འཕགས་ཡུལ་གྲུབ་པའི་དབང་ཕྱུག་ཅེས་པ།

From Khyentse Lineage - A Tsadra Foundation Project
JKW-KABUM-01-KA-004-011
Wylie title 'phags yul grub pa'i dbang phyug ces pa JKW-KABUM-01-KA-004.pdf
Location mkhyen brtse'i bka' 'bum
Volume 1, sde tshan 4, Text 11, Pages 485-486 (Folios 5a6 to 5b2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. 'phags yul grub pa'i dbang phyug ces pa. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 485-486. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Supplications - gsol 'debs
Colophon

།ཅེས་པའང་ལྷ་རྩེ་དབོན་བླ་མ་མཆོག་གིས་གསུངས་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ།

ces pa'ang lha rtse dbon bla ma mchog gis gsungs ngor 'jam dbyangs mkhyen brtse'i dbang pos bris pa dge

1 Texts in this Section (sde tshan or chos tshan)

[edit]
འཕགས་ཡུལ་གྲུབ་པའི་དབང་ཕྱུག་ཀུ་ཀུ་རི། །གངས་ཅན་རྣལ་འབྱོར་སྤྱོད་པ་ཐང་སྟོང་རྒྱལ། །དེང་འདིར་སུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ། །ཡེ་ཤེས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །སྐྱེ་ཞིང་སྐྱེ་བར་མགོན་པོ་མཆོག་ཁྱོད་ཀྱིས། །རྗེས་བཟུང་དམ་ཆོས་སྒྲུབ་པའི་བར་ཆད་ཞི། །ཉམས་རྟོགས་ཡོན་ཏན་ཡེ་ཤེས་གོང་འཕེལ་ནས། །འགྲོ་ཀུན་ཕྱམས་གཅིག་རྡོ་རྗེའི་སར་འགོད་ཤོག །ཅེས་པའང་ལྷ་རྩེ་དབོན་བླ་མ་མཆོག་གིས་གསུངས་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

Footnotes

Other Information