JKCL-KABUM-02-KHA-081: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: . Bir, H.P.: Khyentse Labrang, 2012.
|fulltitletib=དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་ཞབས་ལ་བསྟོད་པ་པད་དཀར་བཞད་པའི་དབྱངས་སྙན།
|fulltitle=dpal sa skya pa chen po kun dga' snying po'i zhabs la bstod pa pad dkar bzhad pa'i dbyangs snyan
|citation=[['jam dbyangs mkhyen brtse chos kyi blo gros]]. ''dpal sa skya pa chen po kun dga' snying po'i zhabs la bstod pa pad dkar bzhad pa'i dbyangs snyan''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: 643-645. Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|associatedpeople=Sa chen kun dga' snying po
|associatedpeopletib=ས་ཆེན་ཀུན་དགའ་སྙིང་པོ་
|tibgenre=Verses of Praise - bstod pa
|tibgenre=Verses of Praise - bstod pa
|terma=No
|terma=No
Line 16: Line 20:
|totalvolumes=12
|totalvolumes=12
|textnuminvol=081
|textnuminvol=081
|pagenumbers=643-645
|totalpages=3
|beginfolioline=1a1
|endfolioline=2a3
|totalfolios=2
|multivolumework=No
|colophontib=།ཅེས་པའང་ཆོས་ཀྱི་བློ་གྲོས་པས་མི་ཕྱེད་གུས་པས་ཐོལ་བྱུང་དུ་གསོལ་བ་བཏབ་པ་སིདྡྷིརསྟུ།  །
|colophonwylie=ces pa'ang chos kyi blo gros pas mi phyed gus pas thol byung du gsol ba btab pa sid+d+hirastu/
|pdflink=File:JKCL-KABUM-02-KHA-081.pdf
|pdflink=File:JKCL-KABUM-02-KHA-081.pdf
}}
}}
Line 21: Line 33:
<h1 style="font-size: 24px !important;">Tibetan Text</h1>
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
{{TibP|དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་ཞབས་ལ་བསྟོད་པ་པད་དཀར་བཞད་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།    །བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།    །བསྟན་པའི་འཁོར་ལོས་འགྲོ་ལ་རྗེས་ཆགས་པས།    །བརྩེ་ཆེན་ཐུགས་རྗེ་སྤྲིན་དཀར་བླ་བྲེས་ཁྱབ།    །ཀུན་དགའི་རྔ་གསང་དལ་གྱིས་ལྡིར་བ་དང་།    །གསེར་ལྡན་དབྱིག་གི་སྙིང་པོ་གྲུ་ཆར་བསྙིལ།    །ཕྱོགས་བཅུ་དག་ནས་སྲས་བཅས་རྒྱལ་རྣམས་ཀྱི།    །ཤིས་པའི་དབྱངས་སྙན་པདྨ་དཀར་པོ་ནི།    །ཉིན་རེ་བཞིན་དུ་ཕྱག་གིས་འཐོར་ལ་བྲེལ།    །གསེར་མདོག་ཅན་སོགས་ཁྱོད་ཞལ་བལྟ་ཕྱིར་ལྷགས།    །ཉ་རྒྱས་ཟླ་འདྲའི་ཞལ་གྱི་དཀྱིལ་འཁོར་ལ།    །ཨུཏྤལ་ལྟ་བུའི་སྤྱན་ཟུང་རབ་མཛེས་ཤིང་།    །བསོད་ནམས་བརྒྱ་ལས་གྲུབ་པའི་སྐུ་མཆོག་ལ།    །མཚན་དཔེའི་མེ་ཏོག་གསར་པ་ཆེས་ཆེར་བཀྲ།    །བྱང་ཆུབ་སྤྱོད་པ་རྒྱ་མཚོར་གནས་བཅས་ཤིང་།    །འཕགས་པའི་ནོར་གྱི་བང་མཛོད་ཟད་མི་ཤེས།    །གྲུབ་གཉིས་བསམ་འཕེལ་དབང་རྒྱལ་ནོར་བུའི་གཙུག  །དཔལ་ལྡན་ཀླུ་ཡི་དབང་པོ་ཁྱོད་ཉིད་དངོས།    །ཆུང་ངུའི་དུས་ནས་ཡོན་ཏན་འབད་མེད་རྫོགས།    །འཇམ་དཔལ་རྡོ་རྗེའི་དགྱེས་ཞལ་ཡང་ཡང་མཇལ།    །གཟུངས་དང་སྤོབས་པའི་གཏེར་མཛོད་སྒོ་མང་བྱེ།    །ཇི་ལྟར་ཇི་སྙེད་ཤེས་བྱ་ཀུན་མཁྱེན་པ།    །སྐུ་ནི་འོད་ཟེར་བྱེ་བས་ལྷུན་སྡུག་ཅིང་།    །གསུང་གི་སྒྲ་གདངས་ཚངས་པའི་དབྱངས་ལ་འགྲན།    །ཐུགས་ནི་རིག་འཛིན་བརྒྱ་ཕྲག་སྙོམ་པར་འཇུག  །ཡོན་ཏན་ཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ།    །འཕགས་ཡུལ་གྲུབ་དབང་མངོན་གསུམ་བྱོན་ནས་ནི།    །རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཁྱེད་ལ་སྩལ།    །ཁྱད་པར་གསུང་ངག་ཡིད་བཞིན་ནོར་བུ་ཡི།    །རིམ་གཉིས་ལམ་གྱིས་གདུལ་བྱ་དཀྲི་མཁས་པ།    །འཕོ་མེད་ཚུལ་ཁྲིམས་དཔལ་ལ་རྟག་རོལ་ཤིང་།    །དགའ་བཞིའི་ཡེ་ཤེས་མངོན་དུ་འདྲེན་པ་ལས།    །མཚན་བྲལ་རང་བྱུང་བདེན་དོན་དེ་ཉིད་མཐོང་།    །སྒྲིབ་གསུམ་ཆ་བཅས་མཐར་བྱེད་རྡོ་རྗེ་འཛིན།    །བཅུ་གསུམ་པ་ཡི་རྩེ་མོར་གཤེགས་གྱུར་ཀྱང་།    །འགྲོ་ལ་བརྩེ་བས་འདམ་སྐྱེས་པདྨ་ལྟར།    །འཁོར་བའི་སྐྱོན་གྱི་མ་གོས་སྤྲུལ་པའི་སྐུ།    །ཀུན་དགའ་སྙིང་པོ་འཇིག་རྟེན་གསུམ་ན་དཀོན།    །ཁྱོད་ཀྱི་སྤྲུལ་པའི་སྲས་མཆོག་ཉི་ཟླ་ཟུང་།    །འཛམ་གླིང་མཁས་གྲུབ་ཀུན་གྱི་བླ་ན་མཐོ།    །མདོ་སྔགས་བསྟན་པ་རྒྱ་མཚོའི་མངའ་བདག་མཆོག  །ཕྲིན་ལས་སྲིད་པའི་མཐར་ཡང་ནུབ་པ་མེད།    །གང་གི་གཟུགས་སྐུ་དབྱིངས་སུ་ཐིམ་པ་ན།    །སྐུ་གཅིག་དུ་མར་བསྟན་སོགས་ཆོ་འཕྲུལ་ཆེས།    །སྤྲོས་པ་བྲལ་བའི་ཀློང་དུ་བཞུགས་ན་ཡང་།    །ཞིང་ཁམས་འདིའམ་གཞན་དུ་ཉེར་དགོངས་ནས།    །མ་ངེས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས།    །འཁོར་བར་སྟོང་པར་མ་གྱུར་དེ་སྲིད་དུ།    །རྟོག་མེད་བརྩེ་བའི་ཤུགས་ཀྱིས་དོན་མཛད་ཅིང་།    །རྣམ་མང་ཡིད་ཅན་མཐའ་དག་འདྲེན་པའི་མགོན།    །ཁྱོད་ཀྱི་རྣམ་ཐར་དད་པའི་ཡིད་མཁར་བཀོད།    །མོས་གུས་ཟླ་ཤེལ་མཆོག་ཏུ་གསལ་བ་ལས།    །བློ་ཡི་ཀུ་མུད་ཅུང་ཟད་འཛུམ་པ་ན།    །བསྟོད་པའི་ཟེའུ་འབྲུ་ཡང་ཡང་རྟག་ཏུ་དགོད།    །དེ་ལྟར་བསྟོད་ལས་བྱུང་བ་ཡི།    །དགེ་བས་བདག་གཞན་སེམས་ཅན་རྣམས།    །རྗེ་བཙུན་ཐུགས་རྗེའི་གཏེར་ཆེན་གྱིས།    །ནམ་ཡང་འབྲལ་མེད་རྗེས་བཟུང་ཤོག  །ཅེས་པའང་ཆོས་ཀྱི་བློ་གྲོས་པས་མི་ཕྱེད་གུས་པས་ཐོལ་བྱུང་དུ་གསོལ་བ་བཏབ་པ་སིདྡྷིརསྟུ། །    །། }}
{{TibP|{{TibChung|དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་ཞབས་ལ་བསྟོད་པ་པད་དཀར་བཞད་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།}}   །བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།    །བསྟན་པའི་འཁོར་ལོས་འགྲོ་ལ་རྗེས་ཆགས་པས།    །བརྩེ་ཆེན་ཐུགས་རྗེ་སྤྲིན་དཀར་བླ་བྲེས་ཁྱབ།    །ཀུན་དགའི་རྔ་གསང་དལ་གྱིས་ལྡིར་བ་དང་།    །གསེར་ལྡན་དབྱིག་གི་སྙིང་པོ་གྲུ་ཆར་བསྙིལ།    །ཕྱོགས་བཅུ་དག་ནས་སྲས་བཅས་རྒྱལ་རྣམས་ཀྱི།    །ཤིས་པའི་དབྱངས་སྙན་པདྨ་དཀར་པོ་ནི།    །ཉིན་རེ་བཞིན་དུ་ཕྱག་གིས་འཐོར་ལ་བྲེལ།    །གསེར་མདོག་ཅན་སོགས་ཁྱོད་ཞལ་བལྟ་ཕྱིར་ལྷགས།    །ཉ་རྒྱས་ཟླ་འདྲའི་ཞལ་གྱི་དཀྱིལ་འཁོར་ལ།    །ཨུཏྤལ་ལྟ་བུའི་སྤྱན་ཟུང་རབ་མཛེས་ཤིང་།    །བསོད་ནམས་བརྒྱ་ལས་གྲུབ་པའི་སྐུ་མཆོག་ལ།    །མཚན་དཔེའི་མེ་ཏོག་གསར་པ་ཆེས་ཆེར་བཀྲ།    །བྱང་ཆུབ་སྤྱོད་པ་རྒྱ་མཚོར་གནས་བཅས་ཤིང་།    །འཕགས་པའི་ནོར་གྱི་བང་མཛོད་ཟད་མི་ཤེས།    །གྲུབ་གཉིས་བསམ་འཕེལ་དབང་རྒྱལ་ནོར་བུའི་གཙུག  །དཔལ་ལྡན་ཀླུ་ཡི་དབང་པོ་ཁྱོད་ཉིད་དངོས།    །ཆུང་ངུའི་དུས་ནས་ཡོན་ཏན་འབད་མེད་རྫོགས།    །འཇམ་དཔལ་རྡོ་རྗེའི་དགྱེས་ཞལ་ཡང་ཡང་མཇལ།    །གཟུངས་དང་སྤོབས་པའི་གཏེར་མཛོད་སྒོ་མང་བྱེ།    །ཇི་ལྟར་ཇི་སྙེད་ཤེས་བྱ་ཀུན་མཁྱེན་པ།    །སྐུ་ནི་འོད་ཟེར་བྱེ་བས་ལྷུན་སྡུག་ཅིང་།    །གསུང་གི་སྒྲ་གདངས་ཚངས་པའི་དབྱངས་ལ་འགྲན།    །ཐུགས་ནི་རིག་འཛིན་བརྒྱ་ཕྲག་སྙོམ་པར་འཇུག  །ཡོན་ཏན་ཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ།    །འཕགས་ཡུལ་གྲུབ་དབང་མངོན་གསུམ་བྱོན་ནས་ནི།    །རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཁྱེད་ལ་སྩལ།    །ཁྱད་པར་གསུང་ངག་ཡིད་བཞིན་ནོར་བུ་ཡི།    །རིམ་གཉིས་ལམ་གྱིས་གདུལ་བྱ་དཀྲི་མཁས་པ།    །འཕོ་མེད་ཚུལ་ཁྲིམས་དཔལ་ལ་རྟག་རོལ་ཤིང་།    །དགའ་བཞིའི་ཡེ་ཤེས་མངོན་དུ་འདྲེན་པ་ལས།    །མཚན་བྲལ་རང་བྱུང་བདེན་དོན་དེ་ཉིད་མཐོང་།    །སྒྲིབ་གསུམ་ཆ་བཅས་མཐར་བྱེད་རྡོ་རྗེ་འཛིན།    །བཅུ་གསུམ་པ་ཡི་རྩེ་མོར་གཤེགས་གྱུར་ཀྱང་།    །འགྲོ་ལ་བརྩེ་བས་འདམ་སྐྱེས་པདྨ་ལྟར།    །འཁོར་བའི་སྐྱོན་གྱི་མ་གོས་སྤྲུལ་པའི་སྐུ།    །ཀུན་དགའ་སྙིང་པོ་འཇིག་རྟེན་གསུམ་ན་དཀོན།    །ཁྱོད་ཀྱི་སྤྲུལ་པའི་སྲས་མཆོག་ཉི་ཟླ་ཟུང་།    །འཛམ་གླིང་མཁས་གྲུབ་ཀུན་གྱི་བླ་ན་མཐོ།    །མདོ་སྔགས་བསྟན་པ་རྒྱ་མཚོའི་མངའ་བདག་མཆོག  །ཕྲིན་ལས་སྲིད་པའི་མཐར་ཡང་ནུབ་པ་མེད།    །གང་གི་གཟུགས་སྐུ་དབྱིངས་སུ་ཐིམ་པ་ན།    །སྐུ་གཅིག་དུ་མར་བསྟན་སོགས་ཆོ་འཕྲུལ་ཆེས།    །སྤྲོས་པ་བྲལ་བའི་ཀློང་དུ་བཞུགས་ན་ཡང་།    །ཞིང་ཁམས་འདིའམ་གཞན་དུ་ཉེར་དགོངས་ནས།    །མ་ངེས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས།    །འཁོར་བར་སྟོང་པར་མ་གྱུར་དེ་སྲིད་དུ།    །རྟོག་མེད་བརྩེ་བའི་ཤུགས་ཀྱིས་དོན་མཛད་ཅིང་།    །རྣམ་མང་ཡིད་ཅན་མཐའ་དག་འདྲེན་པའི་མགོན།    །ཁྱོད་ཀྱི་རྣམ་ཐར་དད་པའི་ཡིད་མཁར་བཀོད།    །མོས་གུས་ཟླ་ཤེལ་མཆོག་ཏུ་གསལ་བ་ལས།    །བློ་ཡི་ཀུ་མུད་ཅུང་ཟད་འཛུམ་པ་ན།    །བསྟོད་པའི་ཟེའུ་འབྲུ་ཡང་ཡང་རྟག་ཏུ་དགོད།    །དེ་ལྟར་བསྟོད་ལས་བྱུང་བ་ཡི།    །དགེ་བས་བདག་གཞན་སེམས་ཅན་རྣམས།    །རྗེ་བཙུན་ཐུགས་རྗེའི་གཏེར་ཆེན་གྱིས།    །ནམ་ཡང་འབྲལ་མེད་རྗེས་བཟུང་ཤོག  །{{TibChung|ཅེས་པའང་ཆོས་ཀྱི་བློ་གྲོས་པས་མི་ཕྱེད་གུས་པས་ཐོལ་བྱུང་དུ་གསོལ་བ་བཏབ་པ་སིདྡྷིརསྟུ། །    །།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}

Latest revision as of 12:28, 30 November 2021

དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་ཞབས་ལ་བསྟོད་པ་པད་དཀར་བཞད་པའི་དབྱངས་སྙན།
Wylie title dpal sa skya pa chen po kun dga' snying po'i zhabs la bstod pa pad dkar bzhad pa'i dbyangs snyan JKCL-KABUM-02-KHA-081.pdf
Location chos kyi blo gros bka' 'bum
Volume 2, Text 81, Pages 643-645 (Folios 1a1 to 2a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ས་ཆེན་ཀུན་དགའ་སྙིང་པོ་ (Sa chen kun dga' snying po)
Citation 'jam dbyangs mkhyen brtse chos kyi blo gros. dpal sa skya pa chen po kun dga' snying po'i zhabs la bstod pa pad dkar bzhad pa'i dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 643-645. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་ཆོས་ཀྱི་བློ་གྲོས་པས་མི་ཕྱེད་གུས་པས་ཐོལ་བྱུང་དུ་གསོལ་བ་བཏབ་པ་སིདྡྷིརསྟུ། །

ces pa'ang chos kyi blo gros pas mi phyed gus pas thol byung du gsol ba btab pa sid+d+hirastu/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་ཞབས་ལ་བསྟོད་པ་པད་དཀར་བཞད་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །བསྟན་པའི་འཁོར་ལོས་འགྲོ་ལ་རྗེས་ཆགས་པས། །བརྩེ་ཆེན་ཐུགས་རྗེ་སྤྲིན་དཀར་བླ་བྲེས་ཁྱབ། །ཀུན་དགའི་རྔ་གསང་དལ་གྱིས་ལྡིར་བ་དང་། །གསེར་ལྡན་དབྱིག་གི་སྙིང་པོ་གྲུ་ཆར་བསྙིལ། །ཕྱོགས་བཅུ་དག་ནས་སྲས་བཅས་རྒྱལ་རྣམས་ཀྱི། །ཤིས་པའི་དབྱངས་སྙན་པདྨ་དཀར་པོ་ནི། །ཉིན་རེ་བཞིན་དུ་ཕྱག་གིས་འཐོར་ལ་བྲེལ། །གསེར་མདོག་ཅན་སོགས་ཁྱོད་ཞལ་བལྟ་ཕྱིར་ལྷགས། །ཉ་རྒྱས་ཟླ་འདྲའི་ཞལ་གྱི་དཀྱིལ་འཁོར་ལ། །ཨུཏྤལ་ལྟ་བུའི་སྤྱན་ཟུང་རབ་མཛེས་ཤིང་། །བསོད་ནམས་བརྒྱ་ལས་གྲུབ་པའི་སྐུ་མཆོག་ལ། །མཚན་དཔེའི་མེ་ཏོག་གསར་པ་ཆེས་ཆེར་བཀྲ། །བྱང་ཆུབ་སྤྱོད་པ་རྒྱ་མཚོར་གནས་བཅས་ཤིང་། །འཕགས་པའི་ནོར་གྱི་བང་མཛོད་ཟད་མི་ཤེས། །གྲུབ་གཉིས་བསམ་འཕེལ་དབང་རྒྱལ་ནོར་བུའི་གཙུག །དཔལ་ལྡན་ཀླུ་ཡི་དབང་པོ་ཁྱོད་ཉིད་དངོས། །ཆུང་ངུའི་དུས་ནས་ཡོན་ཏན་འབད་མེད་རྫོགས། །འཇམ་དཔལ་རྡོ་རྗེའི་དགྱེས་ཞལ་ཡང་ཡང་མཇལ། །གཟུངས་དང་སྤོབས་པའི་གཏེར་མཛོད་སྒོ་མང་བྱེ། །ཇི་ལྟར་ཇི་སྙེད་ཤེས་བྱ་ཀུན་མཁྱེན་པ། །སྐུ་ནི་འོད་ཟེར་བྱེ་བས་ལྷུན་སྡུག་ཅིང་། །གསུང་གི་སྒྲ་གདངས་ཚངས་པའི་དབྱངས་ལ་འགྲན། །ཐུགས་ནི་རིག་འཛིན་བརྒྱ་ཕྲག་སྙོམ་པར་འཇུག །ཡོན་ཏན་ཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ། །འཕགས་ཡུལ་གྲུབ་དབང་མངོན་གསུམ་བྱོན་ནས་ནི། །རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཁྱེད་ལ་སྩལ། །ཁྱད་པར་གསུང་ངག་ཡིད་བཞིན་ནོར་བུ་ཡི། །རིམ་གཉིས་ལམ་གྱིས་གདུལ་བྱ་དཀྲི་མཁས་པ། །འཕོ་མེད་ཚུལ་ཁྲིམས་དཔལ་ལ་རྟག་རོལ་ཤིང་། །དགའ་བཞིའི་ཡེ་ཤེས་མངོན་དུ་འདྲེན་པ་ལས། །མཚན་བྲལ་རང་བྱུང་བདེན་དོན་དེ་ཉིད་མཐོང་། །སྒྲིབ་གསུམ་ཆ་བཅས་མཐར་བྱེད་རྡོ་རྗེ་འཛིན། །བཅུ་གསུམ་པ་ཡི་རྩེ་མོར་གཤེགས་གྱུར་ཀྱང་། །འགྲོ་ལ་བརྩེ་བས་འདམ་སྐྱེས་པདྨ་ལྟར། །འཁོར་བའི་སྐྱོན་གྱི་མ་གོས་སྤྲུལ་པའི་སྐུ། །ཀུན་དགའ་སྙིང་པོ་འཇིག་རྟེན་གསུམ་ན་དཀོན། །ཁྱོད་ཀྱི་སྤྲུལ་པའི་སྲས་མཆོག་ཉི་ཟླ་ཟུང་། །འཛམ་གླིང་མཁས་གྲུབ་ཀུན་གྱི་བླ་ན་མཐོ། །མདོ་སྔགས་བསྟན་པ་རྒྱ་མཚོའི་མངའ་བདག་མཆོག །ཕྲིན་ལས་སྲིད་པའི་མཐར་ཡང་ནུབ་པ་མེད། །གང་གི་གཟུགས་སྐུ་དབྱིངས་སུ་ཐིམ་པ་ན། །སྐུ་གཅིག་དུ་མར་བསྟན་སོགས་ཆོ་འཕྲུལ་ཆེས། །སྤྲོས་པ་བྲལ་བའི་ཀློང་དུ་བཞུགས་ན་ཡང་། །ཞིང་ཁམས་འདིའམ་གཞན་དུ་ཉེར་དགོངས་ནས། །མ་ངེས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །འཁོར་བར་སྟོང་པར་མ་གྱུར་དེ་སྲིད་དུ། །རྟོག་མེད་བརྩེ་བའི་ཤུགས་ཀྱིས་དོན་མཛད་ཅིང་། །རྣམ་མང་ཡིད་ཅན་མཐའ་དག་འདྲེན་པའི་མགོན། །ཁྱོད་ཀྱི་རྣམ་ཐར་དད་པའི་ཡིད་མཁར་བཀོད། །མོས་གུས་ཟླ་ཤེལ་མཆོག་ཏུ་གསལ་བ་ལས། །བློ་ཡི་ཀུ་མུད་ཅུང་ཟད་འཛུམ་པ་ན། །བསྟོད་པའི་ཟེའུ་འབྲུ་ཡང་ཡང་རྟག་ཏུ་དགོད། །དེ་ལྟར་བསྟོད་ལས་བྱུང་བ་ཡི། །དགེ་བས་བདག་གཞན་སེམས་ཅན་རྣམས། །རྗེ་བཙུན་ཐུགས་རྗེའི་གཏེར་ཆེན་གྱིས། །ནམ་ཡང་འབྲལ་མེད་རྗེས་བཟུང་ཤོག །ཅེས་པའང་ཆོས་ཀྱི་བློ་གྲོས་པས་མི་ཕྱེད་གུས་པས་ཐོལ་བྱུང་དུ་གསོལ་བ་བཏབ་པ་སིདྡྷིརསྟུ། ། །།
[edit]

dpal sa skya pa chen po kun dga' snying po'i zhabs la bstod pa pad dkar bzhad pa'i dbyangs snyan zhes bya ba bzhugs so/____/bla ma dang mgon po 'jam dpal dbyangs la phyag 'tshal lo/____/bstan pa'i 'khor los 'gro la rjes chags pas/____/brtse chen thugs rje sprin dkar bla bres khyab/____/kun dga'i rnga gsang dal gyis ldir ba dang /____/gser ldan dbyig gi snying po gru char bsnyil/____/phyogs bcu dag nas sras bcas rgyal rnams kyi/____/shis pa'i dbyangs snyan pad+ma dkar po ni/____/nyin re bzhin du phyag gis 'thor la brel/____/gser mdog can sogs khyod zhal blta phyir lhags/____/nya rgyas zla 'dra'i zhal gyi dkyil 'khor la/____/ut+pal lta bu'i spyan zung rab mdzes shing /____/bsod nams brgya las grub pa'i sku mchog la/____/mtshan dpe'i me tog gsar pa ches cher bkra/____/byang chub spyod pa rgya mtshor gnas bcas shing /____/'phags pa'i nor gyi bang mdzod zad mi shes/____/grub gnyis bsam 'phel dbang rgyal nor bu'i gtsug__/dpal ldan klu yi dbang po khyod nyid dngos/____/chung ngu'i dus nas yon tan 'bad med rdzogs/____/'jam dpal rdo rje'i dgyes zhal yang yang mjal/____/gzungs dang spobs pa'i gter mdzod sgo mang bye/____/ji ltar ji snyed shes bya kun mkhyen pa/____/sku ni 'od zer bye bas lhun sdug cing /____/gsung gi sgra gdangs tshangs pa'i dbyangs la 'gran/____/thugs ni rig 'dzin brgya phrag snyom par 'jug__/yon tan phrin las rtag khyab lhun gyis grub/____/'phags yul grub dbang mngon gsum byon nas ni/____/rgyud sde bdun cu rtsa gnyis khyed la stsal/____/khyad par gsung ngag yid bzhin nor bu yi/____/rim gnyis lam gyis gdul bya dkri mkhas pa/____/'pho med tshul khrims dpal la rtag rol shing /____/dga' bzhi'i ye shes mngon du 'dren pa las/____/mtshan bral rang byung bden don de nyid mthong /____/sgrib gsum cha bcas mthar byed rdo rje 'dzin/____/bcu gsum pa yi rtse mor gshegs gyur kyang /____/'gro la brtse bas 'dam skyes pad+ma ltar/____/'khor ba'i skyon gyi ma gos sprul pa'i sku/____/kun dga' snying po 'jig rten gsum na dkon/____/khyod kyi sprul pa'i sras mchog nyi zla zung /____/'dzam gling mkhas grub kun gyi bla na mtho/____/mdo sngags bstan pa rgya mtsho'i mnga' bdag mchog__/phrin las srid pa'i mthar yang nub pa med/____/gang gi gzugs sku dbyings su thim pa na/____/sku gcig du mar bstan sogs cho 'phrul ches/____/spros pa bral ba'i klong du bzhugs na yang /____/zhing khams 'di'am gzhan du nyer dgongs nas/____/ma nges sprul pa bye ba phrag brgya yis/____/'khor bar stong par ma gyur de srid du/____/rtog med brtse ba'i shugs kyis don mdzad cing /____/rnam mang yid can mtha' dag 'dren pa'i mgon/____/khyod kyi rnam thar dad pa'i yid mkhar bkod/____/mos gus zla shel mchog tu gsal ba las/____/blo yi ku mud cung zad 'dzum pa na/____/bstod pa'i ze'u 'bru yang yang rtag tu dgod/____/de ltar bstod las byung ba yi/____/dge bas bdag gzhan sems can rnams/____/rje btsun thugs rje'i gter chen gyis/____/nam yang 'bral med rjes bzung shog__/ces pa'ang chos kyi blo gros pas mi phyed gus pas thol byung du gsol ba btab pa sid+d+hirastu/__/____//_

Footnotes

Other Information