JKCL-KABUM-03-GA-130

From Khyentse Lineage - A Tsadra Foundation Project
Revision as of 15:57, 3 December 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱི་ཞབས་བརྟན་འཆི་མེད་གྲུབ་པ་མཆོག་གི་གླུ་དབྱངས།
Wylie title kun gzigs mchog sprul rin po che bkra shis dpal 'byor gyi zhabs brtan 'chi med grub pa mchog gi glu dbyangs JKCL-KABUM-03-GA-130.pdf
Location chos kyi blo gros bka' 'bum
Volume 3, Text 130, Pages 461-463 (Folios 1a1 to 2a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation 'jam dbyangs mkhyen brtse chos kyi blo gros. kun gzigs mchog sprul rin po che bkra shis dpal 'byor gyi zhabs brtan 'chi med grub pa mchog gi glu dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 461-463. Bir, H.P.: Khyentse Labrang, 2012.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཅེས་ཤིང་སྤྲེལ་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་རྗེ་ཉིད་ཀྱི་ཟབ་གཏེར་འཇམ་དཔལ་ཐུགས་ཐིག་གི་ཆོས་སྒོ་དང་པོར་འབྱེད་པའི་སྐབས་བཀྲ་ཤིས་པའི་ལྷ་རྫས་ཨ་ཤེ། འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། ས་སྙིང་སྲུང་འཁོར། རིན་ཆེན་སྣ་ཚོགས་ཀྱི་མཎྜལ་བཅས་མཁྱེན་བརྩེའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་ཤིང་གསོལ་སྨོན་དུ་བགྱིས་པ་དཔལ་ལྡན་བླ་མ་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་བཞུགས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ་ཤུ་བྷཾ།།

/ces shing sprel sa ga zla ba'i dkar phyogs kyi rgyal ba gnyis par rje nyid kyi zab gter 'jam dpal thugs thig gi chos sgo dang por 'byed pa'i skabs bkra shis pa'i lha rdzas a she/__'chi med sku gsung thugs rdo rje'i snang brnyan/__sa snying srung 'khor/__rin chen sna tshogs kyi maN+Dal bcas mkhyen brtse'i phrin las kyi byed por smon pa 'jam dbyangs chos kyi blo gros pas bkra shis 'chi med grub pa'i dga' tshal du bris shing gsol smon du bgyis pa dpal ldan bla ma zhabs pad bskal pa rgya mtshor brtan cing bzhugs pa'i rgyur gyur cig__/sarba dA ka l+yA NaM b+ha ba tu shu b+haM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱི་ཞབས་བརྟན་འཆི་མེད་གྲུབ་པ་མཆོག་གི་གླུ་དབྱངས་ཞེས་བྱ་བ། ཨོཾ་སྭསྟི་བི་ཛ་ཡནྟུ། ཀུན་མཁྱེན་ཡེ་ཤེས་མེ་ལོང་དགྱེས་པའི་གར། །བཀྲ་ཤིས་མཁྱེན་བརྩེའི་འོད་ཟེར་འབུམ་གྱིས་གཏམས། །ཟག་མེད་འཕགས་པའི་ཡོན་ཏན་དཔལ་འབྱོར་གྱིས། །རབ་མཛེས་དཔལ་ལྡན་བླ་མ་རྒྱལ་གྱུར་ཅིག །སྙིགས་མའི་འགྲོ་ངོར་ཕྲིན་ལས་པདྨའི་ཚལ། །དུས་སུ་བབས་པའི་སྨོན་ལམ་མཛེས་སྡུག་གིས། །མདོ་སྔགས་བསྟན་པའི་གླིང་ཀུན་ཁྱབ་བརྡལ་བས། །མཚོ་སྐྱེས་གྲུབ་པའི་ཞལ་སྐྱིན་རྟག་བརྟན་ཤོག །མཐའ་ཡས་ཆོས་ཀུན་མཁྱེན་པའི་དཀྱིལ་འཁོར་རྒྱས། །བརྩེ་ཆེན་ཐུགས་རྗེའི་འོད་སྣང་རབ་ཏུ་བསིལ། །ཕུལ་བྱུང་ནུས་པས་བདུད་སྡེ་དཔུང་དང་བཅས། །འཇོམས་མཛད་རྒྱལ་སྲས་དབང་ཕྱུག་ཞབས་བརྟན་གསོལ། །བཅུ་ཕྲག་རིགས་པར་མཁས་པའི་ཕུལ་དུ་ཕྱིན། །བདེ་ཆེན་ཚུལ་ཁྲིམས་མཐར་སོན་བཙུན་པའི་མཆོག །རིས་མེད་བསྟན་འགྲོར་སྨན་པའི་མཛད་བཟང་གིས། །རྟག་མཛེས་རབ་གསལ་ཟླ་བ་ཞབས་བརྟན་གསོལ། །བཀའ་གཏེར་གདམས་པའི་ཆོས་སྒོ་རབ་འབྱམས་གསན། །ངེས་དོན་གྲུབ་མཐའི་སྙིང་པོ་བསམ་པས་འཛིན། །བསྐྱེད་རྫོགས་བསྒོམས་པས་རིག་འཛིན་ས་མཐོར་གཤེགས། །འོད་གསལ་ཐུགས་མཆོག་རྡོ་རྗེ་ཞབས་བརྟན་གསོལ། །ཟབ་རྒྱས་ཆོས་སྒོ་འཆད་ལ་ཆགས་ཐོགས་བྲལ། །ལུང་རིགས་རྩོད་པས་ལྟ་ངན་རྒོལ་བ་འཇོམས། །ཕུལ་བྱུང་རྩོམ་པས་མཚོ་བྱུང་མགྲིན་མཚོར་རོལ། །འཇམ་དཔལ་དགའ་བའི་བཤེས་གཉེན་ཞབས་བརྟན་གསོལ། །ཡེ་ཤེས་དགོངས་པའི་གཏེར་མཛོད་ཀློང་ནས་རྡོལ། །ལྷ་དང་ཌཱ་ཀིས་བྱིན་བརླབས་དབུགས་དབྱུང་སྩལ། །ཟབ་གསང་ཆོས་ཀྱི་བདུད་རྩིའི་མཛོད་ཆེན་པོ། །གངས་ཅན་ཕན་བདེའི་བྱེད་པོར་ཞབས་བརྟན་གསོལ། །སྣོད་བཅུད་ཡེ་ཤེས་རྡོ་རྗེའི་འཁོར་ལོར་ཤར། །མི་ཤིགས་དྷཱུ་ཏིའི་མདུད་པ་དབྱིངས་སུ་གྲོལ། །རྡོ་རྗེ་ནང་གི་རྣལ་འབྱོར་ཕ་མཐར་སོན། །ངེས་དོན་རྣལ་འབྱོར་དབང་པོ་ཞབས་བརྟན་གསོལ། །རིག་སྟོང་ཆོས་ཉིད་དགོངས་པ་ཀློང་དུ་གྱུར། །འོད་གསལ་དག་པའི་སྣང་བ་འབྱམས་ཀླས་ཤར། །མི་གཡོ་རྡོ་རྗེ་སྙིང་པོའི་དགོངས་ཀློང་འཁྱིལ། །རང་བྱུང་དང་པོའི་མགོན་པོར་ཞབས་བརྟན་གསོལ། །ཐུབ་བསྟན་ཡོངས་རྫོགས་ཆོས་ཀྱི་མཛོད་ཆེན་པོ། །རང་དབང་སྒྱུར་མཛད་འཇམ་མགོན་ཆོས་ཀྱི་རྒྱལ། །ཐུགས་རྗེའི་རང་གཟུགས་དཔལ་ལྡན་བླ་མ་མཆོག །གསང་གསུམ་འཆི་མེད་རྡོ་རྗེར་ཞབས་བརྟན་གསོལ། །རྩེ་གཅིག་གསོལ་བཏབ་བདེན་པའི་ནུས་མཐུ་དང་། །འཆི་མེད་རྩ་གསུམ་རྒྱལ་བའི་བྱིན་ནུས་ཀྱིས། །སྨྲ་བའི་ཉི་མ་བླ་མའི་ཞབས་པད་བརྟན། །ཕྲིན་ལས་ནམ་མཁའ་ཇི་སྲིད་རྒྱས་གྱུར་ཅིག །ཅེས་ཤིང་སྤྲེལ་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་རྗེ་ཉིད་ཀྱི་ཟབ་གཏེར་འཇམ་དཔལ་ཐུགས་ཐིག་གི་ཆོས་སྒོ་དང་པོར་འབྱེད་པའི་སྐབས་བཀྲ་ཤིས་པའི་ལྷ་རྫས་ཨ་ཤེ། འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། ས་སྙིང་སྲུང་འཁོར། རིན་ཆེན་སྣ་ཚོགས་ཀྱི་མཎྜལ་བཅས་མཁྱེན་བརྩེའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་ཤིང་གསོལ་སྨོན་དུ་བགྱིས་པ་དཔལ་ལྡན་བླ་མ་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་བཞུགས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ་ཤུ་བྷཾ།། །།
[edit]

kun gzigs mchog sprul rin po che bkra shis dpal 'byor gyi zhabs brtan 'chi med grub pa mchog gi glu dbyangs zhes bya ba/__oM swasti bi dza yan+tu/__kun mkhyen ye shes me long dgyes pa'i gar/____/bkra shis mkhyen brtse'i 'od zer 'bum gyis gtams/____/zag med 'phags pa'i yon tan dpal 'byor gyis/____/rab mdzes dpal ldan bla ma rgyal gyur cig__/snyigs ma'i 'gro ngor phrin las pad+ma'i tshal/____/dus su babs pa'i smon lam mdzes sdug gis/____/mdo sngags bstan pa'i gling kun khyab brdal bas/____/mtsho skyes grub pa'i zhal skyin rtag brtan shog__/mtha' yas chos kun mkhyen pa'i dkyil 'khor rgyas/____/brtse chen thugs rje'i 'od snang rab tu bsil/____/phul byung nus pas bdud sde dpung dang bcas/____/'joms mdzad rgyal sras dbang phyug zhabs brtan gsol/____/bcu phrag rigs par mkhas pa'i phul du phyin/____/bde chen tshul khrims mthar son btsun pa'i mchog__/ris med bstan 'gror sman pa'i mdzad bzang gis/____/rtag mdzes rab gsal zla ba zhabs brtan gsol/____/bka' gter gdams pa'i chos sgo rab 'byams gsan/____/nges don grub mtha'i snying po bsam pas 'dzin/____/bskyed rdzogs bsgoms pas rig 'dzin sa mthor gshegs/____/'od gsal thugs mchog rdo rje zhabs brtan gsol/____/zab rgyas chos sgo 'chad la chags thogs bral/____/lung rigs rtsod pas lta ngan rgol ba 'joms/____/phul byung rtsom pas mtsho byung mgrin mtshor rol/____/'jam dpal dga' ba'i bshes gnyen zhabs brtan gsol/____/ye shes dgongs pa'i gter mdzod klong nas rdol/____/lha dang DA kis byin brlabs dbugs dbyung stsal/____/zab gsang chos kyi bdud rtsi'i mdzod chen po/____/gangs can phan bde'i byed por zhabs brtan gsol/____/snod bcud ye shes rdo rje'i 'khor lor shar/____/mi shigs d+hU ti'i mdud pa dbyings su grol/____/rdo rje nang gi rnal 'byor pha mthar son/____/nges don rnal 'byor dbang po zhabs brtan gsol/____/rig stong chos nyid dgongs pa klong du gyur/____/'od gsal dag pa'i snang ba 'byams klas shar/____/mi g.yo rdo rje snying po'i dgongs klong 'khyil/____/rang byung dang po'i mgon por zhabs brtan gsol/____/thub bstan yongs rdzogs chos kyi mdzod chen po/____/rang dbang sgyur mdzad 'jam mgon chos kyi rgyal/____/thugs rje'i rang gzugs dpal ldan bla ma mchog__/gsang gsum 'chi med rdo rjer zhabs brtan gsol/____/rtse gcig gsol btab bden pa'i nus mthu dang /____/'chi med rtsa gsum rgyal ba'i byin nus kyis/____/smra ba'i nyi ma bla ma'i zhabs pad brtan/____/phrin las nam mkha' ji srid rgyas gyur cig__/ces shing sprel sa ga zla ba'i dkar phyogs kyi rgyal ba gnyis par rje nyid kyi zab gter 'jam dpal thugs thig gi chos sgo dang por 'byed pa'i skabs bkra shis pa'i lha rdzas a she/__'chi med sku gsung thugs rdo rje'i snang brnyan/__sa snying srung 'khor/__rin chen sna tshogs kyi maN+Dal bcas mkhyen brtse'i phrin las kyi byed por smon pa 'jam dbyangs chos kyi blo gros pas bkra shis 'chi med grub pa'i dga' tshal du bris shing gsol smon du bgyis pa dpal ldan bla ma zhabs pad bskal pa rgya mtshor brtan cing bzhugs pa'i rgyur gyur cig__/sarba dA ka l+yA NaM b+ha ba tu shu b+haM//____//

Footnotes

Other Information