JKCL-KABUM-02-KHA-085

From Khyentse Lineage - A Tsadra Foundation Project
Revision as of 12:49, 30 November 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ས་སྐྱ་པཎྜི་ཏ་ལ་བསྟོད་པ་མེ་ཏོག་ཕྲེང་མཛེས།
Wylie title sa skya paN+Di ta la bstod pa me tog phreng mdzes JKCL-KABUM-02-KHA-085.pdf
Location chos kyi blo gros bka' 'bum
Volume 2, Text 85, Pages 661-667 (Folios 1a1 to 4a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ས་སྐྱ་པཎྜི་ཏ་ (sa skya paN+Di ta)
Citation 'jam dbyangs mkhyen brtse chos kyi blo gros. sa skya paN+Di ta la bstod pa me tog phreng mdzes. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 661-667. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་འཇམ་པའི་དབྱངས་ས་སྐྱ་པཎྜི་ཏ་ལ་བསྟོད་པ་མེ་ཏོག་ཕྲེང་མཛེས་ཞེས་བྱ་བ་འདི་ནི། ཆོས་ཀྱི་རྗེ་དེ་ཉིད་ལ་དད་པའི་སྣང་བ་མཆོག་ཏུ་རྒྱས་པ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེ་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་བས་ལྕགས་འབྲུག་སྨིན་ཟླའི་དམར་ཕྱོགས་ཀྱི་དགའ་བ་དང་པོར་སྨྲས་རིམ་བཞིན་གཙུག་ལག་དུ་མར་བལྟ་བའི་རྣམ་དཔྱོད་ཀྱི་མཐུ་གྲུབ་པ་ཡུལ་ནུབ་ཕྱོགས་ཀྱི་མཁས་པ་རྣམ་རྒྱལ་བཟང་པོའམ། དབྱངས་ཅན་དགྱེས་པའི་ཟླ་བས་བྲིས་པ་འདིས་ཀྱང་རང་གཞན་ཐམས་ཅད་ལ་འཇམ་དབྱངས་བླ་མའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །བི་ཛ་ཡནྟུ། མངྒ་ལཾ། །

/ces 'jam pa'i dbyangs sa skya paN+Di ta la bstod pa me tog phreng mdzes zhes bya ba 'di ni/__chos kyi rje de nyid la dad pa'i snang ba mchog tu rgyas pa gtsug lag lung rigs nyi ma smra ba'i seng ge thub bstan bshad sgrub rgyal mtshan dpal bzang po zhes bgyi bas lcags 'brug smin zla'i dmar phyogs kyi dga' ba dang por smras rim bzhin gtsug lag du mar blta ba'i rnam dpyod kyi mthu grub pa yul nub phyogs kyi mkhas pa rnam rgyal bzang po'am/__dbyangs can dgyes pa'i zla bas bris pa 'dis kyang rang gzhan thams cad la 'jam dbyangs bla ma'i byin rlabs myur du 'jug pa'i rgyur gyur cig__/bi dza yan+tu/__mang+ga laM/__/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ས་སྐྱ་པཎྜི་ཏ་ལ་བསྟོད་པ་མེ་ཏོག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་བནྟུ་བྷུ་མི་པཎ་ཨ་ནནྡ་དྷྭ་ཛ་སྟོ་པུཥྤ་མ་ལ་སུ་ན་མ། བོད་སྐད་དུ། དཔལ་ལྡན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ལ་བསྟོད་པ་མེ་ཏོག་ཕྲེང་མཛེས་ཞེས་བྱ་བ། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་དང་ལྡན་པ་རབ་མཁས་པ། །གྲགས་པ་རབ་སྙན་ས་སྐྱ་པ། །རྒྱལ་མཚན་དཔལ་བཟང་རབ་འབར་བ། །རྣམ་པར་རྒྱལ་བས་རྟག་ཁྱབ་རྒྱལ། །ཨོཾ་ཡིག་གླུར་བླང་གསེར་མངལ་ཅན་དང་དྲག་པོ་ཁྱབ་འཇུག་མིག་སྟོང་ལྡན། །ཀུན་གྱི་ཐོར་ཅོག་ནོར་བུའི་འོད་ཀྱིས་ཞབས་སེན་རྡུལ་འོད་དམར་པོ་བྱས། །ཀུན་ནས་རབ་མཛེས་ཀུན་ཏུ་དགའ་བ་ས་གསུམ་འགྲོ་བའི་བླ་མ་ནི། །དཔལ་གྱི་འབྱུང་གནས་དཔལ་དང་ལྡན་པ་རྒྱ་མཚོའི་དབུས་ན་གྲགས་སྙན་པ། །ཐོས་པ་སྒྲོགས་དང་བསེ་རུའི་བརྟུལ་ཞུགས་ཞི་བདེར་འབྲས་འཛིན་དགྲ་བཅོམ་དང་། །ཀུན་ཏུ་ཐེག་པའི་སྟོབས་ཀྱི་གླང་པོ་འཕགས་ཆེན་སློབ་པའི་སེམས་དཔའ་དང་། །མི་སློབ་འབྲས་གནས་དེ་བཞིན་གཤེགས་པ་རབ་དགའི་རྒྱལ་པོའི་དབྱངས་ལྡན་ཚོགས། །མཐའ་དག་དབུས་ན་རྣམ་པར་འཕགས་པའི་མཁྱེན་གཏེར་རྡོ་རྗེ་རྣོན་པོ་གང་། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་གོང་བུར་རབ་ཞུགས་མི་ཕྱེད་ཡེ་ཤེས་སེམས་ཆེན་པོ། །སྤྲོས་པའི་མཐའ་ཡི་ཟུག་རྔུ་ལས་འདས་ཆོས་དབྱིངས་དཔལ་སྟུག་དྲི་མེད་མཁར། །འོད་གསལ་ཉི་ཟླའི་དཀྱིལ་འཁོར་རབ་རྒྱས་མཁྱེན་བརྩེའི་ཟེར་ཕྲེང་མུ་མེད་པས། །སྲིད་གསུམ་བརྟན་གཡོ་རྒྱུ་དང་མི་རྒྱུའི་རྨོངས་མུན་གཅིག་ཅར་འབྱིན་མཛད་པ། །འཇམ་དཔལ་དབྱངས་ཞེས་ཞིང་ཁམས་རྒྱ་མཚོའི་རྡུལ་གྱི་གྲངས་སྙེད་ལ་འཇུག་པ། །བསྐལ་པ་རྒྱ་མཚོ་མཐའ་ཡས་ཚོགས་ཀྱང་མཆིལ་བ་རྣོན་པོས་བཏབ་པ་བཞིན། །སྐད་ཅིག་སྡུད་དང་སླར་ཡང་དེ་ཉིད་བསྐལ་པའི་གྲངས་མཐར་སྤྲོ་བྱེད་པའི། །རྫུ་འཕྲུལ་ཆེན་པོའི་གོམ་སྟབས་གཅིག་གིས་སྲིད་ཞིའི་ཁྱོན་ཀུན་འདུམ་མཛད་པ། །དཔའ་བོ་ཆེན་པོ་འགྲོ་བའི་བླ་མ་གཞོན་ནུ་བརྟན་པའི་འཁོར་ལོ་ནི། །རྒྱ་མཚོའི་རྡུལ་གྱི་གྲངས་སྙེད་སེམས་ཅན་དེ་སྙེད་འདུལ་ཕྱིར་རྣམ་པར་འཕྲུལ། །དག་དང་མ་དག་སྐྱེ་བའི་ཟློས་གར་མཁའ་འདི་སྟོང་པར་མ་གྱུར་བར། །འཚང་མི་རྒྱལ་བའི་ཡི་དམ་བརྟན་པོས་པད་མའི་ཚལ་དུ་ངང་པ་བཞིན། །ཤིན་ཏུ་དགའ་བའི་ཁེངས་པས་སྙེམས་ཤིང་སྐྱོ་དུང་ངལ་བ་རིང་དུ་སྤངས། །རྗེས་སུ་བརྩེ་བའི་གློག་གི་ཞགས་པས་སྲིད་པའི་མེ་འོབས་ལྷུང་བ་རྣམས། །དམ་པོར་བཅིངས་ཏེ་ཐར་པའི་ཁང་བཟང་ཉམས་དགར་དྲངས་མཛད་ཐུགས་རྗེའི་གཏེར། །རྒྱལ་བའི་སྲས་པོ་ཀུན་གྱི་ཐུ་བོ་ལག་ན་པདྨོ་ཁྱེད་ཉིད་ལགས། །གང་གི་མཐུ་ཡིས་མདའ་ལྔའི་དཔུང་ཚོགས་བྱེ་བ་ཁྲག་ཁྲིག་རྣམ་མང་གི། གཤེད་དུ་གྱུར་ཏེ་རབ་ཏུ་འཇིགས་མཛད་འཇིགས་པར་བྱེད་པ་ཁྲོ་བོའི་རྒྱལ། །སྟོབས་ཀྱི་དབང་ཕྱུག་བདུད་ཀྱི་དཔུང་བཅོམ་དཔའ་ཆེན་རྡོ་རྗེ་ཅན་དེ་ཡང་། །ཁྱོད་ཉིད་ཡིན་ཏེ་གང་གི་མཐུ་དང་ལྡན་པ་དེ་ཕྱིར་གཞན་མ་དམིགས། །སྐུ་དང་གསུང་དང་ཐུགས་ཀྱི་རིགས་ཏེ་རིགས་རྣམས་མ་ལུས་འདུས་པའི་དཔལ། །གང་གི་ཡོན་ཏན་ནོར་བུའི་སྤྲིན་ལས་ཕྲིན་ལས་གདེངས་ཅན་ནོར་རྒྱས་བུ། །འཕགས་པའི་ཡུལ་གྱི་ཕྱོགས་རྣམས་ཀུན་ཏུ་པཎྜི་ཏ་དང་གྲུབ་པའི་རྗེ། །རྣམ་པར་རོལ་པས་བུ་རམ་ཤིང་པའི་བསྟན་པ་རིན་ཆེན་གསལ་བར་བྱས། །བསིལ་ལྡན་གངས་ཀྱི་རྭ་བས་བསྐོར་བའི་སྨན་ལྗོངས་ཤིན་ཏུ་ཉམས་དགའ་བར། །མཁས་པ་ཀུན་གྱི་སྤྱི་མེས་ཆེན་པོ་ཐུ་མིའི་རིགས་ཀྱི་སཾ་བྷོ་ཊ། །དེ་བཞིན་བཻ་རོ་ཙ་ན་ལ་སོགས་སྤྲུལ་པའི་ལོ་ཙཱ་ཆེན་པོ་ཡིས། །རྒྱལ་གསུང་བཀའ་དང་ཚད་མའི་དགོངས་འགྲེལ་བསྟན་བཅོས་ཐང་མར་བརྡལ་བྱས་ཏེ། །སླར་ཡང་ལྗོངས་འདིར་རྗེས་སུ་ཆགས་པའི་ངོ་མཚར་སྒྱུ་མའི་སྣང་བ་ནི། །སྒྲ་བསྒྱུར་ཆེན་པོ་ཆོས་ཀྱི་བཟང་པོ་རྣལ་འབྱོར་ཡོངས་ཀྱི་དབང་ཕྱུག་ཆེ། ཧེ་རུ་ཀ་དཔལ་ཤེས་རབ་གྲགས་པ་གསང་དོན་ཕྱོགས་བཅུར་གསལ་བར་མཛད། །རོང་ཟོམ་ནི་བཻ་རོའི་སྐྱེ་ཕྲེང་ཡིན་པས་འཇོག །ཟུར་ཆུང་གི་སྐུ་སྐྱེ་དེ་མ་ཐག་པ་ཆོས་རྗེ་ཡིན་པར་འབྲོམ་སྟོན་གྱི་ཆོས་འབྱུང་སོགས་ལས་འབྱུང་ངོ་། །དེ་ཡི་བཀོད་པ་དབྱིངས་སུ་ཐིམ་པའི་སྐད་ཅིག་དེ་མ་ཐག་ཉིད་དུ། །ས་དཀར་སྐྱ་བོའི་འཁོན་གྱི་བཅུད་ཐིག་འཇམ་དཔལ་གཞོན་ནུའི་སྐུ་རུ་སྨིན། །མ་བསླབ་པར་ཡང་ཆོས་ཀུན་རང་རྡོལ་ཐམས་ཅད་མཁྱེན་པའི་རྒྱལ་ས་ཉིད། །ཅི་དགར་དབང་འབྱོར་འཕགས་པའི་སར་བཞུགས་ཟག་མེད་ཤེས་རབ་དཔལ་ལྡན་པ། །ཀུན་དགའ་རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ་བཟང་པོའི་མཚན་གྱི་སྙན་པ་བསྒྲགས། །ཕྲ་རགས་གྲངས་གནས་རྩིས་དང་བཟོ་གསོ་སྒྲ་ཚད་མངོན་བརྗོད་ཟློས་གར་དང་། །དཔྱོད་ལྡན་ཡིད་འགུགས་སྙན་ངག་སྡེབས་ལེགས་སྦྱོར་བ་རབ་མཛེས་འགྲན་ཟླས་དབེན། །འདུལ་མདོ་མངོན་པའི་སྡེ་སྣོད་རྒྱ་མཚོར་ཐོས་བསམ་སྒོམ་པའི་གནས་བཅས་ཏེ། །ཤེས་རབ་གསུམ་གྱི་བ་དན་གཡོ་བས་ཟབ་དོན་ནོར་བུའི་གླིང་དུ་བརྟོལ། །རྒྱུད་སྡེ་རྣམ་བཞིའི་མ་དྲོས་ཟབ་གནད་རྒྱ་ཆེ་གཏིང་དཔག་དཀའ་བ་ལས། །རྒྱུད་ལུང་གདམས་པ་དབང་གི་ཆུ་བོ་ཁ་འབབ་རྣམ་བཞི་རབ་འདྲེན་ཅིང་། །རྩ་རླུང་ཁམས་དང་ཡེ་ཤེས་དལ་འབབ་གཡས་འཁྱིལ་འཁོར་ལོ་བཞིར་བབས་པ། །སྐུ་བཞིའི་རྒྱ་མཚོར་ཡེ་ཤེས་ཆེན་པོའི་ནོར་བུའི་མཛོད་ཆེན་རྒྱས་པར་བཀོད། །ཤེས་བྱའི་ཆོས་ཀྱི་རང་དང་སྤྱི་མཚན་ཇི་བཞིན་མངོན་སུམ་ཉིད་མཁྱེན་པ། །འཛམ་གླིང་མཛེས་པའི་རྒྱན་དྲུག་ཆེ་དང་བོད་འདིར་ཉིད་ལས་གཞན་སུ་ཞིག །གང་གི་དཔྱད་གསུམ་རྣམ་པར་དག་པས་དྲི་བྲལ་བསྟན་བཅོས་རིགས་པའི་གཏེར། །གཙང་མའི་སྐད་ལས་ལེགས་པར་སྦྱར་བའི་སྐད་དུ་ཕབ་པ་འདི་ཉིད་ཙམ། །འཕགས་པའི་ཡུལ་གྱི་མཁས་པ་ཡོངས་ལ་གཏམ་དུ་གྲགས་ཤིང་གཙུག་ཏུ་བཀུར། །ལྟ་ངན་ལུས་ཀྱི་རྣམ་པར་བསྒྱིངས་པས་བདག་སྲེད་དྲྭ་བས་ཁེབ་པ་ལས། །རྟག་ཆད་སེམས་ལྡན་མུ་སྟེགས་གླང་པོ་འཕྲོག་བྱེད་རིགས་པའི་མཚོན་གྱིས་བསྣུན། །བདག་ལྟའི་མགོ་བོ་ལྟ་ངན་རལ་ཅོག་རྩད་ནས་བཅད་ཅིང་གངས་ཅན་མཛེས་པའི་རྒྱན་དུ་བསྣམས། །ཀུན་ཏུ་རྒྱུ་བ་བསིལ་ལྡན་ལྗོངས་སུ་པདྨ་རྒྱལ་པོས་དམ་ཅན་བསྟན་མར་བཀའ་བསྒོས་པས། །ཅི་དགར་འཇུག་པའི་སྤོབས་པ་བྲལ་ཡང་འཇམ་དཔལ་གཞོན་ནུ་ཁྱོད་ཉིད་ཀྱི། །རྣམ་ཐར་དྲི་བསུང་ལྷོ་ཕྱོགས་རྒྱ་མཚོའི་ཕ་མཐར་ཁྱབ་པས་དྲེགས་ལྡན་ཚོགས། །ཀུན་ཏུ་རབ་འཁྲུགས་སྡང་བའི་ཤུགས་ཀྱིས་ལོག་ལྟའི་མིག་རྩ་རབ་དམར་བགྲད། །སྐྱིད་པའི་གྲོང་དེར་མངོན་པར་ལྷག་ཚེ་ཆོས་རྗེ་ཉི་མའི་གཟི་བརྗིད་ཀྱིས། །ཀུན་ཏུ་རྨོངས་ཤིང་ཞུམ་པར་བྱས་པའི་གནས་དེ་ལ་ཡང་རབ་ཏུ་བསྔགས། །ཁ་བའི་ཡུལ་འདིར་མང་ཐོས་ལུང་དང་རིགས་པའི་རྩལ་ལྡན་པ། །མཁས་པར་སྙེམས་པའི་གདོང་ལྔ་མང་ཡང་རྐང་པ་བརྒྱད་པ་ཁྱོད་ལས་སུ། །ཁྱོད་གསུངས་རྒྱལ་བའི་བཀའ་བཞིན་འདོམས་ལ་གཤེ་ཞིང་སྡང་བའི་སེམས་ལྡན་རྣམས། །དངོས་སུ་སྨྲ་བའི་གོ་སྐབས་དབེན་ཡང་གནས་དུས་བསྐལ་པས་ཡོལ་བའི་ཕག །ཤུབ་བུར་ཟློ་བྱེད་དེ་དག་རྣམས་ཀྱིས་ཁྱོད་ཀྱི་གསང་གསུམ་བརྫི་བ་མེད། །གང་དེ་རྣམས་ཀྱང་སྒྲིབ་པས་ནོངས་གྱུར་ཐུགས་རྗེའི་ཆབ་ཀྱིས་བཀྲུ་བར་མཛོད། །སྔོན་དང་ད་ལྟ་ཕྱི་མའི་མུར་ཐུག་བློ་ལྡན་སྨྲ་བ་ཐམས་ཅད་ནི། །ཁྱོད་རྗེས་འབྲང་ཞིང་ཁྱེད་ཀྱི་ལེགས་གསུང་དཔེ་རུ་བཀོད་ནས་ཚིག་སྦྱོར་གྱིས། །རྩོམ་པར་བྱེད་པས་མཁས་པར་གྲགས་པའི་མཐུ་ཐོབ་རྣམས་ཀྱང་ཁྱོད་ཀྱི་དྲིན། །རབ་ཏུ་གུས་པས་དད་པའི་སོར་བཅུ་ལན་བརྒྱར་བརྩེགས་ཏེ་སྤྱི་བོར་སྟོབས། །སངས་རྒྱས་བསྟན་ལ་ཉེ་བར་དགོངས་པས་དབང་པོའི་ཕྱོགས་ཀྱི་རྒྱལ་ཁབ་ཏུ། །མངོན་པར་གཤེགས་ཏེ་དྲེགས་ལྡན་རྒྱལ་པོ་འཁོར་དང་བཅས་པ་བསྟན་ལ་བཀོད། །དགེ་འདུན་སྡེ་གཉིས་བླ་མར་བཀུར་བའི་ཕྲིན་ལས་རྒྱུན་བཟང་ད་ལྟའང་སྣང་། །ཆོ་འཕྲུལ་ཆེན་པོའི་མཛད་པ་དུ་མས་སྐུ་ཡི་བཀོད་པ་དབྱིངས་སུ་བསྡུས། །མངོན་པར་དགའ་བའི་ཞིང་གི་དམ་པ་ཡོན་ཏན་མཆོག་གིས་བརྒྱན་པ་དེར། །བདེ་གཤེགས་དྲི་མ་མེད་པའི་དཔལ་ཞེས་གྲགས་པས་ཐེག་ཆེན་ཆོས་སྟོན་ཅིང་། །སྙིགས་མའི་དུས་འདིར་མེ་ལོང་བྱད་ལྟར་སྤྲུལ་པ་སྣ་ཚོགས་སྟོན་མཛད་པ། །འཇམ་དབྱངས་བླ་མ་ཀུན་དགའ་རྒྱལ་མཚན་ཡིད་མཁར་བཀོད་དེ་བདག་གིས་བསྟོད། །དེ་ལྟར་འཇམ་དབྱངས་བླ་མ་ལ། །མི་ཕྱེད་གུས་པས་བསྟོད་པའི་མཐུས། །སྐྱེ་བ་ཚེ་རབས་ཐམས་ཅད་དུ། །བློ་མཆོག་སྣང་བ་རྒྱས་པར་ཤོག །ཅེས་འཇམ་པའི་དབྱངས་ས་སྐྱ་པཎྜི་ཏ་ལ་བསྟོད་པ་མེ་ཏོག་ཕྲེང་མཛེས་ཞེས་བྱ་བ་འདི་ནི། ཆོས་ཀྱི་རྗེ་དེ་ཉིད་ལ་དད་པའི་སྣང་བ་མཆོག་ཏུ་རྒྱས་པ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེ་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་བས་ལྕགས་འབྲུག་སྨིན་ཟླའི་དམར་ཕྱོགས་ཀྱི་དགའ་བ་དང་པོར་སྨྲས་རིམ་བཞིན་གཙུག་ལག་དུ་མར་བལྟ་བའི་རྣམ་དཔྱོད་ཀྱི་མཐུ་གྲུབ་པ་ཡུལ་ནུབ་ཕྱོགས་ཀྱི་མཁས་པ་རྣམ་རྒྱལ་བཟང་པོའམ། དབྱངས་ཅན་དགྱེས་པའི་ཟླ་བས་བྲིས་པ་འདིས་ཀྱང་རང་གཞན་ཐམས་ཅད་ལ་འཇམ་དབྱངས་བླ་མའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །བི་ཛ་ཡནྟུ། མངྒ་ལཾ། ། །།
[edit]

sa skya paN+Di ta la bstod pa me tog phreng mdzes zhes bya ba bzhugs so/____/rgya gar skad du/__shrI ban+tu b+hu mi paN a nan+da d+h+wa dza sto puSh+pa ma la su na ma/__bod skad du/__dpal ldan sa skya paN+Di ta kun dga' rgyal mtshan la bstod pa me tog phreng mdzes zhes bya ba/____/bla ma dang mgon po 'jam pa'i dbyangs la phyag 'tshal lo/____/dpal dang ldan pa rab mkhas pa/____/grags pa rab snyan sa skya pa/____/rgyal mtshan dpal bzang rab 'bar ba/____/rnam par rgyal bas rtag khyab rgyal/____/oM yig glur blang gser mngal can dang drag po khyab 'jug mig stong ldan/____/kun gyi thor cog nor bu'i 'od kyis zhabs sen rdul 'od dmar po byas/____/kun nas rab mdzes kun tu dga' ba sa gsum 'gro ba'i bla ma ni/____/dpal gyi 'byung gnas dpal dang ldan pa rgya mtsho'i dbus na grags snyan pa/____/thos pa sgrogs dang bse ru'i brtul zhugs zhi bder 'bras 'dzin dgra bcom dang /____/kun tu theg pa'i stobs kyi glang po 'phags chen slob pa'i sems dpa' dang /____/mi slob 'bras gnas de bzhin gshegs pa rab dga'i rgyal po'i dbyangs ldan tshogs/____/mtha' dag dbus na rnam par 'phags pa'i mkhyen gter rdo rje rnon po gang /____/rgyal ba kun gyi thugs kyi gong bur rab zhugs mi phyed ye shes sems chen po/____/spros pa'i mtha' yi zug rngu las 'das chos dbyings dpal stug dri med mkhar/____/'od gsal nyi zla'i dkyil 'khor rab rgyas mkhyen brtse'i zer phreng mu med pas/____/srid gsum brtan g.yo rgyu dang mi rgyu'i rmongs mun gcig car 'byin mdzad pa/____/'jam dpal dbyangs zhes zhing khams rgya mtsho'i rdul gyi grangs snyed la 'jug pa/____/bskal pa rgya mtsho mtha' yas tshogs kyang mchil ba rnon pos btab pa bzhin/____/skad cig sdud dang slar yang de nyid bskal pa'i grangs mthar spro byed pa'i/____/rdzu 'phrul chen po'i gom stabs gcig gis srid zhi'i khyon kun 'dum mdzad pa/____/dpa' bo chen po 'gro ba'i bla ma gzhon nu brtan pa'i 'khor lo ni/____/rgya mtsho'i rdul gyi grangs snyed sems can de snyed 'dul phyir rnam par 'phrul/____/dag dang ma dag skye ba'i zlos gar mkha' 'di stong par ma gyur bar/____/'tshang mi rgyal ba'i yi dam brtan pos pad ma'i tshal du ngang pa bzhin/____/shin tu dga' ba'i khengs pas snyems shing skyo dung ngal ba ring du spangs/____/rjes su brtse ba'i glog gi zhags pas srid pa'i me 'obs lhung ba rnams/____/dam por bcings te thar pa'i khang bzang nyams dgar drangs mdzad thugs rje'i gter/____/rgyal ba'i sras po kun gyi thu bo lag na pad+mo khyed nyid lags/____/gang gi mthu yis mda' lnga'i dpung tshogs bye ba khrag khrig rnam mang gi/__gshed du gyur te rab tu 'jigs mdzad 'jigs par byed pa khro bo'i rgyal/____/stobs kyi dbang phyug bdud kyi dpung bcom dpa' chen rdo rje can de yang /____/khyod nyid yin te gang gi mthu dang ldan pa de phyir gzhan ma dmigs/____/sku dang gsung dang thugs kyi rigs te rigs rnams ma lus 'dus pa'i dpal/____/gang gi yon tan nor bu'i sprin las phrin las gdengs can nor rgyas bu/____/'phags pa'i yul gyi phyogs rnams kun tu paN+Di ta dang grub pa'i rje/____/rnam par rol pas bu ram shing pa'i bstan pa rin chen gsal bar byas/____/bsil ldan gangs kyi rwa bas bskor ba'i sman ljongs shin tu nyams dga' bar/____/mkhas pa kun gyi spyi mes chen po thu mi'i rigs kyi saM b+ho Ta/____/de bzhin bai ro tsa na la sogs sprul pa'i lo tsA chen po yis/____/rgyal gsung bka' dang tshad ma'i dgongs 'grel bstan bcos thang mar brdal byas te/____/slar yang ljongs 'dir rjes su chags pa'i ngo mtshar sgyu ma'i snang ba ni/____/sgra bsgyur chen po chos kyi bzang po rnal 'byor yongs kyi dbang phyug che/__he ru ka dpal shes rab grags pa gsang don phyogs bcur gsal bar mdzad/____/rong zom ni bai ro'i skye phreng yin pas 'jog__/zur chung gi sku skye de ma thag pa chos rje yin par 'brom ston gyi chos 'byung sogs las 'byung ngo /____/de yi bkod pa dbyings su thim pa'i skad cig de ma thag nyid du/____/sa dkar skya bo'i 'khon gyi bcud thig 'jam dpal gzhon nu'i sku ru smin/____/ma bslab par yang chos kun rang rdol thams cad mkhyen pa'i rgyal sa nyid/____/ci dgar dbang 'byor 'phags pa'i sar bzhugs zag med shes rab dpal ldan pa/____/kun dga' rgyal mtshan phyogs las rnam rgyal bzang po'i mtshan gyi snyan pa bsgrags/____/phra rags grangs gnas rtsis dang bzo gso sgra tshad mngon brjod zlos gar dang /____/dpyod ldan yid 'gugs snyan ngag sdebs legs sbyor ba rab mdzes 'gran zlas dben/____/'dul mdo mngon pa'i sde snod rgya mtshor thos bsam sgom pa'i gnas bcas te/____/shes rab gsum gyi ba dan g.yo bas zab don nor bu'i gling du brtol/____/rgyud sde rnam bzhi'i ma dros zab gnad rgya che gting dpag dka' ba las/____/rgyud lung gdams pa dbang gi chu bo kha 'bab rnam bzhi rab 'dren cing /____/rtsa rlung khams dang ye shes dal 'bab g.yas 'khyil 'khor lo bzhir babs pa/____/sku bzhi'i rgya mtshor ye shes chen po'i nor bu'i mdzod chen rgyas par bkod/____/shes bya'i chos kyi rang dang spyi mtshan ji bzhin mngon sum nyid mkhyen pa/____/'dzam gling mdzes pa'i rgyan drug che dang bod 'dir nyid las gzhan su zhig__/gang gi dpyad gsum rnam par dag pas dri bral bstan bcos rigs pa'i gter/____/gtsang ma'i skad las legs par sbyar ba'i skad du phab pa 'di nyid tsam/____/'phags pa'i yul gyi mkhas pa yongs la gtam du grags shing gtsug tu bkur/____/lta ngan lus kyi rnam par bsgyings pas bdag sred drwa bas kheb pa las/____/rtag chad sems ldan mu stegs glang po 'phrog byed rigs pa'i mtshon gyis bsnun/____/bdag lta'i mgo bo lta ngan ral cog rtsad nas bcad cing gangs can mdzes pa'i rgyan du bsnams/____/kun tu rgyu ba bsil ldan ljongs su pad+ma rgyal pos dam can bstan mar bka' bsgos pas/____/ci dgar 'jug pa'i spobs pa bral yang 'jam dpal gzhon nu khyod nyid kyi/____/rnam thar dri bsung lho phyogs rgya mtsho'i pha mthar khyab pas dregs ldan tshogs/____/kun tu rab 'khrugs sdang ba'i shugs kyis log lta'i mig rtsa rab dmar bgrad/____/skyid pa'i grong der mngon par lhag tshe chos rje nyi ma'i gzi brjid kyis/____/kun tu rmongs shing zhum par byas pa'i gnas de la yang rab tu bsngags/____/kha ba'i yul 'dir mang thos lung dang rigs pa'i rtsal ldan pa/____/mkhas par snyems pa'i gdong lnga mang yang rkang pa brgyad pa khyod las su/____/khyod gsungs rgyal ba'i bka' bzhin 'doms la gshe zhing sdang ba'i sems ldan rnams/____/dngos su smra ba'i go skabs dben yang gnas dus bskal pas yol ba'i phag__/shub bur zlo byed de dag rnams kyis khyod kyi gsang gsum brdzi ba med/____/gang de rnams kyang sgrib pas nongs gyur thugs rje'i chab kyis bkru bar mdzod/____/sngon dang da lta phyi ma'i mur thug blo ldan smra ba thams cad ni/____/khyod rjes 'brang zhing khyed kyi legs gsung dpe ru bkod nas tshig sbyor gyis/____/rtsom par byed pas mkhas par grags pa'i mthu thob rnams kyang khyod kyi drin/____/rab tu gus pas dad pa'i sor bcu lan brgyar brtsegs te spyi bor stobs/____/sangs rgyas bstan la nye bar dgongs pas dbang po'i phyogs kyi rgyal khab tu/____/mngon par gshegs te dregs ldan rgyal po 'khor dang bcas pa bstan la bkod/____/dge 'dun sde gnyis bla mar bkur ba'i phrin las rgyun bzang da lta'ang snang /____/cho 'phrul chen po'i mdzad pa du mas sku yi bkod pa dbyings su bsdus/____/mngon par dga' ba'i zhing gi dam pa yon tan mchog gis brgyan pa der/____/bde gshegs dri ma med pa'i dpal zhes grags pas theg chen chos ston cing /____/snyigs ma'i dus 'dir me long byad ltar sprul pa sna tshogs ston mdzad pa/____/'jam dbyangs bla ma kun dga' rgyal mtshan yid mkhar bkod de bdag gis bstod/____/de ltar 'jam dbyangs bla ma la/____/mi phyed gus pas bstod pa'i mthus/____/skye ba tshe rabs thams cad du/____/blo mchog snang ba rgyas par shog__/ces 'jam pa'i dbyangs sa skya paN+Di ta la bstod pa me tog phreng mdzes zhes bya ba 'di ni/__chos kyi rje de nyid la dad pa'i snang ba mchog tu rgyas pa gtsug lag lung rigs nyi ma smra ba'i seng ge thub bstan bshad sgrub rgyal mtshan dpal bzang po zhes bgyi bas lcags 'brug smin zla'i dmar phyogs kyi dga' ba dang por smras rim bzhin gtsug lag du mar blta ba'i rnam dpyod kyi mthu grub pa yul nub phyogs kyi mkhas pa rnam rgyal bzang po'am/__dbyangs can dgyes pa'i zla bas bris pa 'dis kyang rang gzhan thams cad la 'jam dbyangs bla ma'i byin rlabs myur du 'jug pa'i rgyur gyur cig__/bi dza yan+tu/__mang+ga laM/__/____//__

Footnotes

Other Information