JKCL-KABUM-03-GA-186

From Khyentse Lineage - A Tsadra Foundation Project
Revision as of 13:58, 6 December 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

མཁས་གྲུབ་ཆེན་པོ་འབྲི་འཇམ་དབྱངས་གྲགས་པའི་མཆོག་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་བྱིན་རླབས་ཟླ་སྣང་།
Wylie title mkhas grub chen po 'bri 'jam dbyangs grags pa'i mchog sprul myur 'byon gyi gsol 'debs byin rlabs zla snang JKCL-KABUM-03-GA-186.pdf
Location chos kyi blo gros bka' 'bum
Volume 3, Text 186, Pages 587-588 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. mkhas grub chen po 'bri 'jam dbyangs grags pa'i mchog sprul myur 'byon gyi gsol 'debs byin rlabs zla snang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 587-588. Bir, H.P.: Khyentse Labrang, 2012.
Genre Petitions for a Speedy Rebirth - yang srid myur byon
Colophon

།ཅེས་པའང་རྗེ་དེ་ཉིད་ཀྱིས་ཉེ་བར་གནས་པའི་གསུང་གིས་བསྐུལ་བ་བཞིན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཀུན་མཁྱེན་བླ་མའི་གཟིམ་སྐྱིལ་དུ་མེ་བྱི་ཁྲུམ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པར་རྩེ་གཅིག་གུས་པས་གསོལ་བ་བཏབ་བཞིན་འགྲུབ་པར་བླ་མ་རྩ་བ་གསུམ་གྱིས་བྱིན་གྱིས་བརླབ་ཏུ་གསོལ། མངྒ་ལཾ།།

/ces pa'ang rje de nyid kyis nye bar gnas pa'i gsung gis bskul ba bzhin 'jam dbyangs chos kyi blo gros pas rdzong sar bkra shis lha rtse'i kun mkhyen bla ma'i gzim skyil du me byi khrum stod zla ba'i dkar phyogs kyi rdzogs pa gsum par rtse gcig gus pas gsol ba btab bzhin 'grub par bla ma rtsa ba gsum gyis byin gyis brlab tu gsol/__mang+ga laM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
མཁས་གྲུབ་ཆེན་པོ་འབྲི་འཇམ་དབྱངས་གྲགས་པའི་མཆོག་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་བྱིན་རླབས་ཟླ་སྣང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། རང་བྱུང་ཡེ་ཤེས་བདེ་བ་ཆེན་པོའི་དབྱིངས། །འགྱུར་མེད་རྣམ་ཀུན་མཆོག་ལྡན་དུས་འཁོར་ལོ། །གང་འདུལ་སྤྲུལ་པའི་གཟུགས་སུ་སྐུར་བཞེངས་པ། །བླ་མ་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །མཁས་དང་གྲུབ་པའི་གྲགས་སྙན་ཕྱོགས་བརྒྱར་ཁྱབ། །ཟབ་མོ་ནང་གི་བདེན་དོན་མངོན་སུམ་གཟིགས། །ཕྱི་ནང་གཞན་གསུམ་དབྱེར་མེད་དཀྱིལ་འཁོར་དུ། །སྟོན་མཛད་ཁྱབ་བདག་བླ་མར་གསོལ་བ་འདེབས། །གཟུགས་སྐུ་ཆོས་དབྱིངས་དགའ་མར་སྙོམས་ཞུགས་ཀྱང་། །རྒྱལ་རྣམས་ཞི་བའི་མཐའ་ལས་མི་གཞོལ་བས། །དམིགས་མེད་སྙིང་རྗེའི་རོལ་རྩལ་སྤྲུལ་པའི་སྐུ། །ངེས་དོན་བསྟན་པའི་མགོན་དུ་སྣང་བར་གསོལ། །བར་ཆད་བདུད་ཀྱི་གནོད་པས་མི་བརྫི་ཞིང་། །ཐེག་ཆེན་རིགས་ཀྱི་ནུས་པ་ཡོངས་སུ་རྒྱས། །ཐོས་བསམ་སྒོམ་པའི་རྩལ་ཆེན་རྫོགས་པ་དང་། །བསྟན་འགྲོར་ཕན་བདེ་རླབས་ཆེན་སྒྲུབ་ཏུ་གསོལ། །དེ་ལྟར་གསོལ་བཏབ་བདེན་པའི་ནུས་པ་དང་། །བླ་མ་དང་པོའི་སངས་རྒྱས་བྱིན་རླབས་མཐུས། །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པ་དང་། །རང་གཞན་དོན་གཉིས་འབད་མེད་འབྱུང་བར་ཤོག །ཅེས་པའང་རྗེ་དེ་ཉིད་ཀྱིས་ཉེ་བར་གནས་པའི་གསུང་གིས་བསྐུལ་བ་བཞིན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཀུན་མཁྱེན་བླ་མའི་གཟིམ་སྐྱིལ་དུ་མེ་བྱི་ཁྲུམ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པར་རྩེ་གཅིག་གུས་པས་གསོལ་བ་བཏབ་བཞིན་འགྲུབ་པར་བླ་མ་རྩ་བ་གསུམ་གྱིས་བྱིན་གྱིས་བརླབ་ཏུ་གསོལ། མངྒ་ལཾ།། །།
[edit]

mkhas grub chen po 'bri 'jam dbyangs grags pa'i mchog sprul myur 'byon gyi gsol 'debs byin rlabs zla snang zhes bya ba bzhugs so/____/oM swasti sid+d+haM/__rang byung ye shes bde ba chen po'i dbyings/____/'gyur med rnam kun mchog ldan dus 'khor lo/____/gang 'dul sprul pa'i gzugs su skur bzhengs pa/____/bla ma 'jam pa'i dbyangs la gsol ba 'debs/____/mkhas dang grub pa'i grags snyan phyogs brgyar khyab/____/zab mo nang gi bden don mngon sum gzigs/____/phyi nang gzhan gsum dbyer med dkyil 'khor du/____/ston mdzad khyab bdag bla mar gsol ba 'debs/____/gzugs sku chos dbyings dga' mar snyoms zhugs kyang /____/rgyal rnams zhi ba'i mtha' las mi gzhol bas/____/dmigs med snying rje'i rol rtsal sprul pa'i sku/____/nges don bstan pa'i mgon du snang bar gsol/____/bar chad bdud kyi gnod pas mi brdzi zhing /____/theg chen rigs kyi nus pa yongs su rgyas/____/thos bsam sgom pa'i rtsal chen rdzogs pa dang /____/bstan 'gror phan bde rlabs chen sgrub tu gsol/____/de ltar gsol btab bden pa'i nus pa dang /____/bla ma dang po'i sangs rgyas byin rlabs mthus/____/ji ltar smon pa bzhin du 'grub pa dang /____/rang gzhan don gnyis 'bad med 'byung bar shog__/ces pa'ang rje de nyid kyis nye bar gnas pa'i gsung gis bskul ba bzhin 'jam dbyangs chos kyi blo gros pas rdzong sar bkra shis lha rtse'i kun mkhyen bla ma'i gzim skyil du me byi khrum stod zla ba'i dkar phyogs kyi rdzogs pa gsum par rtse gcig gus pas gsol ba btab bzhin 'grub par bla ma rtsa ba gsum gyis byin gyis brlab tu gsol/__mang+ga laM//____//__

Footnotes

Other Information