JKCL-KABUM-03-GA-133

From Khyentse Lineage - A Tsadra Foundation Project
Revision as of 16:04, 3 December 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ཨོཾ་སྭསྟི། རྒྱལ་བའི་ཡེ་ཤེས་རང་གཟུགས་འཇམ་པའི་དཔལ་སོགས།
Wylie title oM swasti/ rgyal ba'i ye shes rang gzugs 'jam pa'i dpal sogs JKCL-KABUM-03-GA-133.pdf
Location chos kyi blo gros bka' 'bum
Volume 3, Text 133, Pages 469 (Folios 1a1 to 1a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. oM swasti rgyal ba'i ye shes rang gzugs 'jam pa'i dpal sogs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 469. Bir, H.P.: Khyentse Labrang, 2012.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཅེས་ཟབ་དོན་ལེགས་བཤད་རྨད་དུ་བྱུང་བ་མཇལ་བའི་སྐལ་བཟང་ཐོབ་པ་ན་དང་བ་ཆེན་པོས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆེད་དུ་བརྗོད་པའོ།།

/ces zab don legs bshad rmad du byung ba mjal ba'i skal bzang thob pa na dang ba chen pos mkhyen brtse'i sprul ming 'dzin pa 'jam dbyangs chos kyi blo gros pas ched du brjod pa'o//

[edit]
ཨོཾ་སྭསྟི། རྒྱལ་བའི་ཡེ་ཤེས་རང་གཟུགས་འཇམ་པའི་དཔལ། །དྲག་པོར་ཁྲོས་པ་འཇམ་དཔལ་གཤིན་རྗེའི་གཤེད། །ཁྲོ་ཆུ་དུག་གི་སྡོང་པོ་ཆེན་པོ་ནི། །རྒྱལ་བསྟན་སྲུང་ཞིང་སྐྱོབ་པའི་ལྷ་གཅིག་པུ། །གནུབས་ཆེན་བླ་མའི་ཟབ་གཏེར་རིང་བརྒྱུད་ལ། །འཇམ་དཔལ་ནོར་བུ་བདེ་བའི་རྡོ་རྗེ་ཞེས། །སྙིགས་དུས་རིག་འཛིན་མཁས་གྲུབ་ཡོངས་ཀྱི་རྗེ། །གང་གི་ཐུགས་གསང་རྡོ་རྗེའི་ཀློང་སྒྲོམ་ནས། །མན་ངག་གསེར་གྱི་ཡང་ཞུན་མངོན་པར་ཕྱུངས། །འདི་ཀོ་སྔ་འགྱུར་རིག་འཛིན་བརྒྱུད་པ་ཡི། །ཞལ་ལུང་འཇམ་དཔལ་འགུགས་པའི་ལྕགས་ཀྱུ་སྟེ། །བསྟན་དགྲ་འཇོམས་པའི་མཚོན་ཆ་འདི་ཡིན་ནོ། །དེ་ཕྱིར་སྨིན་གྲོལ་སྒྲུབ་ཕྲིན་ཕྱག་བཞེས་རྒྱུན། །སྲིད་མཐའི་བར་དུ་ནུབ་པ་མེད་པ་དང་། །ཆོས་ཀྱི་བདག་པོ་རིག་འཛིན་ཡབ་སྲས་རྣམས། །ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་ཟབ་དོན་ལེགས་བཤད་རྨད་དུ་བྱུང་བ་མཇལ་བའི་སྐལ་བཟང་ཐོབ་པ་ན་དང་བ་ཆེན་པོས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆེད་དུ་བརྗོད་པའོ།། །།
[edit]

oM swasti/__rgyal ba'i ye shes rang gzugs 'jam pa'i dpal/____/drag por khros pa 'jam dpal gshin rje'i gshed/____/khro chu dug gi sdong po chen po ni/____/rgyal bstan srung zhing skyob pa'i lha gcig pu/____/gnubs chen bla ma'i zab gter ring brgyud la/____/'jam dpal nor bu bde ba'i rdo rje zhes/____/snyigs dus rig 'dzin mkhas grub yongs kyi rje/____/gang gi thugs gsang rdo rje'i klong sgrom nas/____/man ngag gser gyi yang zhun mngon par phyungs/____/'di ko snga 'gyur rig 'dzin brgyud pa yi/____/zhal lung 'jam dpal 'gugs pa'i lcags kyu ste/____/bstan dgra 'joms pa'i mtshon cha 'di yin no/____/de phyir smin grol sgrub phrin phyag bzhes rgyun/____/srid mtha'i bar du nub pa med pa dang /____/chos kyi bdag po rig 'dzin yab sras rnams/____/zhabs pad brtan cing phrin las rgyas gyur cig__/ces zab don legs bshad rmad du byung ba mjal ba'i skal bzang thob pa na dang ba chen pos mkhyen brtse'i sprul ming 'dzin pa 'jam dbyangs chos kyi blo gros pas ched du brjod pa'o//____//_

Footnotes[edit]

Other Information[edit]


Debug data: