JKW-KABUM-01-KA-002-118

From Khyentse Lineage - A Tsadra Foundation Project
Revision as of 17:40, 2 March 2022 by Mort (talk | contribs) (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "|editortib=")
(diff) ← Older revision | Latest revision (diff) | Newer revision → (diff)

ཀུན་དགའ་བསྟན་པའི་བློ་གྲོས་ཀྱི་ཞབས་བརྟན།
Wylie title kun dga' bstan pa'i blo gros kyi zhabs brtan JKW-KABUM-01-KA-002.pdf
Location mkhyen brtse'i bka' 'bum
Volume 1, sde tshan 2, Text 118, Pages 357-359 (Folios 150a6 to 151a1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People ཀུན་དགའ་བསྟན་པའི་བློ་གྲོས་ (kun dga' bstan pa'i blo gros)
Citation 'jam dbyangs mkhyen brtse'i dbang po. kun dga' bstan pa'i blo gros kyi zhabs brtan. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 357-359. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཅེས་བསམ་པ་དག་ཅིང་སྦྱོར་བ་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་རྫས་རབ་དཀར། འཆི་མེད་ཚེ་མཐའ་ཡས་པའི་སྣང་བརྙན། འཆི་མེད་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་གླེགས་བམ། གོས་སེར་རྒྱས་པའི་མདངས་ཅན་ཁ་གྲུ། མི་འགྱུར་བའི་རིན་ཆེན་དང་པོ་ཞོ་འཁོར་བཀྲ་ཤིས་པའི་རྟགས་ཀྱི་གྲངས་ལྡན་བཅས་སྨིན་དྲུག་ཟླ་བའི་གྲལ་ཚེས་དགེ་བར་འབུལ་ལམ་ཞུས་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།

ces bsam pa dag cing sbyor ba gus pas gsol ba 'debs mtshon bkra shis pa'i lha rdzas rab dkar/__'chi med tshe mtha' yas pa'i snang brnyan/__'chi med pad+ma 'byung gnas kyi thugs bcud glegs bam/__gos ser rgyas pa'i mdangs can kha gru/__mi 'gyur ba'i rin chen dang po zho 'khor bkra shis pa'i rtags kyi grangs ldan bcas smin drug zla ba'i gral tshes dge bar 'bul lam zhus pa de de bzhin du 'grub par byin gyis brlab tu gsol

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ཨོཾ་སྭསྟི་སིདྡྷཾ། ཀུན༷་དག༷འི་རྣམ་འདྲེན་སྲས་བཅས་རྒྱལ་བ་རྣམས། །ཀུན༷་དག༷འི་རིང་ལུགས་ཆོས་བཞིན་སྐྱོང་བའི་ཕྱིར། །ཀུན༷་དག༷འི་མཚན་དཔེའི་དཔལ་འབར་རྡོ་རྗེའི་སྐུ། །ཀུན༷་དག༷འི་གདུང་སེལ་མཆོག་ཏུ་འཚོ་གཞེས་གསོལ། །བསྟན༷་པ༷འི་རྩ་བ་སོ་སོར་ཐར་པ་དང་། །བསྟན༷་པ༷འི་སྙིང་པོ་བྱང་སེམས་སྔགས་ཀྱི་ལམ། །བསྟན༷་པའི་དཔལ་དུ་འདོམས་མཛད་རྡོ་རྗེའི་གསུང་། བསྟན༷་པ༷འི་ཉི་མ་གཅིག་པུར་འཚོ་གཞེས་གསོལ། །བློ༷་གྲོས༷་ཟབ་མོས་ཇི་ལྟའི་དེ་ཉིད་གཟིགས། །བློ་གྲོས་རྒྱ་ཆེ་ཇི་སྙེད་ཤེས་བྱ་མཁྱེན། །བློ༷་གྲོས༷་དཔག་ཡས་འོད་གསལ་རྡོ་རྗེའི་ཐུགས༷། །བློ༷་གྲོས༷་མཚུངས་མེད་གྲུབ་པར་འཚོ་གཞེས་གསོལ། །དགེ༷་ལེགས༷་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་། །དགེ༷་ལེགས༷་རྟག་པ་དམ་པའི་ཕྲིན་ལས་ཕུལ། །དགེ༷་ལེགས༷་སྲིད་དང་ཞི་བའི་རྒྱན་གཅིག་པུར། །དགེ༷་ལེགས༷་རོལ་མོས་ས་གསུམ་ཁྱབ་པར་ཤོག །བཀྲ༷་ཤིས༷་སྲིད་ཞིའི་གཙོ་བོས་ཕྱག་བྱས་པའི། །བཀྲ༷་ཤིས༷་ཞབས་པད་འཁོར་ལོའི་རེ་ཁཱ་ཅན། །བཀྲ༷་ཤིས༷་ཚངས་སོགས་ཆེ་དགུའི་ཐོར་ཚུགས་རྩེར། །བཀྲ༷་ཤིས༷་སྣང་བ་རྟག་ཏུ་འབར་གྱུར་ཅིག །ཅེས་བསམ་པ་དག་ཅིང་སྦྱོར་བ་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་རྫས་རབ་དཀར། འཆི་མེད་ཚེ་མཐའ་ཡས་པའི་སྣང་བརྙན། འཆི་མེད་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་གླེགས་བམ། གོས་སེར་རྒྱས་པའི་མདངས་ཅན་ཁ་གྲུ། མི་འགྱུར་བའི་རིན་ཆེན་དང་པོ་ཞོ་འཁོར་བཀྲ་ཤིས་པའི་རྟགས་ཀྱི་གྲངས་ལྡན་བཅས་སྨིན་དྲུག་ཟླ་བའི་གྲལ་ཚེས་དགེ་བར་འབུལ་ལམ་ཞུས་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།
[edit]

kun dga' bstan pa'i blo gros kyi zhabs brtan/__ oM swasti sid+d+haM/__kunaX dgaX'i rnam 'dren sras bcas rgyal ba rnams/__/kunaX dgaX'i ring lugs chos bzhin skyong ba'i phyir/__/kunaX dgaX'i mtshan dpe'i dpal 'bar rdo rje'i sku/__/kunaX dgaX'i gdung sel mchog tu 'tsho gzhes gsol/__/bstanaX paX'i rtsa ba so sor thar pa dang /__/bstanaX paX'i snying po byang sems sngags kyi lam/__/bstanaX pa'i dpal du 'doms mdzad rdo rje'i gsung /__bstanaX paX'i nyi ma gcig pur 'tsho gzhes gsol/__/bloX grosaX zab mos ji lta'i de nyid gzigs/__/blo gros rgya che ji snyed shes bya mkhyen/__/bloX grosaX dpag yas 'od gsal rdo rje'i thugasaX/__/bloX grosaX mtshungs med grub par 'tsho gzhes gsol/__/dgeX legasaX lhun gyis grub pa'i yon tan dang /__/dgeX legasaX rtag pa dam pa'i phrin las phul/__/dgeX legasaX srid dang zhi ba'i rgyan gcig pur/__/dgeX legasaX rol mos sa gsum khyab par shog__/bkraX shisaX srid zhi'i gtso bos phyag byas pa'i/__/bkraX shisaX zhabs pad 'khor lo'i re khA can/__/bkraX shisaX tshangs sogs che dgu'i thor tshugs rtser/__/bkraX shisaX snang ba rtag tu 'bar gyur cig__/ces bsam pa dag cing sbyor ba gus pas gsol ba 'debs mtshon bkra shis pa'i lha rdzas rab dkar/__'chi med tshe mtha' yas pa'i snang brnyan/__'chi med pad+ma 'byung gnas kyi thugs bcud glegs bam/__gos ser rgyas pa'i mdangs can kha gru/__mi 'gyur ba'i rin chen dang po zho 'khor bkra shis pa'i rtags kyi grangs ldan bcas smin drug zla ba'i gral tshes dge bar 'bul lam zhus pa de de bzhin du 'grub par byin gyis brlab tu gsol/_

Footnotes

Other Information