སྐྱབས་གནས་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་པ་འཆི་མེད་ཟླ་ཤེལ་བདུད་རྩི།

From Khyentse Lineage - A Tsadra Foundation Project
Revision as of 09:17, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title skyabs gnas kun 'dus mtsho skyes rdo rje la bstod pa 'chi med zla shel bdud rtsi JKCL-KABUM-02-KHA-047.pdf
Location chos kyi blo gros bka' 'bum
Volume 2, Text 47, Pages 501-503 (Folios 1a1 to 2a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. skyabs gnas kun 'dus mtsho skyes rdo rje la bstod pa 'chi med zla shel bdud rtsi. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 501-503. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity gu ru mtsho skyes rdo rje
Colophon

།ཅེས་པའང་ས་ཁྱི་གནམ་ལོ་གསར་ཚེས་ཀྱི་དཀར་ཕྱོགས་བཟང་པོ་དང་པོར་འཆི་མེད་མཚོར་འཁྲུངས་རྒྱལ་བར་མི་ཕྱེད་པའི་དད་མོས་ཅན་འཇམ་དབྱངས་དགའ་བའི་གོ་ཆར་འབོད་པས་འབྲས་ལྗོངས་མཁའ་སྤྱོད་སྤྲུལ་པའི་ཕོ་བྲང་དུ་བྲིས་པ་སིདྡྷི་རསྟུ། །མངྒ་ལཾ།

ces pa'ang sa khyi gnam lo gsar tshes kyi dkar phyogs bzang po dang por 'chi med mtshor 'khrungs rgyal bar mi phyed pa'i dad mos can 'jam dbyangs dga' ba'i go char 'bod pas 'bras ljongs mkha' spyod sprul pa'i pho brang du bris pa sid+d+hi rastu/____/mang+ga laM/

1 Texts in this Section (sde tshan or chos tshan)

[edit]
སྐྱབས་གནས་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་པ་འཆི་མེད་ཟླ་ཤེལ་བདུད་རྩི་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨཱ་ཀ་རཱ་ཡེ། འཆི་མེད་རྟག་པ་ཆོས་སྐུའི་མཁའ་དབྱིངས་ནས། །འཆི་མེད་ལོངས་སྐུའི་འོད་ཆེན་རྣམ་པར་སྣང་། །འཆི་མེད་ཟླ་ཤེལ་བདུད་རྩི་སྤྲོ་བ་ཡི། །འཆི་མེད་གྲུབ་པའི་ཀུ་མུཏ་དར་ལ་བབས། །འཆི་མེད་མཚན་དཔེའི་ཐིག་ལེའི་གོང་བུ་ནི། །འཆི་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོའི་ཀློང་། །འཆི་མེད་ངོ་མཚར་པད་སྡོང་བཞད་པའི་རྩེར། །འཆི་མེད་མཚོ་སྐྱེས་བླ་མ་ལྷམ་མེར་འཁྲུངས། །འཆི་མེད་སྲིད་དང་ཞི་བའི་མཐའ་ལས་བརྒལ། །འཆི་མེད་བདེ་ལྡན་མགོན་པོ་གཟུགས་གཞན་བསྒྱུར། །འཆི་མེད་སྲས་བཅས་རྒྱལ་བ་འདུས་པའི་དངོས། །འཆི་མེད་པདྨ་འབྱུང་གནས་སྤྲུལ་པའི་སྐུ། །འཆི་མེད་ལྷུན་གྲུབ་དཔག་བསམ་རྩེར་སོན་ཀྱང་། །འཆི་མེད་ཚེ་དབང་རིག་འཛིན་བླ་མའི་གཟུགས། །འཆི་མེད་ས་གསུམ་རྒུད་པའི་གདུང་སེལ་བ། །འཆི་མེད་དབང་ཕྱུག་རལ་པའི་གཙུག་ན་མཛེས། །འཆི་མེད་ལྷ་དང་ཀླུ་དང་གནོད་སྦྱིན་དང་། །འཆི་མེད་དྲང་སྲོང་གྲུབ་པ་རིག་འཛིན་ཚོགས། །འཆི་མེད་རྡོ་རྗེའི་ཞབས་རྟེན་པདྨོར་བསྙེན། །འཆི་མེད་ལྷར་བཅས་འགྲོ་བའི་སྐྱབས་གཅིག་པུ། །འཆི་མེད་དོན་ཀུན་གྲུབ་པའི་རྒྱལ་ཚབ་ནི། །འཆི་མེད་གསང་སྔགས་རྡོ་རྗེའི་ཤིང་རྟ་པ། །འཆི་མེད་ཨོ་ཌི་ཡཱ་ནའི་སློབ་དཔོན་ཆེ། །འཆི་མེད་གྲུབ་རིགས་བྱེ་བའི་དབུས་ན་མཐོ། །འཆི་མེད་བསིལ་ལྡན་བྱང་ཕྱོགས་ཁ་བའི་རིར། །འཆི་མེད་སྨོན་ལམ་ལྗོན་ཤིང་མཐུ་བརྟས་པས། །འཆི་མེད་ཚངས་པ་ལྷ་ཡི་མེ་ཏོག་གི། འཆི་མེད་གསེར་གྱི་ཤིང་རྟས་ཉེ་བར་དྲངས། །འཆི་མེད་ལ་སྡང་ཀུན་བརྟགས་འཁྲུལ་གཟུགས་རྣམས། །འཆི་མེད་རྡོ་རྗེ་རྩེ་མོ་བརྒྱ་པས་འགེམ། །འཆི་མེད་བསམ་ཡས་རྣམ་རྒྱལ་ཁངས་བཟང་བཞེངས། །འཆི་མེད་མདོ་སྔགས་ཆོས་ཚུལ་རྒྱས་པར་མཛད། །འཆི་མེད་གྲུབ་རིགས་ལྔ་ཕྲག་ལྔ་ལ་སོགས། །འཆི་མེད་མཁས་དང་གྲུབ་པས་ས་སྟེང་བཀང་། །འཆི་མེད་སྒྲུབ་པའི་གནས་མཆོག་བྱིན་གྱིས་བརླབས། །འཆི་མེད་ཆོས་གཏེར་ནོར་བུའི་སྒྲོམ་དུ་སྦས། །འཆི་མེད་འཕགས་མའི་གླིང་བུས་ཉེར་བསྐུལ་ཚེ། །འཆི་མེད་རྡོ་རྗེའི་དམ་བསྒྲགས་གནད་ལ་དབབ། །འཆི་མེད་མཁའ་ལྡིང་དབང་པོ་ཇི་བཞིན་དུ། །འཆི་མེད་རྔ་ཡབ་གླིང་དུ་ཐལ་གྱིས་གཤེགས། །འཆི་མེད་སྐུ་ནི་པདྨ་འོད་བཞུགས་ཀྱང་། །འཆི་མེད་ཐུགས་རྗེས་བོད་ལ་ལྷག་པར་དགོངས། །འཆི་མེད་པདྨ་ཐོད་ཕྲེང་མཆོག་ཉིད་ཀྱིས། །འཆི་མེད་ཚེ་ཡི་དབང་བསྐུར་སྩོལ་ཅིག་ཀྱེ། །འཆི་མེད་སྒྲུབ་པར་འདོད་ལ་སྐོམ་པས་གདུང་། །འཆི་མེད་ལྷ་ཡི་བདུད་རྩིའི་ཟིལ་དངར་དེ། །འཆི་མེད་ཚངས་པའི་གནས་ནས་བླུགས་པ་དང་། །འཆི་མེད་རྟག་པ་དམ་པའི་ཚེ་འགྲུབ་ཤོག །འཆི་མེད་སྐལ་པ་བཟང་པོའི་བློ་གྲོས་ཅན། །འཆི་མེད་བཀྲ་ཤིས་གྲུབ་པའི་དགའ་ཚལ་དུ། །འཆི་མེད་བླ་མ་ཆོས་ཀྱི་བཤེས་གཉེན་གྱི། །འཆི་མེད་ཕྲིན་ལས་མཁའ་ཁྱབ་སྤེལ་ནུས་ཤོག །ཅེས་པའང་ས་ཁྱི་གནམ་ལོ་གསར་ཚེས་ཀྱི་དཀར་ཕྱོགས་བཟང་པོ་དང་པོར་འཆི་མེད་མཚོར་འཁྲུངས་རྒྱལ་བར་མི་ཕྱེད་པའི་དད་མོས་ཅན་འཇམ་དབྱངས་དགའ་བའི་གོ་ཆར་འབོད་པས་འབྲས་ལྗོངས་མཁའ་སྤྱོད་སྤྲུལ་པའི་ཕོ་བྲང་དུ་བྲིས་པ་སིདྡྷི་རསྟུ། །མངྒ་ལཾ། །
[edit]

skyabs gnas kun 'dus mtsho skyes rdo rje la bstod pa 'chi med zla shel bdud rtsi zhes bya ba bzhugs so/____/na mo gu ru pad+mA ka rA ye/__'chi med rtag pa chos sku'i mkha' dbyings nas/____/'chi med longs sku'i 'od chen rnam par snang /____/'chi med zla shel bdud rtsi spro ba yi/____/'chi med grub pa'i ku muta dar la babs/____/'chi med mtshan dpe'i thig le'i gong bu ni/____/'chi med bdud rtsi'i rgya mtsho chen po'i klong /____/'chi med ngo mtshar pad sdong bzhad pa'i rtser/____/'chi med mtsho skyes bla ma lham mer 'khrungs/____/'chi med srid dang zhi ba'i mtha' las brgal/____/'chi med bde ldan mgon po gzugs gzhan bsgyur/____/'chi med sras bcas rgyal ba 'dus pa'i dngos/____/'chi med pad+ma 'byung gnas sprul pa'i sku/____/'chi med lhun grub dpag bsam rtser son kyang /____/'chi med tshe dbang rig 'dzin bla ma'i gzugs/____/'chi med sa gsum rgud pa'i gdung sel ba/____/'chi med dbang phyug ral pa'i gtsug na mdzes/____/'chi med lha dang klu dang gnod sbyin dang /____/'chi med drang srong grub pa rig 'dzin tshogs/____/'chi med rdo rje'i zhabs rten pad+mor bsnyen/____/'chi med lhar bcas 'gro ba'i skyabs gcig pu/____/'chi med don kun grub pa'i rgyal tshab ni/____/'chi med gsang sngags rdo rje'i shing rta pa/____/'chi med o Di yA na'i slob dpon che/____/'chi med grub rigs bye ba'i dbus na mtho/____/'chi med bsil ldan byang phyogs kha ba'i rir/____/'chi med smon lam ljon shing mthu brtas pas/____/'chi med tshangs pa lha yi me tog gi/__'chi med gser gyi shing rtas nye bar drangs/____/'chi med la sdang kun brtags 'khrul gzugs rnams/____/'chi med rdo rje rtse mo brgya pas 'gem/____/'chi med bsam yas rnam rgyal khangs bzang bzhengs/____/'chi med mdo sngags chos tshul rgyas par mdzad/____/'chi med grub rigs lnga phrag lnga la sogs/____/'chi med mkhas dang grub pas sa steng bkang /____/'chi med sgrub pa'i gnas mchog byin gyis brlabs/____/'chi med chos gter nor bu'i sgrom du sbas/____/'chi med 'phags ma'i gling bus nyer bskul tshe/____/'chi med rdo rje'i dam bsgrags gnad la dbab/____/'chi med mkha' lding dbang po ji bzhin du/____/'chi med rnga yab gling du thal gyis gshegs/____/'chi med sku ni pad+ma 'od bzhugs kyang /____/'chi med thugs rjes bod la lhag par dgongs/____/'chi med pad+ma thod phreng mchog nyid kyis/____/'chi med tshe yi dbang bskur stsol cig kye/____/'chi med sgrub par 'dod la skom pas gdung /____/'chi med lha yi bdud rtsi'i zil dngar de/____/'chi med tshangs pa'i gnas nas blugs pa dang /____/'chi med rtag pa dam pa'i tshe 'grub shog__/'chi med skal pa bzang po'i blo gros can/____/'chi med bkra shis grub pa'i dga' tshal du/____/'chi med bla ma chos kyi bshes gnyen gyi/____/'chi med phrin las mkha' khyab spel nus shog__/ces pa'ang sa khyi gnam lo gsar tshes kyi dkar phyogs bzang po dang por 'chi med mtshor 'khrungs rgyal bar mi phyed pa'i dad mos can 'jam dbyangs dga' ba'i go char 'bod pas 'bras ljongs mkha' spyod sprul pa'i pho brang du bris pa sid+d+hi rastu/____/mang+ga laM/____/

Footnotes

Other Information