JKCL-KABUM-02-KHA-079

From Khyentse Lineage - A Tsadra Foundation Project
Revision as of 12:14, 30 November 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

རྗེ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་ཆེན་པོའི་ཞབས་ལ་བསྟོད་པ་ཡིད་འཕྲོག་ཨུཏྤལ་གཞོན་ནུའི་དོ་ཤལ།
Wylie title rje thams cad mkhyen pa shar tsong kha pa chen po'i zhabs la bstod pa yid 'phrog ut+pal gzhon nu'i do shal JKCL-KABUM-02-KHA-079.pdf
Location chos kyi blo gros bka' 'bum
Volume 2, Text 79, Pages 635-637 (Folios 1a1 to 2a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཙོང་ཁ་པ་ (tsong kha pa)
Citation 'jam dbyangs mkhyen brtse chos kyi blo gros. rje thams cad mkhyen pa shar tsong kha pa chen po'i zhabs la bstod pa yid 'phrog ut+pal gzhon nu'i do shal. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 635-637. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དཔལ་ལྡན་རྒྱུད་སྨད་པའི་གཙུག་ལག་ཁང་གི་ཡང་རྩེར་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་བ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ། །

/ces pa'ang 'brog ri bo dga' ldan rnam par rgyal ba'i gling gi dpal ldan rgyud smad pa'i gtsug lag khang gi yang rtser chos kyi blo gros pas gsol ba btab ba de bzhin du 'grub par byin gyis brlab tu gsol/__shu b+haM mastu sarba dza ga taM/__/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
རྗེ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་ཆེན་པོའི་ཞབས་ལ་བསྟོད་པ་ཡིད་འཕྲོག་ཨུཏྤལ་གཞོན་ནུའི་དོ་ཤལ་ཅེས་བྱ་བ་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཡེ་ཛྙཱ་ན་སཏྭ་ཀཱ་ཡ། ཡེ་ཤེས་རྒྱ་མཚོའི་རྡུལ་སྙེད་བསགས་པ་ལས། །མཁྱེན་རབས་སྐུ་བཞིའི་ལྷུན་པོ་མངོན་པར་མཛེས། །ཚུལ་གནས་ཐོས་བསམ་རོལ་མཚོས་ཡོངས་བསྐོར་བ། །འཇམ་དབྱངས་བླ་མའི་ཞབས་ལ་ཕྱག་བགྱིའོ། །བསྐལ་མང་གོང་ནས་འཇམ་དཔལ་དཔའ་བོ་ཡི། །དགོངས་ཀློང་ཡངས་པར་མངོན་པར་བྱང་ཆུབ་ཀྱང་། །མཐའ་ཡས་འགྲོ་རྣམས་ཕྱག་གིས་མི་གཏོང་བས། །བློ་ལྡན་དགེ་བའི་བཤེས་སུ་སྟོན་ལ་འདུད། །དྲི་མེད་མཁྱེན་བརྩེའི་ཆ་ཤས་ཡོངས་རྫོགས་ཤིང་། །འཆད་རྩོད་རྩོམ་པའི་བདུད་རྩིའི་ཟིལ་དངར་འཇོ། །སངས་རྒྱས་བསྟན་པའི་ཀུན་མུཏ་སྐྱོངས་པའི་གཉེན། །བློ་གཏེར་མཚན་མོའི་མགོན་པོའི་ཞབས་ལ་འདུད། །ཁྱོད་ཀྱི་གསང་གསུམ་གཟི་བརྗིད་མཚུངས་མེད་པ། །གངས་ཅན་མཁས་གྲུབ་བྱེ་བའི་ཚོགས་དབུས་ན། །ས་དང་ལྷུན་པོ་རྒྱ་མཚོ་ནོར་བུ་དང་། །ཉི་ཟླ་བཞིན་དུ་མངོན་པར་འཕགས་ལ་འདུད། །ལྟ་བ་རྣམ་དག་འཕགས་པའི་རྗེས་སུ་འབྲངས། །སྤྱོད་པ་ཆོས་འདུལ་རི་བོར་གནས་བཅས་ཤིང་། །ལྟ་སྤྱོད་རྣམ་དག་རྒྱལ་བ་དགྱེས་པའི་ལམ། །མ་ནོར་ཇི་བཞིན་འདོམ་པར་མཛད་ལ་འདུད། །བསླབ་པ་གསུམ་གྱིས་ཐུགས་ཀྱི་བུམ་བཟང་གཏམས། །གསུང་རབས་ཐམས་ཅད་གདམས་པར་ཤར་བ་དང་། །སྟོང་དང་རྟེན་འབྱུང་འགལ་མེད་ཇི་བཞིན་གཟིགས། །མཁྱེན་རབ་རྡུལ་དང་བྲལ་ལ་གུས་པས་འདུད། །རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་རྣམས། །ལེགས་པར་ཐུགས་ཉམས་བཞེས་པས་རྩ་མདུད་གྲོལ། །རླུང་སེམས་དབུ་མར་ཐིམ་པའི་རྟགས་སྣང་ལས། །བླ་མ་ལྷ་རྣམས་དགྱེས་ཞལ་སྟོན་ལ་འདུད། །ཁྱད་པར་འཇམ་དཔལ་དཔའ་བོའི་ཡེ་ཤེས་སྐུ། །འབྲལ་མེད་གཟིགས་ཤིང་ཐེ་ཚོམ་དྲྭ་བ་བཅད། །ཁྱོད་ནི་འཇམ་དཔལ་འཇམ་དཔལ་ཁྱོད་ཉིད་དང་། །གཟོད་ནས་རྣམ་དབྱེ་མེད་ལ་གུས་པས་འདུད། །ལེགས་པར་བཤད་པའི་ཆོས་ཀྱི་མཛོད་ཆེན་བརྡོལ། །གསུང་གི་བདུད་རྩི་བཏུང་བའི་ཐུགས་ཀྱི་སྲས། །གསེར་རིའི་ཕྲེང་བ་ལྟ་བུའི་ཁྱོན་ཀུན་གཏམས། །འཛམ་གླིང་བསྟན་པ་རྒྱས་མཛད་ཞབས་ལ་འདུད། །རྒྱལ་བས་རབ་བསྔགས་དགའ་བ་ལྡན་པའི་ཞིང་། །ཡིད་དགའ་ཆོས་འཛིན་ལྗོངས་འདིར་འཕོས་པ་སྙམས། །འཕགས་པའི་ཚོགས་ཀྱི་ཉེ་བར་བསྟེན་པའི་གནས། །ས་སྟེང་འགྲན་ཟླ་བྲལ་ལ་གུས་པས་འདུད། །ཐུབ་པའི་རྟེན་མཆོག་ལོངས་སྤྱོད་རྫོགས་སྐུར་བསྒྱུར། །བསྟན་འགྲོའི་མཆོད་སྡོང་མི་ནུབ་རྟག་བཞུགས་གསོལ། །སྨོན་ལམ་མཆོད་ཚོགས་ཀུན་བཟང་སྤྲིན་ཆེན་པོར། །འབུལ་བས་ཚོགས་གཉིས་ཕ་རོལ་ཕྱིན་ལ་འདུད། །རེ་ཞིག་མཛད་པའི་ཐ་མ་གྱུར་པ་ན། །དར་མའི་ཞབས་ཉིད་ཆོས་ཀྱི་ཁྲིར་གསོལ་ནས། །བྱམས་ཆེན་མ་ཕམ་ཆོས་ཀྱི་འདུན་ས་རུ། །འཇམ་དཔལ་སྙིང་པོའི་རྣམ་པར་རོལ་ལ་འདུད། །མདོར་ན་ཐུབ་བསྟན་ཕྱི་མའི་དུས་འདི་རུ། །སྡེ་སྣོད་གསུམ་པོ་མ་ཉམས་འབྱུང་བའི་གནས། །བསྟན་པའི་རྒྱན་གཅིག་མཚུངས་ཟླ་ཀུན་སྤངས་པ། །བློ་བཟང་གྲགས་པའི་ཞབས་ཀྱི་པདྨོར་འདུད། །བདག་ནི་དེངས་ནས་ཚེ་རབས་ཐམས་ཅད་དུ། །འཇམ་མགོན་བླ་མ་མཆོག་དང་མི་འབྲལ་ཞིང་། །ཁྱོད་ཀྱི་རྣམ་ཐར་བདག་ལ་རྫོགས་ནས་ཀྱང་། །ཀུན་མཁྱེན་ཐུབ་པའི་བསྟན་པ་རྒྱས་བྱེད་ཤོག །སངས་རྒྱས་བསྟན་པ་སྤྱི་དང་ཆོས་ཀྱི་རྗེ། །འཇམ་མགོན་བླ་མའི་བསྟན་པ་ཕྱོགས་བཅུར་རྒྱས། །དེར་འཛིན་སྐྱེས་རྣམས་ཞབས་པད་ཡུན་དུ་བརྟན། །བོད་ཁམས་དུས་ཀྱི་རྒུད་པ་ཞི་གྱུར་ཅིག །འདུས་པའི་སྡེ་ཚོགས་ཚུལ་ཁྲིམས་ནོར་གྱིས་ཕྱུག །བཤད་དང་སྒྲུབ་པའི་བྱ་བར་རབ་བརྩོན་ཞིང་། །ཐུགས་བསྐྱེད་ཕྲིན་ལས་མཁའ་དང་མཉམ་པར་བརྡལ། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དཔལ་ལྡན་རྒྱུད་སྨད་པའི་གཙུག་ལག་ཁང་གི་ཡང་རྩེར་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་བ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ། ། །།
[edit]

rje thams cad mkhyen pa shar tsong kha pa chen po'i zhabs la bstod pa yid 'phrog ut+pal gzhon nu'i do shal ces bya ba bzhugs so/____/na mo many+dzu shrI ye dz+nyA na satwa kA ya/__ye shes rgya mtsho'i rdul snyed bsags pa las/____/mkhyen rabs sku bzhi'i lhun po mngon par mdzes/____/tshul gnas thos bsam rol mtshos yongs bskor ba/____/'jam dbyangs bla ma'i zhabs la phyag bgyi'o/____/bskal mang gong nas 'jam dpal dpa' bo yi/____/dgongs klong yangs par mngon par byang chub kyang /____/mtha' yas 'gro rnams phyag gis mi gtong bas/____/blo ldan dge ba'i bshes su ston la 'dud/____/dri med mkhyen brtse'i cha shas yongs rdzogs shing /____/'chad rtsod rtsom pa'i bdud rtsi'i zil dngar 'jo/____/sangs rgyas bstan pa'i kun muta skyongs pa'i gnyen/____/blo gter mtshan mo'i mgon po'i zhabs la 'dud/____/khyod kyi gsang gsum gzi brjid mtshungs med pa/____/gangs can mkhas grub bye ba'i tshogs dbus na/____/sa dang lhun po rgya mtsho nor bu dang /____/nyi zla bzhin du mngon par 'phags la 'dud/____/lta ba rnam dag 'phags pa'i rjes su 'brangs/____/spyod pa chos 'dul ri bor gnas bcas shing /____/lta spyod rnam dag rgyal ba dgyes pa'i lam/____/ma nor ji bzhin 'dom par mdzad la 'dud/____/bslab pa gsum gyis thugs kyi bum bzang gtams/____/gsung rabs thams cad gdams par shar ba dang /____/stong dang rten 'byung 'gal med ji bzhin gzigs/____/mkhyen rab rdul dang bral la gus pas 'dud/____/rdo rje theg pa'i lam gyi rim pa rnams/____/legs par thugs nyams bzhes pas rtsa mdud grol/____/rlung sems dbu mar thim pa'i rtags snang las/____/bla ma lha rnams dgyes zhal ston la 'dud/____/khyad par 'jam dpal dpa' bo'i ye shes sku/____/'bral med gzigs shing the tshom drwa ba bcad/____/khyod ni 'jam dpal 'jam dpal khyod nyid dang /____/gzod nas rnam dbye med la gus pas 'dud/____/legs par bshad pa'i chos kyi mdzod chen brdol/____/gsung gi bdud rtsi btung ba'i thugs kyi sras/____/gser ri'i phreng ba lta bu'i khyon kun gtams/____/'dzam gling bstan pa rgyas mdzad zhabs la 'dud/____/rgyal bas rab bsngags dga' ba ldan pa'i zhing /____/yid dga' chos 'dzin ljongs 'dir 'phos pa snyams/____/'phags pa'i tshogs kyi nye bar bsten pa'i gnas/____/sa steng 'gran zla bral la gus pas 'dud/____/thub pa'i rten mchog longs spyod rdzogs skur bsgyur/____/bstan 'gro'i mchod sdong mi nub rtag bzhugs gsol/____/smon lam mchod tshogs kun bzang sprin chen por/____/'bul bas tshogs gnyis pha rol phyin la 'dud/____/re zhig mdzad pa'i tha ma gyur pa na/____/dar ma'i zhabs nyid chos kyi khrir gsol nas/____/byams chen ma pham chos kyi 'dun sa ru/____/'jam dpal snying po'i rnam par rol la 'dud/____/mdor na thub bstan phyi ma'i dus 'di ru/____/sde snod gsum po ma nyams 'byung ba'i gnas/____/bstan pa'i rgyan gcig mtshungs zla kun spangs pa/____/blo bzang grags pa'i zhabs kyi pad+mor 'dud/____/bdag ni dengs nas tshe rabs thams cad du/____/'jam mgon bla ma mchog dang mi 'bral zhing /____/khyod kyi rnam thar bdag la rdzogs nas kyang /____/kun mkhyen thub pa'i bstan pa rgyas byed shog__/sangs rgyas bstan pa spyi dang chos kyi rje/____/'jam mgon bla ma'i bstan pa phyogs bcur rgyas/____/der 'dzin skyes rnams zhabs pad yun du brtan/____/bod khams dus kyi rgud pa zhi gyur cig__/'dus pa'i sde tshogs tshul khrims nor gyis phyug__/bshad dang sgrub pa'i bya bar rab brtson zhing /____/thugs bskyed phrin las mkha' dang mnyam par brdal/____/don gnyis lhun gyis grub pa'i bkra shis shog__/ces pa'ang 'brog ri bo dga' ldan rnam par rgyal ba'i gling gi dpal ldan rgyud smad pa'i gtsug lag khang gi yang rtser chos kyi blo gros pas gsol ba btab ba de bzhin du 'grub par byin gyis brlab tu gsol/__shu b+haM mastu sarba dza ga taM/__/____//__

Footnotes

Other Information