JKCL-KABUM-03-GA-035

From Khyentse Lineage - A Tsadra Foundation Project
Revision as of 12:16, 1 December 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

རྒྱལ་སྲས་འཆི་མེད་པདྨ་རྡོ་རྗེ་ལ་གསོལ་བ་འདེབས་པ་དད་པའི་རོལ་མཚོ།
Wylie title rgyal sras 'chi med pad+ma rdo rje la gsol ba 'debs pa dad pa'i rol mtsho JKCL-KABUM-03-GA-035.pdf
Location chos kyi blo gros bka' 'bum
Volume 3, Text 35, Pages 125-127 (Folios 1a1 to 2a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People འཆི་མེད་པདྨ་རྡོ་རྗེ་ ('chi med pad+ma rdo rje)
Citation 'jam dbyangs mkhyen brtse chos kyi blo gros. rgyal sras 'chi med pad+ma rdo rje la gsol ba 'debs pa dad pa'i rol mtsho. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 125-127. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Colophon

།ཅེས་པའང་གཅུང་རྒྱལ་སྲས་རིན་པོ་ཆེ་སྤྲུལ་པའི་སྐུ་འཆི་མེད་པདྨ་རྡོ་རྗེ་མེ་བྱ་ཟླ་དགུ་ཚེས་ཉེར་བདུན་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་ས་ཁྱི་བཀྲ་ཤིས་ནག་པ་ཟླ་བར་རྒྱལ་བས་ཤྲཱི་ཀཱ་ལ་ཙཀྲའི་རྒྱུད་ཆེན་བསྟན་པའི་ཚེས་བཅོ་ལྔ་བཟང་པོར་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོར་རྗེ་ཉིད་ཀྱི་ཞབས་འབྲིང་བྲག་ལྗོངས་གཙང་དགོན་གྲྭ་ཆོས་གྲགས་ནས་བསྐུལ་ངོར། འབྲས་ལྗོངས་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་སྒང་ཐོག་གི་གཙུག་ལག་ཁང་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།།

/ces pa'ang gcung rgyal sras rin po che sprul pa'i sku 'chi med pad+ma rdo rje me bya zla dgu tshes nyer bdun la dgongs pa chos dbyings su gshegs nas sa khyi bkra shis nag pa zla bar rgyal bas shrI kA la tsakra'i rgyud chen bstan pa'i tshes bco lnga bzang por mkhyen brtse'i sprul ming 'dzin pa 'jam dbyangs blo gros rgya mtshor rje nyid kyi zhabs 'bring brag ljongs gtsang dgon grwa chos grags nas bskul ngor/__'bras ljongs chos kyi rgyal po'i pho brang sgang thog gi gtsug lag khang du bris pa dge legs su gyur cig__/mang+ga laM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
རྒྱལ་སྲས་འཆི་མེད་པདྨ་རྡོ་རྗེ་ལ་གསོལ་བ་འདེབས་པ་དད་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། དུས་གསུམ་རྒྱལ་བ་རྒྱ་མཚོ་འདུས་པའི་དངོས། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །རྟ་མགྲིན་གྲུབ་བརྙེས་རྒྱལ་བ་མཆོག་དབྱངས་ཉིད། །གང་འདུལ་གདུལ་བྱའི་མགོན་དུ་བྱོན་པའི་གར། །པདྨ་བློ་གྲོས་དབང་ཆེན་གྲུབ་པ་བརྙེས། །རྩ་གསུམ་དགྱེས་ཞལ་གཟིགས་ལ་གསོལ༴ །དེ་ཉིད་གྲུབ་པའི་རིགས་ཀྱི་ཐིག་ལེར་སྨིན། །རྒྱལ་སྲས་ཡོངས་ཀྱི་ཁྱུ་མཆོག་འཆི་བ་མེད། །པདྨས་མངགས་པའི་གངས་ཅན་སྐྱོབ་པའི་གཉེན། །རྡོ་རྗེའི་རིག་འཛིན་ཆེན་པོར༴ །གཞོན་ནུ་ཉིད་ནས་ཐེག་ཆེན་རིགས་སད་ཅིང་། །ཐུབ་བསྟན་སྒོར་ཞུགས་ཡབ་རྗེ་རིག་འཛིན་ཆེར། །སྨིན་གྲོལ་གདམས་པ་རྒྱ་མཚོ་གསན་པར་མཛད། །གསང་གསུམ་བྱིན་རླབས་ཐོབ་ལ༴ །གཞན་ཡང་ཏཱའི་སི་ཏུ་ཆོས་རྒྱ་མཚོ། །ཀློང་རབ་གསུམ་པ་པདྨ་ལས་འབྲེལ་རྩལ། །དྲི་མེད་འོད་ཟེར་ཡབ་སྲས་ལ་སོགས་པར། །བཀའ་གཏེར་ཆོས་ཚུལ་གསན་ལ༴ །རྩ་བ་གསུམ་གྱི་བསྙེན་སྒྲུབ་རྟགས་ཚད་རྫོགས། །དངོས་ཉམས་རྨི་ལམ་གྲུབ་པའི་མཚན་མ་མཐོང་། །མཐུ་སྟོབས་ནུས་པའི་རྩལ་ཤུགས་རབ་འཆང་བས། །སྙིགས་དུས་འགྲོ་བ་འདུལ་ལ༴ །དད་ལྡན་སློབ་ཚོགས་རྣམས་ལ་རིན་གཏེར་སོགས། །ཆོས་ཀྱི་སྦྱིན་པ་མང་དུ་སྩལ་བ་དང་། །སྔོན་དངོས་ཁྲིད་སོགས་སྨིན་གྲོལ་མང་སྩལ་ནས། སློབ་ཚོགས་བསྐྲུན་པར་མཛད་ལ༴ །སྔོན་སྨོན་རྣམ་པར་དག་པའི་མཐུ་བརྟས་པས། །པདྨའི་ཟབ་ཆོས་ཌཱ་ཀིར་གཉེར་གཏད་པ། །རིམ་བཞིན་རྒྱ་བཀྲོལ་ངོ་མཚར་བརྡ་རིས་བསྒྱུར། །བསྟན་འགྲོའི་གསོས་སུ་སྨིན་ལ༴ །ཝ་ཏི་ལ་སོགས་རྡོ་རྗེའི་གནས་ཆེན་དུ། །བཤད་དང་སྒྲུབ་པའི་སྡེ་བཙུག་རྟེན་གསུམ་བཞེངས། །སྒྲུབ་དང་སྒྲུབ་ཆེན་མདོས་བཟློག་མང་དུ་མཛད། །སྙིགས་དུས་རྒུད་པ་སྐྱོབ་ལ༴ །ཡོན་ཏན་རི་བཀྲའི་གནས་ཀྱི་མདོ་བྱང་ཕབ། །ཕྱི་ནང་བཀོད་པ་གཏན་འབེབས་གནས་ལམ་བཏོད། །མ་འོངས་ཕྱི་མའི་བསྟན་དང་འགྲོ་བ་ལ། །ཕན་བདེའི་སྒོ་འཕར་འབྱེད་ལ༴ །གདུལ་བྱའི་ལྷག་མ་རེ་ཞིག་རྫོགས་པའི་ཚེ། །མངའ་རི་སྟེང་དུ་བསྙུན་པའི་ཚུལ་བསྟན་ནས། །ཆོས་ལ་བསྐུལ་བའི་ཞལ་གདམས་ཉུང་སྩལ་ཏེ། །པདྨ་འོད་དུ་གཤེགས་ལ༴ །དེ་ཚེ་འོད་དང་སྒྲ་དང་ས་ཆེན་གཡོ། །ས་ལམ་བགྲོད་པའི་ཆོ་འཕྲུལ་ཆེན་པོ་སྣང་། །སླར་ཡང་ངོ་མཚར་སྤྲུལ་པ་མྱུར་འབྱོན་ནས། །པདྨའི་བསྟན་པ་སྤེལ་ལ༴ །བདག་སོགས་གདུལ་བྱའི་སེམས་ཅན་མ་ལུས་པ། །ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་མི་གཏོང་ཞིང་། །བྱང་ཆུབ་སྒྲུབ་པའི་བར་ཆད་མི་མཐུན་ཕྱོགས། །སྲུང་སྐྱོབ་རྡོ་རྗེའི་མཁར་དུ་ཚུད་པར་མཛོད། །བསྟན་ལ་གནོད་པའི་འབྱུང་པོའི་ཚ་ངར་གཞོམ། །བྱམས་བརྩེའི་སྤྲིན་ལས་ཕན་བདེའི་གྲུ་ཆར་འབེབས། །དད་པའི་ཞིང་སར་རྟག་ཏུ་སྨིན་པ་ལས། །སྐུ་བཞིའི་སྙེ་མ་གཡུར་དུ་ཟ་བར་ཤོག །བདུད་ཚོགས་འདུལ་བའི་རྡོ་རྗེ་རབ་ཏུ་བརྟན། །པདྨ་གར་དབང་ཕྲིན་ལས་རོལ་རྩལ་གྱི། །ཟབ་གཏེར་བསྟན་པ་མི་ནུབ་དར་ཞིང་རྒྱས། །སྲིད་ཞིར་དགེ་ལེགས་བཀྲ་ཤིས་གཡང་འཁྱིལ་ཤོག །ཅེས་པའང་གཅུང་རྒྱལ་སྲས་རིན་པོ་ཆེ་སྤྲུལ་པའི་སྐུ་འཆི་མེད་པདྨ་རྡོ་རྗེ་མེ་བྱ་ཟླ་དགུ་ཚེས་ཉེར་བདུན་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་ས་ཁྱི་བཀྲ་ཤིས་ནག་པ་ཟླ་བར་རྒྱལ་བས་ཤྲཱི་ཀཱ་ལ་ཙཀྲའི་རྒྱུད་ཆེན་བསྟན་པའི་ཚེས་བཅོ་ལྔ་བཟང་པོར་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོར་རྗེ་ཉིད་ཀྱི་ཞབས་འབྲིང་བྲག་ལྗོངས་གཙང་དགོན་གྲྭ་ཆོས་གྲགས་ནས་བསྐུལ་ངོར། འབྲས་ལྗོངས་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་སྒང་ཐོག་གི་གཙུག་ལག་ཁང་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།
[edit]

rgyal sras 'chi med pad+ma rdo rje la gsol ba 'debs pa dad pa'i rol mtsho zhes bya ba bzhugs so/____/oM swasti/__dus gsum rgyal ba rgya mtsho 'dus pa'i dngos/____/o rgyan slob dpon pad+ma 'byung gnas la/____/mi phyed snying nas gus pas gsol ba 'debs/____/mchog dang thun mong dngos grub stsal du gsol/____/rta mgrin grub brnyes rgyal ba mchog dbyangs nyid/____/gang 'dul gdul bya'i mgon du byon pa'i gar/____/pad+ma blo gros dbang chen grub pa brnyes/____/rtsa gsum dgyes zhal gzigs la gsol=____/de nyid grub pa'i rigs kyi thig ler smin/____/rgyal sras yongs kyi khyu mchog 'chi ba med/____/pad+mas mngags pa'i gangs can skyob pa'i gnyen/____/rdo rje'i rig 'dzin chen por=____/gzhon nu nyid nas theg chen rigs sad cing /____/thub bstan sgor zhugs yab rje rig 'dzin cher/____/smin grol gdams pa rgya mtsho gsan par mdzad/____/gsang gsum byin rlabs thob la=____/gzhan yang tA'i si tu chos rgya mtsho/____/klong rab gsum pa pad+ma las 'brel rtsal/____/dri med 'od zer yab sras la sogs par/____/bka' gter chos tshul gsan la=____/rtsa ba gsum gyi bsnyen sgrub rtags tshad rdzogs/____/dngos nyams rmi lam grub pa'i mtshan ma mthong /____/mthu stobs nus pa'i rtsal shugs rab 'chang bas/____/snyigs dus 'gro ba 'dul la=____/dad ldan slob tshogs rnams la rin gter sogs/____/chos kyi sbyin pa mang du stsal ba dang /____/sngon dngos khrid sogs smin grol mang stsal nas/__slob tshogs bskrun par mdzad la=____/sngon smon rnam par dag pa'i mthu brtas pas/____/pad+ma'i zab chos DA kir gnyer gtad pa/____/rim bzhin rgya bkrol ngo mtshar brda ris bsgyur/____/bstan 'gro'i gsos su smin la=____/wa ti la sogs rdo rje'i gnas chen du/____/bshad dang sgrub pa'i sde btsug rten gsum bzhengs/____/sgrub dang sgrub chen mdos bzlog mang du mdzad/____/snyigs dus rgud pa skyob la=____/yon tan ri bkra'i gnas kyi mdo byang phab/____/phyi nang bkod pa gtan 'bebs gnas lam btod/____/ma 'ongs phyi ma'i bstan dang 'gro ba la/____/phan bde'i sgo 'phar 'byed la=____/gdul bya'i lhag ma re zhig rdzogs pa'i tshe/____/mnga' ri steng du bsnyun pa'i tshul bstan nas/____/chos la bskul ba'i zhal gdams nyung stsal te/____/pad+ma 'od du gshegs la=____/de tshe 'od dang sgra dang sa chen g.yo/____/sa lam bgrod pa'i cho 'phrul chen po snang /____/slar yang ngo mtshar sprul pa myur 'byon nas/____/pad+ma'i bstan pa spel la=____/bdag sogs gdul bya'i sems can ma lus pa/____/thugs rje'i lcags kyus nam yang mi gtong zhing /____/byang chub sgrub pa'i bar chad mi mthun phyogs/____/srung skyob rdo rje'i mkhar du tshud par mdzod/____/bstan la gnod pa'i 'byung po'i tsha ngar gzhom/____/byams brtse'i sprin las phan bde'i gru char 'bebs/____/dad pa'i zhing sar rtag tu smin pa las/____/sku bzhi'i snye ma g.yur du za bar shog__/bdud tshogs 'dul ba'i rdo rje rab tu brtan/____/pad+ma gar dbang phrin las rol rtsal gyi/____/zab gter bstan pa mi nub dar zhing rgyas/____/srid zhir dge legs bkra shis g.yang 'khyil shog__/ces pa'ang gcung rgyal sras rin po che sprul pa'i sku 'chi med pad+ma rdo rje me bya zla dgu tshes nyer bdun la dgongs pa chos dbyings su gshegs nas sa khyi bkra shis nag pa zla bar rgyal bas shrI kA la tsakra'i rgyud chen bstan pa'i tshes bco lnga bzang por mkhyen brtse'i sprul ming 'dzin pa 'jam dbyangs blo gros rgya mtshor rje nyid kyi zhabs 'bring brag ljongs gtsang dgon grwa chos grags nas bskul ngor/__'bras ljongs chos kyi rgyal po'i pho brang sgang thog gi gtsug lag khang du bris pa dge legs su gyur cig__/mang+ga laM//____//

Footnotes

Other Information