རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བཀའ་བབས་ཀྱི་དཀར་ཆག་མདོར་བསྡུས་སུ་བཀོད་པ་ཉུང་ངུ་རྣམ་གསལ།
Wylie title | rdzong sar 'jam dbyangs mkhyen brtse dbang po'i bka' babs kyi dkar chag mdor bsdus su bkod pa nyung ngu rnam gsal | |
---|---|---|
Location | mkhyen brtse'i bka' babs Volume 1, Text 1, Pages 1-88 (Folios 1a1 to 44b3) | |
Author | ཕུན་ཚོགས་རྣམ་རྒྱལ་ | |
Less details More details | ||
Citation | phun tshogs rnam rgyal. Rdzong sar 'jam dbyangs mkhyen brtse dbang po'i bka' babs kyi dkar chag mdor bsdus su bkod pa nyung ngu rnam gsal. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 1: 1-88. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |
Genre | Catalogue of Contents - dkar chag | |
Karchag page | JKW-KABAB-Volume-01-KA-Karchag | |
Colophon |
།དེ་ལྟར་བཀའ་བབས་ཀྱི་སྐོར་འདི་དག་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་དཀར་ཆག་གནང་བ་ལ། བློ་གྲོས་ཕུན་ཚོགས་ལགས་ནས་སྐུ་ངལ་ལ་མ་འཛེམས་པར་བསྡུ་བསྒྲིག་གནང་ཀྱང་དེ་སྐབས་མ་ཕྱི་མ་རྙེད་པ་དང་ལས་བྱང་དང་དབང་ཆོག་གསར་བསྒྲིག་དགོས་རིགས་ཀྱང་མང་དུ་འདུག་པ་ལ། སླར་གློག་འཕྲུལ་དུ་བཅུག་པའི་གོ་སྐབས་དང་བསྟུན་ནས་བདག་ཕུན་ཚོགས་རྣམ་རྒྱལ་པས་ཕྲིན་དབང་གི་ཆོ་ག་དུ་མ་ཞིག་གསར་བསྒྲིག་དང༌། སྔར་ཡོད་ཀྱི་དབང་ཆོག་རྣམ་ལས་མི་ཏྲཱིའི་ཚེ་དཀར་གྱི་དབང་ཆོག་མ་གཏོགས་གཞན་ཐམས་ཅད་ནག་འགྲོས་སུ་མ་བཏང་བ་མེད་ཀྱང་འགའ་ཞིག་གི་འཇུག་ཏུ་དངོས་སུ་མ་སྨོས་པ་ཙམ་དུ་ཟད་ལ། ནག་འགྲོས་སུ་བཀོད་པའི་དགོས་པ་ནི་དཀའ་ཚེགས་ཅན་གྱི་ཆོ་ག་དག་གི་སོགས་ཁོངས་ཇི་བཞིན་གཤངས་མི་ནུས་པའི་རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་སར་འགྱིང་བ་མི་ཉུང་བ་ཞིག་ད་ལྟ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་འདི་དག་གིས་དོན་གྱིས་དབང་རྒྱུན་བཅད་པར་མཐོང་ཤིང༌། མ་འོངས་པར་ཡང་ངོ་ཚ་མེད་པའི་བླུན་པོ་ལེ་ལོ་ཅན་གྱི་སློབ་དཔོན་དག་གི་མཛད་སྤྱོད་དེ་འདྲ་ལས་མི་འདའ་བས་དབང་རྒྱུན་ནུབ་ཀྱིས་དོགས་ནས། སྨིན་གྲོལ་གྱི་བགོ་སྐལ་ཕྱི་མའི་མི་རབས་རྣམས་ཀྱི་ལག་ཏུ་སྤྲོད་པ་ཁོ་ནའི་ཆེད་དུ་བྱས་པ་སྟེ། འདོན་བདེར་བྱས་པ་ལ་ཐུགས་མི་དགྱེས་པ་དག་གིས་ནི་མ་ཕྱི་གཏེར་མཛོད་དུ་བཞུགས་པ་ནག་འགྲོས་སུ་མ་བྱས་པ་དག་སྤྱད་དུ་གསོལ་བ་བཅས། སྤྱི་ལོ། ༢༠༠༨ སྤྱི་ཟླ། ༥ པའི་སྤྱི་ཚེས། ༢༨ དང་བོད་ཟླ་གསུམ་པའི་ཚེས་ཉེར་གསུམ་ལ། ཕུན་ཚོགས་རྣམ་རྒྱལ་པས་བཤད་སྒྲུབ་བསྟན་པའི་འབྱུང་གནས་རྫོང་སར་བཀྲ་ཤིས་ལྷ་རྩེའི་རང་གནས་ཀྱི་ཁང་བུར་བསྡེབས་པ་དགེ། | |
de ltar bka' babs kyi skor 'di dag dil mgo mkhyen brtse rin po ches dkar chag gnang ba la/__blo gros phun tshogs lags nas sku ngal la ma 'dzems par bsdu bsgrig gnang kyang de skabs ma phyi ma rnyed pa dang las byang dang dbang chog gsar bsgrig dgos rigs kyang mang du 'dug pa la/__slar glog 'phrul du bcug pa'i go skabs dang bstun nas bdag phun tshogs rnam rgyal pas phrin dbang gi cho ga du ma zhig gsar bsgrig dang*/__sngar yod kyi dbang chog rnam las mi trI'i tshe dkar gyi dbang chog ma gtogs gzhan thams cad nag 'gros su ma btang ba med kyang 'ga' zhig gi 'jug tu dngos su ma smos pa tsam du zad la/__nag 'gros su bkod pa'i dgos pa ni dka' tshegs can gyi cho ga dag gi sogs khongs ji bzhin gshangs mi nus pa'i rdo rje slob dpon chen po'i go sar 'gying ba mi nyung ba zhig da lta mthong thos kyi yul du gyur pa 'di dag gis don gyis dbang rgyun bcad par mthong shing*/__ma 'ongs par yang ngo tsha med pa'i blun po le lo can gyi slob dpon dag gi mdzad spyod de 'dra las mi 'da' bas dbang rgyun nub kyis dogs nas/__smin grol gyi bgo skal phyi ma'i mi rabs rnams kyi lag tu sprod pa kho na'i ched du byas pa ste/__'don bder byas pa la thugs mi dgyes pa dag gis ni ma phyi gter mdzod du bzhugs pa nag 'gros su ma byas pa dag spyad du gsol ba bcas/__spyi lo/__2008__spyi zla/_5__pa'i spyi tshes/_28__dang bod zla gsum pa'i tshes nyer gsum la/__phun tshogs rnam rgyal pas bshad sgrub bstan pa'i 'byung gnas rdzong sar bkra shis lha rtse'i rang gnas kyi khang bur bsdebs pa dge |