JKCL-KABUM-11-DA-044

From Khyentse Lineage - A Tsadra Foundation Project
Revision as of 13:36, 13 January 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ལྷ་མོ་སྔགས་བདག་མའི་གཏོར་འབུལ།
Wylie title lha mo sngags bdag ma'i gtor 'bul JKCL-KABUM-11-DA-044.pdf
Location chos kyi blo gros bka' 'bum
Volume 11, Text 44, Pages 251-253 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. lha mo sngags bdag ma'i gtor 'bul. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 251-253. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod  ·  Torma-offering Rituals - gtor chog
Deity lha mo sngags bdag ma
Colophon

།ཅེས་པའང་དྷཱ་ཀི་ཚེ་རིང་ཆོས་སྒྲོན་གྱི་ཐུགས་དམ་རྒྱུན་ཁྱེར་དུ་པདྨ་ཡེ་ཤེས་རྡོ་རྗེས་བྲིས་པའོ། །མངྒ་ལཾ། ཤུ་བྷཾ།།

/ces pa'ang d+hA ki tshe ring chos sgron gyi thugs dam rgyun khyer du pad+ma ye shes rdo rjes bris pa'o/__/mang+ga laM/__shu b+haM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ལྷ་མོ་སྔགས་བདག་མའི་གཏོར་འབུལ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་རཱ་ཡེ། དཔལ་ལྡན་སྔགས་ཀྱི་སྲུང་མ་ནི། །རང་བྱུང་རྒྱལ་མོར་གུས་བཏུད་ནས། །དེ་མཉེས་བྱེད་པའི་གཏོར་ཆོག་གི །ལས་རིམ་ཤིན་ཏུ་མདོར་བསྡུས་བཀོད། །དེ་ལ་འདིར་སྲུང་མའི་དབང་པོ་ལྷ་མོ་སྔགས་བདག་མ་ལ་གཏོར་མ་འབུལ་བར་འདོད་པས་མཆོད་གཏོར་གསེར་སྐྱེམས་སོགས་བཤམ་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབ་བྱས་ལ། བྷྱོཿསྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །འགག་མེད་གཟུགས་སྐུ་སྔགས་ཀྱི་བདག །ཁྲག་མཚོ་མེ་རླུང་འཁྲུག་པའི་དབུས། །མ་གཅིག་དཔལ་ལྡན་ལྷ་མོ་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །ཁྲོ་མོའི་གཟུགས་ཅན་ཕྱག་གཡས་ཀྱི། །ཁ་ཊྭཱྃ་རྩེ་གསུམ་བ་དན་འཕྱར། །གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས། །མཆན་ན་ནེའུ་ལེའི་རྐྱལ་པ་འཛིན། །ཞབས་གཉིས་བཙན་སྐྱིལ་དྲེལ་རྟ་ཆིབས། །ཞིང་ལྤགས་སྟོད་གཡོགས་སྟག་ཤམ་དང་། །རེ་ལྡེའི་སྨད་དཀྲིས་སྙན་གཡས་གཡོན། །སྦྲུལ་དང་སེང་གེའི་རྣ་ཆས་བརྒྱན། །ལྟེ་བར་ཉི་མ་སྤྱི་བོར་ཟླ། །རྨ་བྱའི་སྒྲོ་ཕོན་གཙུག་ན་མཛེས། །སྦྲུལ་དང་རུས་པའི་རྒྱན་གྱིས་སྤྲས། །ཆུ་སྲིན་གདོང་ཅན་ལ་སོགས་པ། །མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར། །རླུང་ནག་འཚུབས་མའི་དཀྱིལ་འཁོར་ནས། །ཝ་ཡ་ཨེ་ཡི་སྒྲ་སྒྲོགས་ཤིང་། །མ་མོ་འཁོར་བཅས་གཤེགས་སུ་གསོལ། །དགྱེས་པའི་གདན་ལ་བརྟན་པར་བཞུགས། །ཕྱི་མཆོད་ཉེ་བར་སྤྱོད་པ་དང་། །དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །དྲག་པོའི་འདོད་ཡོན་རྣམ་པ་ལྔ། །ཤ་ཁྲག་རུས་པའི་གཏོར་མ་དང་། །བདུད་རྩི་སྨན་དང་རཀྟ་དང་། །ཚོགས་ཀྱི་མཆོད་པ་ལ་སོགས་པ། །བྱང་སེམས་ནལ་བུའི་རྒྱལ་མཚན་དང་། །འཆི་ཁའི་མཚལ་ཐིག་སྲོག་ཆགས་མདངས། །ཤིང་ལོ་རླུང་ཁྱེར་སར་མ་ལྷུང་། །ཤ་སྣ་སྙིང་སྣ་བསམ་མི་ཁྱབ། །བྱ་ནག་ཁྱི་ནག་དྲེའུ་ནག །བོང་བུ་དམར་ག་རྟ་ལུག་ནག །སྟག་གཟིག་དོམ་དྲེད་ཅེ་སྤྱང་སོགས། །རལ་གྲི་བེ་ཅོན་ཁ་ཊྭཱྃ་དང་། །ནལ་ཐོད་མདུང་ཐུང་ཏྲི་ཤུལ་སོགས། །ཕྱག་མཚན་སྤྱན་གཟིགས་སྣ་ཚོགས་པ། །ཕྱི་ནང་གསང་བའི་རྟེན་རྫས་དང་། །ས་དང་བར་སྣང་ཀུན་ཁྱབ་པས། །དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་། །སྔགས་བདག་དབང་མོའི་ཐུགས༴ །ཚེ་འཛིན་རྒྱལ་མོའི༴ །སྲིད་པའི་བདག་མོའི༴ །མ་མོ་བྱེ་བའི༴ །ཐུགས་དམ་བསྐང་ལ་རྐྱེན་ངན་བཟློག །མ་རིག་གཏི་མུག་སྒྲིབ་པ་ཡི། །འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགས། །མ་མོ་འཁྲུགས་པ་དབྱིངས་སུ་ཞི། །ནད་རིམ་གདོན་བགེགས་བར་ཆད་སོལ། །ཚེ་བསོད་དཔལ་འབྱོར་རིགས་བརྒྱུད་སྤེལ། །འགྲོ་ཀུན་དབང་དུ་བསྡུ་བ་དང་། །དམ་སྲི་རྒྱལ་འགོང་གནོད་པ་སྲུངས། །བྱད་ཕུར་རྦོད་གཏོང་ཕྱིར་ལ་བསྒྱུར། །བདག་ཅག་བུ་བཞིན་སྐྱོང་བ་དང་། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཅེས་གཏོར་མ་གསེར་སྐྱེམས་རྣམས་བྱང་ཤར་དུ་གཤེགས་རྗེས་གཏོར་ཆོག་གཞན་དང་མ་འབྲེལ་ན་ཡིག་བརྒྱས་ནོངས་བཤགས་བྱ། བརྟན་བཞུགས་དང་གཤེགས་གསོལ་གང་མོས་བྱའོ། །ཅེས་པའང་དྷཱ་ཀི་ཚེ་རིང་ཆོས་སྒྲོན་གྱི་ཐུགས་དམ་རྒྱུན་ཁྱེར་དུ་པདྨ་ཡེ་ཤེས་རྡོ་རྗེས་བྲིས་པའོ། །མངྒ་ལཾ། ཤུ་བྷཾ།། །།
[edit]

lha mo sngags bdag ma'i gtor 'bul bzhugs so/__/na mo gu ru pad+ma ka rA ye/__dpal ldan sngags kyi srung ma ni/__/rang byung rgyal mor gus btud nas/__/de mnyes byed pa'i gtor chog gi__/las rim shin tu mdor bsdus bkod/__/de la 'dir srung ma'i dbang po lha mo sngags bdag ma la gtor ma 'bul bar 'dod pas mchod gtor gser skyems sogs bsham la/__ra~M ya~M kha~M/__oM AHhU~M ha ho hrIHlan gsum gyis byin brlab byas la/__b+h+yoHskye med dbyings las ma g.yos kyang /__/'gag med gzugs sku sngags kyi bdag__/khrag mtsho me rlung 'khrug pa'i dbus/__/ma gcig dpal ldan lha mo ni/__/mthing nag zhal gcig phyag gnyis ma/__/khro mo'i gzugs can phyag g.yas kyi/__/kha T+wA~M rtse gsum ba dan 'phyar/__/g.yon pas thod khrag thugs kar bsnams/__/mchan na ne'u le'i rkyal pa 'dzin/__/zhabs gnyis btsan skyil drel rta chibs/__/zhing lpags stod g.yogs stag sham dang /__/re lde'i smad dkris snyan g.yas g.yon/__/sbrul dang seng ge'i rna chas brgyan/__/lte bar nyi ma spyi bor zla/__/rma bya'i sgro phon gtsug na mdzes/__/sbrul dang rus pa'i rgyan gyis spras/__/chu srin gdong can la sogs pa/__/ma mo bye ba'i tshogs kyis bskor/__/rlung nag 'tshubs ma'i dkyil 'khor nas/__/wa ya e yi sgra sgrogs shing /__/ma mo 'khor bcas gshegs su gsol/__/dgyes pa'i gdan la brtan par bzhugs/__/phyi mchod nye bar spyod pa dang /__/dgra bgegs bsgral ba las byung ba'i/__/drag po'i 'dod yon rnam pa lnga/__/sha khrag rus pa'i gtor ma dang /__/bdud rtsi sman dang rak+ta dang /__/tshogs kyi mchod pa la sogs pa/__/byang sems nal bu'i rgyal mtshan dang /__/'chi kha'i mtshal thig srog chags mdangs/__/shing lo rlung khyer sar ma lhung /__/sha sna snying sna bsam mi khyab/__/bya nag khyi nag dre'u nag__/bong bu dmar ga rta lug nag__/stag gzig dom dred ce spyang sogs/__/ral gri be con kha T+wA~M dang /__/nal thod mdung thung tri shul sogs/__/phyag mtshan spyan gzigs sna tshogs pa/__/phyi nang gsang ba'i rten rdzas dang /__/sa dang bar snang kun khyab pas/__/dpal ldan lha mo'i thugs dam bskang /__/sngags bdag dbang mo'i thugs=____/tshe 'dzin rgyal mo'i=____/srid pa'i bdag mo'i=____/ma mo bye ba'i=____/thugs dam bskang la rkyen ngan bzlog__/ma rig gti mug sgrib pa yi/__/'gal 'khrul nyams chags mthol lo bshags/__/ma mo 'khrugs pa dbyings su zhi/__/nad rim gdon bgegs bar chad sol/__/tshe bsod dpal 'byor rigs brgyud spel/__/'gro kun dbang du bsdu ba dang /__/dam sri rgyal 'gong gnod pa srungs/__/byad phur rbod gtong phyir la bsgyur/__/bdag cag bu bzhin skyong ba dang /__/bcol ba'i las rnams 'grub par mdzod/__/ces gtor ma gser skyems rnams byang shar du gshegs rjes gtor chog gzhan dang ma 'brel na yig brgyas nongs bshags bya/__brtan bzhugs dang gshegs gsol gang mos bya'o/__/ces pa'ang d+hA ki tshe ring chos sgron gyi thugs dam rgyun khyer du pad+ma ye shes rdo rjes bris pa'o/__/mang+ga laM/__shu b+haM//__//

Footnotes

Other Information