oM AHhU~M badz+ra gu ru pad+ma d+he wa d+hA ki nI sarba d+harma pA la bA su de wa ni d+hI pa ti b+hU mi pa ti sa pa ri wA ra i dam ba liM ta kha kha khA hi khA hi/_zhes rtsa gsum spyi dang*/_oM a mA ra Ni dzI wan+ti ye swA hA sa pa ri wA ra sogs gtor sngags sbyar ba 'gre/_oM AHhU~M hrIHoM ma Ni pad+me hU~M hrIH_oM AHhU~M badz+ra gu ru pad+ma sid+d+hi hU~M/_rnams kyi bla ma sku gsum/_oM AHhU~M artsika nirtsika na mo b+ha ga wa te hU~M hU~M phaTa?/_a hU~M hU~M phaTa?/_ces gu ru drag po/_oM AHhU~M bo d+hi tsit+ta ma hA su kha dz+nyA na d+hA tu AH_zhes lhun grub zhi ba rdor dbyings spyi dril/_oM ru lu ru lu hU~M b+h+yo hU~M ha he phaTa? b+h+yoH_zhes khro bo kun 'dus/_oM AHhU~M hrIHbadz+ra gu ru de wa DA ki ni sarba sid+d+hi pha la hU~M AH_zhes bla ma dgongs 'dus/_oM gu h+ya dz+nyA na bo d+hi tsit+ta ma hA su kha ru lu ru lu hU~M b+h+yo hU~M:_zhes mdo tshogs chen 'dus pa/_oM badz+ra kro d+ha ma hA shrI he ru ka ya mAn+ta ka pad+mAn+ta kr-i ta badz+ra he ru ka kI la ya ma ma kro d+hI ma hA gu ru badz+ra tsaN+Da sarba duSh+Tan ta ka ha na da ha pa tsa hU~M phaTa?:_ces bka' brgyad spyi 'dus dang*/_'di sgos bka' bye brag pa gang mos sbyar 'dod na'ang rung la/_oM hrIHbadz+ra kro d+ha ha ya gr-I wa hU~M phaTa?/_ra tsa hri ya sarba sid+d+hi hU~M/_'dir dril sgrub rang gzhung gi yi dam yongs 'dus/_rta mgrin dang dpa' bo rigs bzhi/_oM ba~M badz+ra b+hA ra he kro d+hI kA li hU~M phaTa?/_ha ri ni sa sarba sid+d+hi hU~M/_zhes khros nag 'khor bcas dang*/_oM bud+d+ha badz+ra rat+na pad+ma karma dz+nyA na lo ka DA ki ni sa pa ri wA ra sogs kyis mkha' 'gro kun 'dus/_oM pad+mo yo gi ni tA re tut+tA re tu re swA hA/_mtsho rgyal sgrol ma gnyis med/_aHkaHsaHmaHraHtsaHshaHdaHraHsaHmaHraHyaHphaTa?H_ces seng gdong*/_oM ma ri ts+yai maM swA hA:_'od zer can ma/_oM pad+ma DA ki ni ku ru kul+le hrIHswA hAH_rigs byed ma dang*/_oM si tA ta pa tre maN+Dal b+h+yaHsa pa ri wA ra sogs gdugs dkar gyis mtshon rtsa gsum spyi bye brag dang*/_oM b+hu ru ku ru i tsi ki byi u tsuSh+ma kro d+ha hU~M phaTa?H_legs ldan/_oM shrI ma hA kA la hU~M hU~M phaTa?:_oM yak+Sha be tA li hU~M:_zhes sras mchog ma mgon zhal sbyor/_oM ma hA kA la e ka dzA Ti gu Na hri da hU~M phaTa?:_phyag bzhi pa/_oM ma hA kA la hU~M phaTa?/_gur mgon/_oM badz+ra ma hA kA la k+ShiM k+She tra big+h+nAn bi nA ya ka hU~M hU~M phaTa?:_phyag drug pa/_oM shrI ma hA kA la ga Na gu h+ya ra~M sid+d+hi hU~M phaTa?:_ma ning*/_oM shrI ma hA kA la tri yaM yaM dzaHdzaHdgra bo mA ra ya hU~M phaTa?/_stag zhon/_oM ma hA kA la rak+Sha du bing nr-i dzaH_bing dmar/_oM ma hA kA la trak+shad ma hA kA la sid+d+hi tri yaM dzaHdzaH_trag shad/_oM ma hA kA la bi ka la tri yaM dzaHhU~M hU~M phaTa?:_zhal bzhi/_oM shrI ma hA kA la ga Na gu ti yo gI shwa ri sa ma ya hU~M dzaHdzaH_byang gter bstan srung yongs rdzogs/_oM shrI ma hA kA la ga Na gu ti kA ma la shrI nag mo ti la b+h+yo:_mgon po tshogs bdag_/oM ma hA de wa dzaH_u ma de wi hrIMH_ha ri ni sa wA shaM ku ru hU~M:_lha chen/_oM badz+ra kI li kI la ya mo hA g+ha ta ya ma ma shrI g+h+raM ka ram ka ra ye swA hA/_phur srung shwa na chen po/_oM ma hA kA la hU~M hU~M phaTa?H_mchog gling chos skyong dgongs 'dus/_oM ma hA kA la de wi shrI nA tha ra ke ka ka ta ri sa pa ri sogs dpal mgon bdun cu/_oM ro ru e ka tsa ti snying kha rak+mo ru lu ru lu hU~M b+h+yo hU~M dzaHdzaH_sngags srung*/_oM e ka dza ti ma hA kA la re ma ti khyi kha le rA hu la e he ma ru tse badz+ra sA d+hu sa pa ri wa ra _snying thig gi sde bdun dang*/_oM trag rak+sha ma hi dun b+h+yo ma hA yak+sha tIk+Sha ka li dun b+h+yo:_re ma ti/_tad+ya thA/_ru ru bi tiSh+Tha ma d+ho ma mo rak+mo tsit+ta kha rak+mo b+h+yo b+h+yo swA hA/_gshog rgod ma/_oM ya ma rA tsa swA hA:_a phyi/_oM badz+ra pra mo ha hrIM hrIM swA hA/_g.yu sgron ma/_oM khyi kha le nag mo hU~M phaTa?/_srog sgrub ma/_hrI shag ru rag ra~M nA ge tsit+ta traM ma ma yo za 'gram ha ha ga sha la dzaHdzaH_gza' bdud/_e he ma ru tse g+hu Na hri tri hU~M dzaH_shan pa dmar nag_/a li a lu ma dzaHshaM shaM li shi ded a shwa ded mu rmugs su tra a li ma dza dzaH_nag mo sha la rub dzaH_oM ro ru ro ru tri tsa pa la/_a shug+me ma hU~M ma b+h+yo dzaHdzaH_pu tra ming sring*/_oM ma hA kA la yak+Sha e ka dzA Ti ke ta DA ki ni tsarma rak+sha yak+sha tsit+ta badz+ra sA d+hu rak+sha shan+ting ging ka ra dzaHdzaH_sman srung zhang blon sde dgu/_oM badz+ra shan+ting pad+ma ku ru tiM b+h+yo oM sarba mA ra kr-iSh+Na ka pA la mA la d+hA ra hU~M phaTa?:_phur srung dkar bdud/_oM ya ma rA dzaHsa ma ya hU~M phaTa?:_las gshin/_oM badz+ra sA d+hu sa ma ya b+hag traM she ni kra ma ni sa ma ya sA d+hu tri dzaHdzaHhU~M ba~M hoH_dam can/_oM ma hA kA la siM ha hU~M tri hriM dzaHma rA dzaHdu tri phu tri hU~M phaTa?:_zhing skyong seng gdong*/_hU~M badz+ra phe laM ya ma rA dza traka rak+sha sA d+hu sa ma ya dzaHdzaH_rig 'dzin srog sgrub bka' srung drag po sde bzhi/_oM ma ma rA li pra ma ya kA li ye dzaHdzaH_zhing skyong dur khrod ma mo/_b+h+yo sha za DA ki kha mo che ma ma hrIng hrIng dzaHdzaH_sha za kha mo che/_oM ma ma du tri rak+sha si badz+ra yak+sha si a mr-i ta de wi sid+d+hi hU~M:_brtan ma/_oM bai shra ma Na ya swA hA/_rnam sras ser chen/_oM ma hA rA dza yak+sha sa ma ya bai shra ma Na ye sarba tsit+ta rat+na hrIM hrIM dzaHdzaH_mdung dmar can/_oM bai shra ma Na ya swA hA traka rak+sha b+h+yoH_rta sngon can/_oM badz+ra rat+na tsit+ta rA ga rA ge hU~M phaTa? swA hA:_zhang blon/_oM dzaM b+ha la dza len+d+ra ya bA su d+hA ri Ni swA hA:_byang gter nor lha yongs rdzogs/_oM pad+ma kro d+ha Ar+Ya dzaM b+ha la hr-i dA ya hU~M phaTa?:_ha ri ni sa A yu puN+ye d+ha naM me d+hi bA su sarba sid+d+hi hU~M:_dzaM dkar/_oM rat+na dzaM b+ha la trA~M swA hA:_dzaM ser/_oM dzam+b+ha la dza len+d+rA ye d+ha na me d+hi hrIHswA hA:_dzaM dmar/_oM karma dzaM b+ha la A swA hA:_dzaM ljang*/_oM yak+Sha kA la dzaM b+ha la dza len+d+rA ya swA hA:_dzaM nag_/oM ba~M bA su d+hA ri ni swA hA:_nor rgyun ma/_oM badz+ra a pa ra dzi ta hrIng hrIng dzaHdzaHsid+d+hi pha la hU~M:_gnod sbyin a pa ra tsit+ta/_oM ga~M ga na pa ti swA hA:_lha chen tshogs bdag_/oM ar+Ya re mAn+ta swA hA:hrIM hrIM dzaHdzaHpheM pheM/_re man+ta/_oM ma hA rA dza yak+Sha bai hrIM swA hA:_zas gos kyi nor bdag gnod sbyin dmar po/_oM ku bai ra ya swA hA:_ku be ra/_oM i ling gi pi ling gi ki ling gi swA hA:_gos kyi lha mo/_oM na mo shu tra mu tri ma hA pi sha tsi na ye swA hA:_nor/_oM a na le kun+d+ha le g+hr-i h+na pi na d+ha pi sha tsi na ye swA hA:_zas lha ste kun 'khyil mched gsum/_oM nA ga ra tsa a ti swA hA:_klu mi mgon dkar po/_oM nA ga ra tsa bA su ki maM sid+d+hi hU~M dzaH_klu nor rgyas/_oM sarba bA su de wa puN+ye bA su sid+d+hi hU~M:_nor lha spyi/_oM badz+ra tsaN+Da sarba duSh+TaM aSh+Ta na ya e dza b+h+yo:_dregs pa'i sde dpon sum cu/_oM badz+ra sarba duSh+TaM e dza b+h+yo:_sngags bdag dregs pa bco brgyad/_oM shrI badz+ra d+harma pA la king ka ra a ya ma du ru tsa sha na dzaHdzaH_chos skyong sde brgyad spyi sngags/_oM ni d+hI pa ti b+hU mi pa ti lo ka pA la dzaH_gter gzhi 'jig rten skyong ba spyi/_oM badz+ra thang ka ra mun nyid khu sha li swA hA/_thang lha/_oM rA dza sid+d+hi sa ma ya dzaH_rgyal chen sku lnga dang*/_oM rak+sha rak+sha snying la hU~M hU~M shu la gr-I wa tri shu la hrIM hrIM dzaHdzaH_tsi'u dmar po/_oM AHbadz+ra ku li mil man swA hA:_spom ra/_oM badz+ra d+hA ki ni A yu She shwa ri sa ma ya dzaHA yu puN+ye puSh+TiM ku ru swA hA:_oM dz+nyA na d+hA ki ni mAM lAM AM tAM sarba sid+d+hi hU~M hU~M:_bkra shis tshe ring mched lnga bcas so sor lan gsum mam bdun gyis phul/_bsdu na rtsa gsum spyi dril dang*/_bstod pa'i skabs dngos bstan du 'byung ba rnams kyi chos skyong gi gtor sngags tsam sbyar yang rung la gang ltar yang 'jug tu/_dpal ma hA kA la khrag 'thung gi rgyal po/_gtsug lag khang dang dkyil 'khor gyi srung ma/_dug gsum nad kyi sman pa/_rnal 'byor yongs kyi dgra lha/_bdud dpung sgrol ba'i dpa' bo bstan pa'i bka' srung chen po/_bde chen thabs kyi dpa' bo/_legs ldan rdo rje srin po tshogs kyi bdag po la sogs pa mgon po pho rgyud/_shes rab dbyings kyi rgyal mo sngags srung rdo rje ral gcig ma la sogs pa srid pa mo rgyud/_dpal mgon ma ning nag po la sogs pa snang srid dregs pa sde brgyad/_rgyal chen rnam mang thos sras la sogs pa gnod sbyin nor lha gter bdag_/bkra shis tshe ring mched lnga sogs dkar phyogs gter gzhi 'jig rten skyong ba 'khor g.yog sde dpon dang bcas pas mchod sbyin gyi gtor ma rgya chen po 'di bzhes la sangs rgyas kyi bstan pa srungs/_sogs kyi phrin las bcol/_bstod pa ni/_hU~M hrIH_byin rlabs sprin phung rig 'dzin bla ma dang*/_/dngos grub char 'bebs yi dam zhi khro'i lha/_/phrin las rmad byung dpa' bo mkha' 'gro la/_gus pas bstod do mchog thun dngos grub stsol/_hU~M/_bde chen thabs mchog dpa' bo legs ldan nag_/phyag bzhi phyag drug zhal bzhi dbang phyug che/_/dpal mgon sde lnga khyab 'jug chen po sogs/_/mgon po pho rgyud gtso la phyag 'tshal bstod/_/shes rab dbyings kyi phyag rgya ral gcig ma/_/rang byung rgyal mo dur khrod ma mo dang*/_/tshe ring mched lnga g.yu sgron brtan ma sogs/_/snang srid ma mo'i tshogs la phyag 'tshal bstod/_/gnyis med ye shes ma ning stobs po che/_/sde dpon sum cu dregs chen bco brgyad dang*/_/gnod sbyin nor lha gter dang gzhi yi bdag_/dkar phyogs skyong ba kun la phyag 'tshal bstod/_/so so'i thugs dang mthun pa'i gtor ma dang*/_/mkho rgu'i 'dod yon rgya mtsho 'di bzhes la/_/rtsa brgyud bla mas bka' bsgos dam bzhag ltar/_/rnal 'byor bdag cag 'khor dang bcas rnams la/_/zhi ba'i mchog stsol rgyas pa'i gzi mdangs bskyed/_/dbang gis zil non drag pos dgra bgegs thul/_/bstan 'dzin zhabs brtan bshad sgrub bstan pa dar/_/'gro kun bde skyid 'phel ba'i phrin las mdzod/_/skabs 'dir gsol bskang bye brag gang 'dod sbyar yang rung zhing bsdu na gser skyems bskang bshags sogs ma sbyar kyang 'gal ba med cing*/_zhar byung gser skyems 'bul bar 'dod na/_rin po che'i 'bru bcud kyi phud gtsang ma blugs/_ra~M ya~M kha~M gis bsang sbyangs/_gser skyems zag pa med pa ye shes kyi bdud rtsi'i rgya mtsho chen por gyur/_oM AHhU~M/_lan gsum gyis brlabs la/_dgongs pa brda dang snyan nas brgyud pa yi/_/rig 'dzin rtsal 'chang rtsa brgyud bla ma dang*/_/skyabs gnas bslu med dkon mchog rnam pa gsum/_/gsol lo mchod do byin rlabs char chen phob/_/'od gsal dbyings las zung 'jug ye shes sku/_/rgyud sde bzhi drug theg rim dgu rnams kyi/_/rab 'byams yi dam zhi khro'i lha tshogs rnams/_/gsol lo mchod do dngos grub rnam gnyis stsol/_/ye shes las dang 'jig rten tshul bzung ba'i/_/dpa' bo mkha' 'gro rgyud gsum dregs pa'i sde/_/gnod sbyin nor lha gter dang gzhi yi bdag_/gsol lo mchod do phrin las rnam bzhi sgrubs/_/gser skyems gtsang ma phud kyi mchod pa 'dis/_/dkon mchog sri zhu yon tan mgron rnams kun/_/zag med bde chen mchog gis rab mnyes nas/_/dngos grub g.yang du 'khyil ba'i bkra shis stsol/_/zhes mchod cing phrin las gsol/_skong ba ni/_skong rdzas rnams/_na maHsarba ta thA ga ta b+h+yo bi shwa mu khe sogs nam mkha' mdzod kyi sngags rgyas brlabs/_skong rdzas 'dod pa'i yon tan rnam pa thams cad pa'i rang bzhin nam mkha' mdzod kyi 'khor lo'i sprin chen por gyur par bsam/_badz+ra s+pha ra Na khaM gis rgyas par spel/_hU~M hrIH_'od gsal stong nyid dbyings las sgyu ma'i 'phrul/_/snod bcud rnam dag pad+mo brtsegs pa'i gzhir/_/dgos 'byung nor bu'i gzhal med khang chen po/_/yangs shing rgya che bkod pa phun tshogs dbus/_/ri rab gling bzhi lha mi'i 'byor ba'i phul/_/phyi nang nyer spyod 'dod pa'i yon tan lnga/_/bkra shis rdzas rtags rgyal srid rin chen bdun/_/bcu drug rig mas bde ba'i glu gar bsgyur/_/sman raka mtshor bskyil gtor ma lhun por spungs/_/so so'i bzhed rgur 'char ba'i longs spyod mchog_/ting 'dzin sngags dang phyag rgyas byin brlabs pa/_/mi zad nam mkha' mdzod kyi mchod sprin 'dis/_/rig 'dzin rtsa brgyud bla ma'i thugs dam bskang*/_/byin rlabs dbang bskur rdo rje'i ye shes skyed/_/yi dam zhi khro rab 'byams thugs dam bskang*/_/mchog dang thun mong dngos grub char ltar phob/_/gnas gsum dpa' bo mkha' 'gro'i thugs dam bskang*/_/rnal 'byor grogs mdzod las bzhi'i phrin las spel/_/rdo rje'i chos srung rgya mtsho'i thugs dam bskang*/_/'gal rkyen kun sol mthun rkyen yid bzhin sgrub/_/gnod sbyin nor lha gter bdag thugs dam bskang*/_/tshe bsod dpal 'byor snyan pa'i grags pa spel/_/mdor na snang srid dag pa rab 'byams zhing*/_/sku dang ye shes rmad byung rdo rje'i sprin/_/'dod yon mi zad rgyan gyi 'khor lo ches/_/thugs dam bskang gyur dbang dang dngos grub stsol/_/zhes thugs dam bskang zhing phrin las gsol/_chos srung gi bskang ba dmigs bsal bgyid par spro na/_hU~M/_rngams brjid dur khrod 'bar ba'i gzhal yas dbus/_/dgra bgegs bsgral ba'i drag po'i nyer spyod dang*/_/mchod rdzas rten rdzas bskang rdzas sgrub pa'i rdzas/_/'dod dgu'i 'byor ba zad mi shes pa 'dis/_/legs ldan phyag bzhi phyag drug zhal bzhi pa/_dpal mgon sde lnga drag po khyab 'jug sogs/_/pho rgyud mgon po'i tshogs kyi thugs dam bskang*/_/rdo rje srin po'i mthu yis bdud dpung thul/_/e ka dza TI rang byung dpal 'bar ma/_/dur khrod lha mo tshe ring mched lnga sogs/_/snang srid ma mo bye ba'i thugs dam bskang*/_/thugs rje chags pa'i shugs kyis dgra bgegs sgrol/_/dpal mgon ma ning sde dpon sum cu dang*/_/dregs chen bco brgyad snang srid 'byung po'i tshogs/_/dkar phyogs skyong ba yongs kyi thugs dam bskang*/_/sangs rgyas bstan srung bstan dgra cham la phob/_/rnam sras dzaM la yab yum tshogs kyi bdag_/rdo rje bdud 'dul gnod sbyin 'bum phrag dang*/_/rin chen gter 'chang rgya mtsho'i thugs dam bskang*/_/tshe srings dpal skyed 'dod rgu'i 'byor ba spel/_/mdor na brgyud gsum rig 'dzin bla ma yi/_/spyan sngar khas blangs chos srung nor lha'i tshogs/_/thugs dam dgyes bskang rnal 'byor bdag cag gi_/re ba'i 'bras bu dus 'dir mchis par mdzod/_/lnga pa ni/_thal mo sbyar te/_ho/_ye shes spyan mnga' dmigs med thugs rje'i gter/_/bla ma yi dam mkha' 'gro chos skyong dang*/_/gnod sbyin nor lha gter 'chang 'khor bcas kun/_/mkhyen brtse'i gzigs pas bdag la dgongs su gsol/_/bdag cag thog med dus nas da lta'i bar/_/mi shes nyon mongs bag med ma gus pas/_/lus ngag yid kyis sdig pa bgyis pa dang*/_/bgyid du bstsal dang rjes su yi rang dang*/_/nges 'byung so sor thar ba'i sdom pa dang*/_/gzhan phan byang chub sems dpa'i bslab pa dang*/_/thabs chen gsang ba sngags kyi dam tshig las/_/nyams shing 'gal bar gyur pa ci mchis kun/_/snying nas 'gyod pas bshags shing sdom bgyid na/_/tshangs par mdzad nas sdig sgrib kun byang zhing*/_/rtsa gsum chos skyong rgya mtsho rab dgyes pas/_/sku gsung thugs kyi dngos grub bstsal du gsol/_/zhes gsol ba btab pas tshogs zhing rnams kyi gnas gsum nas bdud rtsi dkar dmar mthing gsum 'od zer dang bcas byung*/_rang gi gnas gsum du zhugs shing thim/_sgo gsum gyi sdig sgrib nyes ltung bag chags dang bcas pa byang zhing dag_/sku gsung thugs kyi byin rlabs dang dngos grub ma lus pa thob par gyur pa'i mos pas yi ge brgya pa ci nus bzla'o/_/de nas gtor ma 'bul dgos na 'bul gtor la bdud rtsis bran/_oM AHhU~MH_gtor ma dgra bgegs kyi sha khrag ye shes bdud rtsi'i rang bzhin 'dod yon rgya mtsho'i sprin phung 'phro bar gyur par bsam/_hU~M/_bde chen thabs mchog dpa' bo he ru ka_/shes rab dbyings kyi thig le ral gcig ma/_/zung 'jug dbu mar shar ba'i ma ning nag_/brgyud gsum dregs tshogs 'khor bcas 'dir gshegs shig_/dgra bgegs sha ri khrag mtsho'i gtor ma ni/_ye shes bdud rtsi'i rang bzhin 'dod yon gter/_/dgyes rgur 'char ba'i rmad byung mchod pa'i sprin/_/sngar mdzad legs pa'i gtang rag chen por 'bul/_/da bcol las kyi gsol 'debs gnyan por bzhes/_/sangs rgyas bstan srungs bstan 'dzin sku tshe srings/_/dge 'dun sde skyongs 'jig rten phan bde spel/_/khyad par bdag cag dpon slob yon mchod la/_/byang chub bar du srung skyob mi g.yel bar/_/'gal rkyen kun sol mthun rkyen char bzhin phob/_/zhi rgyas dbang dang mngon spyod la sogs pa/_/gang bcol phrin las myur du 'grub par mdzod/_/ces brjod cing spos dang rol mos mtshon pas gtsang sar 'bul/_rjes gtang rag gi mchod bstod ni/_oM AHhU~M/_dngos 'byor yid sprul mchod sprin rgya mtshos mchod/_/yon tan rjes dran rdo rje'i glu yis bstod/_/cho ga lhag chad 'gal 'khrul nyams chag kun/_/snying nas bshags so byang zhing dag pa stsol/_/oM AHhU~M badz+ra gu ru pad+ma d+he wa d+hA ki ni sarba d+harma pA la bA su de wa ni d+hI pa ti b+hU mi pa ti sa pA ri wA ra ar+g+haM nas/_shab+da sarba pany+tsa a mr-i ta rak+ta ba ling ta sarba pU dza ho/_yi ge brgya pa mang du brjod/_ye shes pa rnams rten yod na brtan bzhugs dang*/_'jig rten pa rnams/_gats+tsha gats+tsha swa b+hA wa naM gyis rang gnas su gshegs/_rten med na/_hU~M/_bskyed cing spyan drangs chos skyong srung ma'i tshogs/_/gnas yul lhan skyes grub pa'i grong du gshegs/_/snang char shar ba'i lha sku'i rol pa kun/_/skye med brjod bral gnyug ma'i dbyings su yal/_/zhes brjod/_bsngo smon ni/_dge ba 'di yis myur du bdag_/he ru ka dpal 'grub gyur nas sogs/_bkra shis brjod pa ni/_byin rlabs char 'bebs dngos grub rgya mtsho'i gter/_/phrin las thogs med rtsa gsum lha tshogs kyis/_/'gro kun srid zhi'i rgud pa zhi ba dang*/_/phan bde'i dge mtshan 'phel ba'i bkra shis shog_/he ru ka dpal 'bar bas gdug can sgrol/_/snang srid DA ki dgyes pas bde chen bskyed/_/rin chen gter 'chang 'dod dgu'i mchog bskyed de/_/sa gsum dge legs khyab pa'i bkra shis shog_/mkhas grub rig 'dzin skyes bu sa steng khyab/_/bshad sgrub las kyi 'khor los lung rtogs spel/_/skal bzang gdul bya'i rnam grol dga' ston gyis/_/thub bstan phyogs bcur rgyas pa'i bkra shis shog_/ces brjod de me tog gi char dang rol mo bcas pas dge legs su bya'o/_/rdo rje'i gsung gi phreng ba la/_/mdzes rgyan grub pa'i phyag bzhes ltar/_/spel 'dis phrin las nor bu'i char/_/sa gsum dpyid du 'jo gyur cig_/ces pa'ang bka' gter chos kyi shing rta kun gzigs 'jam dbyangs bla ma gtsug lag lung rigs smra ba'i nyi ma mchog gi zhal snga nas rin po che gter gyi mdzod chen po'i smin grol rgyab brten dang bcas pa gtan pa med pa'i mdzod kyi sgo 'phar yangs por phye bas skal bzang nges grol gyi dga' ston rmad du byung ba'i dge mtshan dang po'i tshe rdo rje'i chos skyong ba'i dam can srung ma'i dbang po 'di dag gi dbang dang rjes gnang bka' gtad rnams thob nas gsol bskang gi rim pa rgyun chags su brtson pa byung na gal che bas rtsa gsum dril sgrub kyi gtor bsngos lta bu la'ang 'di ltar sbyar du rung zhes bka' bstsal ba'i tshe thog mtha'i mtshams sbyor rnams rje bla ma nyid la mdzad par gsol ba btab nas khol phyung bklag chog tu bkod pa'ang rdo rje'i slob bu'i tha chung bkra shis dpal 'byor gyis 'og min bla ma'i gdan sa rdzong sar bkra shis lha rtse'i gzim spyil bkra shis 'chi med grub pa'i dga' tshal du gus pas bris pa 'dis kyang nges gsang bla med rdo rje rtse mo'i ring lugs kyi bshad sgrub bstan pa'i mnga' thang mkha' mthar khyab par brdal ba'i dpal du gyur cig_/sarba dA mang+ga laM/__/dge'o//__//