DKYD-KABUM-07-JA-024: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=གཉན་སྲས་རྡོ་རྗེའི་བསང་མཆོད།
|fulltitle=gnyan sras rdo rje'i bsang mchod
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|tibgenre=Smoke Offerings - bsangs mchod - lha bsang
|terma=Yes
|terma=Yes
|language=Tibetan
|language=Tibetan
Line 15: Line 17:
|volnumtib=ཇ
|volnumtib=ཇ
|volyigtib=༧
|volyigtib=༧
|volumeLetter=JA
|totalvolumes=8
|textnuminvol=024
|textnuminvol=024
|multivolumework=No
|colophontib=།ཟོ་དོར་ཐ་ཚིག་བོར་བའི་ཚེ། །བདག་ཉིད་བློ་གསལ་དབང་མོ་ཡིས། །ཐོལ་བྱུང་ཤར་བཞིན་ཐོགས་མེད་བཀོད། །ཤིན་ཏུ་རྣོ་མྱུར་ཕྲིན་ལས་འགྲུབ། །ཞལ་དྲོ་བཀྲ་ཤིས་དཔལ་འབར་ཤོག །
|colophonwylie=/zo dor tha tshig bor ba'i tshe/_/bdag nyid blo gsal dbang mo yis/_/thol byung shar bzhin thogs med bkod/_/shin tu rno myur phrin las 'grub/_/zhal dro bkra shis dpal 'bar shog_/
|pdflink=File:DKYD-KABUM-07-JA-024.pdf
|pdflink=File:DKYD-KABUM-07-JA-024.pdf
|volumeLetter=JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
}}

Latest revision as of 12:06, 28 June 2024

Wylie title gnyan sras rdo rje'i bsang mchod
Location mdo mkhyen brtse bka' 'bum
Volume 7, Text 24, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
Colophon

།ཟོ་དོར་ཐ་ཚིག་བོར་བའི་ཚེ། །བདག་ཉིད་བློ་གསལ་དབང་མོ་ཡིས། །ཐོལ་བྱུང་ཤར་བཞིན་ཐོགས་མེད་བཀོད། །ཤིན་ཏུ་རྣོ་མྱུར་ཕྲིན་ལས་འགྲུབ། །ཞལ་དྲོ་བཀྲ་ཤིས་དཔལ་འབར་ཤོག །

/zo dor tha tshig bor ba'i tshe/_/bdag nyid blo gsal dbang mo yis/_/thol byung shar bzhin thogs med bkod/_/shin tu rno myur phrin las 'grub/_/zhal dro bkra shis dpal 'bar shog_/

[edit]
༄༅། །རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མར། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །མདོ་སྨད་རྒྱལ་མོ་རོང་གི་ཆར། །ཡུལ་ལ་དབང་བསྒྱུར་མཆོད་ཐབས་བསྟན། །བསང་དང་གསེར་སྐྱེམས་མཆོད་བྱས་ལ། །རཾ་ཡཾ་ཁཾ། བསང་དང་གསེར་སྐྱེམས་ཀྱི་མ་དག་པའི་ཉེས་ཚོགས་ཐམས་ཅད་བསྲེགས་གཏོར་བཀྲུས་ཤིང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཀྱཻ། རིན་ཆེན་རྡོ་རྗེའི་བྲག་ལ་གནས་བཅས་པས། །ཟོ་དོར་གཉན་སྲས་རྡོ་རྗེ་གཡུ་རྒྱལ་རྩལ། །སྐུ་མདོག་དམར་ནག་ཁྲབ་རྨོག་བེར་ཆེན་གསོལ། །གཡས་པས་མདུང་དར་གཡོན་པས་སྦྲུལ་ཞགས་བསྣམས། །འཁོར་གསུམ་བསྐོར་ཞིང་གྲོ་བོ་གཡུ་རྔོག་ཆིབས། །ཡུམ་ཆེན་ཀླུ་སྨན་དངོས་གྲུབ་མཆོག་སྟེར་མ། །ཡིད་བཞིན་ནོར་བུ་གཏེར་གྱི་བུམ་པ་འཛིན། །བློན་པོ་བདུད་བཙན་ཀླུ་གསུམ་ལས་ལ་རྔམས། །འཁོར་དུ་བཙན་གྱི་དམག་ཚོགས་འབུམ་གྱིས་བསྐོར། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །ས་མ་ཡ་ཛ་ཛཿ །ཁྱེད་ལ་དགྱེས་བའི་མཆོད་པ་འབུལ་བ་ནི། །ཤིང་རྩི་ཟས་སྣ་འབྲུ་སྨན་བསྲེགས་པ་ཡིས། །དུད་པ་ལས་བྱུང་འདོད་ཡོན་ཆར་སྤྲིན་འཕྲོ། །མ་དག་ཉེས་པའི་ཚོགས་ཀུན་སྦྱོང་བྱེད་ཅིང༌། །གང་འདོད་འདོད་ཡོན་ལོངས་སྤྱོད་མི་ཟད་གཏེར། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །སྐྱེམས་ཕུད་རོ་བརྒྱ་ནུས་བ་སྟོང་དང་ལྡན། །ལུས་ཀྱི་བཀྲག་མདངས་ནུས་པ་སྐྱེད་བྱེད་རྫས། །མཆོད་དོ་འབུལ་ལོ་དགྱེས་པར་བཞེས་སུ་གསོལ། །བསང་ངོ་མཆོད་དོ་མ་དག་སྒྲིབ་པ་སྦྱངས། །ཟོ་དོར་གཙོ་བོ་རྡོ་རྗེ་གཡུ་རྒྱལ་བསང༌། །ཡུམ་ཆེན་ཀླུ་སྨན་དངོས་གྲུབ་མཆོག་སྟེར་བསང༌། །བཀའ་ཡི་བློན་པོ་བདུད་བཙན་ཀླུ་གསུམ་བསང༌། །འཁོར་གྱི་ལས་བྱེད་བཙན་དམག་འབུམ་སྡེ་བསང༌། །གཙང་མ་བདུད་རྩི་གསེར་སྐྱེམས་ཕུད་ཀྱིས་མཆོད། །ཐུགས་ཀྱི་དགྱེས་པ་སྐོངས་ལ་ཉམས་ཆག་བཤགས། །ཏཱ་རེ་རྡོ་རྗེ་ཕག་མོའི་སྤྲུལ་བསྒྱུར་གར། །ཡུམ་ཆེན་མནྡཱ་ར་བའི་བཀའ་བསྒོས་ཀྱིས། །ཐ་ཚིག་མ་འདའ་རྡོ་རྗེའི་དམ་ཚིག་སྲུངས། །གསུམ་ལྡན་རྡོ་རྗེ་སློབ་དཔོན་མཛད་ཕྲིན་སྤེལ། །དམ་ལྡན་རིག་འཛིན་ཚོགས་ཀྱི་ཞབས་ཏོག་སྒྲུབས། །རིགས་ལྡན་ཆོས་ཀྱི་རྒྱལ་པོའི་ཆབ་སྲིད་སྐྱོང༌། །བསོད་ནམས་ལོངས་སྤྱོད་སྙན་གྲགས་རྒྱས་པ་དང༌། །རྩེ་གཅིག་དད་དང་བརྩེ་གདུང་ལྡན་པ་ཡིས། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་སྤེལ། །མཁོན་སེམས་གདུག་པའི་བསམ་སྦྱོར་ཀུན་སྤངས་ཤིང༌། །སྡང་བའི་སེམས་ལྡན་བསམ་ངན་སྦྱོར་རྩུབ་ཀྱིས། །དམིགས་པའི་དགྲ་བོའི་འདུན་མ་རླུང་ལ་བསྐུར། །སྲོག་ཆོད་དབུགས་ལོངས་བསོད་ནམས་ཟ་ཐང་འཕྲོག །སྡུག་བསྔལ་ཉམས་སུ་མྱོང་ཞིང་མཐའ་བརླག་ཐོངས། །དད་དམ་ལྡན་པའི་བསམ་དོན་གཉེར་བའི་ལས། །འབད་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །བཀྲ་ཤིས་དཔལ་འབར་ཕྱོགས་ལས་རྣམ་རྒྱལ་ཤོག །ཟོ་དོར་ཐ་ཚིག་བོར་བའི་ཚེ། །བདག་ཉིད་བློ་གསལ་དབང་མོ་ཡིས། །ཐོལ་བྱུང་ཤར་བཞིན་ཐོགས་མེད་བཀོད། །ཤིན་ཏུ་རྣོ་མྱུར་ཕྲིན་ལས་འགྲུབ། །ཞལ་དྲོ་བཀྲ་ཤིས་དཔལ་འབར་ཤོག །