JKW-KABUM-12-NA-014-001

From Khyentse Lineage - A Tsadra Foundation Project
Revision as of 16:00, 15 December 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན།
Wylie title rdor sems thugs kyi sgrub pa'i sngon 'gro'i ngag 'don JKW-KABUM-12-NA-014.pdf
Location mkhyen brtse'i bka' 'bum
Volume 12, sde tshan 14, Text 1, Pages 481-486 (Folios 1a to 3b5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Gter bdag gling pa 'gyur med rdo rje)
Citation 'jam dbyangs mkhyen brtse'i dbang po. rdor sems thugs kyi sgrub pa'i sngon 'gro'i ngag 'don. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 12: 481-486. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Liturgy - ngag 'don  ·  Preliminary Practices - sngon 'gro
Cycle དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ (dpal rdo rje sems dpa' thugs kyi sgrub pa)
Deity rdo rje sems dpa'
Recension Link Other Versions on this site: JKW-KABAB-01-KA-010
Colophon

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རིམ་གཉིས་ལམ་གྱི་སྔོན་འགྲོའི་ངག་འདོན་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ།

rdor sems thugs kyi sgrub pa'i rim gnyis lam gyi sngon 'gro'i ngag 'don snying por dril ba'i le'u tshan no

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན་བཞུགས་སོ། ། ན་མོ་གུ་རུ་བཛྲ་ས་ཏྭཱ་ཡ། སྐྱབས་འགྲོ་ནི། ན་མོཿ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལཿ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུནཿ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པརཿ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆིཿ སེམས་བསྐྱེད་ནི། ཧོཿ དེང་ནས་བཟུང་སྟེ་འཁོར་བ་མ་སྟོང་པརཿ རྒྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེཿ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའིཿ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱིའོཿ རྡོར་སེམས་སྒོམ་བཟླས་ནི། རང་ཉིད་ཐ་མལ་སྤྱི་སྟེང་པད་ཟླའི་སྟེངཿ ཧཱུྃ་དཀར་འཕྲོ་འདུས་རྡོར་སེམས་དཀར་གསལ་འཚེརཿ རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་རྒྱན་གྱིས་མཛེསཿ རང་འདྲའི་ཡུམ་འཁྱུད་མཚན་དཔེའི་གཟི་བྱིན་ཅནཿ སེམས་སྐྱིལ་གྱིས་བཞུགས་ཐུགས་ཀར་པད་ཟླའི་སྟེང་༔ དཀར་གསལ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ། མཐའ་སྐོར་བཛྲ་ས་ཏྭའི་སྔགས་ཕྲེང་རྣམས༔ གཡས་སུ་རང་སྒྲ་དང་བཅས་འཁོར་བ་ཡིཿ སྔགས་ཕྲེང་སྐུ་ལས་བདུད་རྩིའི་རྒྱུན་བབས་པསཿ སྡིག་སྒྲིབ་ཉེས་ལྟུང་དྲི་མ་ཐམས་ཅད་སྦྱངསཿ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས། ཞེས་ཅི་ནུས་བཟླཿ མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིསཿ དམ་ཚིག་ལས་ནི་འགལ་ཞིང་ཉམསཿ བླ་མ་མགོན་པོས་སྐྱབས་མཛོད་ཅིགཿ གཙོ་བོ་རྡོ་རྗེ་འཛིན་པ་སྟེཿ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅནཿ འགྲོ་བའི་གཙོ་ལ་བདག་སྐྱབས་མཆིཿ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོཿ སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལཿ ཞེས་གསོལ་བ་གདབ། མཎྜལ་ནི། རིན་ཆེན་ས་གཞི་ལྷུན་པོ་འཁོར་ཡུག་བཅསཿ གསེར་རི་རོལ་མཚོ་གླིང་བཞི་གླིང་ཕྲན་བརྒྱདཿ ལྷ་མིའི་འབྱོར་ཚོགས་རྒྱ་མཚོའི་ཡོངས་གང་བཿ རྣམ་དག་ཞིང་དུ་དམིགས་ཏེ་འབུལ་བར་བགྱིཿ ཡན་ལག་བདུན་པ་ནིཿ བླ་མ་དཔལ་ལྡན་རྡོ་རྗེ་སེམསཿ མཆོག་གསུམ་རྒྱལ་བ་སྲས་བཅས་ལཿ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིངཿ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོདཿ སྡིག་པ་ལས་ནི་ལྡོག་བགྱི་ཞིངཿ བསོད་ནམས་ཀུན་ལ་རྗེས་ཡི་རངསཿ རྟག་ཏུ་ཆོས་འཁོར་བསྐོར་བ་དངཿ འགྲོ་གནས་བར་དུ་བཞུགས་སླད་དུཿ བདག་ནི་གུས་པས་གསོལ་བ་འདེབསཿ བསོད་ནམས་གང་དེས་མཁའ་མཉམ་འགྲོཿ བླ་མེད་བྱང་ཆུབ་གནས་ཐོབ་ཤོགཿ ཅེས་ཅི་ནུས་བརྗོད། གསོལ་འདེབས་ནི། ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང་། །བདེ་སྟོང་དབྱེར་མེད་དཔལ་ལྡན་རྡོ་རྗེ་སེམས། །རྒྱལ་ཚབ་སྟོན་པ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟུང་འཇུག་མཐར་ཕྱིན་ཤྲཱི་སེདྷའི་ཞབས། །གསང་བའི་མཛོད་འཛིན་རྡོ་རྗེ་ཧཱུྃ་མཛད་དང་། །ཟབ་ལམ་སྙིང་པོའི་དོན་གཟིགས་བི་མ་ལ། གསོལ་བ༴ དུས་གསུམ་སངས་རྒྱས་ཀུན་དངོས་པདྨ་འབྱུང་། །མཁའ་སྤྱོད་དབང་མོ་ཡེ་ཤེས་མཚོ་རྒྱལ་དང་། །ངེས་དོན་ལམ་བཟང་གསལ་མཛད་བཻ་རོ་རྗེ། གསོལ་བ༴ སྨིན་གྲོལ་འདོད་དགུའི་མཆོག་སྩོལ་གཏེར་བདག་གླིང་། །བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་པར་རྒྱལ། །འཚོ་རྒྱལ་དངོས་སྣང་མི་འགྱུར་དཔལ་སྒྲོན་ལ། གསོལ་བ༴ ཐམས་ཅད་མཁྱེན་པ་ཨཽ་ཌཱི་ཡཱ་ན་དང་། །རིག་འཛིན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ཞབས། །གདོད་མའི་མགོན་པོ་ཕྲིན་ལས་ཆོས་སྒྲོན་ལ། གསོལ་བ༴ བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །བདེ་ཆེན་སྒྱུ་མའི་རྣམ་རོལ་ཡི་དམ་ལྷ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་ལ། གསོལ་བ༴ འདིས་ཐོབ་དགེ་བས་བདག་གཞན་མཁའ་མཉམ་འགྲོ། །བྱང་ཆུབ་སེམས་འབྱོངས་གང་ཤར་ལྷ་སྐུར་ཤར། །ཁྲེགས་ཆོད་ལྟ་བ་མཐར་ཕྱིན་ཐོད་བརྒལ་གྱིས། །འཕོ་མེད་ཟབ་ལམ་མཐའ་རུ་ཕྱིན་པར་ཤོག །དབང་བླང་བ་ནི། །སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་རྗེས་ཏེར་དགོངས་ནས། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་ཤིས་བདག་རྒྱུད་གཏམས་པར་མཛོད། །གུ་རུའི་སྤྱི་བོར་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་༴ ངག་གི་དྲི་མ༴ ལམ་རྩ་རླུང་བསྒོམ་པ༴ འབྲས་བུ་ལོངས་སྐུ་ཐོབ་པའི༴ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི༴ ཡིད་ཀྱི་དྲི་མ་ལམ་ཐིག་ལེ་བསྒོམ༴ འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རིམ་གཉིས་ལམ་གྱི་སྔོན་འགྲོའི་ངག་འདོན་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། ། ༈
[edit]

rdor sems thugs kyi sgrub pa'i sngon 'gro'i ngag 'don/ @#/__/rdor sems thugs kyi sgrub pa'i sngon 'gro'i ngag 'don bzhugs so/__/_ na mo gu ru badz+ra sa twA ya/__skyabs 'gro ni/__na moH__phyogs dus bde gshegs rgyal ba sras bcas laH__bdag sogs mkha' mnyam 'gro ba ma lus kunaH__deng nas bzung ste byang chub ma thob paraH__sgo gsum gus pas rtag tu skyabs su mchiH__sems bskyed ni/__hoH__deng nas bzung ste 'khor ba ma stong paraH__rgyal ba rnams kyi phrin las dbang bsgyur teH__mtha' med 'gro kun myang 'das gzhir 'god pa'iH__sems ni byang chub dam par bskyed bgyi'oH__rdor sems sgom bzlas ni/__rang nyid tha mal spyi steng pad zla'i stengaH__hU~M dkar 'phro 'dus rdor sems dkar gsal 'tsheraH__rdor dril 'dzin cing longs sku'i rgyan gyis mdzesaH__rang 'dra'i yum 'khyud mtshan dpe'i gzi byin canaH__sems skyil gyis bzhugs thugs kar pad zla'i steng :__dkar gsal rdo rje rtse lnga'i lte bar hU~M/__mtha' skor badz+ra sa twa'i sngags phreng rnams:__g.yas su rang sgra dang bcas 'khor ba yiH__sngags phreng sku las bdud rtsi'i rgyun babs pasaH__sdig sgrib nyes ltung dri ma thams cad sbyangasaH__oM badz+ra satwa sa ma ya sogs/__zhes ci nus bzlaH__mgon po bdag ni mi shes rmongs pa yisaH__dam tshig las ni 'gal zhing nyamasaH__bla ma mgon pos skyabs mdzod cigaH__gtso bo rdo rje 'dzin pa steH__thugs rje chen po'i bdag nyid canaH__'gro ba'i gtso la bdag skyabs mchiH__sku gsung thugs rtsa ba dang yan lag gi dam tshig nyams chag thams cad mthol zhing bshags soH__sdig sgrib nyes ltung dri ma'i tshogs thams cad byang zhing dag par mdzad du gsolaH__zhes gsol ba gdab/__maN+Dal ni/__rin chen sa gzhi lhun po 'khor yug bcasaH__gser ri rol mtsho gling bzhi gling phran brgyadaH__lha mi'i 'byor tshogs rgya mtsho'i yongs gang baH__rnam dag zhing du dmigs te 'bul bar bgyiH__yan lag bdun pa niH__bla ma dpal ldan rdo rje semasaH__mchog gsum rgyal ba sras bcas laH__rnam kun btud de phyag 'tshal zhingaH__phyi nang mchod pa rgya mtshos mchodaH__sdig pa las ni ldog bgyi zhingaH__bsod nams kun la rjes yi rangasaH__rtag tu chos 'khor bskor ba dngaH__'gro gnas bar du bzhugs slad duH__bdag ni gus pas gsol ba 'debasaH__bsod nams gang des mkha' mnyam 'groH__bla med byang chub gnas thob shogaH__ces ci nus brjod/__gsol 'debs ni/__khyab bdag dang po'i mgon po kun tu bzang /__/bde stong dbyer med dpal ldan rdo rje sems/__/rgyal tshab ston pa dga' rab rdo rje la/__/gsol ba 'debs so bdag rgyud byin gyis rlobs/__/zung 'jug mthar phyin shrI sed+ha'i zhabs/__/gsang ba'i mdzod 'dzin rdo rje hU~M mdzad dang /__/zab lam snying po'i don gzigs bi ma la/__gsol ba=__dus gsum sangs rgyas kun dngos pad+ma 'byung /__/mkha' spyod dbang mo ye shes mtsho rgyal dang /__/nges don lam bzang gsal mdzad bai ro rje/__gsol ba=__smin grol 'dod dgu'i mchog stsol gter bdag gling /__/bi ma'i rnam 'phrul rin chen rnam par rgyal/__/'tsho rgyal dngos snang mi 'gyur dpal sgron la/__gsol ba=__thams cad mkhyen pa au DI yA na dang /__/rig 'dzin 'gyur med phrin las rnam rgyal zhabs/__/gdod ma'i mgon po phrin las chos sgron la/__gsol ba=__bka' drin mnyam med rtsa ba'i bla ma dang /__/bde chen sgyu ma'i rnam rol yi dam lha/__/phrin las thogs med mkha' 'gro chos skyong la/__gsol ba=__'dis thob dge bas bdag gzhan mkha' mnyam 'gro/__/byang chub sems 'byongs gang shar lha skur shar/__/khregs chod lta ba mthar phyin thod brgal gyis/__/'pho med zab lam mtha' ru phyin par shog__/dbang blang ba ni/__/sku bzhi'i dbang phyug rgyal ba rdo rje 'chang /__/bdag sogs 'gro la thugs rjes ter dgongs nas/__/bum gsang shes rab ye shes de kho na'i/__/ye shes mchog shis bdag rgyud gtams par mdzod/__/gu ru'i spyi bor oM las 'od zer dkar po 'phros/__rang gi spyi bor thim pas bum pa'i dbang thob/__lus kyi dri ma sbyangs/__lam bskyed rim bsgom pa la dbang /__'bras bu sprul sku thob pa'i skal ba can du byas/__mgrin pa'i AHlas 'od zer dmar po 'phros/__rang gi mgrin par thim pas gsang =__ngag gi dri ma=__lam rtsa rlung bsgom pa=__'bras bu longs sku thob pa'i=__thugs ka'i hU~M las 'od zer sngon po/__rang gi snying gar thim pas shes rab ye shes kyi=__yid kyi dri ma lam thig le bsgom=__'bras bu chos sku thob pa'i skal ba can du byas so/__/slar yang gnas gsum las 'od zer dkar dmar mthing gsum 'phros/__rang gi gnas gsum du thim pas dbang bzhi pa thob/__ye shes kyi dri ma sbyangs/__lam rdzogs pa chen po bsgom pa la dbang /__'bras bu ngo bo nyid sku thob pa'i skal ba can du byas so/__/rdor sems thugs kyi sgrub pa'i rim gnyis lam gyi sngon 'gro'i ngag 'don snying por dril ba'i le'u tshan no/__/_!

Footnotes

Other Information