JKCL-KABUM-03-GA-010

From Khyentse Lineage - A Tsadra Foundation Project
Revision as of 18:05, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-03-GA-010.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ga"., Text 10, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "GA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"GA" is not a number.</li></ul>

[edit]
ཨོ་རྒྱན་ཆེན་པོར་གསོལ་བ་འདེབས་བ་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །རིགས་བརྒྱའི་ཁྱབ་བདག་དུས་གསུམ་མཁྱེན་པ་ཨོ་རྒྱན་གུ་རུ་ཤཱཀྱ་སེང་། །སྣང་བ་མཐའ་ཡས་ཐུགས་རྗེའི་རོལ་གར་སིན་དྷཱུའི་འོ་མའི་རྒྱ་མཚོ་རུ། །པད་སྡོང་ལས་འཁྲུངས་སྤྲུལ་པའི་སྐུ་ནི་ཐུགས་རྗེ་མཁའ་ལྟར་ཀུན་ལ་སྙོམ། །རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྡོ་རྗེར་མི་འབྲལ་རྩེ་གཅིག་གསོལ་བ་འདེབས། །ཨིནྡྲ་བྷུ་ཏིས་སྲས་ཀྱི་ཚུལ་བཟུང་རྒྱལ་སྲིད་དཀར་པོའི་ཁྲིམས་ཀྱིས་བསྐྱངས། །རླུང་སེམས་སྣང་བ་དབང་དུ་འདུས་ལས་བརྟན་གཡོའི་དངོས་ཀུན་ཟིལ་གྱི་གནོན། །སྲིད་ཞིའི་དྭངས་བཅུད་དབུ་མར་འཆིང་ཞིང་ཟག་པར་བཅས་པ་ཀུན་ལས་བྲལ། །པདྨ་རྒྱལ་པོ་བདེ་ཆེན་དབང་ཕྱུག་རྩེ་གཅིག་དད་པས་གསོལ༴ །སྲིད་ལས་འདས་ཀྱང་སླར་ཡང་ཆགས་བྲལ་མཚམས་སྤྲིན་གསར་བའི་གོས་ཀྱིས་ཀླུབ། །བྱང་སེམས་བདུད་རྩི་ཐུགས་དབུས་སིམ་ཞིང་བློ་ལྡན་དེ་ཉིད་མཆོག་ལ་སྲེད། །མི་འཇིགས་སེངྒེ་སྒྲ་སྒྲོགས་མུ་སྟེགས་ཝ་སྐྱེས་ཀླད་འགེམ་བདུད་དཔུང་འདུལ། །གནས་བརྟན་པཎ་གྲུབ་རྒྱ་མཚོའི་གཙུག་རྒྱན་པདྨ་སམྦྷཱར་གསོལ༴ །ཧེ་རུ་ཀཿདཔལ་ཞུ་བའི་རོས་མྱོས་དཔའ་བོ་ཌཱ་ཀིའི་གྲོང་ཁྱེར་དུ། །ཉེ་རྒྱུའི་སྤྱོད་པའི་གྲོགས་ལ་བརྟེན་ནས་སློབ་པའི་ལམ་གྱི་རྩེ་མོར་ཕྱིན། །མི་སློབ་མངོན་གྱུར་འཆི་མེད་བདེ་ཆེན་དགའ་བཞི་སྟེར་བའི་ཕོ་ཉས་འཁྱུད། །དངོས་ཀུན་ཡང་དག་དྲྭ་བར་སྡོམ་པའི་སུརླ་རསྨིར༴ །ཕྲིན་ལས་རྣམ་བཞིའི་འཁོར་ལོས་རྩིབས་རྣོན་ཀུན་ནས་ཀུན་ཏུ་འཁོར་བ་ཡི། །བདུད་སྡེ་འདྲལ་ཅིང་བསྟན་པའི་རྩ་བ་རབ་ཏུ་བརྟན་ལས་འཛམ་གླིང་བདེ་བའི་སྒོ་འཕར་དབྱེ། །བོད་ཁམས་སྐྱབས་གཅིག་རྡོ་རྗེ་དྲག་རྩལ་རྣམ་ཐར་བྱིས་བློས་ཡུལ་ལས་འདས། །བསྟན་འགྲོའི་རྩ་ལག་པདྨ་འབྱུང་གནས་དེ་ལ་སྙིང་ནས་གསོལ་འདེབས་ན། །བདག་ཅག་བོད་འབངས་འགྲོ་བའི་རྒྱུད་ལ་ཡིད་སྲུབས་ལྷ་མིན་ཞུགས་པ་བྲལ། །ཡང་དག་བསམ་སྦྱོར་རྒྱུད་ལ་དད་ལྡན་སྐལ་ལྡན་དུས་ཀྱི་རྒུད་པ་ཞི། །རྒྱལ་བའི་རིང་ལུགས་ཤིང་རྟ་བརྒྱད་དང་ཁྱད་པར་འོད་གསལ་རྡོ་རྗེའི་ཐེག །བསྐལ་བརྒྱའི་བར་དུ་མི་ཉམས་རྒྱས་ལ་ཀུན་བཟང་གོ་འཕང་ཐོབ་གྱུར་ཅིག །ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་མེ་སྦྲུལ་ཟླ་༦ཚེས་༡༠ལ་བྲིས།། །། ༈ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དུས་ངན་སྙིགས་མའི་རྐྱེན་བཟློག་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། རབ་འབྱམས་རྒྱལ་བ་ཡོངས་ཀྱི་སྤྱི་གཟུགས་མཆོག །རྩ་གསུམ་རབ་འབྱམས་རྒྱ་མཚོ་སྤྲོ་ཞིང་བསྡུ། །དཀྱིལ་འཁོར་ཀུན་བདག་ཨོ་རྒྱན་རིན་པོ་ཆེ། །སྙིགས་མ་ལྔ་བདོའི་འགྲོ་ལ་ཐུགས་རྗེས་གཟིགས། །ཁྱོད་ཀྱི་སྐུ་ཡི་རྣམ་འཕྲུལ་བསམ་མི་ཁྱབ། །ཐོད་ཕྲེང་སྡེ་ལྔ་གུ་རུ་མཚན་བརྒྱད་དང་། །རྣམ་འཕྲུལ་བཅུ་གཉིས་འཕྲུལ་མཚན་བཞི་བཅུ་སོགས། །གང་འདུལ་མཚན་དང་ཕྲིན་ལས་མཐའ་ཡས་སྟོན། །ཁྱད་པར་སྙིགས་དུས་རྒྱ་འདྲེ་འགོང་པོ་དང་། །དམ་སྲི་འབྱུང་པོ་འདུལ་བའི་གཤེད་ཆེན་པོ། །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །གུ་རུ་རྡོ་རྗེ་དྲག་པོ་རྩལ་ལ་འདུད། །མཐུ་སྟོབས་དུས་མཐའི་བསྐལ་མེའི་ཞུགས་ལྟར་རྣོ། །མ་རུང་ལོག་འདྲེན་བདུད་སྡེའི་ཀླད་འགེམ་ཞིང་། །ལྷ་མིན་ཀླ་ཀློའི་དཔུང་ཚོགས་ཕྱེ་མར་འཐག །འཇོམས་བྱེད་རྡོ་རྗེ་སྲིན་པོར་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ལྔ་བརྒྱ་མཐའ་མར་ལྷག་པའི་བསྟན་དང་འགྲོར། །གུ་རུའི་མཁྱེན་པའི་སྤྱན་གྱིས་བཙའ་བ་དང་། །བྱམས་པའི་ཕྱག་གིས་དྲངས་པར་མཛད་དུ་གསོལ། །འཇིག་རྟེན་པ་ཀུན་ཡང་དག་ལྟ་ལ་གནས། །དུས་ཀྱི་རྒུད་པ་ཉེ་བར་ཞི་བ་དང་། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཅིང་། །བྱམས་པའི་སེམས་དང་ལྡན་པར་མཛད་དུ་གསོལ། །རྒྱལ་བའི་བསྟན་པ་རིན་ཆེན་སྒྲོན་མེ་འབར། །བསྟན་པ་འཛིན་རྣམས་འཆི་མེད་ལང་ཚོ་བརྙེས། །དགེ་འདུན་མི་ཕྱེད་རོལ་མཚོ་ལྟར་རྒྱས་ཤིང་། །སྤངས་ཀློག་མཛད་ཕྲིན་རྒྱས་པར་མཛད་དུ་གསོལ། །ཁྱད་པར་བསྟན་འགྲོའི་བདེ་སྐྱིད་པད་མོ་ལ། །གནོད་པའི་ལྷ་མིན་བ་མོའི་ཚོགས་མཐའ་དག །ཁྱོད་ཀྱི་ཐུགས་རྗེའི་ཚ་ཟེར་རེག་པའི་མོད། །ནུས་མེད་མྱུར་དུ་ཞི་བར་བྱིན་གྱིས་རློབས། །བདག་ཅག་གུ་རུའི་རྗེས་སུ་འཇུག་པ་རྣམས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཅིང་། །ཞབས་སྟེགས་ཆུ་སྐྱེས་སྤྱི་བོར་བཀོད་པ་དང་། །གསང་གསུམ་བྱིན་རླབས་སྙིང་དབུས་སིམ་གྱུར་ཅིག །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་འཕེལ། །ཆོས་བཞིན་སྤྱོད་བའི་བྱ་བས་དུས་འདའ་ཞིང་། །བཤད་སྒྲུབ་ཕྲིན་ལས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པའང་དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར་ལྷོ་བྲག་མཁར་ཆུ་ལྕགས་ཕུར་ཅན་གྱི་ཚོགས་ཁང་ཆེན་པོར་བླ་མ་གསང་བ་འདུས་པའི་ཚེས་བཅུའི་དུས་སྟོན་ལ་ལོངས་སྤྱོད་པའི་སྐབས་པདྨ་ཡེ་ཤེས་རྡོ་རྗེའམ། ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག ། །།
[edit]

o rgyan chen por gsol ba 'debs ba rdo rje'i sgra dbyangs zhes bya ba bzhugs so/____/rigs brgya'i khyab bdag dus gsum mkhyen pa o rgyan gu ru shAkya seng /____/snang ba mtha' yas thugs rje'i rol gar sin d+hU'i 'o ma'i rgya mtsho ru/____/pad sdong las 'khrungs sprul pa'i sku ni thugs rje mkha' ltar kun la snyom/____/rtsa gsum kun 'dus mtsho skyes rdo rjer mi 'bral rtse gcig gsol ba 'debs/____/in+d+ra b+hu tis sras kyi tshul bzung rgyal srid dkar po'i khrims kyis bskyangs/____/rlung sems snang ba dbang du 'dus las brtan g.yo'i dngos kun zil gyi gnon/____/srid zhi'i dwangs bcud dbu mar 'ching zhing zag par bcas pa kun las bral/____/pad+ma rgyal po bde chen dbang phyug rtse gcig dad pas gsol=____/srid las 'das kyang slar yang chags bral mtshams sprin gsar ba'i gos kyis klub/____/byang sems bdud rtsi thugs dbus sim zhing blo ldan de nyid mchog la sred/____/mi 'jigs seng+ge sgra sgrogs mu stegs wa skyes klad 'gem bdud dpung 'dul/____/gnas brtan paN grub rgya mtsho'i gtsug rgyan pad+ma sam+b+hAr gsol=____/he ru kaHdpal zhu ba'i ros myos dpa' bo DA ki'i grong khyer du/____/nye rgyu'i spyod pa'i grogs la brten nas slob pa'i lam gyi rtse mor phyin/____/mi slob mngon gyur 'chi med bde chen dga' bzhi ster ba'i pho nyas 'khyud/____/dngos kun yang dag drwa bar sdom pa'i surla rasmir=____/phrin las rnam bzhi'i 'khor los rtsibs rnon kun nas kun tu 'khor ba yi/____/bdud sde 'dral cing bstan pa'i rtsa ba rab tu brtan las 'dzam gling bde ba'i sgo 'phar dbye/____/bod khams skyabs gcig rdo rje drag rtsal rnam thar byis blos yul las 'das/____/bstan 'gro'i rtsa lag pad+ma 'byung gnas de la snying nas gsol 'debs na/____/bdag cag bod 'bangs 'gro ba'i rgyud la yid srubs lha min zhugs pa bral/____/yang dag bsam sbyor rgyud la dad ldan skal ldan dus kyi rgud pa zhi/____/rgyal ba'i ring lugs shing rta brgyad dang khyad par 'od gsal rdo rje'i theg__/bskal brgya'i bar du mi nyams rgyas la kun bzang go 'phang thob gyur cig__/ces pa'ang 'jam dbyangs chos kyi blo gros pas me sbrul zla 6tshes 10la bris//____//____!__o rgyan rin po che la gsol ba 'debs pa dus ngan snyigs ma'i rkyen bzlog ces bya ba bzhugs so/____/na mo gu ru/__rab 'byams rgyal ba yongs kyi spyi gzugs mchog__/rtsa gsum rab 'byams rgya mtsho spro zhing bsdu/____/dkyil 'khor kun bdag o rgyan rin po che/____/snyigs ma lnga bdo'i 'gro la thugs rjes gzigs/____/khyod kyi sku yi rnam 'phrul bsam mi khyab/____/thod phreng sde lnga gu ru mtshan brgyad dang /____/rnam 'phrul bcu gnyis 'phrul mtshan bzhi bcu sogs/____/gang 'dul mtshan dang phrin las mtha' yas ston/____/khyad par snyigs dus rgya 'dre 'gong po dang /____/dam sri 'byung po 'dul ba'i gshed chen po/____/'chol ba'i khro rgyal rdo rje gro bo lod/____/gu ru rdo rje drag po rtsal la 'dud/____/mthu stobs dus mtha'i bskal me'i zhugs ltar rno/____/ma rung log 'dren bdud sde'i klad 'gem zhing /____/lha min kla klo'i dpung tshogs phye mar 'thag__/'joms byed rdo rje srin por phyag 'tshal bstod/____/de ltar bstod cing gsol ba btab pa'i mthus/____/lnga brgya mtha' mar lhag pa'i bstan dang 'gror/____/gu ru'i mkhyen pa'i spyan gyis btsa' ba dang /____/byams pa'i phyag gis drangs par mdzad du gsol/____/'jig rten pa kun yang dag lta la gnas/____/dus kyi rgud pa nye bar zhi ba dang /____/bde skyid rdzogs ldan dpal la longs spyod cing /____/byams pa'i sems dang ldan par mdzad du gsol/____/rgyal ba'i bstan pa rin chen sgron me 'bar/____/bstan pa 'dzin rnams 'chi med lang tsho brnyes/____/dge 'dun mi phyed rol mtsho ltar rgyas shing /____/spangs klog mdzad phrin rgyas par mdzad du gsol/____/khyad par bstan 'gro'i bde skyid pad mo la/____/gnod pa'i lha min ba mo'i tshogs mtha' dag__/khyod kyi thugs rje'i tsha zer reg pa'i mod/____/nus med myur du zhi bar byin gyis rlobs/____/bdag cag gu ru'i rjes su 'jug pa rnams/____/tshe rabs kun tu 'bral med rjes 'dzin cing /____/zhabs stegs chu skyes spyi bor bkod pa dang /____/gsang gsum byin rlabs snying dbus sim gyur cig__/phyi nang gsang ba'i bar chad zhi ba dang /____/tshe bsod dpal 'byor ye shes yon tan 'phel/____/chos bzhin spyod ba'i bya bas dus 'da' zhing /____/bshad sgrub phrin las 'phel ba'i bkra shis shog__/ces pa'ang dbang chen sprel lo sprel zla'i tshes bcur lho brag mkhar chu lcags phur can gyi tshogs khang chen por bla ma gsang ba 'dus pa'i tshes bcu'i dus ston la longs spyod pa'i skabs pad+ma ye shes rdo rje'am/__chos kyi blo gros pas gsol ba btab pa dge legs su gyur cig__/__//_

Footnotes

Other Information