JKCL-KABUM-11-DA-053

From Khyentse Lineage - A Tsadra Foundation Project
Revision as of 15:21, 13 January 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

སྨན་བཙུན་མའི་མངའ་གསོལ་ཚེ་རིང་དཔྱིད་ཀྱི་རྒྱལ་མོའི་དབྱངས་སྙན།
Wylie title sman btsun ma'i mnga' gsol tshe ring dpyid kyi rgyal mo'i dbyangs snyan JKCL-KABUM-11-DA-053.pdf
Location chos kyi blo gros bka' 'bum
Volume 11, Text 53, Pages 289-291 (Folios 1a1 to 2a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sman btsun ma'i mnga' gsol tshe ring dpyid kyi rgyal mo'i dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 289-291. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Deity sman btsun ma
Colophon

།ཅེས་པའང་རང་སློབ་ཚེ་རིང་དབང་གི་རྒྱལ་པོ་ནས་སྔ་རྗེས་ནན་ཆེར་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨན་ཤོད་རྡོ་ཕུ་མགུལ་ལྷ་མི་ནམ་མདུན་རོལ་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་བྲིས་པ་དགེ་ལེགས་མཆོག་ཏུ་རྒྱས་པར་གྱུར་ཅིག།

/ces pa'ang rang slob tshe ring dbang gi rgyal po nas snga rjes nan cher bskul ngor 'jam dbyangs blo gros rgya mtshos sman shod rdo phu mgul lha mi nam mdun rol chu stod zla ba'i tshes brgyad la bris pa dge legs mchog tu rgyas par gyur cig/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
སྨན་བཙུན་མའི་མངའ་གསོལ་ཚེ་རིང་དཔྱིད་ཀྱི་རྒྱལ་མོའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །དེ་ལ་འདིར་སྨན་བཙུན་མཆེད་ལྔ་ལ་མངའ་གསོལ་འབུལ་བར་སྤྲོ་ན། བསང་དཀར་མངར་བདུད་རྩིའི་སྐྱེམས་ཕུད་དང་། བ་དན་རྒྱལ་མཚན་སོགས་སྦྲེང་ལ། ལས་གཞུང་གི་བསྐང་བའི་མཇུག་ཏུ་དབྱངས་རོལ་བཅས། ཀྱེ། འོད་གསལ་དག་པ་ཤེལ་གྱི་གུར་ཕུབ་འདྲའི། །ལྟ་ན་ལྷུན་སྡུག་མཐོན་མཐིང་རྒྱལ་མོ་ནས། །ཡེ་ཤེས་དཔལ་སྟེར་སྨན་བཙུན་མཆེད་སྡེ་ལྔ། །འདིར་གཤེགས་བཞུགས་ལ་མངའ་གསོལ་མཆོད་པ་བཞེས། །བྱིན་རླབས་དངོས་གྲུབ་རྒྱ་མཚོའི་གཏེར་ཆེན་མོ། །ལྷན་སྐྱེས་མཆོག་ཏུ་མི་འགྱུར་བདེ་བ་ཆེ། །མངོན་སུམ་སྙིང་ལ་སྟེར་བར་མཛད་པ་ཡི། །བླ་མ་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ། །ཐབས་མཆོག་ཧེ་རུ་ཀ་དང་དགྱེས་པར་རོལ། །ཤེས་རབ་པདྨོ་འཛུམ་པའི་ཟེའུ་འབྲུ་ལ། །གྲུབ་གཉིས་རྡུལ་དམར་ཟིལ་མངར་འཇོ་མཛད་པ། །མཆོག་སྦྱིན་ཡི་དམ་ལྷ་རུ་མངའ་གསོལ་ལོ། །མཁའ་སྤྱོད་ཞིང་ན་རྡོ་རྗེ་རྣལ་འབྱོར་མ། །ཡེ་ཤེས་སྒྱུ་མའི་རྗེས་ཆགས་རོལ་གར་ལས། །ལྷན་སྐྱེས་མཁའ་འགྲོ་སྡེ་ལྔའི་སྐུར་སྣང་བ། །ཌཱ་ཀི་འབུམ་གྱི་གཙོ་མོ༴ །ཐུབ་པའི་བསྟན་པ་རིན་ཆེན་སྒྲོན་མེ་ལ། །ལོག་པར་གཟུང་བའི་ལྷ་མིན་རླུང་དམར་རྣམས། །མི་ཟད་འཇིགས་རུང་མུན་པའི་ཀློང་བསྡུད་པ། །བསྟན་སྲུང་རྒྱ་མཚོའི་མཆོག་ཏུ༴ །དགེ་ལེགས་དཔལ་གྱིས་ལྟེ་བ་རབ་གླིང་ཞིང་། །སྲིད་པའི་འཇིགས་འཕྲོག་ཉེས་བརྒྱ་གཅོད་པར་བྱེད། །ཕྱོགས་ཀྱི་ཐ་གྲུ་ཀུན་ན་གཡས་སུ་འཁོར། །འཁོར་ལོ་རིན་ཆེན་མཆོག་ཏུ༴ །གང་ལ་བསྟེན་པར་འདོད་དགུའི་དངོས་གྲུབ་སྦྱིན། །གནས་སྐབས་མཐར་ཐུག་ཀུན་ཏུ་བཀྲ་ཤིས་པའི། །འོད་སྣང་ཕྱོགས་བཅུར་འཕྲོ་བས་དབུལ་སེལ་བ། །ནོར་བུ་རིན་ཆེན༴ །ཟག་མེད་བདེ་བ་མཆོག་གི་ཡེ་ཤེས་ནི། །དངོས་སུ་འདྲེན་པའི་ཕོ་ཉ་གར་མཁན་ནི། །པདྨའི་འཁྲི་ཤིང་མཛེས་པའི་དཔལ་ལྡན་མ། །བཙུན་མོ༴ །ཕ་རོལ་ཕྱིན་བཅུ་མཐར་ཕྱིན་དབང་བཅུ་རྫོགས། །སྟོབས་བཅུའི་དབང་ཕྱུག་རྒྱལ་བའི་ཡུམ་ཆེན་མོ། །སྲས་བཅས་རྒྱལ་བའི་ཚོགས་ལ་བཀའ་བགྲོས་པའི། །བློན་པོ༴ །ལྷ་མིན་ཀླ་ཀློའི་མཐའ་དམག་འབྱུང་པོའི་སྡེ། །འཇོམས་བྱེད་སྟོབས་ལྡན་དྲག་མོ་ཆེན་མོ་ནི། །ཕྲིན་ལས་ནུས་པའི་རྩལ་ཤུགས་རབ་རྫོགས་པ། །གླང་པོ༴ །དམིགས་མེད་སྙིང་རྗེ་ཆེན་པོའི་སྤུ་སྡུག་མཛེས། །བསྡུ་དངོས་བཞི་ཡི་རྨིག་པ་རབ་ཏུ་བརྟན། །ཚད་མེད་རིན་ཆེན་གསེར་གྱི་དྲྭ་བས་སྤྲས། །རྟ་མཆོག༴ །བདུད་ཀྱི་དམག་ཚོགས་ཐལ་བའི་རྡུལ་བཞིན་བཅོམ། །གཡུལ་རྒྱལ་ལྷ་ཡི་རྔ་ཆེན་ཕྱོགས་བརྒྱར་ལྡིར། །དཔའ་བའི་དར་ཕྱར་དྲག་པོའི་དུང་འབུད་པ། །དམག་དཔོན༴ །འཇིག་རྟེན་འདས་དང་མ་འདས་དབུས་ན་མཐོ། །ལྷུན་པོ་བཞིན་དུ་དགེ་ལེགས་དཔལ་གྱིས་བརྗིད། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ་མཛད་པའི། །འབྲལ་མེད་སྙིང་གི་གྲོགས་མོར་མངའ་གསོལ་བས། །སྨན་བཙུན་ཌཱ་ཀི་མཆེད་ལྔ་དགྱེས་བསྐྱེད་དེ། །འདི་བཟུང་བྱང་ཆུབ་བར་དུ་ལྷ་མོ་ཁྱོད། །པདྨོ་གཞོན་ནུར་ཉི་མའི་དཀྱིལ་འཁོར་བཞིན། །མི་འབྲལ་མཐུན་པའི་གྲོགས་སུ་འཆར་བ་དང་། །བསྟན་པ་རིན་ཆེན་འབའ་ཞིག་ཉེར་དགོངས་པ། །བཤེས་གཉེན་མཆོག་རྣམས་སྐུ་ཚེ་རབ་བརྟན་ཅིང་། །བཤད་སྒྲུབ་ཐོས་བསམ་སྒོམ་པས་དུས་འདའ་ཞིང་། །རྣམ་དག་ཐུབ་པའི་རིང་ལུགས་རྒྱས་གྱུར་ཅིག །ཆོས་ལྡན་རྒྱལ་ཁབ་ཆབ་སྲིད་དགུང་དུ་རེག །འབངས་རྣམས་ཡང་དག་ལྟ་བས་འཚོ་བ་ཡིས། །འཇིགས་རུང་དུས་ཀྱི་མུན་པ་ཀུན་ཞི་ནས། །བཀྲ་ཤིས་ཉི་མས་ས་གསུམ་ཁྱབ་གྱུར་ཅིག །ཞེས་སྐྱེམས་ཕུད་ཕྱོགས་བཅུར་འཐོར། །ཅེས་པའང་རང་སློབ་ཚེ་རིང་དབང་གི་རྒྱལ་པོ་ནས་སྔ་རྗེས་ནན་ཆེར་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨན་ཤོད་རྡོ་ཕུ་མགུལ་ལྷ་མི་ནམ་མདུན་རོལ་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་བྲིས་པ་དགེ་ལེགས་མཆོག་ཏུ་རྒྱས་པར་གྱུར་ཅིག། །།
[edit]

sman btsun ma'i mnga' gsol tshe ring dpyid kyi rgyal mo'i dbyangs snyan ces bya ba bzhugs so/__/de la 'dir sman btsun mched lnga la mnga' gsol 'bul bar spro na/__bsang dkar mngar bdud rtsi'i skyems phud dang /__ba dan rgyal mtshan sogs sbreng la/__las gzhung gi bskang ba'i mjug tu dbyangs rol bcas/__kye/__'od gsal dag pa shel gyi gur phub 'dra'i/__/lta na lhun sdug mthon mthing rgyal mo nas/__/ye shes dpal ster sman btsun mched sde lnga/__/'dir gshegs bzhugs la mnga' gsol mchod pa bzhes/__/byin rlabs dngos grub rgya mtsho'i gter chen mo/__/lhan skyes mchog tu mi 'gyur bde ba che/__/mngon sum snying la ster bar mdzad pa yi/__/bla ma rin chen mchog tu mnga' gsol lo/__/thabs mchog he ru ka dang dgyes par rol/__/shes rab pad+mo 'dzum pa'i ze'u 'bru la/__/grub gnyis rdul dmar zil mngar 'jo mdzad pa/__/mchog sbyin yi dam lha ru mnga' gsol lo/__/mkha' spyod zhing na rdo rje rnal 'byor ma/__/ye shes sgyu ma'i rjes chags rol gar las/__/lhan skyes mkha' 'gro sde lnga'i skur snang ba/__/DA ki 'bum gyi gtso mo=____/thub pa'i bstan pa rin chen sgron me la/__/log par gzung ba'i lha min rlung dmar rnams/__/mi zad 'jigs rung mun pa'i klong bsdud pa/__/bstan srung rgya mtsho'i mchog tu=____/dge legs dpal gyis lte ba rab gling zhing /__/srid pa'i 'jigs 'phrog nyes brgya gcod par byed/__/phyogs kyi tha gru kun na g.yas su 'khor/__/'khor lo rin chen mchog tu=____/gang la bsten par 'dod dgu'i dngos grub sbyin/__/gnas skabs mthar thug kun tu bkra shis pa'i/__/'od snang phyogs bcur 'phro bas dbul sel ba/__/nor bu rin chen=____/zag med bde ba mchog gi ye shes ni/__/dngos su 'dren pa'i pho nya gar mkhan ni/__/pad+ma'i 'khri shing mdzes pa'i dpal ldan ma/__/btsun mo=____/pha rol phyin bcu mthar phyin dbang bcu rdzogs/__/stobs bcu'i dbang phyug rgyal ba'i yum chen mo/__/sras bcas rgyal ba'i tshogs la bka' bgros pa'i/__/blon po=____/lha min kla klo'i mtha' dmag 'byung po'i sde/__/'joms byed stobs ldan drag mo chen mo ni/__/phrin las nus pa'i rtsal shugs rab rdzogs pa/__/glang po=____/dmigs med snying rje chen po'i spu sdug mdzes/__/bsdu dngos bzhi yi rmig pa rab tu brtan/__/tshad med rin chen gser gyi drwa bas spras/__/rta mchog=____/bdud kyi dmag tshogs thal ba'i rdul bzhin bcom/__/g.yul rgyal lha yi rnga chen phyogs brgyar ldir/__/dpa' ba'i dar phyar drag po'i dung 'bud pa/__/dmag dpon=____/'jig rten 'das dang ma 'das dbus na mtho/__/lhun po bzhin du dge legs dpal gyis brjid/__/tshe dang ye shes dngos grub stsol mdzad pa'i/__/'bral med snying gi grogs mor mnga' gsol bas/__/sman btsun DA ki mched lnga dgyes bskyed de/__/'di bzung byang chub bar du lha mo khyod/__/pad+mo gzhon nur nyi ma'i dkyil 'khor bzhin/__/mi 'bral mthun pa'i grogs su 'char ba dang /__/bstan pa rin chen 'ba' zhig nyer dgongs pa/__/bshes gnyen mchog rnams sku tshe rab brtan cing /__/bshad sgrub thos bsam sgom pas dus 'da' zhing /__/rnam dag thub pa'i ring lugs rgyas gyur cig__/chos ldan rgyal khab chab srid dgung du reg__/'bangs rnams yang dag lta bas 'tsho ba yis/__/'jigs rung dus kyi mun pa kun zhi nas/__/bkra shis nyi mas sa gsum khyab gyur cig__/zhes skyems phud phyogs bcur 'thor/__/ces pa'ang rang slob tshe ring dbang gi rgyal po nas snga rjes nan cher bskul ngor 'jam dbyangs blo gros rgya mtshos sman shod rdo phu mgul lha mi nam mdun rol chu stod zla ba'i tshes brgyad la bris pa dge legs mchog tu rgyas par gyur cig/__//__

Footnotes

Other Information