JKCL-KABUM-03-GA-100

From Khyentse Lineage - A Tsadra Foundation Project
Revision as of 12:49, 3 December 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་བརྒྱུད་པའི་གསོལ་འདེབས་བསྡུས་པ་བྱིན་རླབས་མྱུར་འཇུག།
Wylie title rwa khrid mkha' 'gro snyan brgyud kyi brgyud pa'i gsol 'debs bsdus pa byin rlabs myur 'jug JKCL-KABUM-03-GA-100.pdf
Location chos kyi blo gros bka' 'bum
Volume 3, Text 100, Pages 389-393 (Folios 1a1 to 3a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rwa khrid mkha' 'gro snyan brgyud kyi brgyud pa'i gsol 'debs bsdus pa byin rlabs myur 'jug. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 389-393. Bir, H.P.: Khyentse Labrang, 2012.
Genre Lineage Supplications - brgyud 'debs
Colophon
  • First colophon page 391: །ཅེས་པའང་གུས་སློབ་ཡེ་ན་དགེ་སློང་ཤེས་རབ་ཕུན་ཚོགས་ནས་མདོར་བསྡུས་བ་ཞིག་བྲིས་ཞེས་བསྐུལ་བ་ན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བརྒྱུད་འདེབས་ཆེན་མོ་ལས་བཏུས་ཏེ་སྨྲས་རིམ་བཞིན་བསྐུལ་བ་པོ་ཉིད་ཀྱིས་ཡི་གེ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །
  • Second colophon page 393: ༧ཆོས་ཀྱི་བློ་གྲོས་གསུང་ཡིན་པ་ངེས་སྙམ་སྟེ་འདིར་བཀོད་པའོ།།
  • First colophon page 391: /ces pa'ang gus slob ye na dge slong shes rab phun tshogs nas mdor bsdus ba zhig bris zhes bskul ba na 'jam dbyangs chos kyi blo gros pas brgyud 'debs chen mo las btus te smras rim bzhin bskul ba po nyid kyis yi ge bris pa dge legs su gyur cig__/
  • Second colophon page 393: 7chos kyi blo gros gsung yin pa nges snyam ste 'dir bkod pa'o//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་བརྒྱུད་པའི་གསོལ་འདེབས་བསྡུས་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷི། གཤིན་རྗེ་གཤེད་དང་རྡོ་རྗེ་བཻ་ཏ་ལི། །ལ་ལི་ཏ་དང་ཨ་མོ་གྷ་བཛྲ། །ཡེ་འབྱུང་སྦས་པ་པདྨ་བཛྲ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྗེ་བཙུན་ཡེ་རང་པ་དང་རྭ་ལོ་ཆེ། །ཆོས་རབ་ཞབས་དང་རྭ་བན་ཡེ་ཤེས་མཚན། འབུམ་སེང་དྷརྨ་སེངྒེ་དཀོན་སེང་ལ། །གསོལ་བ༴ །ཤེས་རབ་རྒྱལ་དང་དབང་ཕྱུག་རྒྱལ་མཚན་ཞབས། །ཀུན་དགའ་བརྩོན་འགྲུས་བརྩོན་འགྲུས་བྱང་ཆུབ་དང་། །ཀུན་དགའ་རྒྱ་མཚོ་ཡོན་ཏན་ཆོས་རིན་ལ། །གསོལ་བ༴ །བརྩོན་འགྲུས་རྒྱ་མཚོ་ཆོས་སྐྱོང་རྒྱལ་མཚན་ཞབས། །ཡོན་ཏན་རྒྱ་མཚོ་ཚར་ཆེན་རྡོ་རྗེ་འཆང་། །མཁྱེན་བརྩེའི་དབང་ཕྱུག་བསླབ་གསུམ་རྒྱལ་མཚན་ལ། །གསོལ་བ༴ །བསོད་ནམས་ཆོས་འཕེལ་དབང་ཕྱུག་རབ་བརྟན་དང་། །བསོད་ནམས་མཆོག་ལྡན་ངག་དབང་ཆོས་ཀྱི་གྲགས། །ངག་དབང་རྣམ་རྒྱལ་བཟང་པོ་རྒྱལ་མཚན་ལ། །གསོལ་བ༴ །ཀུན་དགའ་ལྷུན་གྲུབ་ལེགས་བའི་འབྱུང་གནས་དང་། །བསོད་ནམས་དཔལ་བཟང་ཆོས་ཉིད་ཡེ་ཤེས་ཞབས། །བསྟན་པའི་ཉི་མ་ཀུན་དགའ་རིན་ཆེན་ལ། །གསོལ་བ༴ །སྨོན་ལམ་གྲགས་པ་འཇམ་དབྱངས་བློ་གསལ་དང་། །འཇམ་དབྱངས་མཁྱེན་བརྩེ་བློ་གཏེར་དབང་པོའི་ཞབས། །ངག་དབང་བསམ་གཏན་བློ་གྲོས་དཔལ་བཟང་པོར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྲིད་ལས་ངེས་འབྱུང་ཐར་པའི་ཡོན་ཏན་དྲན། །སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་མཆོག་བསྐྱེད། །སྡིག་སྒྲིབ་སྦྱོང་ཞིང་བླ་མའི་རྣལ་འབྱོར་ལ། །རྟག་ཏུ་རྩེ་གཅིག་གུས་པས་བརྩོན་པར་ཤོག །སྐྱེ་ཤི་བར་དོ་ལམ་བྱེད་རྣམ་བཞིས་སྦྱོང་། །ལས་རླུང་ཨ་ཝ་དྷཱུ་ཏིར་རབ་བཅིངས་པས། །འཁོར་བའི་བག་ཆགས་བཅོམ་ཞིང་ཕྱག་རྒྱ་ལ། །བརྟེན་ནས་བདེ་བ་མཆོག་ལ་རོལ་པར་ཤོག །ཟུང་འཇུག་བློ་འདས་གནས་ལུགས་རྟོགས་པ་དང་། །ཟག་མེད་འཇའ་ལུས་རྡོ་རྗེ་འགྲུབ་པར་ཤོག །འཁོར་འདས་ཆོས་ཀུན་རང་གི་སེམས་ཀྱི་འཕྲུལ། །སེམས་ཉིད་གསལ་སྟོང་བརྗོད་པ་ཀུན་ལས་འདས། །སྤྱོད་པ་གསུམ་གྱིས་རྟོགས་པའི་བོགས་དབྱུང་ཞིང་། །ཉེ་རྒྱུའི་མཚམས་སྦྱོར་སྐྱེ་བ་འདི་ཉིད་དུ། །འཇམ་དཔལ་ཁྲོས་པའི་གོ་འཕང་མངོན་གྱུར་ནས། །སྲིད་གསུམ་འགྲོ་རྣམས་མ་ལུས་སྒྲོལ་བར་ཤོག །ཚེ་རབས་ཀུན་ཏུ་བླ་མ་འཇམ་པའི་དབྱངས། །རིགས་བརྒྱའི་བདག་པོ་ཐོབ་ནས་བྱིན་གྱིས་རློབས། །རིམ་གཉིས་རྣལ་འབྱོར་ཟབ་མོའི་བདུད་རྩི་ལ། །སྤྱོད་པའི་སྐལ་བཟང་ནུབ་པ་མེད་པར་ཤོག །སྙན་བརྒྱུད་བསྟན་པ་རིན་ཆེན་ཕྱོགས་བརྒྱར་ཁྱབ། །སྙན་བརྒྱུད་སློབ་བཤད་གདམས་པའི་དགའ་སྟོན་གྱིས། །གདུལ་བྱ་རྒྱ་མཚོར་སྨིན་གྲོལ་ལ་བཀོད་ནས། །གྲུབ་གཉིས་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་གུས་སློབ་ཡེ་ན་དགེ་སློང་ཤེས་རབ་ཕུན་ཚོགས་ནས་མདོར་བསྡུས་བ་ཞིག་བྲིས་ཞེས་བསྐུལ་བ་ན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བརྒྱུད་འདེབས་ཆེན་མོ་ལས་བཏུས་ཏེ་སྨྲས་རིམ་བཞིན་བསྐུལ་བ་པོ་ཉིད་ཀྱིས་ཡི་གེ་བྲིས་པ་དགེ་ལེགས་སུ་གྱུར་ཅིག ། ཨོཾསྭ་སྟི། རྣམ་ཀུན་མཆོག་ལྡན་ཟུང་འཇུག་རྡོ་རྗེ་འཛིན། །ཟག་མེད་བདེ་བའི་གར་བསྒྱུར་རྡོ་རྗེ་གུར། །གྲུབ་པ་མཆོག་གི་དེད་དཔོན་བྲམ་ཟེ་ཆེར། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་སོགས་བརྒྱུད་འདེབས་ཤྭོ་ལོ་ཀ་ཉེར་བརྒྱད་ཅན་ལས། གསང་བདག་རྡོ་རྗེ་འཛིན་དངོས་བློ་གཏེར་དབང་། །ནག་པོ་ཆེ་གྲུབ་བསམ་གཏན་བློ་གྲོས་ཞབས། །འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ལ། །སྙིང་ནས་གསོལ་བ་འདེབས་སོ༴ ཡང་གཅིག །གསང་བདག་རྡོ་རྗེ་འཛིན་དངོས་བློ་གཏེར་དབང་། །ནག་པོ་ཆེ་གྲུབ་འཇམ་དབྱངས་བསྟན་འཕེལ་དང་། །འཇམ་དབྱངས་བླ་མ་ངག་དབང་ལེགས་པ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།། །། ༈ རྒྱུད་སྡེ་ཀུན་བཏུས་ན་དུམ་པའི་ནང་། ལྡེབ་༢༣༡ནཱ་རོ་མཁའ་སྤྱོད་སྒྲུབ་མཆོད་ལྡེའུ་༣༠ཅན་ལ་བརྒྱུད་འདེབས་ཁ་སྐོང་ནི། ཞྭ་ལུ་བ་དང་མཁྱེན་རབ་རྗེའི་རྗེས་སུ། སྙན་བརྒྱུད་གདམས་པའི་གཏེར་མཛོད་རྨོར་ཆེན་རྗེ། །སྙན་བརྒྱུད་མངའ་བདག་ཀུན་དགའ་ལེགས་འབྱུང་ཞབས། །སྙན་བརྒྱུད་སྤེལ་མཁས་ཀུན་དགའ་བློ་གྲོས་ལ། །གསོལ༴ །ས་གསུམ་སྐྱེ་དགུའི་གཉེན་གཅིག་ཐར་རྩེ་རྗེ། །ས་བསྟན་ཉིན་མོར་བྱེད་པའི་ནམ་མཁའ་ལེགས། །ས་བཅུའི་དབང་ཕྱུག་བསྟན་པའི་ཉི་མ་ལ། །གསོལ༴ །གྲུབ་པའི་སར་བཞུགས་ངག་དབང་རིན་ཆེན་དང་། །གྲུབ་པ་མཆོག་བརྙེས་ཀུན་དགའ་བསྟན་འཛིན་ཞབས། །གྲུབ་གཉིས་དཔལ་སྟེར་འཇམ་དཔལ་བཟང་པོ་ལ། །གསོལ༴ །རིགས་རྣམས་ཀུན་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་། །རིགས་བརྒྱ་སྤྲོ་མཛད་བློ་གཏེར་དབང་པོ་དང་། །རིགས་འདུས་འཇམ་མགོན་ངག་དབང་ལེགས་པ་ལ། །གསོལ༴ །། །། ༈ སྨན་མཆོད་ལ། རིགས་ཀུན་ཁྱབ་བདག་མངྒའི་མཚན་ཅན་ལ། །རྣམ་དག༴ ཨོཾ་ཨཱཿཧཱུྃ། གི་རྗེས་སུ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་རྗེ། །ཐམས་ཅད་མཁྱེན་པ་ཀུན་དགའ་ལྷུན་གྲུབ་ཞབས། །ངག་གི་དབང་ཕྱུག་ལེགས་པའི་འབྱུང་གནས་ལ། །རྣམ་དག༴ ཨོཾ༴ །འཇམ་པའི་དབྱངས་དངོས་ཀུན་དགའ་བློ་གྲོས་དང་། །མཁས་ཤིང་གྲུབ་བརྙེས་ནམ་མཁའ་འཆི་མེད་ཞབས། །འདྲེན་པ་མཆོག་གྱུར་ངག་དབང་རིན་ཆེན་ལ། །རྣམ་དག༴ ཨོཾ༴ །རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་དང་། །གྲུབ་པའི་དབང་ཕྱུག་རྣལ་འབྱོར་འཇམ་དཔལ་བཟང་། །རྡོ་རྗེ་འཆང་དངོས་མཁྱེན་བརྩེའི་དབང་པོ་ལ། །རྣམ་དག༴ ཨོཾ༴ གསང་བའི་བདག་པོ་བློ་གཏེར་དབང་པོ་དང་། །རྣལ་འབྱོར་དབང་ཕྱུག་ངག་དབང་ལེགས་པའི་ཞབས། །སྐྱབས་གནས་ཀུན་འདུས་ཆོས་ཀྱི་བློ་གྲོས་ལ། རྣམ་དག༴ ཨོཾ་ཨཱཿཧཱུྃ། གཞན་ཡང་སྨིན་བྱེད་དབང་དང་གྲོལ་བྱེད་ལམ་སོགས།། །། ༈ འོག་མིན་བདེ་ཆེན་མགོར། །དག་པ་བདེ་སྟོང་ལྷུན་གྲུབ་གཞལ་ཡས་ནས། །ཀྱཻ་རྡོར་ལྷ་དགུ་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ་འཇིགས་བྱེད་གསང་བའི་བདག་པོ་དང་། །སེངྒེའི་གདོང་ཅན་འདིར་བྱོན༴ །དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་དང་། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་མཛད་པ། །མྱུར་མཛད་མགོན་པོ་འདིར་བྱོན་མཆོད་གཏོར་བཞེས། །ཧཱུྃ་འོག་མིན་བདེ་ཆེན་སོགས། ༧ཆོས་ཀྱི་བློ་གྲོས་གསུང་ཡིན་པ་ངེས་སྙམ་སྟེ་འདིར་བཀོད་པའོ།། །།
[edit]

rwa khrid mkha' 'gro snyan brgyud kyi brgyud pa'i gsol 'debs bsdus pa byin rlabs myur 'jug ces bya ba bzhugs so/____/oM swasti sid+d+hi/__gshin rje gshed dang rdo rje bai ta li/____/la li ta dang a mo g+ha badz+ra/____/ye 'byung sbas pa pad+ma badz+ra la/____/gsol ba 'debs so mchog thun dngos grub stsol/____/rje btsun ye rang pa dang rwa lo che/____/chos rab zhabs dang rwa ban ye shes mtshan/__'bum seng d+harma seng+ge dkon seng la/____/gsol ba=____/shes rab rgyal dang dbang phyug rgyal mtshan zhabs/____/kun dga' brtson 'grus brtson 'grus byang chub dang /____/kun dga' rgya mtsho yon tan chos rin la/____/gsol ba=____/brtson 'grus rgya mtsho chos skyong rgyal mtshan zhabs/____/yon tan rgya mtsho tshar chen rdo rje 'chang /____/mkhyen brtse'i dbang phyug bslab gsum rgyal mtshan la/____/gsol ba=____/bsod nams chos 'phel dbang phyug rab brtan dang /____/bsod nams mchog ldan ngag dbang chos kyi grags/____/ngag dbang rnam rgyal bzang po rgyal mtshan la/____/gsol ba=____/kun dga' lhun grub legs ba'i 'byung gnas dang /____/bsod nams dpal bzang chos nyid ye shes zhabs/____/bstan pa'i nyi ma kun dga' rin chen la/____/gsol ba=____/smon lam grags pa 'jam dbyangs blo gsal dang /____/'jam dbyangs mkhyen brtse blo gter dbang po'i zhabs/____/ngag dbang bsam gtan blo gros dpal bzang por/____/gsol ba 'debs so mchog thun dngos grub stsol/____/srid las nges 'byung thar pa'i yon tan dran/____/skyabs su 'gro zhing byang chub sems mchog bskyed/____/sdig sgrib sbyong zhing bla ma'i rnal 'byor la/____/rtag tu rtse gcig gus pas brtson par shog__/skye shi bar do lam byed rnam bzhis sbyong /____/las rlung a wa d+hU tir rab bcings pas/____/'khor ba'i bag chags bcom zhing phyag rgya la/____/brten nas bde ba mchog la rol par shog__/zung 'jug blo 'das gnas lugs rtogs pa dang /____/zag med 'ja' lus rdo rje 'grub par shog__/'khor 'das chos kun rang gi sems kyi 'phrul/____/sems nyid gsal stong brjod pa kun las 'das/____/spyod pa gsum gyis rtogs pa'i bogs dbyung zhing /____/nye rgyu'i mtshams sbyor skye ba 'di nyid du/____/'jam dpal khros pa'i go 'phang mngon gyur nas/____/srid gsum 'gro rnams ma lus sgrol bar shog__/tshe rabs kun tu bla ma 'jam pa'i dbyangs/____/rigs brgya'i bdag po thob nas byin gyis rlobs/____/rim gnyis rnal 'byor zab mo'i bdud rtsi la/____/spyod pa'i skal bzang nub pa med par shog__/snyan brgyud bstan pa rin chen phyogs brgyar khyab/____/snyan brgyud slob bshad gdams pa'i dga' ston gyis/____/gdul bya rgya mtshor smin grol la bkod nas/____/grub gnyis dpal 'byor rgyas pa'i bkra shis shog__/ces pa'ang gus slob ye na dge slong shes rab phun tshogs nas mdor bsdus ba zhig bris zhes bskul ba na 'jam dbyangs chos kyi blo gros pas brgyud 'debs chen mo las btus te smras rim bzhin bskul ba po nyid kyis yi ge bris pa dge legs su gyur cig__/__oMswa sti/__rnam kun mchog ldan zung 'jug rdo rje 'dzin/____/zag med bde ba'i gar bsgyur rdo rje gur/____/grub pa mchog gi ded dpon bram ze cher/____/snying nas gsol ba 'debs so byin gyis rlobs/____/zhes sogs brgyud 'debs shwo lo ka nyer brgyad can las/__gsang bdag rdo rje 'dzin dngos blo gter dbang /____/nag po che grub bsam gtan blo gros zhabs/____/'jam dbyangs bla ma chos kyi blo gros la/____/snying nas gsol ba 'debs so=__yang gcig__/gsang bdag rdo rje 'dzin dngos blo gter dbang /____/nag po che grub 'jam dbyangs bstan 'phel dang /____/'jam dbyangs bla ma ngag dbang legs pa la/____/snying nas gsol ba 'debs so byin gyis rlobs//____//____!__rgyud sde kun btus na dum pa'i nang /__ldeb 231nA ro mkha' spyod sgrub mchod lde'u 30can la brgyud 'debs kha skong ni/__zhwa lu ba dang mkhyen rab rje'i rjes su/__snyan brgyud gdams pa'i gter mdzod rmor chen rje/____/snyan brgyud mnga' bdag kun dga' legs 'byung zhabs/____/snyan brgyud spel mkhas kun dga' blo gros la/____/gsol=____/sa gsum skye dgu'i gnyen gcig thar rtse rje/____/sa bstan nyin mor byed pa'i nam mkha' legs/____/sa bcu'i dbang phyug bstan pa'i nyi ma la/____/gsol=____/grub pa'i sar bzhugs ngag dbang rin chen dang /____/grub pa mchog brnyes kun dga' bstan 'dzin zhabs/____/grub gnyis dpal ster 'jam dpal bzang po la/____/gsol=____/rigs rnams kun bdag 'jam dbyangs mkhyen brtse'i dbang /____/rigs brgya spro mdzad blo gter dbang po dang /____/rigs 'dus 'jam mgon ngag dbang legs pa la/____/gsol=____//____//____!__sman mchod la/__rigs kun khyab bdag mang+ga'i mtshan can la/____/rnam dag=__oM AHhU~M/__gi rjes su/__mkhyen rab byams pa ngag dbang lhun grub rje/____/thams cad mkhyen pa kun dga' lhun grub zhabs/____/ngag gi dbang phyug legs pa'i 'byung gnas la/____/rnam dag=__oM=____/'jam pa'i dbyangs dngos kun dga' blo gros dang /____/mkhas shing grub brnyes nam mkha' 'chi med zhabs/____/'dren pa mchog gyur ngag dbang rin chen la/____/rnam dag=__oM=____/rje btsun 'chi med bstan pa'i nyi ma dang /____/grub pa'i dbang phyug rnal 'byor 'jam dpal bzang /____/rdo rje 'chang dngos mkhyen brtse'i dbang po la/____/rnam dag=__oM=__gsang ba'i bdag po blo gter dbang po dang /____/rnal 'byor dbang phyug ngag dbang legs pa'i zhabs/____/skyabs gnas kun 'dus chos kyi blo gros la/__rnam dag=__oM AHhU~M/__gzhan yang smin byed dbang dang grol byed lam sogs//____//____!__'og min bde chen mgor/____/dag pa bde stong lhun grub gzhal yas nas/____/kyai rdor lha dgu rdo rje rnal 'byor ma/____/rdo rje 'jigs byed gsang ba'i bdag po dang /____/seng+ge'i gdong can 'dir byon=____/dpal ri pad+ma 'od kyi gzhal yas nas/____/khro bo'i rgyal po rta mchog rol pa dang /____/'gro ba'i dbul phongs sdug bsngal sel mdzad pa/____/myur mdzad mgon po 'dir byon mchod gtor bzhes/____/hU~M 'og min bde chen sogs/__7chos kyi blo gros gsung yin pa nges snyam ste 'dir bkod pa'o//____//_

Footnotes

Other Information