JKCL-KABUM-02-KHA-107

From Khyentse Lineage - A Tsadra Foundation Project
Revision as of 15:09, 30 November 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

རྗེ་བཙུན་གསང་བདག་ཏཱ་ར་ནཱ་ཐ་ལ་བསྟོད་པ་རྡོ་རྗེ་བྷྲ་མའི་དབྱངས་སྙན།
Wylie title rje btsun gsang bdag tA ra nA tha la bstod pa rdo rje b+h+ra ma'i dbyangs snyan JKCL-KABUM-02-KHA-107.pdf
Location chos kyi blo gros bka' 'bum
Volume 2, Text 107, Pages 747-750 (Folios 1a1 to 2b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཏཱ་ར་ནཱ་ཐ་ (tA ra nA tha)
Citation 'jam dbyangs mkhyen brtse chos kyi blo gros. rje btsun gsang bdag tA ra nA tha la bstod pa rdo rje b+h+ra ma'i dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 747-750. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

ཅེས་པའང་ཀུན་གཟིགས་མཆོག་སྤྲུལ་བཀྲ་ཤིས་དཔལ་འབྱོར་ཞལ་སྒོ་ནས་རྗེ་བཙུན་འདིའི་གསུང་གསང་བདུད་རྩི་ནོས་པའི་སྐབས་སྔགས་བཙུན་ཀུན་དགའ་ཕྲིན་ལས་རྒྱ་མཚོ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་གུས་པས་བསྟོད་ཅིང་གསོལ་བ་བཏབ་པ་སིདྡྷི་རསྟུ། །མངྒ་ལཾ།

ces pa'ang kun gzigs mchog sprul bkra shis dpal 'byor zhal sgo nas rje btsun 'di'i gsung gsang bdud rtsi nos pa'i skabs sngags btsun kun dga' phrin las rgya mtsho 'jigs bral phyogs las rnam par rgyal ba'i sdes gus pas bstod cing gsol ba btab pa sid+d+hi rastu/____/mang+ga laM/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
རྗེ་བཙུན་གསང་བདག་ཏཱ་ར་ནཱ་ཐ་ལ་བསྟོད་པ་རྡོ་རྗེ་བྷྲ་མའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ན་མཿཤྲཱི་ཙཀྲ་སཾ་བྷ་ར་ཡ། དཔལ་མཆོག་དང་པོའི་སངས་རྒྱས་འཁོར་ལོས་བསྒྱུར། །རིགས་ཀྱི་བདག་པོ་རིགས་བརྒྱ་སྤྲོ་དང་བསྡུད། །བདེ་མཆོག་སྒྱུ་མའི་གར་གྱིས་རྣམ་རྩེན་པ། །དཔལ་ལྡན་བླ་མ་སྒྲོལ་བའི་མགོན་པོས་སྐྱོངས། ༡། གདོད་ནས་ཤིན་ཏུ་རྣམ་པར་དག་པའི་དབྱིངས། །བདེ་མཆོག་འོད་གསལ་རྡོ་རྗེ་ཉི་མ་ཡི། །རྣམ་པར་འཁྱུད་པའི་ཁ་སྦྱོར་བདེ་བས་མོས། །འཁོར་ལོ་སྡོམ་པ་བླ་མའི་ཞབས་ལ་འདུད། ༢། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །འགྱུར་མེད་དེ་ཁོ་ན་ཉིད་ཕྱག་རྒྱའི་གཟུགས། །དཔལ་ལྡན་བདེ་མཆོག་རྡོ་རྗེ་སེམས་དཔའ་ནི། །འཁོར་འདས་ཀུན་གྱི་སྲོག་ཏུ་ཞུགས་ལ་འདུད། ༣། སྙིགས་དུས་ཉོན་མོངས་འདོད་པའི་མེ་དབལ་གྱིས། །རྣམ་པར་སྲེག་པའི་གདུང་བས་ཉེན་པ་ན། །དཔལ་ཆེན་ཧེ་རུ་ཀ་ཉིད་མི་ཡི་གཟུགས། །རིག་མའི་བརྟུལ་ཞུགས་གྲུབ་པར་སྟོན་ལ་འདུད། ༤། ཤེས་བྱའི་ཆོས་རྣམས་ཀུན་གྱི་ཆོས་ཅན་དང་། །ཆོས་ཉིད་ཇི་བཞིན་གཟིགས་ལ་མཚུངས་ཟླ་བྲལ། །རྒྱལ་ཀུན་གསང་བའི་མཛོད་འདུས་འཇམ་པའི་དཔལ། །ཡེ་ཤེས་ཕྱག་རྒྱའི་སྐུར་སྟོན་ཞབས་ལ་འདུད། ༥། བདེ་བ་མཆོག་གི་རིག་འཛིན་ཀར་པུ་པ། །ངུར་སྨྲིག་བླ་གོས་འཆང་བའི་གཟུགས་བསྒྱུར་ཞིང་། །སངས་རྒྱས་བསྟན་པ་ལུང་དང་རྟོགས་པའི་ཆོས། །བཤད་དང་སྒྲུབ་པས་གསལ་བར་མཛད་ལ་འདུད། ༦། གནས་གསུམ་མཁའ་འགྲོའི་འདུ་བར་རབ་སྤྱོད་ཅིང་། །ཧེ་རུ་ཀ་དཔལ་དགྱེས་པའི་བརྟུལ་ཞུགས་འཆང་། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ས་གསུམ་ན། །ཕྱོགས་ལས་རྣམ་རྒྱལ་འཇིགས་བྲལ་དཔའ་བོར་འདུད། ༧། བླ་མ་ཡི་དམ་ཞི་དང་ཁྲོ་བོ་དང་། །མཁའ་འགྲོ་ཆོས་སྐྱོང་དཔག་ཏུ་མེད་པ་ཡི། །ཞལ་དཀྱིལ་མངོན་སུམ་གྱུར་དང་ཟབ་རྒྱས་ཀྱི། །ཆོས་ཀྱི་བགྲོ་བས་དོགས་པ་གཅོད་ལ་འདུད། ༨། ཀུན་རྟག་སྣང་བ་ཐམས་ཅད་དབྱིངས་སུ་ནུབ། །གཞན་དབང་དག་པ་རབ་འབྱམས་མངོན་དུ་གྱུར། །ཡོངས་གྲུབ་གདན་གསུམ་རྡོ་རྗེའི་བདག་ཉིད་ཆེ། །དཔལ་ལྡན་བླ་མ་དུས་ཀྱི་འཁོར་ལོར་འདུད། ༩། དེ་བཞིན་གཤེགས་པ་ཀུན་གྱི་གསང་བའི་མཛོད། །སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད། །སྲིད་དང་ཞི་བའི་དཔལ་དུ་གྱུར་པ་གང་། །བརྟན་གཡོ་ཀུན་ཁྱབ་གསང་བ་འདུས་པར་འདུད། ༡༠། སྲིད་པ་གསུམ་གྱི་འཁོར་ལོའི་གྲོང་ཁྱེར་རྣམས། །འོད་གསལ་དབུ་མའི་དབྱིངས་སུ་སྡོམ་པ་དང་། །སྲིད་ཞིའི་དངོས་རྣམས་བདེ་བ་ཆེན་པོར་སྤྱོད། །བླ་མ་བདེ་བ་མཆོག་གི་འཁོར་ལོར་འདུད། ༡༡། སངས་རྒྱས་ཀུན་ཀྱང་ཁྱོད་ལས་རབ་སྤྲུལ་ཞིང་། །ཁྱོད་ནི་དེ་བཞིན་གཤེགས་པ་ཀུན་གྱི་བདག །ཀུན་བཟང་རྡོ་རྗེ་འཆང་ཆེན་རིགས་བརྒྱའི་གཙོ། །དང་པོའི་སངས་རྒྱས་དཔལ་ལྡན་བླ་མར་འདུད། ༡༢། གཞོམ་བྲལ་རྡོ་རྗེ་ལྟ་བུའི་སྐུ་བརྙེས་ཤིང་། །འགགས་མེད་རྒྱུད་ཀྱི་སྒྲ་དབྱངས་སྲིད་མཐར་ཁྱབ། །འཆི་མེད་རྡོ་རྗེའི་ཐུགས་དང་ལྡན་པའི་བདག །རྡོ་རྗེ་གསུམ་མཆོག་དཔལ་ལྡན་བླ་མར་འདུད། ༡༣། ཇི་སྲིད་ནམ་མཁའ་གནས་ཀྱི་བར་དག་ཏུ། །ཡོན་ཏན་ཕྲིན་ལས་ཟད་མི་ཤེས་པ་ཡི། །འགྲོ་བ་སྒྲོལ་ལ་བསྙེལ་བ་མི་མངའ་བའི། །ཕན་བདེའི་མཆོག་སྦྱིན་ཆོས་ཀྱི་རྒྱལ་པོར་འདུད། ༡༤། གསང་གསུམ་བདུད་རྩིའི་ཟེགས་མའི་ཤས་ཙམ་གྱིས། །བློ་གྲོས་སྙིང་གི་དབུལ་བ་སེལ་བྱེད་ཅིང་། །བློ་མཆོག་སྤོབས་པའི་གཏེར་ཆེན་གྲོལ་མཛད་པ། །བསྟན་འགྲོའི་སྣང་བྱེད་ཆེན་པོར་གུས་པས་འདུད། ༡༥། ཇི་སྲིད་ཐུབ་པའི་བསྟན་པ་གནས་ཀྱི་བར། །ཁྱོད་གསུངས་འཛིན་པས་བསྟན་པའི་ཁྱོན་གང་ཞིང་། །མཁས་དང་གྲུབ་པའི་ཁྱུ་ཚོགས་ཆེན་པོ་ཡིས། །རྒྱུད་སྡེ་རྒྱ་མཚོའི་བསྟན་པ་གསལ་གྱུར་ཅིག༡༦། གང་ཞིག་ལོག་པར་སྨྲ་བའི་ཚོགས་རྣམས་དང་། །ཁྱོད་གསུང་ལ་སྡང་གཤེ་བར་བྱེད་པ་རྣམས། །སྣ་ཚོགས་ཐབས་ཀྱི་ཆོ་འཕྲུལ་ཆེན་པོས་འདུལ། །རྗེ་བཙུན་གསུང་གིས་བདུད་རྩིའི་དབང་ཐོབ་ཤོག༡༧། བདག་ཀྱང་རྒྱལ་བ་དགྱེས་པའི་ལམ་ལ་གནས། །རྡོ་རྗེ་ཐེག་པའི་ཚུལ་ལ་རབ་ཞུགས་ཤིང་། །བླ་མ་འཁོར་ལོ་སྡོམ་པས་རྗེས་བཟུང་ནས། །གསང་བའི་བདག་པོ་ཁྱོད་དང་དབྱེར་མེད་ཤོག༡༨། ཅེས་པའང་ཀུན་གཟིགས་མཆོག་སྤྲུལ་བཀྲ་ཤིས་དཔལ་འབྱོར་ཞལ་སྒོ་ནས་རྗེ་བཙུན་འདིའི་གསུང་གསང་བདུད་རྩི་ནོས་པའི་སྐབས་སྔགས་བཙུན་ཀུན་དགའ་ཕྲིན་ལས་རྒྱ་མཚོ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་གུས་པས་བསྟོད་ཅིང་གསོལ་བ་བཏབ་པ་སིདྡྷི་རསྟུ། །མངྒ་ལཾ། ། །།
[edit]

rje btsun gsang bdag tA ra nA tha la bstod pa rdo rje b+h+ra ma'i dbyangs snyan zhes bya ba bzhugs so/____/na maHshrI tsakra saM b+ha ra ya/__dpal mchog dang po'i sangs rgyas 'khor los bsgyur/____/rigs kyi bdag po rigs brgya spro dang bsdud/____/bde mchog sgyu ma'i gar gyis rnam rtsen pa/____/dpal ldan bla ma sgrol ba'i mgon pos skyongs/__1/__gdod nas shin tu rnam par dag pa'i dbyings/____/bde mchog 'od gsal rdo rje nyi ma yi/____/rnam par 'khyud pa'i kha sbyor bde bas mos/____/'khor lo sdom pa bla ma'i zhabs la 'dud/__2/__dngos gcig dngos po kun gyi ngo bo nyid/____/'gyur med de kho na nyid phyag rgya'i gzugs/____/dpal ldan bde mchog rdo rje sems dpa' ni/____/'khor 'das kun gyi srog tu zhugs la 'dud/__3/__snyigs dus nyon mongs 'dod pa'i me dbal gyis/____/rnam par sreg pa'i gdung bas nyen pa na/____/dpal chen he ru ka nyid mi yi gzugs/____/rig ma'i brtul zhugs grub par ston la 'dud/__4/__shes bya'i chos rnams kun gyi chos can dang /____/chos nyid ji bzhin gzigs la mtshungs zla bral/____/rgyal kun gsang ba'i mdzod 'dus 'jam pa'i dpal/____/ye shes phyag rgya'i skur ston zhabs la 'dud/__5/__bde ba mchog gi rig 'dzin kar pu pa/____/ngur smrig bla gos 'chang ba'i gzugs bsgyur zhing /____/sangs rgyas bstan pa lung dang rtogs pa'i chos/____/bshad dang sgrub pas gsal bar mdzad la 'dud/__6/__gnas gsum mkha' 'gro'i 'du bar rab spyod cing /____/he ru ka dpal dgyes pa'i brtul zhugs 'chang /____/rnal 'byor dbang phyug chen po sa gsum na/____/phyogs las rnam rgyal 'jigs bral dpa' bor 'dud/__7/__bla ma yi dam zhi dang khro bo dang /____/mkha' 'gro chos skyong dpag tu med pa yi/____/zhal dkyil mngon sum gyur dang zab rgyas kyi/____/chos kyi bgro bas dogs pa gcod la 'dud/__8/__kun rtag snang ba thams cad dbyings su nub/____/gzhan dbang dag pa rab 'byams mngon du gyur/____/yongs grub gdan gsum rdo rje'i bdag nyid che/____/dpal ldan bla ma dus kyi 'khor lor 'dud/__9/__de bzhin gshegs pa kun gyi gsang ba'i mdzod/____/stong pa nyid dang snying rje gnyis su med/____/srid dang zhi ba'i dpal du gyur pa gang /____/brtan g.yo kun khyab gsang ba 'dus par 'dud/__10/__srid pa gsum gyi 'khor lo'i grong khyer rnams/____/'od gsal dbu ma'i dbyings su sdom pa dang /____/srid zhi'i dngos rnams bde ba chen por spyod/____/bla ma bde ba mchog gi 'khor lor 'dud/__11/__sangs rgyas kun kyang khyod las rab sprul zhing /____/khyod ni de bzhin gshegs pa kun gyi bdag__/kun bzang rdo rje 'chang chen rigs brgya'i gtso/____/dang po'i sangs rgyas dpal ldan bla mar 'dud/__12/__gzhom bral rdo rje lta bu'i sku brnyes shing /____/'gags med rgyud kyi sgra dbyangs srid mthar khyab/____/'chi med rdo rje'i thugs dang ldan pa'i bdag__/rdo rje gsum mchog dpal ldan bla mar 'dud/__13/__ji srid nam mkha' gnas kyi bar dag tu/____/yon tan phrin las zad mi shes pa yi/____/'gro ba sgrol la bsnyel ba mi mnga' ba'i/____/phan bde'i mchog sbyin chos kyi rgyal por 'dud/__14/__gsang gsum bdud rtsi'i zegs ma'i shas tsam gyis/____/blo gros snying gi dbul ba sel byed cing /____/blo mchog spobs pa'i gter chen grol mdzad pa/____/bstan 'gro'i snang byed chen por gus pas 'dud/__15/__ji srid thub pa'i bstan pa gnas kyi bar/____/khyod gsungs 'dzin pas bstan pa'i khyon gang zhing /____/mkhas dang grub pa'i khyu tshogs chen po yis/____/rgyud sde rgya mtsho'i bstan pa gsal gyur cig16/__gang zhig log par smra ba'i tshogs rnams dang /____/khyod gsung la sdang gshe bar byed pa rnams/____/sna tshogs thabs kyi cho 'phrul chen pos 'dul/____/rje btsun gsung gis bdud rtsi'i dbang thob shog17/__bdag kyang rgyal ba dgyes pa'i lam la gnas/____/rdo rje theg pa'i tshul la rab zhugs shing /____/bla ma 'khor lo sdom pas rjes bzung nas/____/gsang ba'i bdag po khyod dang dbyer med shog18/__ces pa'ang kun gzigs mchog sprul bkra shis dpal 'byor zhal sgo nas rje btsun 'di'i gsung gsang bdud rtsi nos pa'i skabs sngags btsun kun dga' phrin las rgya mtsho 'jigs bral phyogs las rnam par rgyal ba'i sdes gus pas bstod cing gsol ba btab pa sid+d+hi rastu/____/mang+ga laM/__/____//__

Footnotes

Other Information