JKCL-KABUM-06-CHA-024: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(One intermediate revision by the same user not shown)
Line 11: Line 11:
|sourcerevealer=mchog gyur gling pa
|sourcerevealer=mchog gyur gling pa
|sourcerevealertib=མཆོག་གྱུར་གླིང་པ་
|sourcerevealertib=མཆོག་གྱུར་གླིང་པ་
|tibgenre=Notes - zin bris, Recitation Manual - bsnyen yig, Sadhanas - Evocation Ritual - sgrub thabs
|tibgenre=Notes - zin bris, Recitation Manual - bsnyen yig
|terma=Yes
|terma=Yes
|jkcloutline=Six
|jkcloutline=Six
|deity=rta mgrin dmar po
|deity=rta mgrin dmar po
|cycle=dbang chen 'dus pa rta mgrin yang phyung dmar po
|cycletib=དབང་ཆེན་འདུས་པ་རྟ་མགྲིན་ཡང་ཕྱུང་དམར་པོ་
|language=Tibetan
|language=Tibetan
|volumenumber=006
|volumenumber=006

Latest revision as of 16:20, 13 December 2021

གཏེར་གསར་རྟ་མགྲིན་ཡང་ཕྱུངས་དམར་པོའི་བསྙེན་སྒྲུབ་ཟིན་བྲིས་ཉུང་ངུ་རྣམ་གསལ།
Wylie title gter gsar rta mgrin yang phyungs dmar po'i bsnyen sgrub zin bris nyung ngu rnam gsal JKCL-KABUM-06-CHA-024.pdf
Location chos kyi blo gros bka' 'bum
Volume 6, Text 24, Pages 343-348 (Folios 1a1 to 3b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation 'jam dbyangs mkhyen brtse chos kyi blo gros. gter gsar rta mgrin yang phyungs dmar po'i bsnyen sgrub zin bris nyung ngu rnam gsal. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 343-348. Bir, H.P.: Khyentse Labrang, 2012.
Genre Notes - zin bris  ·  Recitation Manual - bsnyen yig
Cycle དབང་ཆེན་འདུས་པ་རྟ་མགྲིན་ཡང་ཕྱུང་དམར་པོ་ (dbang chen 'dus pa rta mgrin yang phyung dmar po)
Deity rta mgrin dmar po
Colophon

།ཅེས་པའི་ཟིན་བྲིས་འདིའང་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེ་འདི་ཡི་བསྙེན་སྒྲུབ་བཞུགས་ཉེ་ལ་མཁོ་བས། ༧ཆོས་ཀྱི་བློ་གྲོས་པས་མདོར་བསྡུས་སུ་བྲིས་པ་ཤུ་བྷཾ།།

/ces pa'i zin bris 'di'ang gdong sna mchog sprul rin po che 'di yi bsnyen sgrub bzhugs nye la mkho bas/__7chos kyi blo gros pas mdor bsdus su bris pa shu b+haM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
གཏེར་གསར་རྟ་མགྲིན་ཡང་ཕྱུངས་དམར་པོའི་བསྙེན་སྒྲུབ་ཟིན་བྲིས་ཉུང་ངུ་རྣམ་གསལ་ཞེས་བྱ་བ་བཞུགས་སོ། །ཧྱ་གྲཱི་ཝ་ལ་ན་མོ། བླ་མའི་ཞབས་ལ་ཕྱག་འཚལ་ནས། །རྟ་མཆོག་རོལ་པའི་བསྙེན་སྒྲུབ་ཀྱི། །ལག་ལེན་ཉུང་ངུར་སྤེལ་བ་ལ། །བླ་མ་ཌཱ་ཀིས་གནང་བ་མཛོད། །དེ་ལ་འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་གཟའ་སྐར་སྦྱོར་བྱེད་ཤིས་པར་ཕྱི་བཤགས་བསང་། གསེར་སྐྱེམས། ཆབ་གཏོར། ཆ་གསུམ། ཤེར་ཕྱིན། ལང་གཤེགས། སྟོབས་པོ་ཆེ་སོགས་སྒྲོགས། སཱཙྪ་དཀར་པོ་གྲངས་མང་བཏབ་པ་རྣམས་བྱས། དབང་གི་ལས་ལ་ཤིས་པའི་དམར་ཕྱོགས་ཀྱི་དུས་ཚེས་དགེ་བའི་དགོང་ཐུན་གྱི་ཆར་གཏོར་སྒྲོམ་སོགས་རྡུལ་དང་བྱི་བ་སོགས་ཀྱིས་གནོད་པ་མེད་པར་གོང་དུ་དམ་ཚིག་གི་བྲིས་སྐུ་ཡོད་ན་བཀྲམས་པའི་མདུན་དུ་དཀྱིལ་འཁོར་རས་བྲིས་ཡོད་ན་དང་། མ་འཛོམ་ན་འབྲུ་ཚོམ་དམར་པོར་བསྒྱུར་བ་ལྷ་གྲངས་དང་མཉམ་པ་བཀོད་པའི་ཁར་མཉྫིའི་སྟེང་ལྕགས་སམ་སེང་ལྡེང་ལ་སྒྲུབ་ཕུར་ཞལ་གསུམ་པ་ཆང་ཟུང་པདྨ་ཁ་སྤྲོད། རྒྱ་མདུད་གོར་འོག་གཉིས་ཅན་དབུ་གཙུག་རྟ་ཞལ་ཡོད་པ་དར་གྱི་ཅོད་པན་དང་། ཡུངས་ཀར་གྱི་ཐུམ་བུ་འདོགས་པ་ཚོམ་བུ་ཚོགས་སྒྲུབ་ཀྱི་དབུ་ནས་འབྱུང་བ་ལྟར་གཟི་བྱིན་བསྐྱེད། ཐོད་པ་མཚན་ལྡན་དུ་སྲོག་འཁོར་བྲིས་པའི་ནང་ཤ་ལྔ་བདུད་རྩི་ལྔ་རིན་ཆེན་འབྲུ་སྨན་གྱིས་བཀང་། དར་དམར་གྱི་ཐུམ་དང་སྒྲུབ་ཕུར་སྔགས་ཚིག་དང་བཅས་ཕུར་གདན་ལ་བཞུགས་སུ་གསོལ། དེའི་མདུན་དུ་སྨན་རཀ་གཏོར་གསུམ་དང་། ཞི་དྲག་གི་མཆོད་པ། ཆོས་སྐྱོང་གཏོར་འབུལ། ཆད་བརྟན་རྒྱུན་བཞག་རྣམས་ཀྱང་བཤམས། འདི་ནི་བསྙེན་སྒྲུབ་སྦྲགས་མའི་དབང་དུ་བྱས་པ་ཡིན་ལ། བསྙེན་རྐྱང་ཙམ་ལ་སྨན་གཏོར་རཀྟ་ཙམ་ལ་བརྟེན་ཀྱང་རུང་། ལོགས་ཤིག་ཏུ་གསེར་སྐྱེམས། དཀར་བགེགས་དང་། སྒོར་རྒྱལ་ཆེན་ཐོ་བྱང་། མཆོད་གཏོར་བཅས་འདུ་བྱས་ལ། རང་ཉིད་མལ་ས་དེ་མིན་པའི་གཞན་ཞིག་ཏུ་འཁོད་དེ། ཨོཾ་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊཿརང་ཉིད་རྟ་མགྲིན་དབང་ཆེན་གྱི་སྐུར་གྱུར། སྡེ་བརྒྱད་གསེར་སྐྱེམས་དང་དཀར་གཏོར་སྤྱི་ཁྱབ་ལྟར་བསྔོ། སྒོར་ཐོ་བྱང་བརྟན་པོར་འཛུགས་ལ་རྒྱལ་ཐོ་བསྡུས་པ་སྤྱི་འགྲེ་བཏང་། སྤྱི་ཆིངས་ནས་འབྱུང་བ་བཞིན་བགེགས་གཏོར་བྱིན་རླབས་བགེགས་འགུགས། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། བཀའ་བསྒོས་མཐར་བགེགས་གཏོར་ཕྱིར་དོར། གུལ་ཡུངས་སྔགས་བཅས་ཀྱིས་བསྐྲད་མཚམས་འོག་འཇུག་དགོས་རྣམས་དམིགས་ཞབས་ཚུད་པར་བྱ། མཚམས་གཅོད་འདོན་ལ་སྲུང་གུར་བརྟན་པོར་བསྒོམ། ཡེ་དྷར་དང་བཀྲ་ཤིས་བརྗོད། མཚམས་མ་གྲོལ་བར་སྲུང་གུར་འདི་མི་བསྡུ། མལ་དུ་ཞུགས་ནས་ཚིགས་བདུན་གསོལ་འདེབས་དང་བརྒྱུད་འདེབས། སྐྱབས་སེམས་ཡན་ལག་བདུན་པ་ཟབ་བདུན་སྤྱི་ཁྱབ་ལྡེབ་འཕྱངས་ལྟར། བརྡ་སྒོ་དབྱེ་བ་ནས་བརྩམས་ཏིང་འཛིན་རྣམ་གསུམ་གྱི། སླར་འདུས་རྒྱུ་ཡི་ཡི་གེར་ཐིམ༔ ཞེས་པའི་མཚམས་ཡང་ཕྱུངས་དམར་པོའི། ཧྲཱིཿརང་རིག་ཧྲཱིཿཡི་སོགས་ཤར་འདེད་ཀྱིས་སྨན་མཆོད་མཐར་མཚན་དོན་སྦྱར། བསྟོད་པ་རྫོགས་ཀྱི་བར་བདག་མདུན་དབྱེར་མེད་ཀྱི་གོ་དོན་ལྷོངས་བསྐྱེད། བསྙེན་སྒྲུབ་སྦྲགས་མའི་སྐབས་ཚོམ་བུ་ཚོགས་སྒྲུབ་ལྟར། བྷྲཱུྃ་བི་ཤྭ་སོགས་ཀྱི་ཛབ྄i་ཁང་དབྱེ། ཛབ྄i་བསྐུལ་བྱ། ཧཱུྃ་ཧྲཱིཿདཔལ་ཆེན་རྟ་མགྲིན་ཐུགས་ཀའི་སོགས་བཟླས་དམིགས་དང་། བསྙེན་རྐྱང་སྐབས་ཛབ྄་དབྱེ་བསྐུལ་མི་དགོས། བཟླས་དམིགས་ནས་འདོན། ལས་བྱང་གི་རྟ་སྐད་སྒྲོགས་པའི་དགོངས་པ་གསལ་བཏབ་ལ། ཕྲེང་བ་བྱིན་རླབས་སྤྱི་ལྟར་བྱས་ནས་བསྙེན་སྒྲུབ་ཆིག་ཆོད་འབྲུ་བཅོ་ལྔ་པ་བཟླ། ཐུན་གྲོལ་བ་ན་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་རྣམས་ལན་གསུམ་རེས་སྔགས་ཀྱི་ལྷག་ཆད་ཁ་སྐོངས། སྟོང་ཚིག་མཆོད་བསྟོད་དང་ཡིག་བརྒྱ། སྤྱི་ཆིངས་རྗེས་རིམ་གྱི། སྣོད་བཅུད་ཐམས་ཅད་སོགས་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བྱ། གཏོར་བསྔོས་དང་དྲེགས་པ་སྡེ་ལྔའི་གཏོར་བསྔོས་མ་ཆད་པ་དགོས། ཉལ་བའི་རྣལ་འབྱོར་གྱིས་ཉལ། སང་ཐོ་རངས་ཀྱི་ཐུན་ལ་ངག་བྱིན་རླབས་སོགས་དང་སྐྱབས་སེམས་བསྡུ་ན་རྟ་མགྲིན་སྙིང་པོ་དོན་འདུས་ལྟར་བྱས་ཀྱང་རུང་། ལྷ་བསྐྱེད་དབུ་ནས་འཇུག་སྟེ་དགོང་ཐུན་ལྟར་འདོན་ལ་བསྡུ་ལྡང་སྨོན་ཤིས་ཀྱང་བསྡུ་ན་སྙིང་པོ་དོན་འདུས་ལྟར་བྱ། ཉི་མ་མ་ཤར་གོང་གྲོལ། དེ་ནས་སྔ་ཐུན་དང་ཕྱི་ཐུན་གཉིས་ལ་ལས་བྱང་གི་བརྒྱུད་འདེབས། སྐྱབས་སེམས་ཡན་ལག་བཅུ་པ། བགེགས་གཏོར་བཤམ་མི་དགོས་བཀའ་བསྒོ་ནས་བརྩམས་རྒྱས་པར་འདོན། ཕྱི་ཐུན་བསྙེན་བསྟོད་མཐར་ཚོགས་མཆོད་རེ་གྲུབ་ན་ལེགས། མ་གྲུབ་ནའང་ཡར་མར་གྱི་ཚེས་བཅུ་གཉིས་ལ་ངེས་པར་དགོས་པའི་འདོན་ཆ་རྒྱས་ན་སྤྱི་ཆིངས་ལྟར། བསྡུ་ན་རྟ་མགྲིན་སྙིང་པོ་དོན་འདུས་ཀྱི་ཚོགས་སྦྱར་ཀྱང་ཆོག །ཚོགས་མགྲོན་བརྟན་བཞུགས་བྱ། གཞན་རྣམས་འདྲ། དགོང་ཐུན་ཐོར་ཐུན་ལྟར་ལས་བྱང་བསྡུས་དང་། དེ་ལྟར་ཐུན་བཞིའི་རིམ་པས་བསྙེན་སྒྲུབ་སྔགས་འབུམ་ཕྲག་བཅོ་ལྔ་སོང་ན་ལེགས་པར་འགྱུར་ཏེ། རྩ་སྒྲུབ་ལས། བསྙེན་པ་འབུམ་ཕྲག་བདུན་བཟླ་ཞིང་༔ སྒྲུབ་པ་འབུམ་ཕྲག་ལྔ་ཡིས་འགྲུབ༔ སྒྲུབ་ཆེན་འབུམ་ཕྲག་གསུམ་ཡིན་ནོ༔ ཞེས་གསུངས་པའི་ཕྱིར་རོ། །བསྙེན་པ་ཟླ་གཅིག་ལྟ་བུར་མཚོན་ན་བདུན་གཉིས་ཙམ་སོང་ནས་བསྙེན་བཟླས་རྒྱུན་གྱི་དམིགས་བཟླས་མཐར་རྩ་སྒྲུབ་ཀྱི། ཡབ་ཡུམ་ཞལ་བརྒྱུད་སྔགས་ཕྲེང་ནི༔ ཞེས་པའི་བཟླས་དམིགས་སྦྱར་ན་ལེགས། བཟླས་གྲངས་ཐེམས་ནས་ལས་སྦྱོར་དུས་བསྙེན་སྒྲུབ་བཟླས་མཐར། རྩ་སྒྲུབ་ཀྱི། དབང་གི་རྟ་སྐད་ཕྱོགས་བཅུར་བསྒྲགས༔ ཞེས་པའི་བཟླས་དམིགས་པ་སྦྱར། པདྨ་ཌཱ་ཀི་ནཱི། ཞེས་པའི་བཟླས་པ་འབུམ་ཕྲག་གཅིག་ཉུང་མཐར་བྱ། ཤིན་ཏུ་རྒྱས་པར་སྤྲོ་ན། བསྙེན་སྒྲུབ་ཆིག་དྲིལ་བཟླས་གྲངས་རྫོགས་ནས་གཟུངས་སྔགས་ཀྱི་འཁྲུལ་འཁོར་ནས་སྲས་ལྕམ་གྱི་ཛ་བཞི་ནས། རྩལ་ཆེན་གྱི་སྔགས་རྫོགས་ཀྱི་བར་ཁྲི་དང་སྟོང་སོགས་གང་འགྲུབ་བཟླ། ལས་སྦྱོར་ཌཱ་ཀི་ནཱིའི་སྔགས་བཟླས་རྫོགས་ནས་སྲུང་བཟློག་གི་དྲག་སྔགས་ནས་བརྩམས་གཞན་ནུས་བཤིག་པ་ཡན་སོ་སོར་སྟོང་ཕྲག་རེ་ཙམ་བཟླ་ན་མདེལ་ཁ་གདགས་པ་ཡིན་པས་མཆོག་ཏུ་འགྱུར་རོ། །བསྙེན་སྒྲུབ་རྫོགས་པའི་སང་དངོས་གྲུབ་ལེན་རྒྱུའི་དོ་དགོང་ནས་མཆོད་གཏོར་གསར་པ་བཤམས། སྟེགས་བུ་ཁེབས་ལྡན་འབྲུ་ཡི་གཡུང་དྲུང་བྲིས་པའི་ཁར་འབྲང་རྒྱས་དར་དམར་གྱི་གུར་ཕུབ་པ་དང་། ཐོད་པ་བདུད་རྩིས་བཀང་བ། དངོས་གྲུབ་ཀྱི་རྫས་སྣ་ཚོགས་བཀྲམ། ཕྱི་ཐུན་གྱི་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པའི་བདུད་རྩི་བྱིན་རླབས་སྔོན་འགྲོའི་སྤྱི་ཆིངས་ལྟར། སརྦ་པཉྩ་སུམ་བརྒྱ་ཙམ་དང་། རྩ་སྒྲུབ་ཀྱི། ལྷ་རྣམས་བདེ་བ་ཆེན་པོར་སྦྱོར༔ སོགས་ཀྱི་བསྐུལ་ལ། རྩ་སྔགས་འབྲུ་བཅོ་ལྔ་པའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ བཏགས་པ་སྟོང་རྩ་བཟླ། སྟོང་ཚིག་མཆོད་བསྟོད་སོགས་རྒྱུན་ལྟར་ཐོ་རངས་སྔ་བར་ལངས་ལ་དངོས་གྲུབ་བསྡུ་བཟླས་སྟོང་ཚིག་བཅས་རྫོགས་ནས་ཚོགས་མཆོད་གཏོར་བསྔོས་འབུལ་གཏོར་དང་ཆད་བརྟན་རྒྱུན་བཞག་རྣམས་ཀྱང་ཕྱིར་ཕུལ། རྟ་བྲོ་རྫོགས་ནས་སྐྱ་རེངས་དང་པོ་ཤར་བ་དང་དངོས་གྲུབ་བླང་བ། སྒྲུབ་ཁོག་གིཧཱུྃ༔ གསང་བ་མཆོག་གི་སོགས་ཀྱི་བགེགས་བསྐྲད། མཚམས་གཅོད། བྱིན་འབེབས། མདུན་དུ་ཐོད་པ་ཆང་དང་རཀྟ་སྦྱར་བ་བཤམས། བདུད་རྩི་བྱིན་རླབས་སྔགས་སྟོང་རྩ། གསལ་མཆོད་སྡུད་གསུམ་གྱི་དམིགས་པས་རཀྟ་ཕུད་ཁག་གིས་ལན་གསུམ་འཕྱར། གནད་བསྐུལ་དངོས་གྲུབ་བསྡུ་དམིགས་དང་རྩ་སྔགས་འབྲུ་བཅོ་ལྔ་པའི་མཐར། སརྦ་སིདྡྷི་ཧཱུྃ་བཏགས་པ་སྟོང་རྩ་བཟླ། སྟོང་ཚིག་མཆོད་བསྟོད་དང་། ཧཱུྃ༔ རང་བཞིན་དབྱིངས་ནས་བཞེངས་པའི་སོགས་ཀྱི་འོད་ཞུ་རྗེས་ཆང་རག་བསྲེས་པའི་ཐོད་སྣོད་བཏེགས་ལ། རྟ་མགྲིན་ལས་བྱང་གི་སྨན་མཆོད་མཚན་དོན་གནས་གསུམ་ཐིག་ལེ་བྱས་མཐར། སྤྱི་ཆིང་གིཧཱུྃ༔ སྔོན་ནས་བསྙེན་ཅིང་སོགས་ཀྱིས་སྒྲུབ་རྟེན་དང་། དངོས་གྲུབ་ཐོད་ཆང་འབྲང་རྒྱས་རྣམས་གནས་གསུམ་དུ་བཞག་ལ་རྫས་རྣམས་རོལ། དམ་ཚིག་མེད་པའི་མི་ལ་མི་སྦྱིན། སྒྲུབ་རྟེན་རང་གནས་སུ་བཀོད་ཅིང་། མཆོད་པ་བྱིན་རླབས། མཆོད་བསྟོད་རྒྱས་པ་དང་། ནོངས་བཤགས། ཡིག་བརྒྱ་མང་དུ་བཟླས། བརྟན་བཞུགས། བསྡུ་ལྡང་སོགས་སྤྱི་ཆིངས་ལྟར་དང་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱ་ཞིང་། ཉིན་ཁ་ཤས་གནས་སྲུང་ཞེས་ལས་བྱང་ཚར་རེ་འདོན། སྦྱིན་སྲེག་མ་གྲུབ་ན་སྔགས་ཀྱི་ལྷག་ཆད་སྐོང་ཕྱིར་ཡིག་བརྒྱ་ཉིན་ཁ་ཤས་བཟླའོ། །བསྙེན་རྐྱང་ཙམ་ལ་དངོས་གྲུབ་བླང་བ་སྤྱི་ཆིང་གི་དཀྱུས་ནས་འབྱུང་བ་དེས་འཐུས། དངོས་གྲུབ་ཀྱི་རྫས་བཤམས་པ་སོགས་མ་གྲུབ་ཀྱང་རུང་བ་རྒྱས་བསྡུས་ཀྱང་སྐབས་ཕྱེད་པར་བྱའོ། །དེ་དག་གི་སྐབས་ཀྱི་བསྙེན་སྒྲུབ་སྤང་བླང་གི་གནད་ནི་བསྙེན་ཡིག་སྤྱི་འགྲེ་དག་ལས་རྟོགས་པར་བྱ་ཞིང་། ཐུན་གྱི་སྒང་ལ་ངག་བཅད་དམ་པར་བྱ་བ་ཤིན་ཏུ་གཅེས། འདི་དགེས་དབང་གི་དཀྱིལ་འཁོར་དུ། །རྟ་ཡི་རྒྱལ་པོ་མཆོག་གྲུབ་སྟེ། །སྣང་སེམས་དབང་དུ་འདུ་བ་དང་། །གྲུབ་གཉིས་དཔལ་ཡོན་རྒྱས་གྱུར་ཅིག །ཅེས་པའི་ཟིན་བྲིས་འདིའང་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེ་འདི་ཡི་བསྙེན་སྒྲུབ་བཞུགས་ཉེ་ལ་མཁོ་བས། ༧ཆོས་ཀྱི་བློ་གྲོས་པས་མདོར་བསྡུས་སུ་བྲིས་པ་ཤུ་བྷཾ།། །།
[edit]

gter gsar rta mgrin yang phyungs dmar po'i bsnyen sgrub zin bris nyung ngu rnam gsal zhes bya ba bzhugs so/__/h+ya grI wa la na mo/__bla ma'i zhabs la phyag 'tshal nas/__/rta mchog rol pa'i bsnyen sgrub kyi/__/lag len nyung ngur spel ba la/__/bla ma DA kis gnang ba mdzod/__/de la 'dir dbang thob cing dam tshig la gnas pas gza' skar sbyor byed shis par phyi bshags bsang /__gser skyems/__chab gtor/__cha gsum/__sher phyin/__lang gshegs/__stobs po che sogs sgrogs/__sAts+tsha dkar po grangs mang btab pa rnams byas/__dbang gi las la shis pa'i dmar phyogs kyi dus tshes dge ba'i dgong thun gyi char gtor sgrom sogs rdul dang byi ba sogs kyis gnod pa med par gong du dam tshig gi bris sku yod na bkrams pa'i mdun du dkyil 'khor ras bris yod na dang /__ma 'dzom na 'bru tshom dmar por bsgyur ba lha grangs dang mnyam pa bkod pa'i khar many+dzi'i steng lcags sam seng ldeng la sgrub phur zhal gsum pa chang zung pad+ma kha sprod/__rgya mdud gor 'og gnyis can dbu gtsug rta zhal yod pa dar gyi cod pan dang /__yungs kar gyi thum bu 'dogs pa tshom bu tshogs sgrub kyi dbu nas 'byung ba ltar gzi byin bskyed/__thod pa mtshan ldan du srog 'khor bris pa'i nang sha lnga bdud rtsi lnga rin chen 'bru sman gyis bkang /__dar dmar gyi thum dang sgrub phur sngags tshig dang bcas phur gdan la bzhugs su gsol/__de'i mdun du sman raka gtor gsum dang /__zhi drag gi mchod pa/__chos skyong gtor 'bul/__chad brtan rgyun bzhag rnams kyang bshams/__'di ni bsnyen sgrub sbrags ma'i dbang du byas pa yin la/__bsnyen rkyang tsam la sman gtor rak+ta tsam la brten kyang rung /__logs shig tu gser skyems/__dkar bgegs dang /__sgor rgyal chen tho byang /__mchod gtor bcas 'du byas la/__rang nyid mal sa de min pa'i gzhan zhig tu 'khod de/__oM pad+mAn+ta kr-i ta badz+ra kro d+ha h+ya grI wa hU~M phaTaHrang nyid rta mgrin dbang chen gyi skur gyur/__sde brgyad gser skyems dang dkar gtor spyi khyab ltar bsngo/__sgor tho byang brtan por 'dzugs la rgyal tho bsdus pa spyi 'gre btang /__spyi chings nas 'byung ba bzhin bgegs gtor byin rlabs bgegs 'gugs/__sarba big+h+nAn na maHsarba ta thA ga ta sogs nam mkha' mdzod kyi sngags rgya lan gsum gyis bsngo/__bka' bsgos mthar bgegs gtor phyir dor/__gul yungs sngags bcas kyis bskrad mtshams 'og 'jug dgos rnams dmigs zhabs tshud par bya/__mtshams gcod 'don la srung gur brtan por bsgom/__ye d+har dang bkra shis brjod/__mtshams ma grol bar srung gur 'di mi bsdu/__mal du zhugs nas tshigs bdun gsol 'debs dang brgyud 'debs/__skyabs sems yan lag bdun pa zab bdun spyi khyab ldeb 'phyangs ltar/__brda sgo dbye ba nas brtsams ting 'dzin rnam gsum gyi/__slar 'dus rgyu yi yi ger thim:__zhes pa'i mtshams yang phyungs dmar po'i/__hrIHrang rig hrIHyi sogs shar 'ded kyis sman mchod mthar mtshan don sbyar/__bstod pa rdzogs kyi bar bdag mdun dbyer med kyi go don lhongs bskyed/__bsnyen sgrub sbrags ma'i skabs tshom bu tshogs sgrub ltar/__b+h+rU~M bi shwa sogs kyi dzaba?[i] khang dbye/__dzaba?[i] bskul bya/__hU~M hrIHdpal chen rta mgrin thugs ka'i sogs bzlas dmigs dang /__bsnyen rkyang skabs dzaba? dbye bskul mi dgos/__bzlas dmigs nas 'don/__las byang gi rta skad sgrogs pa'i dgongs pa gsal btab la/__phreng ba byin rlabs spyi ltar byas nas bsnyen sgrub chig chod 'bru bco lnga pa bzla/__thun grol ba na dbyangs gsal yig brgya ye d+har rnams lan gsum res sngags kyi lhag chad kha skongs/__stong tshig mchod bstod dang yig brgya/__spyi chings rjes rim gyi/__snod bcud thams cad sogs bsdu ldang bsngo smon shis brjod bya/__gtor bsngos dang dregs pa sde lnga'i gtor bsngos ma chad pa dgos/__nyal ba'i rnal 'byor gyis nyal/__sang tho rangs kyi thun la ngag byin rlabs sogs dang skyabs sems bsdu na rta mgrin snying po don 'dus ltar byas kyang rung /__lha bskyed dbu nas 'jug ste dgong thun ltar 'don la bsdu ldang smon shis kyang bsdu na snying po don 'dus ltar bya/__nyi ma ma shar gong grol/__de nas snga thun dang phyi thun gnyis la las byang gi brgyud 'debs/__skyabs sems yan lag bcu pa/__bgegs gtor bsham mi dgos bka' bsgo nas brtsams rgyas par 'don/__phyi thun bsnyen bstod mthar tshogs mchod re grub na legs/__ma grub na'ang yar mar gyi tshes bcu gnyis la nges par dgos pa'i 'don cha rgyas na spyi chings ltar/__bsdu na rta mgrin snying po don 'dus kyi tshogs sbyar kyang chog__/tshogs mgron brtan bzhugs bya/__gzhan rnams 'dra/__dgong thun thor thun ltar las byang bsdus dang /__de ltar thun bzhi'i rim pas bsnyen sgrub sngags 'bum phrag bco lnga song na legs par 'gyur te/__rtsa sgrub las/__bsnyen pa 'bum phrag bdun bzla zhing :__sgrub pa 'bum phrag lnga yis 'grub:__sgrub chen 'bum phrag gsum yin no:__zhes gsungs pa'i phyir ro/__/bsnyen pa zla gcig lta bur mtshon na bdun gnyis tsam song nas bsnyen bzlas rgyun gyi dmigs bzlas mthar rtsa sgrub kyi/__yab yum zhal brgyud sngags phreng ni:__zhes pa'i bzlas dmigs sbyar na legs/__bzlas grangs thems nas las sbyor dus bsnyen sgrub bzlas mthar/__rtsa sgrub kyi/__dbang gi rta skad phyogs bcur bsgrags:__zhes pa'i bzlas dmigs pa sbyar/__pad+ma DA ki nI/__zhes pa'i bzlas pa 'bum phrag gcig nyung mthar bya/__shin tu rgyas par spro na/__bsnyen sgrub chig dril bzlas grangs rdzogs nas gzungs sngags kyi 'khrul 'khor nas sras lcam gyi dza bzhi nas/__rtsal chen gyi sngags rdzogs kyi bar khri dang stong sogs gang 'grub bzla/__las sbyor DA ki nI'i sngags bzlas rdzogs nas srung bzlog gi drag sngags nas brtsams gzhan nus bshig pa yan so sor stong phrag re tsam bzla na mdel kha gdags pa yin pas mchog tu 'gyur ro/__/bsnyen sgrub rdzogs pa'i sang dngos grub len rgyu'i do dgong nas mchod gtor gsar pa bshams/__stegs bu khebs ldan 'bru yi g.yung drung bris pa'i khar 'brang rgyas dar dmar gyi gur phub pa dang /__thod pa bdud rtsis bkang ba/__dngos grub kyi rdzas sna tshogs bkram/__phyi thun gyi bsnyen sgrub las sbyor gyi bzlas pa'i bdud rtsi byin rlabs sngon 'gro'i spyi chings ltar/__sarba pany+tsa sum brgya tsam dang /__rtsa sgrub kyi/__lha rnams bde ba chen por sbyor:__sogs kyi bskul la/__rtsa sngags 'bru bco lnga pa'i mthar/__kA ya wA ka tsit+ta sarba sid+d+hi hU~M:__btags pa stong rtsa bzla/__stong tshig mchod bstod sogs rgyun ltar tho rangs snga bar langs la dngos grub bsdu bzlas stong tshig bcas rdzogs nas tshogs mchod gtor bsngos 'bul gtor dang chad brtan rgyun bzhag rnams kyang phyir phul/__rta bro rdzogs nas skya rengs dang po shar ba dang dngos grub blang ba/__sgrub khog gihU~M:__gsang ba mchog gi sogs kyi bgegs bskrad/__mtshams gcod/__byin 'bebs/__mdun du thod pa chang dang rak+ta sbyar ba bshams/__bdud rtsi byin rlabs sngags stong rtsa/__gsal mchod sdud gsum gyi dmigs pas rak+ta phud khag gis lan gsum 'phyar/__gnad bskul dngos grub bsdu dmigs dang rtsa sngags 'bru bco lnga pa'i mthar/__sarba sid+d+hi hU~M btags pa stong rtsa bzla/__stong tshig mchod bstod dang /__hU~M:__rang bzhin dbyings nas bzhengs pa'i sogs kyi 'od zhu rjes chang rag bsres pa'i thod snod btegs la/__rta mgrin las byang gi sman mchod mtshan don gnas gsum thig le byas mthar/__spyi ching gihU~M:__sngon nas bsnyen cing sogs kyis sgrub rten dang /__dngos grub thod chang 'brang rgyas rnams gnas gsum du bzhag la rdzas rnams rol/__dam tshig med pa'i mi la mi sbyin/__sgrub rten rang gnas su bkod cing /__mchod pa byin rlabs/__mchod bstod rgyas pa dang /__nongs bshags/__yig brgya mang du bzlas/__brtan bzhugs/__bsdu ldang sogs spyi chings ltar dang bsngo smon bkra shis rgyas par bya zhing /__nyin kha shas gnas srung zhes las byang tshar re 'don/__sbyin sreg ma grub na sngags kyi lhag chad skong phyir yig brgya nyin kha shas bzla'o/__/bsnyen rkyang tsam la dngos grub blang ba spyi ching gi dkyus nas 'byung ba des 'thus/__dngos grub kyi rdzas bshams pa sogs ma grub kyang rung ba rgyas bsdus kyang skabs phyed par bya'o/__/de dag gi skabs kyi bsnyen sgrub spang blang gi gnad ni bsnyen yig spyi 'gre dag las rtogs par bya zhing /__thun gyi sgang la ngag bcad dam par bya ba shin tu gces/__'di dges dbang gi dkyil 'khor du/__/rta yi rgyal po mchog grub ste/__/snang sems dbang du 'du ba dang /__/grub gnyis dpal yon rgyas gyur cig__/ces pa'i zin bris 'di'ang gdong sna mchog sprul rin po che 'di yi bsnyen sgrub bzhugs nye la mkho bas/__7chos kyi blo gros pas mdor bsdus su bris pa shu b+haM//___//

Footnotes

Other Information