གནོད་སྦྱིན་གང་བ་བཟང་པོའི་གསོལ་མཆོད།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-083
Wylie title gnod sbyin gang ba bzang po'i gsol mchod JKCL-KABUM-11-DA-083.pdf
Location chos kyi blo gros bka' 'bum
Volume 11, Text 83, Pages 445-446 (Folios 1a1 to 1b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gnod sbyin gang ba bzang po'i gsol mchod. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 445-446. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Deity gnod sbyin
Colophon

།ཅེས་པའང་སྤྲེལ་ལོ་ཟླ་༧ཚེས་༡༨ལ་གནོད་སྦྱིན་གཞི་བདག་ཆེན་པོས་གངས་ཕུག་ཆུ་མདོར། ཆོས་ཀྱི་བློ་གྲོས་པས་བྲིས་པ་བཀྲ་ཤིས་པར་གྱུར་ཅིག།

/ces pa'ang sprel lo zla 7tshes 18la gnod sbyin gzhi bdag chen pos gangs phug chu mdor/__chos kyi blo gros pas bris pa bkra shis par gyur cig/

1 Texts in this Section (sde tshan or chos tshan)

[edit]
གནོད་སྦྱིན་གང་བ་བཟང་པོའི་གསོལ་མཆོད་ལ། གཏོར་མ་དཀར་དམར་དང་། སྐྱེམས་ཕུད་ཕྱེ་མར་བཤམས་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབ། ཀྱེ། །སྲིད་པ་དང་པོ་ཆགས་པ་ཡི། །ལྷ་ཡི་དགེ་བསྙེན་གནོད་སྦྱིན་གྱི། །རྟ་བདག་བརྒྱད་ཀྱི་ཡ་གྱལ་ཆེ། །སྡེ་དཔོན་ཆེན་པོ་གང་བ་བཟང་། །ཕྱི་ལྟར་གནོད་སྦྱིན་གཞི་ཡི་བདག །ནང་དུ་རྡོ་རྗེ་བདུད་འདུལ་ཆེ། །གསང་བར་ཕྱག་ན་རྡོ་རྗེ་དང་། །གཉིས་མེད་གནོད་སྦྱིན་ཆེན་པོ་ནི། །སྲས་ཡུམ་བློན་འབངས་སྤྲུལ་འཁོར་དང་། །གནོད་སྦྱིན་བྱེ་བ་འབུམ་གྱི་ཚོགས། །ལྷ་ཀླུ་གནོད་སྦྱིན་བཙན་དང་གིང་། །བདུད་དང་མཚོ་སྨན་སྲིན་པོ་དང་། །ཁྱད་པར་ཡེ་ཤེས་ཁྱུང་ཆེན་གྱི། །སྤྲུལ་པ་མཁའ་ལྡིང་གསེར་མིག་འཁྱིལ། །ཡང་འཁོར་འབུམ་ཕྲག་དུ་མ་དང་། །ཨོ་རྒྱན་པདྨའི་ཟབ་གཏེར་དང་། །གངས་བར་ཕུག་མོའི་གཟིམས་ཕུག་སོགས། །གནས་གཏེར་སྲུང་མ་གཉན་པོ་རྣམས། །འདིར་གཤེགས་གཏོར་མ་གསེར་སྐྱེམས་དང་། །འདོད་ཡོན་མཆོད་གཏོར་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བསམ་དོན་ཡིད་བཞིན་འགྲུབ་པ་དང་། །ནད་གདོན་གནོད་པ་ཀུན་སོལ་ལ། །འཁོར་སྲུངས་རྐྱེན་བཟློག་བསམ་པ་སྒྲུབས། །ཆོས་འཁོར་གཙུག་ལག་དབེན་གནས་སྐྱོངས། །བཤད་སྒྲུབ་འདུ་བ་རྒྱས་པ་དང་། །བསྟན་འཛིན་སྐྱེས་མཆོག་ཞབས་པད་བརྟན། །བོད་ཁམས་དུས་ཀྱི་རྒུད་པ་ཞི། །མཐའ་དམག་དམ་སྲི་རྒྱ་འདྲེ་དང་། །རྒྱལ་འགོངས་འབྱུང་པོ་རྡུལ་དུ་རློགས། །དགེ་བཅུའི་འབྱོར་པས་རབ་ཕྱུག་ཅིང་། །ཕུན་ཚོགས་དཔལ་གྱིས་འབྱོར་པ་དང་། །སྲིད་ཞིའི་ཕྱྭ་གཡང་རབ་ཏུ་བསྡུས། །བཀྲ་ཤིས་དགེ་ལེགས་དར་རྒྱས་ཤོག །ཅེས་གཏོར་མ་སྐྱེམས་ཕུད་མཆོད་དོ། །ཅེས་པའང་སྤྲེལ་ལོ་ཟླ་༧ཚེས་༡༨ལ་གནོད་སྦྱིན་གཞི་བདག་ཆེན་པོས་གངས་ཕུག་ཆུ་མདོར། ཆོས་ཀྱི་བློ་གྲོས་པས་བྲིས་པ་བཀྲ་ཤིས་པར་གྱུར་ཅིག། །།

Footnotes

Other Information