JKCL-KABUM-03-GA-016

From Khyentse Lineage - A Tsadra Foundation Project
Revision as of 17:59, 30 November 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

མ་ཧཱ་གུ་རུ་པདྨ་འབྱུང་གནས་ལ་གསོལ་འདེབས་མོས་གུས་ཀྱི་གླུ་དབྱངས་དྲན་པའི་ལྕགས་ཀྱུ།
Wylie title ma hA gu ru pad+ma 'byung gnas la gsol 'debs mos gus kyi glu dbyangs dran pa'i lcags kyu JKCL-KABUM-03-GA-016.pdf
Location chos kyi blo gros bka' 'bum
Volume 3, Text 16, Pages 57-59 (Folios 1a1 to 2a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. ma hA gu ru pad+ma 'byung gnas la gsol 'debs mos gus kyi glu dbyangs dran pa'i lcags kyu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 57-59. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Deity pad+ma 'byung gnas
Colophon

ཅེས་པའང་མཚོ་སྐྱེས་བླ་མའི་འབང་གི་ཐ་ཤལ་ཆོས་ཀྱི་བློ་གྲོས་པས་ཕྱི་རོལ་ཡུལ་གྱི་སྣང་བ་བདེ་བས་རྐྱེན་བྱས་ཏེ་ཨོ་རྒྱན་བླ་མ་དད་པའི་ཡིད་མཁར་དྲན་པའི་མོད་ལ་ཤུགས་འབྱུང་གསོལ་བ་བཏབ་པ་འདིས་ཀྱང་གུ་རུའི་གསང་བ་གསུམ་གྱི་བྱིན་རླབས་བདག་གཞན་རྣམས་ཀྱི་རྒྱུད་ལ་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་སིདྡྷི་རསྟུ།།

ces pa'ang mtsho skyes bla ma'i 'bang gi tha shal chos kyi blo gros pas phyi rol yul gyi snang ba bde bas rkyen byas te o rgyan bla ma dad pa'i yid mkhar dran pa'i mod la shugs 'byung gsol ba btab pa 'dis kyang gu ru'i gsang ba gsum gyi byin rlabs bdag gzhan rnams kyi rgyud la myur du 'jug pa'i rgyur gyur cig__/sarba sid+d+hi rastu//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
མ་ཧཱ་གུ་རུ་པདྨ་འབྱུང་གནས་ལ་གསོལ་འདེབས་མོས་གུས་ཀྱི་གླུ་དབྱངས་དྲན་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །ཨ་ཧོ། །ལྔ་ལྡན་རང་བྱུང་རྒྱལ་དབང་མཚོ་སྐྱེས་ཀྱི་རྡོ་རྗེ། །དུས་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་བསྐྱེད་ནི་གཅིག་བསྡུས། །མཁྱེན་ནུས་བརྩེ་བའི་ཡེ་ཤེས་བྱིན་བརླབས་ཀྱི་སྤྲིན་ཕུང་། །ངོ་མཚར་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་ལ་ཆགས་པས། །ཕྱོགས་བཅུའི་ཞིང་ཁམས་མ་ལུས་ཡེ་ཤེས་ཀྱི་སྐུས་ཁྱབ། །གང་འདུལ་རྣམ་མང་མཛད་པ་ནམ་མཁའ་ཡི་མཐའ་མཉམ། །འབད་མེད་ལྷུན་གྱི་གྲུབ་པའི་ཕྲིན་ལས་ནི་འཛད་མེད། །རབ་འབྱམས་ཞིང་གི་རྒྱལ་དང་དེ་སྲས་ཀྱི་ཡོན་ཏན། །གཅིག་ཏུ་སྤུངས་པའི་སྔགས་ཀྱི་སྟོན་པ་ནི་པད་འབྱུང་། །གང་གི་ཡོན་ཏན་ཀུན་ཏུ་བཟང་པོ་ཡིས་བརྗོད་ཀྱང་། །བསྐལ་པ་བྱེ་བ་སྙེད་ཀྱི་མཐའ་ལས་ནི་འདས་ཤིང་། །ཟབ་ཞི་སྤྲོས་བྲལ་ཀ་དག་འོད་གསལ་གྱི་དབྱིངས་ལས། །མི་གཡོ་ཀུན་ཁྱབ་འགྱུར་མེད་རྡོ་རྗེ་ཡི་བདག་ཉིད། །ཆོས་སྐུ་འཕོ་བྲལ་བསམ་བརྗོད་མཐའ་དབུས་ལས་འདས་ཤིང་། །རང་བྱུང་གསུང་གི་རྡོ་རྗེ་ལོངས་སྤྱོད་ཀྱི་རྫོགས་སྐུ། །ཡི་གེ་འཁོར་ལོའི་སྤྲིན་ལས་རང་བྱུང་དུ་ཤར་བ། །རྒྱུན་མཐའི་བྱང་སེམས་རྣམས་ཀྱི་དཔལ་རབ་ཏུ་གྱུར་པ། །འགགས་མེད་ནཱ་དའི་སྒྲ་དབྱངས་རྒྱུན་ཆད་ནི་མེད་ཅིང་། །ཁ་སྦྱོར་བདུན་ལྡན་རྟག་པ་རྒྱུན་གྱི་ནི་འཁོར་ལོ། །དེ་ལས་འགྲོ་བའི་ཁམས་དབང་བསམ་པ་དང་མཐུན་པའི། །ངོ་མཚར་སྤྲུལ་པ་བསམ་ཡས་ཇི་སྙེད་དུ་འགྲོ་བས། །འགྲོ་བའི་རེ་སྐོང་ཡིད་བཞིན་དབང་རྒྱལ་གྱི་མི་མཚོན། །ཁྱད་པར་གླིང་འདིའི་སེམས་ཅན་སྐྱོབས་པ་ཡི་དོན་སླད། །སིནྡྷུའི་དྭངས་མཚོར་བརྫུས་སྐྱེས་སྤྲུལ་སྐུ་ནི་པད་འབྱུང་། །ཚེ་དབང་རྡོ་རྗེའི་སྐུ་བརྙེས་ལྷུན་གྲུབ་ཀྱི་རིག་འཛིན། །པཎ་གྲུབ་ཀུན་གྱི་གཙུག་ནོར་རྩ་གསུམ་གྱི་སྤྱི་དཔལ། །སྲིད་ཞིའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་ནི་གཅིག་པུ། །མ་ཧཱ་གུ་རུ་ཨོ་རྒྱན་མཚོ་སྐྱེས་ཀྱི་རྡོ་རྗེ། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་བསྐྱེད་ཀྱིས་མཐུ་ལས། །བྷོ་ཏྲའི་ལྗོངས་ཀྱི་སྟོན་པ་རྒྱལ་ཀུན་གྱི་རང་གཟུགས། །པདྨ་འབྱུང་གནས་སྐྱབས་ཀུན་འདུས་པ་ཡི་མངའ་བདག །ད་ལྟ་རྔ་ཡབ་གླིང་དུ་སྐུ་དངོས་ནི་བཞུགས་ཀྱང་། །ཐུགས་རྗེའི་སྤྲུལ་པས་བོད་ཁམས་རྟག་པ་རུ་སྐྱོངས་མཛད། །བཀའ་དྲིན་མཉམ་མེད་འཇིགས་བྲལ་མཚོ་སྐྱེས་ཀྱི་རྡོ་རྗེ། །བདག་ཅག་མགོན་པོ་ཁྱེད་ཀྱི་བཀའ་དྲིན་གྱི་ཞོ་ཤས། །འཚོ་བའི་སྐལ་བཟང་ཐོབ་པའི་དྭ་ཕྲུག་གི་སྙིང་ནས། །ཕ་གཅིག་པད་འབྱུང་དྲན་པའི་གདུང་ཤུགས་ཀྱི་མཆི་མས། །བརྣངས་བཞིན་དད་པའི་ཤུགས་ཀྱི་གསོལ་བ་ནི་འདེབས་སོ། །རྟག་ཏུ་འབྲལ་མེད་སྙིང་དབུས་པདྨ་ཡི་ཟེའུ་འབྲུར། །དགྱེས་པར་བཞུགས་ནས་བདག་རྒྱུད་སྨིན་གྲོལ་ནི་མཛོད་ཅིག །རིག་སྟོང་སྐུ་གསུམ་དགོངས་པ་རང་བཞག་ཏུ་བསྐྱངས་པས། །དབྱིངས་རིག་དབྱེར་མེད་འོད་གསལ་དོན་དམ་གྱི་བླ་མ། །གཉིས་འཛིན་སྦུབས་གཡོགས་བྲལ་བས་རང་ཞལ་ནི་མཇལ་ཏེ། །ཀུན་བཟང་པདྨ་རྡོ་རྗེ་འཆང་ཆེན་གྱི་གོ་འཕང་། །དཀའ་བ་མེད་པར་ཐོབ་ནས་འཁྲུལ་པ་ཡི་ལུགས་རྒྱུད། །སྒྲོག་གིས་བཅིངས་པའི་ཁམས་གསུམ་འཁོར་བ་ཡི་སྣོད་བཅུད། །རང་གྲོལ་ཡེ་དག་ཀུན་བཟང་གདོད་མ་ཡི་གཞི་ལ། །འདྲེན་པའི་དེད་དཔོན་དམ་པར་འགྱུར་བ་རུ་ཤོག་ཅིག །གནས་སྐབས་དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་འཕགས་པའི་ནོར་བདུན་རང་དབང་དུ་འབྱོར་ནས། །བར་ཆད་བདུད་ཀྱི་མི་འཕྲོགས་གཡུལ་ངོ་ལས་རྒྱལ་ཏེ། །བསྟན་འགྲོའི་བདེ་ལེགས་རྒྱལ་མཚན་སྲིད་མཐའ་རུ་ནུབ་མེད། །བསྒྲེངས་པའི་བཀྲ་ཤིས་དམ་པས་དགེ་ལེགས་སུ་གྱུར་ཅིག །ཅེས་པའང་མཚོ་སྐྱེས་བླ་མའི་འབང་གི་ཐ་ཤལ་ཆོས་ཀྱི་བློ་གྲོས་པས་ཕྱི་རོལ་ཡུལ་གྱི་སྣང་བ་བདེ་བས་རྐྱེན་བྱས་ཏེ་ཨོ་རྒྱན་བླ་མ་དད་པའི་ཡིད་མཁར་དྲན་པའི་མོད་ལ་ཤུགས་འབྱུང་གསོལ་བ་བཏབ་པ་འདིས་ཀྱང་གུ་རུའི་གསང་བ་གསུམ་གྱི་བྱིན་རླབས་བདག་གཞན་རྣམས་ཀྱི་རྒྱུད་ལ་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་སིདྡྷི་རསྟུ།། །།
[edit]

ma hA gu ru pad+ma 'byung gnas la gsol 'debs mos gus kyi glu dbyangs dran pa'i lcags kyu zhes bya ba bzhugs so/____/a ho/____/lnga ldan rang byung rgyal dbang mtsho skyes kyi rdo rje/____/dus gsum rgyal ba rgya mtsho'i thugs bskyed ni gcig bsdus/____/mkhyen nus brtse ba'i ye shes byin brlabs kyi sprin phung /____/ngo mtshar sgyu 'phrul rdo rje'i rol mo la chags pas/____/phyogs bcu'i zhing khams ma lus ye shes kyi skus khyab/____/gang 'dul rnam mang mdzad pa nam mkha' yi mtha' mnyam/____/'bad med lhun gyi grub pa'i phrin las ni 'dzad med/____/rab 'byams zhing gi rgyal dang de sras kyi yon tan/____/gcig tu spungs pa'i sngags kyi ston pa ni pad 'byung /____/gang gi yon tan kun tu bzang po yis brjod kyang /____/bskal pa bye ba snyed kyi mtha' las ni 'das shing /____/zab zhi spros bral ka dag 'od gsal gyi dbyings las/____/mi g.yo kun khyab 'gyur med rdo rje yi bdag nyid/____/chos sku 'pho bral bsam brjod mtha' dbus las 'das shing /____/rang byung gsung gi rdo rje longs spyod kyi rdzogs sku/____/yi ge 'khor lo'i sprin las rang byung du shar ba/____/rgyun mtha'i byang sems rnams kyi dpal rab tu gyur pa/____/'gags med nA da'i sgra dbyangs rgyun chad ni med cing /____/kha sbyor bdun ldan rtag pa rgyun gyi ni 'khor lo/____/de las 'gro ba'i khams dbang bsam pa dang mthun pa'i/____/ngo mtshar sprul pa bsam yas ji snyed du 'gro bas/____/'gro ba'i re skong yid bzhin dbang rgyal gyi mi mtshon/____/khyad par gling 'di'i sems can skyobs pa yi don slad/____/sin+d+hu'i dwangs mtshor brdzus skyes sprul sku ni pad 'byung /____/tshe dbang rdo rje'i sku brnyes lhun grub kyi rig 'dzin/____/paN grub kun gyi gtsug nor rtsa gsum gyi spyi dpal/____/srid zhi'i legs tshogs kun gyi 'byung gnas ni gcig pu/____/ma hA gu ru o rgyan mtsho skyes kyi rdo rje/____/phyogs bcu'i sangs rgyas rnams kyi thugs bskyed kyis mthu las/____/b+ho tra'i ljongs kyi ston pa rgyal kun gyi rang gzugs/____/pad+ma 'byung gnas skyabs kun 'dus pa yi mnga' bdag__/da lta rnga yab gling du sku dngos ni bzhugs kyang /____/thugs rje'i sprul pas bod khams rtag pa ru skyongs mdzad/____/bka' drin mnyam med 'jigs bral mtsho skyes kyi rdo rje/____/bdag cag mgon po khyed kyi bka' drin gyi zho shas/____/'tsho ba'i skal bzang thob pa'i dwa phrug gi snying nas/____/pha gcig pad 'byung dran pa'i gdung shugs kyi mchi mas/____/brnangs bzhin dad pa'i shugs kyi gsol ba ni 'debs so/____/rtag tu 'bral med snying dbus pad+ma yi ze'u 'brur/____/dgyes par bzhugs nas bdag rgyud smin grol ni mdzod cig__/rig stong sku gsum dgongs pa rang bzhag tu bskyangs pas/____/dbyings rig dbyer med 'od gsal don dam gyi bla ma/____/gnyis 'dzin sbubs g.yogs bral bas rang zhal ni mjal te/____/kun bzang pad+ma rdo rje 'chang chen gyi go 'phang /____/dka' ba med par thob nas 'khrul pa yi lugs rgyud/____/sgrog gis bcings pa'i khams gsum 'khor ba yi snod bcud/____/rang grol ye dag kun bzang gdod ma yi gzhi la/____/'dren pa'i ded dpon dam par 'gyur ba ru shog cig__/gnas skabs dam chos sgrub pa'i 'gal rkyen kun zhi zhing /____/mthun rkyen 'phags pa'i nor bdun rang dbang du 'byor nas/____/bar chad bdud kyi mi 'phrogs g.yul ngo las rgyal te/____/bstan 'gro'i bde legs rgyal mtshan srid mtha' ru nub med/____/bsgrengs pa'i bkra shis dam pas dge legs su gyur cig__/ces pa'ang mtsho skyes bla ma'i 'bang gi tha shal chos kyi blo gros pas phyi rol yul gyi snang ba bde bas rkyen byas te o rgyan bla ma dad pa'i yid mkhar dran pa'i mod la shugs 'byung gsol ba btab pa 'dis kyang gu ru'i gsang ba gsum gyi byin rlabs bdag gzhan rnams kyi rgyud la myur du 'jug pa'i rgyur gyur cig__/sarba sid+d+hi rastu//____//_

Footnotes

Other Information