JKW-KABAB-04-NGA-011: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' babs |collectiontitletib=མཁྱེན་བརྩེ...")
 
m (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "")
 
(6 intermediate revisions by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=སྨོན་ལམ་རྡོ་རྗེའི་རྒྱ་མདུད།
|fulltitle=smon lam rdo rje'i rgya mdud
|citation=[[Gter bdag gling pa 'gyur med rdo rje]]. ''smon lam rdo rje'i rgya mdud''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 4: 75-79. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
|collectiontitle=mkhyen brtse'i bka' babs
|collectiontitle=mkhyen brtse'i bka' babs
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|totalvolumes=22
|author=Gter bdag gling pa 'gyur med rdo rje
|sourcerevealer='jam dbyangs mkhyen brtse'i dbang po
 
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|authortib=གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་
|editor=rdzong sar blo gros phun tshogs
 
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
|tibgenre=Prayers - smon lam, Revelations - gter ma
|language=Tibetan
|tibgenre=Revelations - gter ma
|terma=Yes
|terma=Yes
|transmissiontype=yang gter - Rediscovered Treasure
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=004
|volumenumber=NGA
|volnumtib=༤
|volyigtib=ང་
|totalvolumes=22
|textnuminvol=011
|textnuminvol=011
|pagenumbers=75-79
|totalpages=5
|beginfolioline=1a1
|endfolioline=3a6
|totalfolios=3
|multivolumework=No
|versonotes=mkhyen brtse'i bka' babs
|archivistnotes=This text is included in the yang gter section of the collection and so it is cataloged as such. However, the text itself is not necessarily a yang gter.
|personnotes=Minling Terchen's ''smon lam rdo rje'i rgya mdud'' is only the first page and a half of this text, therefore the author of the rest of the work is not clear.
|pdflink=File:JKW-KABAB-04-NGA-011.pdf
|pdflink=File:JKW-KABAB-04-NGA-011.pdf
}}
}}

Latest revision as of 10:39, 16 November 2021

སྨོན་ལམ་རྡོ་རྗེའི་རྒྱ་མདུད།
Wylie title smon lam rdo rje'i rgya mdud JKW-KABAB-04-NGA-011.pdf
Location mkhyen brtse'i bka' babs
Volume 4, Text 11, Pages 75-79 (Folios 1a1 to 3a6)
Author གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་
Less details More details
Citation Gter bdag gling pa 'gyur med rdo rje. smon lam rdo rje'i rgya mdud. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 4: 75-79. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Prayers - smon lam  ·  Revelations - gter ma
Karchag page JKW-KABAB-Volume-04-NGA-Karchag
Notes This text is included in the yang gter section of the collection and so it is cataloged as such. However, the text itself is not necessarily a yang gter.

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །སྨོན་ལམ་རྡོ་རྗེའི་རྒྱ་མདུད་ནི། །བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང༌། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པར་མངོན་གྱུར་ཤོག །ཉམས་ཆགས་རྟོག་སྒྲིབ་མ་སྤངས་གནས་སུ་དག །ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་སྐོངས། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཐིག་ལེ་ཆེན་པོར་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོར་སྤངས་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོར་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོར་ཆོས་སྐུ་མངོན་གྱུར་ཤོག །བརྒྱུད་པ་གསུམ་གྱི་བྱིན་བརླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲྭ་བའི་ལམ་གསང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག །ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཞིང༌། །མཁའ་འགྲོ་རྣམས་ཀྱི་བུ་བཞིན་སྐྱོང་བ་དང༌། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང༌། །བསྟན་འཛིན་རྣམས་ཀྱིས་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ཞིང༌། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག ཡེ་དྷརྨ་བརྗོད་ཅིང་ཞྭ་བཞེས་བཀྲ་ཤིས་བརྗོད་དོ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་གཡོ་མེད་པ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང༌། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང༌། །གསང་སྔགས་རིགས་སྔགས་རྣམས་ཀྱི་མཐུ་སྟོབས་དང༌། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང༌། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང༌། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང༌། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང༌། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང༌། །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་བརྩམ་པ་དང༌། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་སྟེ། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ། །དཔལ་ལྡན་བླ་མས་དེང་འདིར་སྩོལ། །ཡི་དམ་ལྷ་ཡིས་དེང་འདིར་སྩོལ། །ཆོས་སྐྱོང་སྲུང་མས་དེང་འདིར་སྩོལ། །གཞི་བདག་རྣམས་ཀྱིས་དེང་འདིར་སྩོལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ཀུན་འཇིག་པ་ཆེ་ལས་ཐར་གྱུར་ཅིག །དེང་འདིར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ་བདུད་དང་སྤང་བྱ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་པ་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམས་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ས་ལ་འོག་མིན་ཨོ༷་རྒྱན༷་མཁའ་འགྲོའི་གནས། །གཉིས་པ་སྨིན༵་ཅིང་གྲོལ༷་བ་ཨ་ཏིའི་གླིང༷༌། །ངེས༷་པ༷་དོན་གྱི་དགའ༷་བའི༷་ཚལ༷་ཆེན་པོ། །ཕྱོག་དུས་ཀུན་ཏུ་དར་ཞིང་རྒྱས་པར་ཤོག །།
[edit]

@#/__/smon lam rdo rje'i rgya mdud ni/__/bla ma yi dam lha tshogs dgongs su gsol/__/deng 'dir brtson pas bsgrubs pa'i dge ba dang*/__/dus gsum bsags dang yod pa'i dge ba rnams/__/bsdoms te bla med byang chub chen por bsngo/__/deng nas byang chub snying por mchis kyi bar/__/rigs bzang blo gsal nga rgyal med pa dang*/__/snying rje che zhing bla ma la gus ldan/__/dpal ldan rdo rje'i theg la nges gnas shog__/dbang gis smin cing dam tshig sdom par ldan/__/rim gnyis lam la bsnyen sgrub mthar phyin te/__/dka' ba med par rig 'dzin go 'phang bgrod/__/dngos grub rnam gnyis bde blag 'grub gyur cig__/cir snang sgyu 'phrul drwa ba'i 'khor lor rdzogs/__/grags pa thams cad brjod bral sngags kyi sgra/__/sems kyi 'gyu ba rang rig 'dus ma byas/__/bde chen 'du 'bral med par mngon gyur shog__/nyams chags rtog sgrib ma spangs gnas su dag__/phyi nang gsang ba dbyer med rtogs pas skongs/__/gang shar rang grol kun bzang klong yangs su/__/ngan song dong sprugs srid zhi mnyam gyur cig__/thig le chen por sku dang zhing khams rdzogs/__/dam tshig chen por spangs blang mtshan ma dag__/khyab brdal chen por re dogs mdud pa grol/__/rdzogs pa chen por chos sku mngon gyur shog__/brgyud pa gsum gyi byin brlabs snying la zhugs/__/sgyu 'phrul drwa ba'i lam gsang sems la rdzogs/__/phrin las rnam bzhi lhun gyis grub pa yis/__/mu mtha' med pa'i 'gro ba sgrol bar shog__/zhi khro sprul pa'i 'khor los lung ston zhing*/__/mkha' 'gro rnams kyi bu bzhin skyong ba dang*/__/chos skyong srung mas bar chad kun bsal nas/__/yid la smon pa mtha' dag 'grub gyur cig__/rgyal ba'i bstan pa dar zhing rgyas pa dang*/__/bstan 'dzin rnams kyis bzhed pa'i don kun 'grub/__/ma lus skye rgu'i 'gal rkyen kun zhi zhing*/__/phun tshogs mtha' dag yid bzhin 'byor gyur cig__ye d+harma brjod cing zhwa bzhes bkra shis brjod do/__/phun sum tshogs pa mnga' ba gser gyi ri bo 'dra/__/'jig rten gsum gyi mgon po dri ma gsum spangs pa/__/sangs rgyas pad+ma rnam rgyas 'dab 'dra'i spyan mnga' ba/__/des ni khyod la de ring zhi byed bkra shis shog__/de yis nye bar bstan pa'i mchog rab g.yo med pa/__/'jig rten gsum na grags shing lha dang mis mchod pa/__/chos kyi dam pa skye dgu rnams la zhi byed pa/__/des ni khyod la de ring zhi byed bkra shis shog__/dam chos ldan pa thos pa'i bkra shis kyis phyug cing*/__/dge 'dun mi dang lha dang lha min yon gyi gnas/__/tshogs kyi mchog rab ngo tsha shes dang dpal gyi gzhi/__/des ni khyod la de ring zhi byed bkra shis shog__/che ba'i che mchog ston mchog bla na med/__/chos rje nyi ma rgyal ba'i byin rlabs kyis/__/bdud dang bgegs rigs gnod pa'i dgra zhi ste/__/rtag tu dpal gnas nyin mtshan bkra shis shog__/chos nyid bden pa'i chos mchog bla na med/__/dam chos bdud rtsi bden pa'i byin rlabs kyis/__/nyon mongs sdug bsngal gdung ba'i dgra zhi ste/__/rtag tu dpal gnas nyin mtshan bkra shis shog__/dge 'dun yon tan rin chen dpal 'bar ba/__/rgyal sras phan mdzad bden pa'i byin rlabs kyis/__/nyes pa'i skyon bral dge tshogs rnam par 'phel/__/rtag tu dpal gnas nyin mtshan bkra shis shog__/sems can gang dag 'gro dang mi 'gro ba/__/de dag thams cad deng 'dir bde gyur cig__/ston mchog dam pa lha mis mchod 'os pa/__/sangs rgyas phyag 'tshal deng 'dir bde legs shog__/sems can gang dag 'gro dang mi 'gro ba/__/de dag thams cad deng 'dir bde gyur cig__/zhi ba chags bral lha mis mchod 'os pa/__/chos la phyag 'tshal deng 'dir bde legs shog__/sems can gang dag 'gro dang mi 'gro ba/__/de dag thams cad deng 'dir bde gyur cig__/tshogs kyi dam pa lha mis mchod 'os pa/__/dge 'dun phyag 'tshal deng 'dir bde legs shog__/rgyal ba sras bcas bsod nams mthu dag dang*/__/lha rnams kun gyis legs par bsam pa dang*/__/gsang sngags rigs sngags rnams kyi mthu stobs dang*/__/bden par smra ba rnams kyi bden tshig gis/__/bsod nams ri bo bzhin du brtan pa dang*/__/brgyud 'dzin nyi zla bzhin du gsal ba dang*/__/snyan pas nam mkha' bzhin du khyab pa ste/__/gsum po des kyang deng 'dir bde legs shog__/bgegs rigs stong phrag brgyad cu zhi ba dang*/__/mi mthun gnod pa'i rkyen dang bral ba dang*/__/'dod pa 'grub cing phun sum tshogs pa ste/__/bzhi po des kyang deng 'dir bde legs shog__/lo brgya thub cing ston brgya mthong ba dang*/__/tshe ring nad med bde skyid phun sum tshogs/__/theg pa mchog la nges par 'byung ba ste/__/lnga po des kyang deng 'dir bde legs shog__/sbyin pa gtong zhing tshul khrims srung ba dang*/__/bzod pa bsgom zhing brtson 'grus brtsam pa dang*/__/mnyam par 'jog cing gnas lugs rtogs pa ste/__/drug po des kyang deng 'dir bde legs shog__/nyin mo bde legs mtshan bde legs/__/nyi ma'i gung yang bde legs shing*/__/nyin mtshan rtag tu bde legs pa/__/dkon mchog gsum gyis deng 'dir stsol/__/dpal ldan bla mas deng 'dir stsol/__/yi dam lha yis deng 'dir stsol/__/chos skyong srung mas deng 'dir stsol/__/gzhi bdag rnams kyis deng 'dir stsol/__/'byung po gang dag 'dir ni lhags gyur tam/__/sa 'am 'on te bar snang 'khod kyang rung*/__/skye rgu rnams la rtag tu byams byed cing*/__/nyin dang mtshan du chos la spyod par shog__/'dir ni rgyal ba dgra rgyal bden gang gis/__/shin tu bden par gsungs shing rdzun med pa/__/bden pa des kyang deng 'dir bde legs shog__/de kun 'jig pa che las thar gyur cig__/deng 'dir rnal 'byor pa bdag cag dpon slob yon mchod 'khor dang bcas pa thams cad nyi ma dang zla ba gza' sgra gcan gyi gnod pa las grol ba bzhin du bdud dang spang bya bar chad mi mthun pa'i phyogs thams cad las rnam par rgyal te shin tu bkra shis par gyur cig__/dza ya dza ya su dza ya/__dkon mchog gsum gyi bden pa dang*/__sangs rgyas dang byang chub sems dpa' thams cad kyi byin gyis rlabs pa dang*/__tshogs gnyis yongs su rdzogs pa'i mnga' thang chen po dang*/__chos kyi dbyings rnam par dag cing bsams gyis mi khyab pa'i stobs kyis de de bzhin du 'grub par gyur cig__/sa la 'og min oX rgyanaX mkha' 'gro'i gnas/__/gnyis pa smina~X cing grolaX ba a ti'i glingaX*/__/ngesaX paX don gyi dga'aX ba'iX tshalaX chen po/__/phyog dus kun tu dar zhing rgyas par shog__//

Footnotes

Other Information