JKW-KABAB-06-CHA-004

From Khyentse Lineage - A Tsadra Foundation Project
Revision as of 15:09, 4 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' babs |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKW-KABAB-06-CHA-004.pdf
Location mkhyen brtse'i bka' babs
Volume Expression error: Unrecognized word "cha"., Text 4, Pages (Folios to )
Author [[ | ]]
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation
Genre Revelations - gter ma
Karchag page JKW-KABAB-Volume-02-KHA-Karchag"CHA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"CHA" is not a number.</li></ul>

[edit]
༄༅། །སྔ་འགྱུར་རིག་འཛིན་བརྒྱུད་པའི་གསོལ་འདེབས་སྤྱི་འགྲོ་ནི། །ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང༌། །པདྨ་ཀ་ར་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་གནུབ་ཉང་གཏེར་སྟོན་བརྒྱ་རྩ་སོགས། །བཀའ་གཏེར་བླ་མ་རྣམས་ལ་གསོལ་བ་འདེབས། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང༌། །ཐུགས་རྗེའི་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང༌། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྫོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། །དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། །འགྲོ་བ་ཐར་གླིང་བགྲོད་པའི་དད་དཔོན་མཆོག །འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་པ། །འཇིགས་མེད་རྒྱལ་བའི་མྱུ་གུར་གསོལ་བ་འདེབས། །འོག་གི་མཁྱེན་ཀོང་མཆོག་གསུམ་གྱི་གསོལ་འདེབས་རྒྱས་པ་འཚམས་འདིར་སྦྱར་དེ་ནས། །འོད་གསལ་ཀ་དག་དགོངས་པའི་རྩལ་ཆེན་རྫོགས། །ལྷུན་གྲུབ་སྣང་བཞིའི་ཉམས་ལེན་ཚད་དུ་ཕྱིན། །པདྨའི་རྒྱལ་ཚབ་རྡོ་རྗེའི་རིག་པ་འཛིན། །སྣ་ཚོགས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །ཕྱི་ལྟར་རྒྱལ་སྲས་ཆོས་ཀྱི་བློ་གྲོས་རྗེ། །ནངལྟར་འཇམ་དཔལ་དྲི་མེད་གཤེས་གཉེན་དང༌། །གསང་བ་མཚན་རྫོགས་ཧེ་རུ་ཀཿདཔལ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིགས་ཀུན་ཁྱབ་བདག་པདྨ་མདོ་སྔགས་གླིང༌། །གཉིས་མེད་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི། །སྒྱུ་འཕྲུལ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང༌། །བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན། །རྩ་བའི་བླ་མའི་ཞབས་ལ་གསོལ་འདེབས། །གནས་ལུགས་རྟོགས་པ་སྐྱེ་བར་བྱིན་རློབས། །དེ་ནས་བརྒྱུད་འདེབས་ལ་འཇུག་གོ།
[edit]

@#/__/snga 'gyur rig 'dzin brgyud pa'i gsol 'debs spyi 'gro ni/__/kun bzang rdor sems dga' rab shrI sing*/__/pad+ma ka ra rje 'bangs nyi shu lnga/__/so zur gnub nyang gter ston brgya rtsa sogs/__/bka' gter bla ma rnams la gsol ba 'debs/__/'dzam gling mdzes pa'i rgyan drug mchog gnyis dang*/__/thugs rje'i lung rtogs mnyam pa'i mthu mnga' yang*/__/nags khrod dam par sbas pa'i brtul zhugs kyis/__/'khor 'das chos skur rdzogs pa'i klong chen pa/__/dri med 'od zer zhabs la gsol ba 'debs/__/shes bya kun mkhyen 'gro la rjes brtse'i gter/__/dri med 'od zer yang sprul thugs gter mdzod/__/'od gsal klong chen nam mkha'i rnal 'byor pa/__/'jigs med gling pa'i zhabs la gsol ba 'debs/__/'phags mchog 'jig rten dbang phyug thugs rje'i 'phrul/__/'gro ba thar gling bgrod pa'i dad dpon mchog__/'brel tshad don ldan klong chen rnal 'byor pa/__/'jigs med rgyal ba'i myu gur gsol ba 'debs/__/'og gi mkhyen kong mchog gsum gyi gsol 'debs rgyas pa 'tshams 'dir sbyar de nas/__/'od gsal ka dag dgongs pa'i rtsal chen rdzogs/__/lhun grub snang bzhi'i nyams len tshad du phyin/__/pad+ma'i rgyal tshab rdo rje'i rig pa 'dzin/__/sna tshogs rang grol zhabs la gsol ba 'debs/__/phyi ltar rgyal sras chos kyi blo gros rje/__/nangaltar 'jam dpal dri med gshes gnyen dang*/__/gsang ba mtshan rdzogs he ru kaHdpal la/__/gsol ba 'debs so bdag rgyud byin gyis rlobs/__/rigs kun khyab bdag pad+ma mdo sngags gling*/__/gnyis med 'jam dbyangs chos kyi blo gros kyi/__/sgyu 'phrul thub bstan chos kyi rgya mtsho la/__/gsol ba 'debs so bdag rgyud byin gyis rlobs/__/yon tan sangs rgyas kun dang mnyam na yang*/__/bka' drin sangs rgyas kun las lhag pa'i mgon/__/rtsa ba'i bla ma'i zhabs la gsol 'debs/__/gnas lugs rtogs pa skye bar byin rlobs/__/de nas brgyud 'debs la 'jug go/____

Footnotes

Other Information