སྨན་བཙུན་ཡེ་ཤེས་ཌཱ་ཀི་ལྔ་ལ་བསྟོད་གསོལ་རབ་དགའི་གླིང་བུ།

From Khyentse Lineage - A Tsadra Foundation Project
Revision as of 09:39, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title sman btsun ye shes DA ki lnga la bstod gsol rab dga'i gling bu JKCL-KABUM-11-DA-052.pdf
Location chos kyi blo gros bka' 'bum
Volume 11, Text 52, Pages 279-287 (Folios 1a to 5a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sman btsun ye shes DA ki lnga la bstod gsol rab dga'i gling bu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 279-287. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod  ·  Verses of Praise - bstod pa
Deity sman btsun ma
Colophon

ཅེས་པའང་དད་དམ་མཁྱེན་རྟོགས་ཕུལ་བྱུང་ཚེ་རིང་དབང་གི་རྒྱལ་པོས་བསྐུལ་བ་དང་། རང་གིས་ཀྱང་བྲི་འདོད་ཞིག་བྱུང་བས་པདྨ་ཡེ་ཤེས་རྡོ་རྗེས་རྒྱལ་ཟླའི་ཚེས་ལྔ་ལ་བྲིས་པ་འདིས་ཀྱང་མཆོག་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།

ces pa'ang dad dam mkhyen rtogs phul byung tshe ring dbang gi rgyal pos bskul ba dang /__rang gis kyang bri 'dod zhig byung bas pad+ma ye shes rdo rjes rgyal zla'i tshes lnga la bris pa 'dis kyang mchog tu dge zhing bkra shis par gyur cig/

1 Texts in this Section (sde tshan or chos tshan)

[edit]
༄༅། །སྨན་བཙུན་ཡེ་ཤེས་ཌཱ་ཀི་ལྔ་ལ་བསྟོད་གསོལ་རབ་དགའི་གླིང་བུ་ཞེས་བྱ་བ་བཞུགས་སོ། ། ན་མཿཌཱ་ཀི་ན་ཡེ། བདེ་སྟོང་བདེ་བའི་གར་མཁན་ཡེ་ཤེས་སྐུ། །དྭངས་སྨན་གཟུགས་སུ་བསྒྱུར་བའི་ཌཱ་ཀི་ལྔ། །ཀུན་ཏུ་རྟོག་པ་ཐམས་ཅད་ཟོས་པ་ཡི། །ལྷན་སྐྱེས་གྲུབ་པའི་མཚར་སྡུག་ཤིན་ཏུ་ངོམ། ༡། ཤེལ་དཀར་རྡུལ་དུ་སྤུངས་པའི་ལྷུན་པོ་ནི། དྭང་བསིལ་དྲི་མ་མེད་པའི་མཐོན་མཐིང་རིའི། །མཁའ་འདི་འབིགས་པར་བྱེད་ཅེས་སྙེམས་པ་དེར། །ལས་ཀྱི་སྤྲུལ་པའི་གཞལ་མེད་ཁང་ཆེན་མཛེས། ༢། འཆི་མེད་རིག་སྔགས་བསྐལ་པར་བཟླས་པ་དང་། །བསོད་ནམས་རྒྱུ་ཡིས་བསྐྲུན་པའི་ཚོགས་ཟོང་ནི། །སྲིད་པའི་ཁྱོན་འདི་ཕྱུར་བུར་བརྡལ་བ་ལས། །བཀྲ་ཤིས་ཚེ་རིང་རྒྱལ་མོའི་མཛེས་སྐུ་སྣང་། ༣། བདེ་གཤེགས་རྣམ་སྣང་དགྱེས་རོལ་གར་མཁན་མ། །གཅིག་ལས་གཉིས་པར་འཕོས་པའི་ཡེ་ཤེས་སྲོག །འཇིག་རྟེན་མི་མོའི་ཕུང་པོའི་དཀྱིལ་ཞུགས་པས། །ཡེ་ཤེས་མཁའ་འགྲོ་སྣ་ཚོགས་གཟུགས་ཅན་མ། ༤། མཐིང་ཞལ་མ་དང་མི་གཡོ་བློ་བཟང་མ། །ཅོད་པན་མགྲིན་དང་བཏལ་ཀར་འགྲོ་ཅན་རྣམས། །རང་རིག་སྤྲུལ་པ་འབུམ་ཕྲག་དང་བཅས་པ། །ལྷན་སྐྱེས་རང་ཆས་ཉིད་དུ་འཆར་བར་གྱུར། ༥། ལྷ་ཀླུ་གནོད་སྦྱིན་དྲི་ཟ་མིའམ་ཅི། །གྲུལ་བུམ་ལྟོ་འཕྱེ་ཕྱོགས་བདག་སྐྱོངས་བ་སོགས། །ཀུན་ཀྱང་དབང་གི་མཆིམ་པས་འདེབས་པ་ལམ། །མིག་གི་ཟིམ་བུར་བལྟ་ཞིང་ཐོར་ཚུགས་འདུད། ༦། གདོང་ལྔ་རྩལ་ལྡན་གངས་རིའི་ཕུང་པོ་ལ། །གཡུ་དང་བཻཌཱུཪྻ་ལྟར་སྔོ་བ་ཡི། །རལ་པ་ཟེ་བ་རྔ་མའི་ཆུན་པོ་རྣམས། །སྤྲིན་སྔོན་རླུང་གི་གཡེངས་འདྲ་རྣམ་པར་བསྐྱོད། ༧། ལྷ་ཡི་རིན་ཆེན་སྣ་ཚོགས་ལས་བྱས་པའི། །སྒ་སྲབ་མུ་ཏིག་རྡོ་རྗེ་ཕ་ལམ་སོགས། །རིན་ཆེན་བརྒྱན་གྱི་སྤུད་པར་འཇམ་པའི་སྟན། །ལྷ་རྫས་རེག་འཇམ་བདེ་བའི་འབོག་གིས་བཀླུབས། ༨། ལྷ་མོ་གཞོན་ནུ་མནྡཱ་ར་བ་ཡི། །ཐོད་བཅིངས་སྐེད་སྐབས་སྲ་ཞིང་མྱོས་བུམ་མཐོ། །སྟོད་སྨད་རྒྱས་ཤིང་ཆུ་སྐྱེས་ཟེའུ་འབྲུས་མཛེས། །སྤྱན་ཟུངས་ཨུཏྤལ་ལྟར་གནག་རི་དྭགས་མིག༩། མཁུར་ཚོས་ཅུང་ཟད་དམར་བའི་འོད་ཀྱིས་འཁྱུད། །མཆུ་སྒྲོས་པདྨ་གེ་སར་འཛུམ་པ་ལ། །དུང་གི་ཚེམ་ཕྲེང་དཀར་མཉམ་ཐག་བཟང་བ། །དབྱིབས་ལེགས་ཤངས་ཟུར་ལེགས་པས་བརྒྱན་པ་དང་། ༡༠། མཉེན་ལྕུགས་འཁྲིལ་ལྡེམ་ཕྱག་ཞབས་སོར་མོ་རྣམས། །དལ་གྱིས་འགུལ་བས་སྲིད་ཞིའི་ཐབས་མཆོག་རྣམས། །སྐད་ཅིག་སྡུད་དང་སྤྱན་གྱིས་ཟུར་མདས་གཟིར། །ནམ་ཡང་མི་འབྲལ་ཕྱག་རྒྱ་དམ་པོས་བཅིངས། ༡༡། སྨིན་མའི་འཁྲི་ཤིང་གཡོ་བའི་གར་ཕྲ་མོས། །འདོད་ཆེན་མེ་ནི་རླུང་གིས་སྦར་བ་བཞིན། །ཆགས་བྲལ་རྣམས་ཀྱང་སྲེད་པ་ལྡང་ནུས་པའི། །བདེ་བའི་སྒྱུ་ཅན་བདེ་མཆོག་སྒྱུ་མ་ཆེ། ༡༢། རིན་ཆེན་སིལ་ཁྲོལ་ནོར་བུའི་སྐེད་ཆིངས་དང་། །མཛེས་པའི་ཕྱག་ཞབས་སོར་མོར་རཏྣ་ཡི། །གདུ་བུས་སྨྲས་དང་དྲི་བསུང་དངར་པོ་ཡི། །ཡིད་ག་འཕྲོག་ཅིང་ཁྱོད་ཞལ་བལྟ་ལ་ཕྱོགས། ༡༣། རིགས་ལྔའི་རྩེ་ཕྲན་པདྨའི་རྩ་ཆིང་གི །དབུ་རྒྱན་གནག་སྣུམ་དབུ་སྐྲའི་ཆུན་པོ་ནི། །གཙུག་ཏུ་འཁྱིལ་རྩེར་ནོར་བུའི་ཏོག་འབར་བས། །ཕྱོགས་བཅུའི་དཀྱིལ་འཁོར་འོད་ཀྱིས་དཀྲིགས་པར་བྱས། ༡༤། ལྷག་མ་སྐུ་རྒྱབ་སིལ་བུར་གྲོལ་པ་ཡི། །ཉག་མ་རེར་ཡང་གསེར་གཡུ་མུ་ཐིག་སོགས། །སྲིད་ན་དཀོན་པའི་ཆུན་པོ་སྤེལ་ལེགས་དང་། །མགུལ་ག་རིན་ཆེན་ཕྲེང་བས་མཛེས་པར་རྒྱན། ༡༥། སྙན་གོང་ཨུཏྤལ་དཀར་པོའི་དར་དབྱངས་དང་། །ལྷ་ཡི་ན་བཟའ་འཇམ་མཉེན་སྐུ་ལ་འཁྲིལ། །དཀར་དམར་མཐིང་ལྗང་ཚོན་གྱི་རབ་བཀྲ་བའི། །ནང་གོས་སྟོད་གཡོགས་སྨད་ཁེབས་དབང་གཞུ་ལྟར། ༡༦། ཡེ་ཤེས་རང་བཞིན་ཡེ་ཤེས་རྡོ་རྗེ་ནི། །གསེར་སྦྱངས་རྩེ་ལྔ་མདའ་དར་དང་བཅས་གཡས། །འཆི་མེད་ཙནྜ་ལི་ཡི་བདུད་རྩི་ལ། །ཚེ་དཔག་མེད་ཀྱི་ཧཾ་བཞུས་དཀར་དམར་ཐིག༡༧། གཅིག་ཏུ་འཁྱིལ་བའི་ཆུ་ཤེལ་བུམ་པ་བཟང་། །དཔག་བསམ་ལྗོན་ཤིང་གསར་པའི་ཁ་རྒྱན་ཅན། །མྱོས་བུམ་གཡོན་པའི་ཕྱོགས་སུ་བརྟན་ཅིང་འཛིན། །སྒྲུབ་པ་པོ་ལ་འཆི་མེད་དངོས་གྲུབ་སྟེར། ༡༨། རི་དྭགས་རྒྱལ་པོ་དྲེགས་པས་བསྒྱིངས་བའི་ཁྲིར། །བཙུན་མོ་རོལ་པའི་སྟབས་ཀྱི་འགྱིང་བག་བཞུགས། །རྒྱལ་བ་སྲས་བཅས་དགྱེས་པ་བསྐྱེད་པའི་ཡུམ། །བཅུ་དྲུག་བདེ་སྟེར་རྣམ་ཀུན་མཆོག་ལྡན་མ། ༡༩། ཡེ་ཤེས་གཅིག་ཉིད་དུ་མར་འཆར་བའི་འཕྲུལ། །དྷཱ་ཀི་རིགས་བཞི་བརྟན་མ་ཆེན་མོ་སོགས། །དངོས་གཅིག་སྒྱུ་མའི་ཆོ་རོལ་དཔག་ཡས་ཀྱི། །འཁོར་འདས་དབང་བསྒྱུར་དབྱིངས་ཡུམ་ཀུན་བཟང་མོ། ༢༠། རྣལ་འབྱོར་མ་དང་ཕག་གདོང་ཅན་མ་དང་། །ལཱ་མ་དུམ་སྐྱེས་ཁཎྜ་གཟུགས་ཅན་མ། །དཔལ་ལྡན་འཁོར་ལོ་སྡོམ་པའི་སྙིང་པོ་ལྔ། །ཞིང་སྐྱེས་མཆེད་ལྔ་ཉིད་ལས་གཞན་མ་དམིགས། ༢༡། སྤྱན་དང་མཱ་ཀི་གོས་དཀར་དམ་ཚིག་སྒྲོལ། །དབྱིངས་ཕྱུག་མ་སྟེ་དེ་བཞིན་གཤེགས་ལྔ་པོ། །དགྱེས་བསྐྱེད་ཡུམ་ཆེན་ལྔའང་ཁྱོད་ཉིད་དེ། །ཁྱེད་རྣམས་གཤེགས་མ་ལྔ་རུ་ལྷུན་གྱིས་གྲུབ། ༢༢། དེ་ལྟར་འཁོར་འདས་ཀུན་ཁྱབ་ཌཱ་ཀི་ལྔ། །རྣལ་འབྱོར་རང་སེམས་དག་པའི་སྣང་ཆ་རུ། །མཁའ་འགྲོའི་དཀྱིལ་འཁོར་བྱེ་བ་བསམ་ཡས་ཀྱི། །གཙོ་མོར་འཆར་བའི་ངེས་པའི་ཤེས་པས་བསྟོད། ༢༣། ཀུན་ལ་དབང་བསྒྱུར་ལྟེ་བ་ཟབ་ཅིང་འཁྱིལ། །སྡུག་བསྔལ་དྲྭ་བ་གཅོད་པའི་རྩིབས་རྣོན་པོ། །རྒྱུ་དང་མི་རྒྱུ་ཀུན་ལ་འཕར་བ་ཡི། །འཁོར་ལོ་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ། ༢༤། བརྟན་གཡོའི་ཕུན་ཚོགས་མ་ལུས་འབྱུང་བའི་གཞི། །སྲིད་ཞིའི་དགེ་ལེགས་འབྱུང་བའི་འོད་པོ་ཆེ། །རྣམ་རྟོག་མི་མངའ་འདོད་རྒུ་འབད་མེད་འཇོ། །ནོར་བུ་རིན་ཆེན་མཆོག་ཏུ་མངའ༴ ༢༥། གསང་བ་མཆོག་གི་དགྱེས་པའི་དགའ་ཚལ་ན། །ཞི་དང་ཁྲོ་བོའི་ཐབས་མཆོག་ཁབ་ལེན་རྡོས། །ནུས་པ་ཇི་བཞིན་དབང་དུ་སྡུད་མཛད་མ། །བཙུན་མོ་རིན་ཆེན་མཆོག༴ ༢༦། བློ་གྲོས་ཡངས་པའི་ཤེས་རབ་ཁོག་ཡངས་པར། །འགྲོ་བའི་དོན་ལ་མི་སྐྱོ་བཟོད་པ་ཆེ། །རྟོག་པའི་རླུང་གི་མི་གཡོ་རབ་ཏུ་བརྟན། །བློན་པོ་རིན་ཆེན༴ ༢༧། ལོངས་སྤྱོད་ཡོངས་རྫོགས་ཐེག་པའི་ཁུར་ཆེན་ཁྱེར། །ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་བདག །ཕྱིན་དྲུག་མཚོ་ལྡན་བསྡུ་དངོས་སྣ་ཞགས་བསྒྱངས། །གླང་པོ་རིན་ཆེན༴ ༢༨། མངོན་ཤེས་དྲུག་ལྡན་གང་བསམ་ཡུད་ཀྱིས་བསྐོར། །ཀུན་གྱི་ཡིད་འཕྲོག་མཐོང་བའི་སྤུ་སྡུག་མཛེས། །ཡོན་ཏན་ཚད་མེད་རིན་ཆེན་སྒ་སྲབ་ཅན། །རྟ་མཆོག་རིན་ཆེན༴ ༢༩། བསྟན་ལ་འཁུ་བའི་ལྷ་མིན་ཀླ་ཀློའི་ཚོགས། །ལྟ་ལོག་མུ་སྟེགས་སྡེ་རིས་བཅས་པ་རྣམས། །རྩད་ནས་བརླགས་པའི་སྟོབས་ཅན་དྲག་མོ་རྒྱལ། །དམག་དཔོན་རིན་ཆེན༴ ༣༠། སྣ་ཚོགས་ཞིང་ན་སྣ་ཚོགས་འདུལ་མཛད་པའི། །འགྲོ་བའི་དོན་སྒྲུབ་ཕྲིན་ལས་གློགས་ལྟར་མྱུར། །ཐུགས་རྗེའི་མཐུ་མངའ་མཁྱེན་ནུས་ཚད་མེད་པ། །ཞིང་སྐྱེས་སྤྲུལ་སྐུའི་གཙོ་མོར༴ ༣༡། དཔལ་ལྡན་ཡོན་ཏན་རིན་ཆེན་ལྷུན་པོ་ནི། །དབང་ཕྱུག་བརྒྱད་ལྡན་བདུད་བཞི་དབྱིངས་སུ་བཅོམ། །ཟག་མེད་མཁྱེན་པའི་སྟོབས་བཅུའི་རྩལ་རྫོགས་པ། །དབྱིངས་ཕྱུག་ལོངས་སྐུའི་གཙོ་མོར༴ ༣༢། ཟབ་ཞི་སྤྲོས་བྲལ་རྣམ་བཅས་ཆོས་རྣམ་ཀུན། །རྣམ་མེད་བདེ་སྟོང་དབྱིངས་སུ་སྡུད་མཛད་ཅིང་། །འཕགས་བཞིའི་སྐྱེས་ཡུམ་ཤེས་རབ་ཕ་རོལ་ཕྱིན། །དོན་དམ་ཆོས་སྐུའི་བདག་མོར་མངའ་གསོལ་ལོ། ༣༣། དེ་ལྟར་བསྟོད་ཅིང་མངའ་གསོལ་ཕུལ་བའི་མཐུས། །ཨཉྫའི་དྷཱ་རའི་ས་སྲུང་ཌཱ་ཀི་ལྔ། །དགྱེས་རབ་མཆོད་པའི་ཕུལ་དུ་གྱུར་ནས་ཀྱང་། །ལྷན་སྐྱེས་ཉི་མ་སྙིང་ལ་རྟག་འཆར་ཤོག༣༤། རྡོ་རྗེ་ཟླ་བ་རྒྱས་པའི་ཞུན་ཐིག་ནི། །བཀྲ་ཤིས་དཔྱིད་ཀྱི་དཔལ་མོའི་ཉི་མ་དང་། །ལྷན་ཅིག་ཁ་སྦྱོར་བདེ་ཆེན་ཐིག་ལེ་ཡི། །མཆོག་ཏུ་མི་འགྱུར་གཙུག་ཏོར་རྩེར་བརྟན་མཛོད། ༣༥། དེ་ཡི་མཐུ་ལས་ལྔ་བདོའི་རྒུད་པ་ཞི། །འཇིག་རྟེན་པ་ཀུན་རབ་རྒྱས་རྫོགས་ལྡན་འཕེལ། །བསྟན་དང་བསྟན་འཛིན་དབུ་འཕང་ཆེར་མཐོ་བའི། །ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་བདེ་ལེགས་མཛོད། ༣༦། ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ་ལྟར། །མི་འཇིགས་སྤོབས་པའི་གཏེར་ཆེན་བརྡོལ་བ་ཡི། །འཇམ་དཔལ་དཔའ་བོ་བློ་ལྡན་མཆོག་སྲིད་ཀྱི། །གསང་བ་གསུམ་དང་དབྱེར་མེད་བདག་གྱུར་ཅིག༣༧། ཅེས་པའང་དད་དམ་མཁྱེན་རྟོགས་ཕུལ་བྱུང་ཚེ་རིང་དབང་གི་རྒྱལ་པོས་བསྐུལ་བ་དང་། རང་གིས་ཀྱང་བྲི་འདོད་ཞིག་བྱུང་བས་པདྨ་ཡེ་ཤེས་རྡོ་རྗེས་རྒྱལ་ཟླའི་ཚེས་ལྔ་ལ་བྲིས་པ་འདིས་ཀྱང་མཆོག་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
[edit]

@#/__/sman btsun ye shes DA ki lnga la bstod gsol rab dga'i gling bu zhes bya ba bzhugs so/__/ na maHDA ki na ye/__bde stong bde ba'i gar mkhan ye shes sku/__/dwangs sman gzugs su bsgyur ba'i DA ki lnga/__/kun tu rtog pa thams cad zos pa yi/__/lhan skyes grub pa'i mtshar sdug shin tu ngom/__1/__shel dkar rdul du spungs pa'i lhun po ni/__dwang bsil dri ma med pa'i mthon mthing ri'i/__/mkha' 'di 'bigs par byed ces snyems pa der/__/las kyi sprul pa'i gzhal med khang chen mdzes/__2/__'chi med rig sngags bskal par bzlas pa dang /__/bsod nams rgyu yis bskrun pa'i tshogs zong ni/__/srid pa'i khyon 'di phyur bur brdal ba las/__/bkra shis tshe ring rgyal mo'i mdzes sku snang /__3/__bde gshegs rnam snang dgyes rol gar mkhan ma/__/gcig las gnyis par 'phos pa'i ye shes srog__/'jig rten mi mo'i phung po'i dkyil zhugs pas/__/ye shes mkha' 'gro sna tshogs gzugs can ma/__4/__mthing zhal ma dang mi g.yo blo bzang ma/__/cod pan mgrin dang btal kar 'gro can rnams/__/rang rig sprul pa 'bum phrag dang bcas pa/__/lhan skyes rang chas nyid du 'char bar gyur/__5/__lha klu gnod sbyin dri za mi'am ci/__/grul bum lto 'phye phyogs bdag skyongs ba sogs/__/kun kyang dbang gi mchim pas 'debs pa lam/__/mig gi zim bur blta zhing thor tshugs 'dud/__6/__gdong lnga rtsal ldan gangs ri'i phung po la/__/g.yu dang baiDUR+Ya ltar sngo ba yi/__/ral pa ze ba rnga ma'i chun po rnams/__/sprin sngon rlung gi g.yengs 'dra rnam par bskyod/__7/__lha yi rin chen sna tshogs las byas pa'i/__/sga srab mu tig rdo rje pha lam sogs/__/rin chen brgyan gyi spud par 'jam pa'i stan/__/lha rdzas reg 'jam bde ba'i 'bog gis bklubs/__8/__lha mo gzhon nu man+dA ra ba yi/__/thod bcings sked skabs sra zhing myos bum mtho/__/stod smad rgyas shing chu skyes ze'u 'brus mdzes/__/spyan zungs ut+pal ltar gnag ri dwags mig9/__mkhur tshos cung zad dmar ba'i 'od kyis 'khyud/__/mchu sgros pad+ma ge sar 'dzum pa la/__/dung gi tshem phreng dkar mnyam thag bzang ba/__/dbyibs legs shangs zur legs pas brgyan pa dang /__10/__mnyen lcugs 'khril ldem phyag zhabs sor mo rnams/__/dal gyis 'gul bas srid zhi'i thabs mchog rnams/__/skad cig sdud dang spyan gyis zur mdas gzir/__/nam yang mi 'bral phyag rgya dam pos bcings/__11/__smin ma'i 'khri shing g.yo ba'i gar phra mos/__/'dod chen me ni rlung gis sbar ba bzhin/__/chags bral rnams kyang sred pa ldang nus pa'i/__/bde ba'i sgyu can bde mchog sgyu ma che/__12/__rin chen sil khrol nor bu'i sked chings dang /__/mdzes pa'i phyag zhabs sor mor rat+na yi/__/gdu bus smras dang dri bsung dngar po yi/__/yid ga 'phrog cing khyod zhal blta la phyogs/__13/__rigs lnga'i rtse phran pad+ma'i rtsa ching gi__/dbu rgyan gnag snum dbu skra'i chun po ni/__/gtsug tu 'khyil rtser nor bu'i tog 'bar bas/__/phyogs bcu'i dkyil 'khor 'od kyis dkrigs par byas/__14/__lhag ma sku rgyab sil bur grol pa yi/__/nyag ma rer yang gser g.yu mu thig sogs/__/srid na dkon pa'i chun po spel legs dang /__/mgul ga rin chen phreng bas mdzes par rgyan/__15/__snyan gong ut+pal dkar po'i dar dbyangs dang /__/lha yi na bza' 'jam mnyen sku la 'khril/__/dkar dmar mthing ljang tshon gyi rab bkra ba'i/__/nang gos stod g.yogs smad khebs dbang gzhu ltar/__16/__ye shes rang bzhin ye shes rdo rje ni/__/gser sbyangs rtse lnga mda' dar dang bcas g.yas/__/'chi med tsan+Da li yi bdud rtsi la/__/tshe dpag med kyi haM bzhus dkar dmar thig17/__gcig tu 'khyil ba'i chu shel bum pa bzang /__/dpag bsam ljon shing gsar pa'i kha rgyan can/__/myos bum g.yon pa'i phyogs su brtan cing 'dzin/__/sgrub pa po la 'chi med dngos grub ster/__18/__ri dwags rgyal po dregs pas bsgyings ba'i khrir/__/btsun mo rol pa'i stabs kyi 'gying bag bzhugs/__/rgyal ba sras bcas dgyes pa bskyed pa'i yum/__/bcu drug bde ster rnam kun mchog ldan ma/__19/__ye shes gcig nyid du mar 'char ba'i 'phrul/__/d+hA ki rigs bzhi brtan ma chen mo sogs/__/dngos gcig sgyu ma'i cho rol dpag yas kyi/__/'khor 'das dbang bsgyur dbyings yum kun bzang mo/__20/__rnal 'byor ma dang phag gdong can ma dang /__/lA ma dum skyes khaN+Da gzugs can ma/__/dpal ldan 'khor lo sdom pa'i snying po lnga/__/zhing skyes mched lnga nyid las gzhan ma dmigs/__21/__spyan dang mA ki gos dkar dam tshig sgrol/__/dbyings phyug ma ste de bzhin gshegs lnga po/__/dgyes bskyed yum chen lnga'ang khyod nyid de/__/khyed rnams gshegs ma lnga ru lhun gyis grub/__22/__de ltar 'khor 'das kun khyab DA ki lnga/__/rnal 'byor rang sems dag pa'i snang cha ru/__/mkha' 'gro'i dkyil 'khor bye ba bsam yas kyi/__/gtso mor 'char ba'i nges pa'i shes pas bstod/__23/__kun la dbang bsgyur lte ba zab cing 'khyil/__/sdug bsngal drwa ba gcod pa'i rtsibs rnon po/__/rgyu dang mi rgyu kun la 'phar ba yi/__/'khor lo rin chen mchog tu mnga' gsol lo/__24/__brtan g.yo'i phun tshogs ma lus 'byung ba'i gzhi/__/srid zhi'i dge legs 'byung ba'i 'od po che/__/rnam rtog mi mnga' 'dod rgu 'bad med 'jo/__/nor bu rin chen mchog tu mnga'=__25/__gsang ba mchog gi dgyes pa'i dga' tshal na/__/zhi dang khro bo'i thabs mchog khab len rdos/__/nus pa ji bzhin dbang du sdud mdzad ma/__/btsun mo rin chen mchog=__26/__blo gros yangs pa'i shes rab khog yangs par/__/'gro ba'i don la mi skyo bzod pa che/__/rtog pa'i rlung gi mi g.yo rab tu brtan/__/blon po rin chen=__27/__longs spyod yongs rdzogs theg pa'i khur chen khyer/__/kha sbyor yan lag bdun dang ldan pa'i bdag__/phyin drug mtsho ldan bsdu dngos sna zhags bsgyangs/__/glang po rin chen=__28/__mngon shes drug ldan gang bsam yud kyis bskor/__/kun gyi yid 'phrog mthong ba'i spu sdug mdzes/__/yon tan tshad med rin chen sga srab can/__/rta mchog rin chen=__29/__bstan la 'khu ba'i lha min kla klo'i tshogs/__/lta log mu stegs sde ris bcas pa rnams/__/rtsad nas brlags pa'i stobs can drag mo rgyal/__/dmag dpon rin chen=__30/__sna tshogs zhing na sna tshogs 'dul mdzad pa'i/__/'gro ba'i don sgrub phrin las glogs ltar myur/__/thugs rje'i mthu mnga' mkhyen nus tshad med pa/__/zhing skyes sprul sku'i gtso mor=__31/__dpal ldan yon tan rin chen lhun po ni/__/dbang phyug brgyad ldan bdud bzhi dbyings su bcom/__/zag med mkhyen pa'i stobs bcu'i rtsal rdzogs pa/__/dbyings phyug longs sku'i gtso mor=__32/__zab zhi spros bral rnam bcas chos rnam kun/__/rnam med bde stong dbyings su sdud mdzad cing /__/'phags bzhi'i skyes yum shes rab pha rol phyin/__/don dam chos sku'i bdag mor mnga' gsol lo/__33/__de ltar bstod cing mnga' gsol phul ba'i mthus/__/any+dza'i d+hA ra'i sa srung DA ki lnga/__/dgyes rab mchod pa'i phul du gyur nas kyang /__/lhan skyes nyi ma snying la rtag 'char shog34/__rdo rje zla ba rgyas pa'i zhun thig ni/__/bkra shis dpyid kyi dpal mo'i nyi ma dang /__/lhan cig kha sbyor bde chen thig le yi/__/mchog tu mi 'gyur gtsug tor rtser brtan mdzod/__35/__de yi mthu las lnga bdo'i rgud pa zhi/__/'jig rten pa kun rab rgyas rdzogs ldan 'phel/__/bstan dang bstan 'dzin dbu 'phang cher mtho ba'i/__/phyogs las rnam rgyal bkra shis bde legs mdzod/__36/__lha dbang g.yul las rgyal ba'i rnga sgra ltar/__/mi 'jigs spobs pa'i gter chen brdol ba yi/__/'jam dpal dpa' bo blo ldan mchog srid kyi/__/gsang ba gsum dang dbyer med bdag gyur cig37/__ces pa'ang dad dam mkhyen rtogs phul byung tshe ring dbang gi rgyal pos bskul ba dang /__rang gis kyang bri 'dod zhig byung bas pad+ma ye shes rdo rjes rgyal zla'i tshes lnga la bris pa 'dis kyang mchog tu dge zhing bkra shis par gyur cig/__//__

Footnotes

Other Information