JKCL-KABUM-02-KHA-070

From Khyentse Lineage - A Tsadra Foundation Project
Revision as of 17:56, 29 November 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ་ལ་བསྔགས་པ་མུ་ཏིག་ཕྲེང་བ།
Wylie title gter chen chos kyi rgyal po 'gyur med rdo rje la bsngags pa mu tig phreng ba JKCL-KABUM-02-KHA-070.pdf
Location chos kyi blo gros bka' 'bum
Volume 2, Text 70, Pages 589-592 (Folios 1a1 to 2b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Gter bdag gling pa 'gyur med rdo rje)
Citation 'jam dbyangs mkhyen brtse chos kyi blo gros. gter chen chos kyi rgyal po 'gyur med rdo rje la bsngags pa mu tig phreng ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 589-592. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པའོ། །དགེའོ། །

ces pa'ang 'jam dbyangs blo gros rgya mtshos gsol ba btab pa'o/____/dge'o/__/_

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ་ལ་བསྔགས་པ་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཨཀྵ་ར་ཡ། རྣམ་པར་སྣང་མཛད་ཡེ་ཤེས་འཕྲུལ། །འཇིག་རྟེན་མིག་གཅིག་བཻ་རོ་རྗེ། །ཀུན་དགའ་བོ་དང་ཐུ་མི་སོགས། །ངོ་མཚར་སྐྱེ་ཕྲེང་ཚར་དུ་དངར། ༡། གསང་འཛིན་ལག་ན་རྡོ་རྗེ་ཅན། །དངོས་སྣང་སྒྲོལ་བའི་མགོན་པོ་མཆོག །སྣང་ཚུལ་བསྡུ་བའི་དེ་མ་ཐག །དཔལ་ལྡན་མྱོས་ཀྱི་རིགས་སུ་འཁྲུངས། ༢། ཆུང་ངུའི་དུས་ནས་ཡོན་ཏན་རྫོགས། །རྩ་གསུམ་བསྙེན་སྒྲུབ་མཐར་ཕྱིན་ཅིང་། །འོད་གསལ་དགོངས་པའི་རྩལ་ཆེན་འབར། །ཤེས་བྱ་ཀུན་གྱི་དེ་ཉིད་གཟིགས། ༣། ཟབ་གཏེར་ནོར་བུའི་གྲམ་བུར་བརྡལ། །བཀའ་གཏེར་མདོ་སྔགས་རྒྱ་མཚོའི་བདག །ངེས་དོན་སྙིང་པོའི་གླིང་ཆེན་པོ། །པདྨ་གར་དབང་བསྟན་པའི་སྲོག༤། འགྱུར་བཅས་འཕོ་བའི་ཆོས་ཐམས་ཅད། །འཕོ་བྲལ་འགྱུར྄༵་མེད྄༵་དབྱིངས་སུ་སྡོམ། །དྭངས་མའི་ཡོ་རླུང་སྟོབས་རྒྱས་པས། །བདེན་དོན་བཅུ་དྲུག་རྩེ་མོར་སོན། ༥། རྡ྄ོ༵་རྗ྄ེ༵འི་རྦ་རླབས་ལམ་མཐར་ཕྱིན། །རྡོ་རྗེ་སེམས་དཔའི་རང་ཞལ་མཇལ། །རྡོ་རྗེ་ཡེ་ཤེས་ཆེན་པོ་ཡི། །རྡོ་རྗེའི་གསང་བ་ཟབ་མོ་འབྱེད། ༦། བཤད་སྒྲུབ་ཕྲིན་ལས་འོད་དཀར་གྱིས། །ནོར་འཛིན་ཡངས་པའི་ཁྱོན་ཀུན་ཁྱབ། །སྔ་འགྱུར་ཆོས་ཀྱི་བདུད་རྩི་ལ། །ཅི་དགར་སྤྱོད་འདི་ཁྱེད་ཀྱི་དྲིན། ༧། ཁྱད་པར་དཔལ་ལྡན་རྒྱུད་ཀྱི་རྒྱལ། །ངེས་གསང་སྙིང་པོའི་རྔ་སྒྲ་འདི། །རྣམ་དཔྱོད་བརྩོན་པས་བསྐུལ་བ་ལས། །ཕྱོགས་བཅུའི་ཞིང་ན་རྟག་པར་སྙན། ༨། པད་འབྱུང་བི་མའི་ཐུགས་ཀྱི་བཅུད། །རྨ་གཉགས་རིན་ཆེན་དཔལ་བེའུར་བསྐྱིལ། །ཟུར་གྱི་ཀླུ་དབང་རོལ་པའི་མཚོར། །གནུབ་ཆེན་ཐུགས་ཀྱི་ནོར་བུའི་མཛེས། ༩། ཤེས་བྱ་རིག་པའི་གནས་མཐའ་དག །ཐམས་ཅད་མཁྱེན་པའི་གོམ་སྟབས་ཀྱིས། །སྐད་ཅིག་ཉིད་ལ་ལགས་བགྲོད་པ། །རོང་ཀློང་ཉི་ཟླ་ཟུང་གཅིག་གིས། ༡༠། འོད་ཀྱིས་སྣང་བར་བྱས་མོད་ཀྱང་། །ཟབ་དོན་རྡོ་རྗེའི་སྒོ་ལྕགས་བརླིང་། །བློ་གྲོས་ཞན་པས་མ་ཁྲོལ་བ། །གང་གི་མཁྱེན་པའི་ལྡེའུ་མིག་གིས། ༡༡། ཟབ་རྒྱས་མ་ཎི་ཀོ་ཥའི་སྒྲོམ། །རང་བཞིན་གསང་བའི་དབྱིག་མཆོག་འདི། །ཅི་དགར་བྱིན་པས་དེང་དུས་ཀྱང་། །རྒྱུད་རྒྱལ་ནོར་འདི་ཀུན་ལ་མཛའ། ༡༢། སྨིན་གྲོལ་ཆོས་ཀྱི་གླིང་ཆེན་པོར། །ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་སྒྲེངས། །སྙན་གྲགས་སྐྱེ་ལྔའི་སྒྲ་དབྱངས་སྒྲོགས། །བསྟན་པ་གདུགས་དཀར་དམ་པས་ཁྱབ། ༡༣། ཚུལ་དེའི་ཕྱག་བཞེས་མ་དྲོས་པར། །ཆུ་ཀླུང་ཇི་སྙེད་གཅིག་འབབ་ཀྱང་། །སྔ་འགྱུར་ཁ་འབབ་རྣམ་བཞི་ཡིས། །འཛམ་གླིང་འཁོར་ཡུག་ཀུན་ན་མཛེས། ༡༤། ཆོ་གའི་ལག་ལེན་ཕྲ་མོ་ཡི། །དཔྱོད་ལྡན་མཁས་རྣམས་དགྱེས་བསྐྱེད་ན། །ལམ་སྲོལ་ཡོངས་སུ་རྫོགས་པ་ཡི། །བློ་གྲོས་ལྡན་རྣམས་ཅིས་མི་མགུ༡༥། འཁོར་ལོ་གསུམ་གྱི་མཛད་པ་རྣམས། །རེ་ཞིག་བསྡུ་བའི་ཚུལ་བསྟན་ཚེ། །ཕྱི་མའི་མཐའ་ཡང་ཇི་བཞིན་གཟིགས། །ངོ་མཚར་ཆོ་འཕྲུལ་ཆེན་པོ་འགྱེད། ༡༦། སྤྲུལ་པའི་རྣམ་རོལ་མཐའ་ཡས་པ། །ཁྱད་པར་བོད་དང་ཨོ་རྒྱན་ཡུལ། །དྭངས་གསལ་རི་བོ་རྩེ་ལྔ་སོགས། །འཕགས་ཆེན་སྤྲུལ་པའི་སྐུ་མཆོག་སྟོན། ༡༧། གཞན་ལ་ཕན་པ་མཐའ་ཡས་པ། །པདྨ་གར་གྱི་དབང་ཕྱུག་མཆོག །རང་རིག་དབྱིངས་ནས་རྡོ་རྗེའི་སྐུ། །སྣང་སྟོང་འདུ་འབྲལ་མེད་པར་ངོམ། ༡༨། རྒྱལ་བ་ཀུན་གྱི་ཉེ་ལམ་མཆོག །རྒྱལ་བ་ཀུན་གྱི་རབ་བསྔགས་མཛོད། །རྒྱལ་བ་ཀུན་གྱི་དགོངས་ཕུག་འདི། །རྒྱལ་བསྟན་སྣང་བའི་ཡུན་དུ་གནས། ༡༩། ཀྱེ་མ་རྗེ་བཙུན་ཆོས་ཀྱི་རྒྱལ། །ཤནྟ་པུ་རིའི་གྲོང་ཁྱེར་དུ། །དཔའ་བོ་ཐོད་པའི་དུམ་བུ་སྩལ། །མི་མངོན་དབྱིངས་ནས་བདག་ལ་དགོངས། ༢༠། བདག་ཅག་སྙིགས་དུས་འགྲོ་བ་རྣམས། །ཁྱེད་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི། །ཚེ་བསོད་ཡེ་ཤེས་ཉམས་རྟོགས་འཕེལ། ༢༡། ཤིན་ཏུ་རྣལ་འབྱོར་མཐར་ཕྱིན་ཏེ། །ཡེ་ཤེས་བླ་མའི་ས་མཆོག་བརྙེས། །རང་རིག་ཀུན་བཟང་འོད་མི་འགྱུར། །རང་སྣང་མངོན་པར་བྱང་ཆུབ་ཤོག༢༢། བསྟོད་པའི་ཚིགས་བཅད་མུ་ཏིག་ཕྲེང་། །ཕུལ་བའི་དགེ་འདི་འགྲོ་ལ་བསྔོ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡི། །ཚེ་རབས་ཀུན་ཏུ་རྗེས་འཛིན་ཤོག༢༣། ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པའོ། །དགེའོ། ། །།
[edit]

gter chen chos kyi rgyal po 'gyur med rdo rje la bsngags pa mu tig phreng ba zhes bya ba bzhugs so/____/na mo gu ru badz+ra ak+Sha ra ya/__rnam par snang mdzad ye shes 'phrul/____/'jig rten mig gcig bai ro rje/____/kun dga' bo dang thu mi sogs/____/ngo mtshar skye phreng tshar du dngar/__1/__gsang 'dzin lag na rdo rje can/____/dngos snang sgrol ba'i mgon po mchog__/snang tshul bsdu ba'i de ma thag__/dpal ldan myos kyi rigs su 'khrungs/__2/__chung ngu'i dus nas yon tan rdzogs/____/rtsa gsum bsnyen sgrub mthar phyin cing /____/'od gsal dgongs pa'i rtsal chen 'bar/____/shes bya kun gyi de nyid gzigs/__3/__zab gter nor bu'i gram bur brdal/____/bka' gter mdo sngags rgya mtsho'i bdag__/nges don snying po'i gling chen po/____/pad+ma gar dbang bstan pa'i srog4/__'gyur bcas 'pho ba'i chos thams cad/____/'pho bral 'gyura?~X meda?~X dbyings su sdom/____/dwangs ma'i yo rlung stobs rgyas pas/____/bden don bcu drug rtse mor son/__5/__rdo?~X rje?~X'i rba rlabs lam mthar phyin/____/rdo rje sems dpa'i rang zhal mjal/____/rdo rje ye shes chen po yi/____/rdo rje'i gsang ba zab mo 'byed/__6/__bshad sgrub phrin las 'od dkar gyis/____/nor 'dzin yangs pa'i khyon kun khyab/____/snga 'gyur chos kyi bdud rtsi la/____/ci dgar spyod 'di khyed kyi drin/__7/__khyad par dpal ldan rgyud kyi rgyal/____/nges gsang snying po'i rnga sgra 'di/____/rnam dpyod brtson pas bskul ba las/____/phyogs bcu'i zhing na rtag par snyan/__8/__pad 'byung bi ma'i thugs kyi bcud/____/rma gnyags rin chen dpal be'ur bskyil/____/zur gyi klu dbang rol pa'i mtshor/____/gnub chen thugs kyi nor bu'i mdzes/__9/__shes bya rig pa'i gnas mtha' dag__/thams cad mkhyen pa'i gom stabs kyis/____/skad cig nyid la lags bgrod pa/____/rong klong nyi zla zung gcig gis/__10/__'od kyis snang bar byas mod kyang /____/zab don rdo rje'i sgo lcags brling /____/blo gros zhan pas ma khrol ba/____/gang gi mkhyen pa'i lde'u mig gis/__11/__zab rgyas ma Ni ko Sha'i sgrom/____/rang bzhin gsang ba'i dbyig mchog 'di/____/ci dgar byin pas deng dus kyang /____/rgyud rgyal nor 'di kun la mdza'/__12/__smin grol chos kyi gling chen por/____/lung rtogs chos kyi rgyal mtshan sgrengs/____/snyan grags skye lnga'i sgra dbyangs sgrogs/____/bstan pa gdugs dkar dam pas khyab/__13/__tshul de'i phyag bzhes ma dros par/____/chu klung ji snyed gcig 'bab kyang /____/snga 'gyur kha 'bab rnam bzhi yis/____/'dzam gling 'khor yug kun na mdzes/__14/__cho ga'i lag len phra mo yi/____/dpyod ldan mkhas rnams dgyes bskyed na/____/lam srol yongs su rdzogs pa yi/____/blo gros ldan rnams cis mi mgu15/__'khor lo gsum gyi mdzad pa rnams/____/re zhig bsdu ba'i tshul bstan tshe/____/phyi ma'i mtha' yang ji bzhin gzigs/____/ngo mtshar cho 'phrul chen po 'gyed/__16/__sprul pa'i rnam rol mtha' yas pa/____/khyad par bod dang o rgyan yul/____/dwangs gsal ri bo rtse lnga sogs/____/'phags chen sprul pa'i sku mchog ston/__17/__gzhan la phan pa mtha' yas pa/____/pad+ma gar gyi dbang phyug mchog__/rang rig dbyings nas rdo rje'i sku/____/snang stong 'du 'bral med par ngom/__18/__rgyal ba kun gyi nye lam mchog__/rgyal ba kun gyi rab bsngags mdzod/____/rgyal ba kun gyi dgongs phug 'di/____/rgyal bstan snang ba'i yun du gnas/__19/__kye ma rje btsun chos kyi rgyal/____/shan+ta pu ri'i grong khyer du/____/dpa' bo thod pa'i dum bu stsal/____/mi mngon dbyings nas bdag la dgongs/__20/__bdag cag snyigs dus 'gro ba rnams/____/khyed kyi thugs rjes bskyab tu gsol/____/dam chos sgrub pa'i 'gal rkyen zhi/____/tshe bsod ye shes nyams rtogs 'phel/__21/__shin tu rnal 'byor mthar phyin te/____/ye shes bla ma'i sa mchog brnyes/____/rang rig kun bzang 'od mi 'gyur/____/rang snang mngon par byang chub shog22/__bstod pa'i tshigs bcad mu tig phreng /____/phul ba'i dge 'di 'gro la bsngo/____/gter chen chos kyi rgyal po yi/____/tshe rabs kun tu rjes 'dzin shog23/__ces pa'ang 'jam dbyangs blo gros rgya mtshos gsol ba btab pa'o/____/dge'o/__/____//_

Footnotes

Other Information