JKCL-KABUM-02-KHA-100: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: . Bir, H.P.: Khyentse Labrang, 2012.
|fulltitletib=རྗེ་བཙུན་ཕག་མོ་གྲུ་པ་ལ་བསྟོད་པ་ངེས་དོན་རྒྱ་མཚོའི་རྦ་རླབས།
|fulltitle=rje btsun phag mo gru pa la bstod pa nges don rgya mtsho'i rba rlabs
|citation=[['jam dbyangs mkhyen brtse chos kyi blo gros]]. ''rje btsun phag mo gru pa la bstod pa nges don rgya mtsho'i rba rlabs''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: 715-719. Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|associatedpeople=phag mo gru pa rdo rje rgyal po
|associatedpeopletib=ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་
|tibgenre=Verses of Praise - bstod pa
|tibgenre=Verses of Praise - bstod pa
|terma=No
|terma=No
Line 16: Line 20:
|totalvolumes=12
|totalvolumes=12
|textnuminvol=100
|textnuminvol=100
|pagenumbers=715-719
|totalpages=5
|beginfolioline=1a1
|endfolioline=3a3
|totalfolios=3
|multivolumework=No
|colophontib=།ཅེས་པའང་གང་གི་རྣམ་ཐར་ཡིད་ལ་བཀོད་པ་ན་དད་པའི་རོལ་མཚོ་འཕྱུར་བ་ལས་བྱུང་བའི་ཚིགས་སུ་བཅད་པའི་ཕྲེང་བ་འདི་ཡང་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ།  །
|colophonwylie=ces pa'ang gang gi rnam thar yid la bkod pa na dad pa'i rol mtsho 'phyur ba las byung ba'i tshigs su bcad pa'i phreng ba 'di yang 'jam dbyangs blo gros rgya mtsho'i sgra dbyangs kyis gsol ba btab pa sid+d+hi rastu/
|pdflink=File:JKCL-KABUM-02-KHA-100.pdf
|pdflink=File:JKCL-KABUM-02-KHA-100.pdf
}}
}}
Line 21: Line 33:
<h1 style="font-size: 24px !important;">Tibetan Text</h1>
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
{{TibP|རྗེ་བཙུན་ཕག་མོ་གྲུ་པ་ལ་བསྟོད་པ་ངེས་དོན་རྒྱ་མཚོའི་རྦ་རླབས་ཞེས་བྱ་བ་བཞུགས་སོ།    །ན་མོ་གུ་རུ་བཛྲ་དྷཱ་ར་ཡེ།  བདེ་དང་སྟོང་པའི་ཆོ་འཕྲུལ་ཆེན་པོ་ལས།    །ཉིད་ཞི་དབྱེར་མེད་བདེ་གཤེགས་རྡོ་རྗེ་རྒྱལ།    །ངེས་དོན་སྒྲུབ་བརྒྱུད་བྱེ་བའི་གཙུག་ན་འཚོ།    །འོད་གསལ་ཕྱག་ཆེན་ཀློང་ནས་གཟིགས་ཤིག་ཀྱཻ།    །གང་གི་རྣམ་ཐར་ཞིང་ཁམས་འབྱམས་ཀླས་པར།    །ཁྱབ་པས་བདག་བློས་གཞལ་བར་མི་ནུས་ཀྱང་།    །དད་པའི་ཆུ་གཏེར་མངོན་པར་འཕྱུར་བ་འདི།    །རིག་སྔགས་ནུས་པས་བཟློག་མེད་ཁོང་ནས་ཐལ།    །མདོ་སྨད་ཤོད་ཆེན་པདྨ་བརྡལ་བ་འདྲ།    །དགེ་བཅུའི་ཡུལ་ལྗོངས་གཏམས་པའི་གསེར་ཁང་དུ།    །ངོ་མཚར་མཚན་དཔེའི་མྱུ་གུ་གསལ་བ་དང་།    །སྔོན་གནས་བརྒྱ་ཕྲག་མང་པོ་རྗེས་སུ་དྲན།    །ཉེས་བརྒྱའི་ཚད་རིམས་ཞི་བྱེད་ཚུལ་ཁྲིམས་ཀྱི།    །སྨན་མཆོག་དམ་པ་འབར་བས་ལེགས་བླངས་ཏེ།    །རྡོ་རྗེ་རྒྱལ་པོའི་ཡི་གེས་ས་སྟེང་བརྗིད།    །བསྟན་པའི་གསལ་བྱེད་དམ་པར་གྱུར་པའི་གཞི།    །ཉི་ཤུ་རྩ་གཉིས་དབུར་འགྱུར་འཆང་དུ་བྱོན།    །གཏུམ་པོ་ལ་སོགས་ཡི་དམ་དཔག་མེད་གཟིགས།    །རིག་པའི་འབྱུང་གནས་གསང་ཕུའི་གཙུག་ལག་དེར།    །བློ་གསལ་རྐང་དྲུག་པདྨ་བཞད་པར་འབབ།    །ཕྱི་ནང་རིག་པའི་ཚོགས་ལ་སྦྱངས་མཐར་སོན།    །དཔལ་ལྡན་ཟུར་ཕུའི་གཙུག་ལག་ཁང་ཆེན་པོར།    །གནས་བརྟན་རྒྱ་དམར་བ་ལས་བསྙེན་པར་རྫོགས།    །འདུ་བ་རྒྱ་མཚོའི་མངའ་བདག་ཆེན་པོར་གྱུར།    །དཔལ་ཆེན་སྒ་ལོ་ཀུན་དགའ་སྙིང་པོ་དང་།    །དམར་སྟོན་ཆོས་རྒྱལ་བུ་སྒོམ་བྱ་ཡུལ་བ།    །ཇོ་མོ་ལྷ་རྗེ་ལ་སོགས་ཡོངས་འཛིན་ལས།    །མདོ་སྔགས་རྒྱུད་སྡེ་མཐའ་དག་རྫོགས་པར་མཛད།    །ཁྱད་པར་རྒྱལ་བས་ལུང་བསྟན་སྒམ་པོར་པར།    །མཇལ་བའི་མོད་ལ་རྟོག་པ་ཧྲུལ་གྱིས་ཞིག  །འོད་གསལ་འཕོ་མེད་ཕྱག་རྒྱ་ཆེན་པོ་ཡི།    །ཐུགས་ཀྱི་དགོངས་པའི་རྩལ་ཆེན་རྫོགས་པར་གྱུར།    །བླ་མའི་དྲུང་ན་དག་པའི་འཁོར་གསུམ་པོ།    །ཉི་ཟླ་སྐར་མ་ལྟ་བུའི་ཁམས་སྟོན་གྱི།    །ཡ་གྱལ་བདེ་བར་གཤེགས་པ་ཀུན་གྱི་ཏོག  །བསད་གསོ་ལ་སོགས་བརྟུལ་ཞུགས་ཟླ་མེད་གྲུབ།    །བླ་མའི་དགོངས་པ་ཡོངས་སུ་རྫོགས་བྱས་ཏེ།    །ཕག་གྲུ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ།    །བསྟན་པའི་གནས་གཞི་གནྡྷོ་ལ་བཏབ་ནས།    །གདུགས་ཐོགས་ལྔ་བརྒྱའི་དབུས་ན་ལྷམ་མེར་བརྗིད།    །ཕྲིན་ལས་ཚད་མེད་ཕྱོགས་བཅུར་ཁྱབ་པར་སྟོན།    །བཀའ་བཞི་བརྒྱུད་པའི་ཆུ་བོའི་འབྱུང་གནས་ཆེ།    །གངས་དཀར་ཏི་སེ་མ་དྲོས་རོལ་མཚོ་བཞིན།    །སྒྲུབ་བརྒྱུད་ཡོངས་ཀྱི་མངའ་བདག་ཆེན་པོར་གྱུར།    །བླ་མ་གཉིས་ཀྱི་ཡེ་ཤེས་སྐུ་བསྟན་ཅིང་།    །དམ་པས་ཚེ་རབས་དུ་མར་རྗེས་སུ་བཟུང་།    །མདའ་བསྣུན་ཞབས་དང་ཀླུ་ཐོགས་ཞི་བ་ལྷ།    །ཟླ་བ་གྲགས་སོགས་འཕགས་ཆེན་དངོས་ཞལ་སྟོན།    །རྣལ་འབྱོར་མ་སོགས་ཡི་དམ་དཔག་མེད་གཟིགས།    །དད་ལྡན་འགའ་ལ་སྐུ་ཡི་དཀྱིལ་འཁོར་ནི།    །ཐུབ་དབང་སྤྱན་གཟིགས་འཁོར་ལོ་སྡོམ་པ་སོགས།    །གྲངས་མེད་རྒྱུད་སྡེའི་དཀྱིལ་འཁོར་གསལ་བར་མཛད།    །རྩེ་གཅིག་དབེན་པར་གཞོལ་བའི་ཡི་དམ་གྱིས།    །བཤད་སྒྲུབ་ཆོས་ཀྱི་བྱ་བས་དུས་འདའ་བཞིན།    །རྟག་འཛིན་སྲ་འཁྲེགས་རི་བོ་འཇོམས་པའི་ཕྱིར།    །རྡོ་རྗེའི་སྐུ་ཡང་གཤིག་པར་ཕྱོགས་པའི་དུས།    །ལས་ངན་སྐྱེ་བོ་གདུལ་བར་བྱ་བའི་ཕྱིར།    །དགེ་འདུན་ཚོགས་ལ་བསྙེན་བསྐུར་གཟུངས་སྔགས་གདམས།    །ཏིང་འཛིན་རྒྱ་མཚོ་མཉམ་བཞག་ལས་མི་གཡོ།    །དྲུག་ཅུ་རེ་གཅིག་ལྕགས་ཕོ་སྟག་གི་ལོ།    །རྒྱུ་སྐར་ལྷ་མོ་འདུ་བའི་ཉལ་བའི་དུས།    །དགའ་བཞི་བཅུ་དྲུག་རྫོགས་པའི་ཚེས་ཀྱི་ཆར།    །སློབ་འབངས་རྣམས་ལ་ཞལ་གྱིས་གདམས་པ་བསྟན།    །རྣམ་ཤེས་བྱེའུ་ཆུང་འཕུར་ལ་དོགས་མི་འཚལ།    །ཁོ་བོ་འདི་ནས་མི་བསྐྱོད་རྒྱལ་པོའི་དྲུང་།    །བྱང་ཆུབ་སེམས་དཔའ་བློ་གྲོས་དྲི་མ་མེད།    །འགྲོ་བ་ཀུན་གྱི་ཉེར་འཚོའི་གཞིར་གྱུར་ལ།    །གསོལ་བ་བཏབ་དང་ཐུགས་རྗེས་འཛིན་པ་ཡི།    །དབུགས་དབྱུང་སྩལ་ནས་དམར་ཕྱོགས་ཚེས་བཅུའི་དུས།    །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོར་གཤེགས་ནས་སུ།    །སྔ་གྲོའི་ཆ་ལ་མཛད་པའི་ཐ་མ་སྟོན།    །ངོ་མཚར་ལྟས་དང་ཆོ་འཕྲུལ་བསམ་མི་ཁྱབ།    །སྐུ་གདུང་རིང་བསྲེལ་གདུལ་བྱའི་དཔལ་དུ་བྱོན།    །ངོ་མཚར་རྣམ་ཐར་བསམ་ཡས་བརྗོད་ལས་འདས།    །གང་གི་ཐུགས་ཀྱི་སྲས་མཆོག་འབྲི་གུང་པར།    །འཇིག་རྟེན་གསུམ་གྱི་སྒྲོན་མེས་སྣང་བར་བྱས།    །ཀྱེ་མ་ཀྱེ་ཧུད་རྗེ་བཙུན་རྡོ་རྗེ་འཆང་།    །གསོལ་བ་འདེབས་སོ་བདེ་གཤེགས་ཕག་མོ་གྲུ།    །ཁ་བ་ཅན་དུ་རྡོ་རྗེ་རྒྱལ་པོ་དང་།    །རྡུལ་བྲལ་ཞིང་ན་བློ་གྲོས་དྲི་མ་མེད།    །ཁྱེད་ལ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ།    །ཕྱི་ནང་གསང་བའི་མཆོད་པའི་སྤྲིན་གྱིས་མཆོད།    །ཉམས་ཆགས་སྡིག་ལྟུང་ཚོགས་རྣམས་སྙིང་ནས་བཤགས།    །ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང།    །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།    །རྟག་པར་འགྲོ་བའི་མགོན་དུ་བཞུགས་པར་གསོལ།    །དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ།    །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ།    །དལ་འབྱོར་རྟེན་ཐོབ་བཤེས་གཉེན་མཆོག་དང་མཇལ།    །བྱང་ཆུབ་སེམས་ཀྱི་བཞོན་པ་ལ་བརྟེན་ནས།    །ངེས་གསང་རྒྱུད་སྡེའི་སྦས་གནས་ཀུན་བགྲོད་དེ།    །རྡོ་རྗེའི་གསང་ལམ་ཟབ་མོ་རྟོགས་པར་ཤོག  །སྣང་སེམས་རོ་གཅིག་འཁོར་འདས་དབྱེར་མེད་དུ།    །འོད་གསལ་ཕྱག་རྒྱ་ཆེན་པོར་སྡོམ་པ་ལས།    །ལྷན་སྐྱེས་ཡེ་ཤེས་གྲུབ་པའི་གཟི་འབར་བས།    །རྡོ་རྗེ་འཆང་ཆེན་ཆོས་དབྱིངས་མཁའ་ལ་རོལ།    །གཟུགས་སྐུ་ཉི་ཟླའི་དཀྱིལ་འཁོར་སྟོང་འཕྲོ་བས།    །ཁམས་གསུམ་འགྲོ་བའི་མུན་པ་ཀུན་བསལ་ཏེ།    །གནས་ལུགས་ཕྱག་རྒྱ་ཆེན་པོ་འུབ་ཆུབ་ཤོག  །གང་ཚེ་མགོན་ཁྱོད་བྱང་ཆུབ་བརྙེས་པ་ན།    །འཁོར་གྱི་ཐོག་མར་སྐྱེས་ནས་ཆོས་ལ་སྤྱོད།    །བསྟན་པ་རིན་ཆེན་འོད་སྣང་དེ་སྲིད་དུ།    །བློ་བརྟན་བློ་གྲོས་དཔལ་དང་མི་འབྲལ་ཤོག  །ཅེས་པའང་གང་གི་རྣམ་ཐར་ཡིད་ལ་བཀོད་པ་ན་དད་པའི་རོལ་མཚོ་འཕྱུར་བ་ལས་བྱུང་བའི་ཚིགས་སུ་བཅད་པའི་ཕྲེང་བ་འདི་ཡང་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ། །    །།}}
{{TibP|{{TibChung|རྗེ་བཙུན་ཕག་མོ་གྲུ་པ་ལ་བསྟོད་པ་ངེས་དོན་རྒྱ་མཚོའི་རྦ་རླབས་ཞེས་བྱ་བ་བཞུགས་སོ།}}   །ན་མོ་གུ་རུ་བཛྲ་དྷཱ་ར་ཡེ།  བདེ་དང་སྟོང་པའི་ཆོ་འཕྲུལ་ཆེན་པོ་ལས།    །ཉིད་ཞི་དབྱེར་མེད་བདེ་གཤེགས་རྡོ་རྗེ་རྒྱལ།    །ངེས་དོན་སྒྲུབ་བརྒྱུད་བྱེ་བའི་གཙུག་ན་འཚོ།    །འོད་གསལ་ཕྱག་ཆེན་ཀློང་ནས་གཟིགས་ཤིག་ཀྱཻ།    །གང་གི་རྣམ་ཐར་ཞིང་ཁམས་འབྱམས་ཀླས་པར།    །ཁྱབ་པས་བདག་བློས་གཞལ་བར་མི་ནུས་ཀྱང་།    །དད་པའི་ཆུ་གཏེར་མངོན་པར་འཕྱུར་བ་འདི།    །རིག་སྔགས་ནུས་པས་བཟློག་མེད་ཁོང་ནས་ཐལ།    །མདོ་སྨད་ཤོད་ཆེན་པདྨ་བརྡལ་བ་འདྲ།    །དགེ་བཅུའི་ཡུལ་ལྗོངས་གཏམས་པའི་གསེར་ཁང་དུ།    །ངོ་མཚར་མཚན་དཔེའི་མྱུ་གུ་གསལ་བ་དང་།    །སྔོན་གནས་བརྒྱ་ཕྲག་མང་པོ་རྗེས་སུ་དྲན།    །ཉེས་བརྒྱའི་ཚད་རིམས་ཞི་བྱེད་ཚུལ་ཁྲིམས་ཀྱི།    །སྨན་མཆོག་དམ་པ་འབར་བས་ལེགས་བླངས་ཏེ།    །རྡོ་རྗེ་རྒྱལ་པོའི་ཡི་གེས་ས་སྟེང་བརྗིད།    །བསྟན་པའི་གསལ་བྱེད་དམ་པར་གྱུར་པའི་གཞི།    །ཉི་ཤུ་རྩ་གཉིས་དབུར་འགྱུར་འཆང་དུ་བྱོན།    །གཏུམ་པོ་ལ་སོགས་ཡི་དམ་དཔག་མེད་གཟིགས།    །རིག་པའི་འབྱུང་གནས་གསང་ཕུའི་གཙུག་ལག་དེར།    །བློ་གསལ་རྐང་དྲུག་པདྨ་བཞད་པར་འབབ།    །ཕྱི་ནང་རིག་པའི་ཚོགས་ལ་སྦྱངས་མཐར་སོན།    །དཔལ་ལྡན་ཟུར་ཕུའི་གཙུག་ལག་ཁང་ཆེན་པོར།    །གནས་བརྟན་རྒྱ་དམར་བ་ལས་བསྙེན་པར་རྫོགས།    །འདུ་བ་རྒྱ་མཚོའི་མངའ་བདག་ཆེན་པོར་གྱུར།    །དཔལ་ཆེན་སྒ་ལོ་ཀུན་དགའ་སྙིང་པོ་དང་།    །དམར་སྟོན་ཆོས་རྒྱལ་བུ་སྒོམ་བྱ་ཡུལ་བ།    །ཇོ་མོ་ལྷ་རྗེ་ལ་སོགས་ཡོངས་འཛིན་ལས།    །མདོ་སྔགས་རྒྱུད་སྡེ་མཐའ་དག་རྫོགས་པར་མཛད།    །ཁྱད་པར་རྒྱལ་བས་ལུང་བསྟན་སྒམ་པོར་པར།    །མཇལ་བའི་མོད་ལ་རྟོག་པ་ཧྲུལ་གྱིས་ཞིག  །འོད་གསལ་འཕོ་མེད་ཕྱག་རྒྱ་ཆེན་པོ་ཡི།    །ཐུགས་ཀྱི་དགོངས་པའི་རྩལ་ཆེན་རྫོགས་པར་གྱུར།    །བླ་མའི་དྲུང་ན་དག་པའི་འཁོར་གསུམ་པོ།    །ཉི་ཟླ་སྐར་མ་ལྟ་བུའི་ཁམས་སྟོན་གྱི།    །ཡ་གྱལ་བདེ་བར་གཤེགས་པ་ཀུན་གྱི་ཏོག  །བསད་གསོ་ལ་སོགས་བརྟུལ་ཞུགས་ཟླ་མེད་གྲུབ།    །བླ་མའི་དགོངས་པ་ཡོངས་སུ་རྫོགས་བྱས་ཏེ།    །ཕག་གྲུ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ།    །བསྟན་པའི་གནས་གཞི་གནྡྷོ་ལ་བཏབ་ནས།    །གདུགས་ཐོགས་ལྔ་བརྒྱའི་དབུས་ན་ལྷམ་མེར་བརྗིད།    །ཕྲིན་ལས་ཚད་མེད་ཕྱོགས་བཅུར་ཁྱབ་པར་སྟོན།    །བཀའ་བཞི་བརྒྱུད་པའི་ཆུ་བོའི་འབྱུང་གནས་ཆེ།    །གངས་དཀར་ཏི་སེ་མ་དྲོས་རོལ་མཚོ་བཞིན།    །སྒྲུབ་བརྒྱུད་ཡོངས་ཀྱི་མངའ་བདག་ཆེན་པོར་གྱུར།    །བླ་མ་གཉིས་ཀྱི་ཡེ་ཤེས་སྐུ་བསྟན་ཅིང་།    །དམ་པས་ཚེ་རབས་དུ་མར་རྗེས་སུ་བཟུང་།    །མདའ་བསྣུན་ཞབས་དང་ཀླུ་ཐོགས་ཞི་བ་ལྷ།    །ཟླ་བ་གྲགས་སོགས་འཕགས་ཆེན་དངོས་ཞལ་སྟོན།    །རྣལ་འབྱོར་མ་སོགས་ཡི་དམ་དཔག་མེད་གཟིགས།    །དད་ལྡན་འགའ་ལ་སྐུ་ཡི་དཀྱིལ་འཁོར་ནི།    །ཐུབ་དབང་སྤྱན་གཟིགས་འཁོར་ལོ་སྡོམ་པ་སོགས།    །གྲངས་མེད་རྒྱུད་སྡེའི་དཀྱིལ་འཁོར་གསལ་བར་མཛད།    །རྩེ་གཅིག་དབེན་པར་གཞོལ་བའི་ཡི་དམ་གྱིས།    །བཤད་སྒྲུབ་ཆོས་ཀྱི་བྱ་བས་དུས་འདའ་བཞིན།    །རྟག་འཛིན་སྲ་འཁྲེགས་རི་བོ་འཇོམས་པའི་ཕྱིར།    །རྡོ་རྗེའི་སྐུ་ཡང་གཤིག་པར་ཕྱོགས་པའི་དུས།    །ལས་ངན་སྐྱེ་བོ་གདུལ་བར་བྱ་བའི་ཕྱིར།    །དགེ་འདུན་ཚོགས་ལ་བསྙེན་བསྐུར་གཟུངས་སྔགས་གདམས།    །ཏིང་འཛིན་རྒྱ་མཚོ་མཉམ་བཞག་ལས་མི་གཡོ།    །དྲུག་ཅུ་རེ་གཅིག་ལྕགས་ཕོ་སྟག་གི་ལོ།    །རྒྱུ་སྐར་ལྷ་མོ་འདུ་བའི་ཉལ་བའི་དུས།    །དགའ་བཞི་བཅུ་དྲུག་རྫོགས་པའི་ཚེས་ཀྱི་ཆར།    །སློབ་འབངས་རྣམས་ལ་ཞལ་གྱིས་གདམས་པ་བསྟན།    །རྣམ་ཤེས་བྱེའུ་ཆུང་འཕུར་ལ་དོགས་མི་འཚལ།    །ཁོ་བོ་འདི་ནས་མི་བསྐྱོད་རྒྱལ་པོའི་དྲུང་།    །བྱང་ཆུབ་སེམས་དཔའ་བློ་གྲོས་དྲི་མ་མེད།    །འགྲོ་བ་ཀུན་གྱི་ཉེར་འཚོའི་གཞིར་གྱུར་ལ།    །གསོལ་བ་བཏབ་དང་ཐུགས་རྗེས་འཛིན་པ་ཡི།    །དབུགས་དབྱུང་སྩལ་ནས་དམར་ཕྱོགས་ཚེས་བཅུའི་དུས།    །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོར་གཤེགས་ནས་སུ།    །སྔ་གྲོའི་ཆ་ལ་མཛད་པའི་ཐ་མ་སྟོན།    །ངོ་མཚར་ལྟས་དང་ཆོ་འཕྲུལ་བསམ་མི་ཁྱབ།    །སྐུ་གདུང་རིང་བསྲེལ་གདུལ་བྱའི་དཔལ་དུ་བྱོན།    །ངོ་མཚར་རྣམ་ཐར་བསམ་ཡས་བརྗོད་ལས་འདས།    །གང་གི་ཐུགས་ཀྱི་སྲས་མཆོག་འབྲི་གུང་པར།    །འཇིག་རྟེན་གསུམ་གྱི་སྒྲོན་མེས་སྣང་བར་བྱས།    །ཀྱེ་མ་ཀྱེ་ཧུད་རྗེ་བཙུན་རྡོ་རྗེ་འཆང་།    །གསོལ་བ་འདེབས་སོ་བདེ་གཤེགས་ཕག་མོ་གྲུ།    །ཁ་བ་ཅན་དུ་རྡོ་རྗེ་རྒྱལ་པོ་དང་།    །རྡུལ་བྲལ་ཞིང་ན་བློ་གྲོས་དྲི་མ་མེད།    །ཁྱེད་ལ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ།    །ཕྱི་ནང་གསང་བའི་མཆོད་པའི་སྤྲིན་གྱིས་མཆོད།    །ཉམས་ཆགས་སྡིག་ལྟུང་ཚོགས་རྣམས་སྙིང་ནས་བཤགས།    །ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང།    །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།    །རྟག་པར་འགྲོ་བའི་མགོན་དུ་བཞུགས་པར་གསོལ།    །དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ།    །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ།    །དལ་འབྱོར་རྟེན་ཐོབ་བཤེས་གཉེན་མཆོག་དང་མཇལ།    །བྱང་ཆུབ་སེམས་ཀྱི་བཞོན་པ་ལ་བརྟེན་ནས།    །ངེས་གསང་རྒྱུད་སྡེའི་སྦས་གནས་ཀུན་བགྲོད་དེ།    །རྡོ་རྗེའི་གསང་ལམ་ཟབ་མོ་རྟོགས་པར་ཤོག  །སྣང་སེམས་རོ་གཅིག་འཁོར་འདས་དབྱེར་མེད་དུ།    །འོད་གསལ་ཕྱག་རྒྱ་ཆེན་པོར་སྡོམ་པ་ལས།    །ལྷན་སྐྱེས་ཡེ་ཤེས་གྲུབ་པའི་གཟི་འབར་བས།    །རྡོ་རྗེ་འཆང་ཆེན་ཆོས་དབྱིངས་མཁའ་ལ་རོལ།    །གཟུགས་སྐུ་ཉི་ཟླའི་དཀྱིལ་འཁོར་སྟོང་འཕྲོ་བས།    །ཁམས་གསུམ་འགྲོ་བའི་མུན་པ་ཀུན་བསལ་ཏེ།    །གནས་ལུགས་ཕྱག་རྒྱ་ཆེན་པོ་འུབ་ཆུབ་ཤོག  །གང་ཚེ་མགོན་ཁྱོད་བྱང་ཆུབ་བརྙེས་པ་ན།    །འཁོར་གྱི་ཐོག་མར་སྐྱེས་ནས་ཆོས་ལ་སྤྱོད།    །བསྟན་པ་རིན་ཆེན་འོད་སྣང་དེ་སྲིད་དུ།    །བློ་བརྟན་བློ་གྲོས་དཔལ་དང་མི་འབྲལ་ཤོག  །{{TibChung|ཅེས་པའང་གང་གི་རྣམ་ཐར་ཡིད་ལ་བཀོད་པ་ན་དད་པའི་རོལ་མཚོ་འཕྱུར་བ་ལས་བྱུང་བའི་ཚིགས་སུ་བཅད་པའི་ཕྲེང་བ་འདི་ཡང་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ། །    །།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}

Latest revision as of 14:34, 30 November 2021

རྗེ་བཙུན་ཕག་མོ་གྲུ་པ་ལ་བསྟོད་པ་ངེས་དོན་རྒྱ་མཚོའི་རྦ་རླབས།
Wylie title rje btsun phag mo gru pa la bstod pa nges don rgya mtsho'i rba rlabs JKCL-KABUM-02-KHA-100.pdf
Location chos kyi blo gros bka' 'bum
Volume 2, Text 100, Pages 715-719 (Folios 1a1 to 3a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ (phag mo gru pa rdo rje rgyal po)
Citation 'jam dbyangs mkhyen brtse chos kyi blo gros. rje btsun phag mo gru pa la bstod pa nges don rgya mtsho'i rba rlabs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 715-719. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་གང་གི་རྣམ་ཐར་ཡིད་ལ་བཀོད་པ་ན་དད་པའི་རོལ་མཚོ་འཕྱུར་བ་ལས་བྱུང་བའི་ཚིགས་སུ་བཅད་པའི་ཕྲེང་བ་འདི་ཡང་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ། །

ces pa'ang gang gi rnam thar yid la bkod pa na dad pa'i rol mtsho 'phyur ba las byung ba'i tshigs su bcad pa'i phreng ba 'di yang 'jam dbyangs blo gros rgya mtsho'i sgra dbyangs kyis gsol ba btab pa sid+d+hi rastu/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
རྗེ་བཙུན་ཕག་མོ་གྲུ་པ་ལ་བསྟོད་པ་ངེས་དོན་རྒྱ་མཚོའི་རྦ་རླབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་དྷཱ་ར་ཡེ། བདེ་དང་སྟོང་པའི་ཆོ་འཕྲུལ་ཆེན་པོ་ལས། །ཉིད་ཞི་དབྱེར་མེད་བདེ་གཤེགས་རྡོ་རྗེ་རྒྱལ། །ངེས་དོན་སྒྲུབ་བརྒྱུད་བྱེ་བའི་གཙུག་ན་འཚོ། །འོད་གསལ་ཕྱག་ཆེན་ཀློང་ནས་གཟིགས་ཤིག་ཀྱཻ། །གང་གི་རྣམ་ཐར་ཞིང་ཁམས་འབྱམས་ཀླས་པར། །ཁྱབ་པས་བདག་བློས་གཞལ་བར་མི་ནུས་ཀྱང་། །དད་པའི་ཆུ་གཏེར་མངོན་པར་འཕྱུར་བ་འདི། །རིག་སྔགས་ནུས་པས་བཟློག་མེད་ཁོང་ནས་ཐལ། །མདོ་སྨད་ཤོད་ཆེན་པདྨ་བརྡལ་བ་འདྲ། །དགེ་བཅུའི་ཡུལ་ལྗོངས་གཏམས་པའི་གསེར་ཁང་དུ། །ངོ་མཚར་མཚན་དཔེའི་མྱུ་གུ་གསལ་བ་དང་། །སྔོན་གནས་བརྒྱ་ཕྲག་མང་པོ་རྗེས་སུ་དྲན། །ཉེས་བརྒྱའི་ཚད་རིམས་ཞི་བྱེད་ཚུལ་ཁྲིམས་ཀྱི། །སྨན་མཆོག་དམ་པ་འབར་བས་ལེགས་བླངས་ཏེ། །རྡོ་རྗེ་རྒྱལ་པོའི་ཡི་གེས་ས་སྟེང་བརྗིད། །བསྟན་པའི་གསལ་བྱེད་དམ་པར་གྱུར་པའི་གཞི། །ཉི་ཤུ་རྩ་གཉིས་དབུར་འགྱུར་འཆང་དུ་བྱོན། །གཏུམ་པོ་ལ་སོགས་ཡི་དམ་དཔག་མེད་གཟིགས། །རིག་པའི་འབྱུང་གནས་གསང་ཕུའི་གཙུག་ལག་དེར། །བློ་གསལ་རྐང་དྲུག་པདྨ་བཞད་པར་འབབ། །ཕྱི་ནང་རིག་པའི་ཚོགས་ལ་སྦྱངས་མཐར་སོན། །དཔལ་ལྡན་ཟུར་ཕུའི་གཙུག་ལག་ཁང་ཆེན་པོར། །གནས་བརྟན་རྒྱ་དམར་བ་ལས་བསྙེན་པར་རྫོགས། །འདུ་བ་རྒྱ་མཚོའི་མངའ་བདག་ཆེན་པོར་གྱུར། །དཔལ་ཆེན་སྒ་ལོ་ཀུན་དགའ་སྙིང་པོ་དང་། །དམར་སྟོན་ཆོས་རྒྱལ་བུ་སྒོམ་བྱ་ཡུལ་བ། །ཇོ་མོ་ལྷ་རྗེ་ལ་སོགས་ཡོངས་འཛིན་ལས། །མདོ་སྔགས་རྒྱུད་སྡེ་མཐའ་དག་རྫོགས་པར་མཛད། །ཁྱད་པར་རྒྱལ་བས་ལུང་བསྟན་སྒམ་པོར་པར། །མཇལ་བའི་མོད་ལ་རྟོག་པ་ཧྲུལ་གྱིས་ཞིག །འོད་གསལ་འཕོ་མེད་ཕྱག་རྒྱ་ཆེན་པོ་ཡི། །ཐུགས་ཀྱི་དགོངས་པའི་རྩལ་ཆེན་རྫོགས་པར་གྱུར། །བླ་མའི་དྲུང་ན་དག་པའི་འཁོར་གསུམ་པོ། །ཉི་ཟླ་སྐར་མ་ལྟ་བུའི་ཁམས་སྟོན་གྱི། །ཡ་གྱལ་བདེ་བར་གཤེགས་པ་ཀུན་གྱི་ཏོག །བསད་གསོ་ལ་སོགས་བརྟུལ་ཞུགས་ཟླ་མེད་གྲུབ། །བླ་མའི་དགོངས་པ་ཡོངས་སུ་རྫོགས་བྱས་ཏེ། །ཕག་གྲུ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ། །བསྟན་པའི་གནས་གཞི་གནྡྷོ་ལ་བཏབ་ནས། །གདུགས་ཐོགས་ལྔ་བརྒྱའི་དབུས་ན་ལྷམ་མེར་བརྗིད། །ཕྲིན་ལས་ཚད་མེད་ཕྱོགས་བཅུར་ཁྱབ་པར་སྟོན། །བཀའ་བཞི་བརྒྱུད་པའི་ཆུ་བོའི་འབྱུང་གནས་ཆེ། །གངས་དཀར་ཏི་སེ་མ་དྲོས་རོལ་མཚོ་བཞིན། །སྒྲུབ་བརྒྱུད་ཡོངས་ཀྱི་མངའ་བདག་ཆེན་པོར་གྱུར། །བླ་མ་གཉིས་ཀྱི་ཡེ་ཤེས་སྐུ་བསྟན་ཅིང་། །དམ་པས་ཚེ་རབས་དུ་མར་རྗེས་སུ་བཟུང་། །མདའ་བསྣུན་ཞབས་དང་ཀླུ་ཐོགས་ཞི་བ་ལྷ། །ཟླ་བ་གྲགས་སོགས་འཕགས་ཆེན་དངོས་ཞལ་སྟོན། །རྣལ་འབྱོར་མ་སོགས་ཡི་དམ་དཔག་མེད་གཟིགས། །དད་ལྡན་འགའ་ལ་སྐུ་ཡི་དཀྱིལ་འཁོར་ནི། །ཐུབ་དབང་སྤྱན་གཟིགས་འཁོར་ལོ་སྡོམ་པ་སོགས། །གྲངས་མེད་རྒྱུད་སྡེའི་དཀྱིལ་འཁོར་གསལ་བར་མཛད། །རྩེ་གཅིག་དབེན་པར་གཞོལ་བའི་ཡི་དམ་གྱིས། །བཤད་སྒྲུབ་ཆོས་ཀྱི་བྱ་བས་དུས་འདའ་བཞིན། །རྟག་འཛིན་སྲ་འཁྲེགས་རི་བོ་འཇོམས་པའི་ཕྱིར། །རྡོ་རྗེའི་སྐུ་ཡང་གཤིག་པར་ཕྱོགས་པའི་དུས། །ལས་ངན་སྐྱེ་བོ་གདུལ་བར་བྱ་བའི་ཕྱིར། །དགེ་འདུན་ཚོགས་ལ་བསྙེན་བསྐུར་གཟུངས་སྔགས་གདམས། །ཏིང་འཛིན་རྒྱ་མཚོ་མཉམ་བཞག་ལས་མི་གཡོ། །དྲུག་ཅུ་རེ་གཅིག་ལྕགས་ཕོ་སྟག་གི་ལོ། །རྒྱུ་སྐར་ལྷ་མོ་འདུ་བའི་ཉལ་བའི་དུས། །དགའ་བཞི་བཅུ་དྲུག་རྫོགས་པའི་ཚེས་ཀྱི་ཆར། །སློབ་འབངས་རྣམས་ལ་ཞལ་གྱིས་གདམས་པ་བསྟན། །རྣམ་ཤེས་བྱེའུ་ཆུང་འཕུར་ལ་དོགས་མི་འཚལ། །ཁོ་བོ་འདི་ནས་མི་བསྐྱོད་རྒྱལ་པོའི་དྲུང་། །བྱང་ཆུབ་སེམས་དཔའ་བློ་གྲོས་དྲི་མ་མེད། །འགྲོ་བ་ཀུན་གྱི་ཉེར་འཚོའི་གཞིར་གྱུར་ལ། །གསོལ་བ་བཏབ་དང་ཐུགས་རྗེས་འཛིན་པ་ཡི། །དབུགས་དབྱུང་སྩལ་ནས་དམར་ཕྱོགས་ཚེས་བཅུའི་དུས། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོར་གཤེགས་ནས་སུ། །སྔ་གྲོའི་ཆ་ལ་མཛད་པའི་ཐ་མ་སྟོན། །ངོ་མཚར་ལྟས་དང་ཆོ་འཕྲུལ་བསམ་མི་ཁྱབ། །སྐུ་གདུང་རིང་བསྲེལ་གདུལ་བྱའི་དཔལ་དུ་བྱོན། །ངོ་མཚར་རྣམ་ཐར་བསམ་ཡས་བརྗོད་ལས་འདས། །གང་གི་ཐུགས་ཀྱི་སྲས་མཆོག་འབྲི་གུང་པར། །འཇིག་རྟེན་གསུམ་གྱི་སྒྲོན་མེས་སྣང་བར་བྱས། །ཀྱེ་མ་ཀྱེ་ཧུད་རྗེ་བཙུན་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བདེ་གཤེགས་ཕག་མོ་གྲུ། །ཁ་བ་ཅན་དུ་རྡོ་རྗེ་རྒྱལ་པོ་དང་། །རྡུལ་བྲལ་ཞིང་ན་བློ་གྲོས་དྲི་མ་མེད། །ཁྱེད་ལ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན་གྱིས་མཆོད། །ཉམས་ཆགས་སྡིག་ལྟུང་ཚོགས་རྣམས་སྙིང་ནས་བཤགས། །ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་པར་འགྲོ་བའི་མགོན་དུ་བཞུགས་པར་གསོལ། །དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་རྟེན་ཐོབ་བཤེས་གཉེན་མཆོག་དང་མཇལ། །བྱང་ཆུབ་སེམས་ཀྱི་བཞོན་པ་ལ་བརྟེན་ནས། །ངེས་གསང་རྒྱུད་སྡེའི་སྦས་གནས་ཀུན་བགྲོད་དེ། །རྡོ་རྗེའི་གསང་ལམ་ཟབ་མོ་རྟོགས་པར་ཤོག །སྣང་སེམས་རོ་གཅིག་འཁོར་འདས་དབྱེར་མེད་དུ། །འོད་གསལ་ཕྱག་རྒྱ་ཆེན་པོར་སྡོམ་པ་ལས། །ལྷན་སྐྱེས་ཡེ་ཤེས་གྲུབ་པའི་གཟི་འབར་བས། །རྡོ་རྗེ་འཆང་ཆེན་ཆོས་དབྱིངས་མཁའ་ལ་རོལ། །གཟུགས་སྐུ་ཉི་ཟླའི་དཀྱིལ་འཁོར་སྟོང་འཕྲོ་བས། །ཁམས་གསུམ་འགྲོ་བའི་མུན་པ་ཀུན་བསལ་ཏེ། །གནས་ལུགས་ཕྱག་རྒྱ་ཆེན་པོ་འུབ་ཆུབ་ཤོག །གང་ཚེ་མགོན་ཁྱོད་བྱང་ཆུབ་བརྙེས་པ་ན། །འཁོར་གྱི་ཐོག་མར་སྐྱེས་ནས་ཆོས་ལ་སྤྱོད། །བསྟན་པ་རིན་ཆེན་འོད་སྣང་དེ་སྲིད་དུ། །བློ་བརྟན་བློ་གྲོས་དཔལ་དང་མི་འབྲལ་ཤོག །ཅེས་པའང་གང་གི་རྣམ་ཐར་ཡིད་ལ་བཀོད་པ་ན་དད་པའི་རོལ་མཚོ་འཕྱུར་བ་ལས་བྱུང་བའི་ཚིགས་སུ་བཅད་པའི་ཕྲེང་བ་འདི་ཡང་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ། ། །།
[edit]

rje btsun phag mo gru pa la bstod pa nges don rgya mtsho'i rba rlabs zhes bya ba bzhugs so/____/na mo gu ru badz+ra d+hA ra ye/__bde dang stong pa'i cho 'phrul chen po las/____/nyid zhi dbyer med bde gshegs rdo rje rgyal/____/nges don sgrub brgyud bye ba'i gtsug na 'tsho/____/'od gsal phyag chen klong nas gzigs shig kyai/____/gang gi rnam thar zhing khams 'byams klas par/____/khyab pas bdag blos gzhal bar mi nus kyang /____/dad pa'i chu gter mngon par 'phyur ba 'di/____/rig sngags nus pas bzlog med khong nas thal/____/mdo smad shod chen pad+ma brdal ba 'dra/____/dge bcu'i yul ljongs gtams pa'i gser khang du/____/ngo mtshar mtshan dpe'i myu gu gsal ba dang /____/sngon gnas brgya phrag mang po rjes su dran/____/nyes brgya'i tshad rims zhi byed tshul khrims kyi/____/sman mchog dam pa 'bar bas legs blangs te/____/rdo rje rgyal po'i yi ges sa steng brjid/____/bstan pa'i gsal byed dam par gyur pa'i gzhi/____/nyi shu rtsa gnyis dbur 'gyur 'chang du byon/____/gtum po la sogs yi dam dpag med gzigs/____/rig pa'i 'byung gnas gsang phu'i gtsug lag der/____/blo gsal rkang drug pad+ma bzhad par 'bab/____/phyi nang rig pa'i tshogs la sbyangs mthar son/____/dpal ldan zur phu'i gtsug lag khang chen por/____/gnas brtan rgya dmar ba las bsnyen par rdzogs/____/'du ba rgya mtsho'i mnga' bdag chen por gyur/____/dpal chen sga lo kun dga' snying po dang /____/dmar ston chos rgyal bu sgom bya yul ba/____/jo mo lha rje la sogs yongs 'dzin las/____/mdo sngags rgyud sde mtha' dag rdzogs par mdzad/____/khyad par rgyal bas lung bstan sgam por par/____/mjal ba'i mod la rtog pa hrul gyis zhig__/'od gsal 'pho med phyag rgya chen po yi/____/thugs kyi dgongs pa'i rtsal chen rdzogs par gyur/____/bla ma'i drung na dag pa'i 'khor gsum po/____/nyi zla skar ma lta bu'i khams ston gyi/____/ya gyal bde bar gshegs pa kun gyi tog__/bsad gso la sogs brtul zhugs zla med grub/____/bla ma'i dgongs pa yongs su rdzogs byas te/____/phag gru kun tu bzang po'i nags khrod du/____/bstan pa'i gnas gzhi gan+d+ho la btab nas/____/gdugs thogs lnga brgya'i dbus na lham mer brjid/____/phrin las tshad med phyogs bcur khyab par ston/____/bka' bzhi brgyud pa'i chu bo'i 'byung gnas che/____/gangs dkar ti se ma dros rol mtsho bzhin/____/sgrub brgyud yongs kyi mnga' bdag chen por gyur/____/bla ma gnyis kyi ye shes sku bstan cing /____/dam pas tshe rabs du mar rjes su bzung /____/mda' bsnun zhabs dang klu thogs zhi ba lha/____/zla ba grags sogs 'phags chen dngos zhal ston/____/rnal 'byor ma sogs yi dam dpag med gzigs/____/dad ldan 'ga' la sku yi dkyil 'khor ni/____/thub dbang spyan gzigs 'khor lo sdom pa sogs/____/grangs med rgyud sde'i dkyil 'khor gsal bar mdzad/____/rtse gcig dben par gzhol ba'i yi dam gyis/____/bshad sgrub chos kyi bya bas dus 'da' bzhin/____/rtag 'dzin sra 'khregs ri bo 'joms pa'i phyir/____/rdo rje'i sku yang gshig par phyogs pa'i dus/____/las ngan skye bo gdul bar bya ba'i phyir/____/dge 'dun tshogs la bsnyen bskur gzungs sngags gdams/____/ting 'dzin rgya mtsho mnyam bzhag las mi g.yo/____/drug cu re gcig lcags pho stag gi lo/____/rgyu skar lha mo 'du ba'i nyal ba'i dus/____/dga' bzhi bcu drug rdzogs pa'i tshes kyi char/____/slob 'bangs rnams la zhal gyis gdams pa bstan/____/rnam shes bye'u chung 'phur la dogs mi 'tshal/____/kho bo 'di nas mi bskyod rgyal po'i drung /____/byang chub sems dpa' blo gros dri ma med/____/'gro ba kun gyi nyer 'tsho'i gzhir gyur la/____/gsol ba btab dang thugs rjes 'dzin pa yi/____/dbugs dbyung stsal nas dmar phyogs tshes bcu'i dus/____/tshogs kyi dkyil 'khor chen por gshegs nas su/____/snga gro'i cha la mdzad pa'i tha ma ston/____/ngo mtshar ltas dang cho 'phrul bsam mi khyab/____/sku gdung ring bsrel gdul bya'i dpal du byon/____/ngo mtshar rnam thar bsam yas brjod las 'das/____/gang gi thugs kyi sras mchog 'bri gung par/____/'jig rten gsum gyi sgron mes snang bar byas/____/kye ma kye hud rje btsun rdo rje 'chang /____/gsol ba 'debs so bde gshegs phag mo gru/____/kha ba can du rdo rje rgyal po dang /____/rdul bral zhing na blo gros dri ma med/____/khyed la rtse gcig gus pas phyag 'tshal lo/____/phyi nang gsang ba'i mchod pa'i sprin gyis mchod/____/nyams chags sdig ltung tshogs rnams snying nas bshags/____/zag bcas zag med dge la rjes yi rang/____/zab rgyas chos kyi 'khor lo bskor bar bskul/____/rtag par 'gro ba'i mgon du bzhugs par gsol/____/dge tshogs bla med byang chub chen por bsngo/____/deng nas bzung ste tshe rabs thams cad du/____/dal 'byor rten thob bshes gnyen mchog dang mjal/____/byang chub sems kyi bzhon pa la brten nas/____/nges gsang rgyud sde'i sbas gnas kun bgrod de/____/rdo rje'i gsang lam zab mo rtogs par shog__/snang sems ro gcig 'khor 'das dbyer med du/____/'od gsal phyag rgya chen por sdom pa las/____/lhan skyes ye shes grub pa'i gzi 'bar bas/____/rdo rje 'chang chen chos dbyings mkha' la rol/____/gzugs sku nyi zla'i dkyil 'khor stong 'phro bas/____/khams gsum 'gro ba'i mun pa kun bsal te/____/gnas lugs phyag rgya chen po 'ub chub shog__/gang tshe mgon khyod byang chub brnyes pa na/____/'khor gyi thog mar skyes nas chos la spyod/____/bstan pa rin chen 'od snang de srid du/____/blo brtan blo gros dpal dang mi 'bral shog__/ces pa'ang gang gi rnam thar yid la bkod pa na dad pa'i rol mtsho 'phyur ba las byung ba'i tshigs su bcad pa'i phreng ba 'di yang 'jam dbyangs blo gros rgya mtsho'i sgra dbyangs kyis gsol ba btab pa sid+d+hi rastu/__/____//

Footnotes

Other Information